Skip to main content Skip to search
22 Jan 2016
3 min 6 sec
Rating
0
No votes yet
Video Overview
Creators: 
Penchela

རྩི་རང་འཛམ་གླིང་ཟོར་ལས་ ཇེར་མོ་གིས་གཏང་མི་སྲུང་འདི་གི་བཅུད་དོན་འདི་ ཤོབ་རྐྱབ་མ་བཏུབ་པའི་སྐོར་ལས་སྟོནམ་ཨིན་པས། དེ་ཡང་ སྦྱིན་པ་དང་ཚུལ་ཁྲིམས་ཟེར་ ཁོང་བུ་སྤུན་གཉིས་སྡོད་སྡོདཔ་མས། མནོ་གཅུང་འདི་ལུ་ རྒྱུ་ནོར་གནམ་མེད་ས་མེད་ཡོདཔ་ལས་ ཁྱིམ་ཚང་ཚུ་ཡང་ག་ར་ ཁོ་ལུ་བསྟེན་ཏེ་ཟ་སྡོད་དོ་ཡོདཔ་མས། དེ་ལས་ ལྷོདཔ་ཅིག་ཁ་ལས་ མནོ་གཅུང་དེ་ཤི་སོངཔ་ལས་ ཨ་ལོ་ཚུ་གིས་ ཧེ་མ་ ཨ་པ་སྡོད་པའི་སྐབས་ཀྱི་བུ་ལོན་ཚུ་བདའཝ་ད་ ཁྱིམ་ཚང་ཚུ་ག་ར་ཁ་བསྡོམས་སྦེ་ ཨ་པ་འདིན་ཤི་སོང་ཡི་ ད་བུ་ལོན་ཚུ་ལོག་མི་སྤྲོད་ཟེར་ ཨ་ཅོ་འཛོམས་དཔང་སྦེ་བཞག་སྦེ་ མ་འབག་ཟེར་སླབ་བཅུག་སྟེ་ ཨ་ཅོ་གིས་ཡང་ མ་འབག་ཟེར་སླབ་སླབ་མས། མ་འབག་ཟེར་སླབ་སླབ་རྐྱངམ་ཅིག་གིས་ ཤུལ་ལས་ ཁོ་ར་ཤི་བའི་མཐའ་མ་ ཁ་མེདཔ་སྦེ་ ཚར་ལྔ་བརྒྱ་སྐྱེས་སྐྱེསཝ་ཨིན་ ཟེར་བཤདཔ་ཨིན་པས།

Show More

  • ཇེར་མོ Jeermo
    དང་ཕུ་ སྦྱིན་པ་དང་ ཚུལ་ཁྲིམས་ཟེར་ བུ་སྤུན་ཆ་གཉིས་སྡོདཔ་མས་ལོ་ལགས། སྦྱིན་པ་དང་ཚུལ་ཁྲིམས་ཟེར་ བུ་སྤུན་གཉིས་སྡོདཔ་ད་ལུ་ ནུ་གཅུང་འདི་ཏེ་ གནམ་མེད་ས་མེད་ཕྱུག་སྦེ་སྡོད་ཅི་ལོ་ལགས། ཕྱུགཔ་འབད་ནི་དེ་གིས་ མི་ག་ར་ ཁོ་ལས་ རྒྱུ་ནོར་ལེན་བཟའ་སྡོད་ཅི་ལོ་ལགས།
    This is a story of two brothers called Jimpa and Tseltrum. The younger brother was wealthy and well-off comparing to his older brother. The entire neighbourhood depended on him as he was the wealthiest in the community.
  • ཇེར་མོ Jeermo
    ཕོ་རྒནམ་བྱིན་པ་ཟེར་མི་དེ་ཏེ་ གནམ་མེད་ས་མེད་འཕྲངམ་ ཤོབ་ཚིག་ཐེང་གཅིག་ར་མ་སླབ་པར་ ཁོ་འདི་འཕྲངམ་འདི་འཕྲངམ་ ཉམ་ཆུང་སྦེ་སྡོད་སྡོདཔ་མས་ལགས། དེ་སྦེ་སྡོད་སྡོད་པའི་བར་ན་ ཚུལ་ཁྲིམས་དེ་ གཞན་གྱིས་རྒྱུ་ནོར་འབག་མི་ཚུ་ ལོག་མ་འཐོབ་ལས་ ཤི་སོངམ་མས་ལགས།
    But on the other hand, the older brother was very innocent and humble and he was never a liar from the beginning. One day his younger brother died before receving the money which were borrowed by others.
  • ཇེར་མོ Jeermo
    དེ་ལས་ ཁོ་ཤི་བའི་ཤུལ་ལུ་ མི་ཚུ་གིས་ ཧེ་མ་འབག་མི་ རྒྱུ་ནོར་དེ་ ཨ་ལོ་ཚུ་ལུ་ ལོག་མི་བྱིན་སྨ་རེ་ཟེར་ བསྟུན་འགྲོ་རྐྱབ་ནུག། ཏེ་ཨ་ལོ་ཚུ་གིས་ ཨ་པ་མ་ཤི་བར་སྡོདཔ་ད་འབག་མི་ རྒྱུ་ནོར་འདི་ཚུ་ ལོག་ལེན་དགོ་པས་ཟེར་སླབ་ད།
    Right after Tsheltrim's death, the people who borrowed the money from him teamed up and decided not to pay back to his children.
  • ཇེར་མོ Jeermo
    ཧེ་མ་སྦྱིན་པ་ཟེར་མི་འདི་ཡང་འཛོམས་དཔང་སྦེ་ཡོདཔ་མས་ལགས། འཛོམས་དཔང་འདི་ ཨ་ཁུ་སྦྱིན་པ་འདི་འཛོམས་དཔང་སྦེ་ཡོད་ཟེར་ སླབ་ད་ ནམ་འབག་ཡི་་མ་འབག་ཟེར། སྦྱིན་པ་དེ་ ཧེ་མ་ལས་ར་ རྩ་རྒས་་འབད་ནི་དེ་གིས་ ཁོ་རའི་ཨམ་སྲུ་དང་ མི་གཞན་ཚུ་གིས་ རྒྱུ་ནོར་མ་འབག་པས་སླབ་ཟེར་ སྟོན་བྱིནམ་ལས་ ཁོ་གིས་ཡང་ མ་འབག་མེན་ན་ཟེར་སླབ་ནུག
    The children of the deceased claimed for the money from the people and even told them that their uncle (i.e Jimpa) was the witsness. People around took advantage of Jimpa's innocence and asked him to lie saying that they didn't borrow any money from his brother. And de did what he was asked to do.
  • ཇེར་མོ Jeermo
    ཚིག་གཅིག་སླབ་ཅི་ལོ་ལགས་ ཤོག་སྦྱིན་པ་གིས། ཤོག་ཚིག་གཅིག་སླབ་ཏེ་ ཨ་ལུ་ཚུ་ལུ་མ་བྱིན་པས། ཤོག་ཚིག་ཅིག་སླབ་པའི་ རྣམ་སྨིན་གིས་ སྦྱིན་པ་དེ་ཤིཝ་ད་ ཁ་མེདཔ་སྦེ་སྐྱེས་ནུག་ལོ། ཏེ་ཁོ་དེ་ ཁ་ཡང་སླབ་མ་ཚུགས་ ལྟོ་ཡང་ བཟའ་སའི་ས་སྒོ་མེདཔ་སྦེ་ གསུར་གྱི་དྲིམ་རྐྱངམ་ཅིག་ ཧུམ་སྡོད་དགོཔ་བྱུང་ནུ
    The children did not receive a single penny from the people. And because of one lie, Jimpa was reborn as a human without a mouth. we was not able to talk and eat so all he did was inhale the smell of roasted wheat.
  • ཇེར་མོ Jeermo
    དེ་བཟུམ་སྦེ་ ཁོ་སྐྱེ་བ་ལྔ་བརྒྱ་ སྐྱེས་ཡི་ཟེར་ཨིན་མས། ཁོ་གིས་ ཤོག་ཚིག་གཅིག་སླབ་མི་གིས་ སྐྱེས་བ་ལྔ་བརྒྱ་སྐྱེས་ནུག་ལོ། འ་ནཱེ་ཅིག་རང་ཨིན་ལགས།
    And because of his one lie, he was reborn for five hundred times without a mouth.