Skip to main content Skip to search
17 Aug 2018
12 min 18 sec
Video Overview
Creators: 
Duptho, Chimi Wangmo

Changlu tells a story about stupid older and clever younger brothers, who hired a bull from the King to plough their filed. The clever younger brother went and fetches some food from the home and said his elder brother to not let bull to move. So, when ear of bull move, he cut-off the ear of the bull. When younger brother returned, he was very worried how to give back bull to the King. The younger brother thought king will banished two of them from the kingdom and threatened to kill if they will retuned his bull in this condition. They decided to fled to other place, on their way, they encounter with many witches in the one of the house. The two brothers fight with witches and chased them from their house. Finally both of them lived in their house. The meaning of this story is about not to judge the other people by its outlook. 

 

Transcript search
No results found for this search
0 of 0
  • འཆང་གླུ
    ཏེ་ད་ལྟོ་ ཕོ་རྒནམ་གླེན་གོ་དང་ ནུ་གཅུང་སྤྱང་དྲག་ཅིག་གི་གཏམ་ཨིན་ལགས་ འ་ནཱི་ཞུ་ནི་ཨིན། ཏེ་ད་ལྟོ་ ཕོ་རྒནམ་གླེན་གོ་དང་ ནུ་གཅུང་སྤྱང་དྲག་ཟེར་མི་ཅིག་སྡོད་སྡོདཔ་མས། ཏེ་ཨ་ནཱ་ལས་ ཁོང་གཉིས་ ཚར་ཅིག་འབདཝ་ད་ལུ་ ཨའོ་ང་བཅས་གཉིས་ཨ་ནཱི་སྦེ་སྡོདཔ་ད་འདི་ མི་བཏུབ་པས་ཟེར་ ཏེ་ད་ ལཱ་ཅིག་འབད་དགོ་པས་ཟེར་ ཁོང་གཉིས་བློ་སླབ་སླབ་ཨིན་མས་ལགས་ འ་ནཱི་ཁོང་སྤུན་ཆ་གཉིས།
  • འཆང་གླུ
    ཏེ་ཕོ་རྒནམ་འདི་གླེན་གོ་ཡོདཔ་ཨིན་མས། ནུ་གཅུང་འདི་ སྤྱང་དྲག་ཨིན་མས། དེ་ལས་ ནུ་གཅུང་གིས་སླབ་སླབ་ཨིན་མས་ ལཱ་ཅིག་འབད་དགོ་པས་ང་བཅས་གཉིས་ ཟེར་སླབ་ད་ལུ་ དབའེ་ ལཱ་འབདཝ་ད་ལུ་ ང་བཅས་གཉིས་ ད་གླང་རྒྱ་ཚ་ཅིག་བརྙ་འབག་འོང་དགོ་ཏེ་ད་ ལཱ་འབད་ནི་གི་ ཞིང་རྨོ་ནི་གི་ཟེར་ ཏེ་བསྟུན་གྲོས་འབད་འབདཝ་མས། འབདཝ་ད་ལུ་ ཏེ་ནུ་གཅུང་གིས་ཕོ་རྒནམ་གླེན་གོ་ལུ་སླབ་ད་ལུ་ ཨ་ང་གིས་བརྙ་འབག་བར་སོང་གེ ཨ་ཕར་རྒྱལ་པོ་འབད་སར་ཡོད་ཟེར་སླབ་སླབ་ཨིན་མས།
  • འཆང་གླུ
    ཨ་་་རྒྱལཔོ་གི་རྒྱ་ཚ་སོང་སོངམ་མས་ ལེན་འབག་འོང་ནི་གི་ ཨ་་་་བརྙ་བར་སོང་སྦེ་ སོངམ་ད་ལུ་ཏེ་ རྒྱལ་པོ་ ཏེ་ང་གི་ཞིང་ཅིག་རྨོ་དགོ་པས་ ང་བཅས་སྤུན་ཆ་གཉིས་ཀྱི་ ཁྱོད་ཀྱི་རྒྱ་ཚ་བརྙ་གནང་ཟེར་སླབ་ད་ལུ་ འབག་འབག་ཟེར་བྱིན་བྱིནམ་མས། ཏེ་བྱིན་ཏེ་འབག་འོང་སྦེ་ དེ་ལས་ ཁོང་གཉིས་ཞིང་རྨོ་དོཝ་ཡོདཔ་མས། ཞིང་རྨོཝ་ད་ལུ་ ཏེ་ད་ཉི་མའི་ལྟོ་རན་རནམ་མས་ ལྟོ་ཟ་ནིའི་ཆུ་ཚོད། ཏེ་ཉི་མའི་ལྟོ་ཟ་ནིའི་ཆུ་ཚོད་རནམ་ད་ལུ་ ཏེ་ད་ ནུ་གཅུང་སྤྱང་དྲག་གིས་སླབ་སླབ་མས་ ཕོ་རྒནམ་གླེན་གོ་ལྟ་སྟེ།
  • འཆང་གླུ
    དབའེ་ཕོ་རྒནམ་ད་ ང་བཅས་གཉིས་ ཉི་མའི་ལྟོ་ ཁྱོད་ཀྱིས་འབད་འབག་འོང་ནི་སྨོ་ ང་གིས་འབད་འབག་འོང་ནི་ ཁྱིམ་ནང་ཟེར་སླབ་ད་ལུ་ ཏེ་ ཨ་ཁྱོད་སོང་ ཁྱོད་དྲག་འོང་ཟེར་སླབ་སླབ་མས། དབའེ་ཁྱོད་ཀྱིས་འབད་འབག་ཤོག་ས་ཕོ་རྒནམ་གླེན་གོ་ ཟེར་སླབ་སླབ་མས། ཨ་ཁྱོད་དྲག་འོང་ ཁྱོད་ཀྱིས་འབག་ཤོག ང་གིས་རྒྱ་ཚ་བལྟ་སྦེ་ང་གེ་ཟེར་སླབ་སླབ་མས། ཡ་དེ་འབད་བ་ཅིན་ ཨ་ནཱི་རྒྱ་ཚ་གཉིས་ ཁྱོད་ཀྱིས་སྤར་མ་བཅུག་སྨེ་ ཟེར་སླབ་སླབ་མས། ཨ་ནཱི་ལཱ་སར་བཞག་སྨེ་ཙང་ཙ་སྦེ་ ཟེར་སླབ་སླབ་མས།
  • འཆང་གླུ
    གཉའ་ཤིང་ཡང་མ་བཏང་བར་བཞག་བཞགཔ་མས། ཏེ་སྤར་མ་བཅུག་པར་བཞག་སྨེ་ ཕོ་རྒནམ་བཏུབ་ག ང་གིས་མགྱོགས་པར་ར་ ཉི་མའི་ལྟོ་འབད་འབག་འོང་གེ་སྨེ་ ཟེར་སླབ་སླབ་མས། དེ་ལས་ ཁོ་གིས་བཏུབ་ཟེར་ ཁོ་རྒྱ་ཚ་བལྟ་སྡོད་སྡོདཔ་མས་ རྒྱ་ཚ་གཉིས་ཀྱི་བར་ན། ལཱ་འབད་འཕྲོ་བཞག་སྟེ་ དེ་ལས་ ནུ་གཅུང་འདི་ ཉི་མའི་ལྟོ་འབད་བར་སོངམ་ད་ལུ་ རྒྱ་ཚ་གིས་ རྣམ་ཅོ་སྤར་སྤརཝ་མས་ སྦྱང་ནག་འོངམ་ད་རྣམ་ཅོ་གཡུག་སྟེ་ དེ་ལས་ དབའེ་ངེའི་ནུ་གཅུང་སྤྱང་དྲག་གིས་ རྣམ་ཅོ་སྤར་མ་བཅུག་སླབ་དེས་སྨེ་ཟེར་ རྣམ་ཅོ་བཏོག་བཏང་ད་ནུག་ཁོ་གིས།
  • འཆང་གླུ
    ཨ་་ དེ་ལས་ རྐངམ་སྤར་ནུག་ཏེ་ ཁོ་གི་རྣམ་ཅོ་བཏོགཔ་ད་ལུ་ རྐངམ་མི་སྤར་ག་ཏེ་ རྐངམ་ཚ་སྦེ་ཏེ་ ཨ་རྐངམ་སྤརཝ་ད་ལུ་ རྐངམ་ལགཔ་བཞིཔོ་ཆ་ར་བཏོག་བཀོ་ད་ནུག་ཏེ་ རྒྱ་ཚ་འདི་ རྐངམ་ལགཔ་རྣམ་ཅོ་ ག་ནི་ཡང་མེདཔ་ཡར་སོ་ནུག དེ་ལས་ ནུ་གཅུང་ལོག་ལྷོད་ལྷོདཔ་མས་ ཉི་མའི་ལྟོ་འབད་འབག་འོང་སྦེ་ [མ་ཨའེ་?] ཨ་ནཱི་ཕོ་རྒནམ་གིས་འདི་ ག་ཅི་འབདཝ་སྨོ་ད་རེས་ རོགས་རྒྱལཔོ་གི་རྒྱ་ཚ་འདི་ རྐངམ་ལགཔ་ ག་ནི་ཡང་མེད་རྣམ་ཅོ་མེདཔ་བཟོ་བཞག་སྟེ་ བསྐྱལ་སར་བསྐྱལ་བའི་ལཱ་ཅིག་འབདཝ་མས་ས་ ཕོ་རྒནམ་ཁྱོད་ཀྱིས་ ཟེར་སླབ་སླབ་མས།
  • འཆང་གླུ
    ཁྱོད་ཀྱིས་སྤར་མ་བཅུག་ཟེར་སླབ་དེས་བ་མེན་ན་ཏེ་ སྤར་དེས་བ་ཡ་ རྐངམ་གྱིསནི་སྤར་དེས་ རྣམ་ཅོ་གིནི་སྤར་དེས་ འ་ནཱ་ལས་ང་གིས་བཏོག་ཆི་ཟེར་སླབ་སླབ་མས། དབའེ་ མ་པ་ཕར་ཚུར་སོང་པ་ཅིན་ ཨ་ཙི་སྐྱོར་བཞག་ཟེར་སླབ་ཅི་སྟེ་ རྐངམ་ལགཔ་སྤར་འོང་མེན་ན་ ཨ་ཅོ་གིས་བསྐྱལ་སར་བསྐྱལ་ནུག་ང་ ངེའི་ཕོ་རྒནམ་གླེན་གོ་འདི་ གླེན་གོ་ར་ཨིན་མས་ད་ རྒྱལཔོ་འབད་སར་ལོག་སྟེ་ ག་དེ་འབད་སྐྱེལ་ནི་ང་བཅས་གཉིས་ ཚབ་བཏོན་ནི་འདིནི་ ང་བཅས་གཉིས་ལུ་མེད་ ཟེར་སླབ་སླབ་ཨིན་མས།
  • འཆང་གླུ
    ནུ་གཅུང་། ཨ་འ་་་་ ཁྱོད་ཚ་གྱང་ར་འབད་མི་དགོ ང་གིས་བསྐྱལ་འོང་ ཟེར་སླབ་དེས་ལོ་ཕོ་རྒམོ་གླེན་གོ་གིས། དབའེ་ བསྐྱལ་སར་བསྐྱལ་བའི་ལཱ་ཅིག་འབད་དེས་ ཨ་ནཱི་གིས་བསྐྱལ་མི་ཚུགས་ཟེར་ ནུ་གཅུང་འདིནི་གནམ་མེད་ས་མེད་སེམས་སྡུག་སྡུགཔ་མས། དེ་ལས་ ཁོ་གིས་བསྐྱལ་ནི་ར་ཟེར་ དེ་ལས་ ཁོ་ཕོ་རྒནམ་གླེན་གོ་ ཟེར་སླབ་སླབ་མ་གཏོགས་ ཁོ་གཅིག་ལས་འབད་བ་ཅིན་ ཁོ་སྤྲུལ་པ་ཅིག་སྡོད་སྡོདཔ་ཨིན་མས། ཨ་ཁོ་གིས་ རྒྱ་ཚ་ཕར་འབག་རྫུ་བཏབ་སྟེ་ ཉིནམ་འཛུལ་སུ་ཅིག་འབདཝ་ད་ ཕར་རྒྱལ་པོའི་གཟིམ་ཅུང་རྩ་བར་སོང་སྦེ་
  • འཆང་གླུ
    དབའེ་རྒྱལ་པོ་ ཁྱོད་ཀྱི་རྒྱ་ཚ་འབག་འོང་ཡི་སྨེ་ ཟེར་སླབ་སླབ་ཨིན་མས། ཨེ་འེ་་་ བཏུབ་བཏུབ་ཟེར་གསུངས་གསུངསམ་མས་རྒྱལཔོ་གིས། ཏེ་ག་ཏེ་བཞག་ནི་སྨོ་ ཟེར་སླབ་སླབ་ཨིན་མས། ཏེ་ཨོག་ཀ་ནང་བཙུགས་བཞག་ ཟེརཝ་མས་ལོ། ཨ་ ཨོག་ཀ་ནང་བཙུགས་བཞག་སྦེ་ ཚར་གསུམ་དེ་ཅིག་སྐད་རྐྱབ་རྐྱབ་མས་ བང་ བང་ཟེར་སྐད་རྐྱབ་སྦེ་ ཏེ་དེ་སྦེ་ཚར་གསུམ་སྐད་རྐྱབ་སྦེ་ ཡ་རྒྱལཔོ་ ཁྱོད་ཀྱི་རྒྱ་ཚ་ཨ་ན་བཏགས་བཞག་ཅི་སྨེ་ ཟེར་སླབ་སྦེ་ ཡར་སོ་ནུག་ཏེ་
  • འཆང་གླུ
    ལྟ་མ་ རྒྱ་ཚ་འདིན་ས་སོང་གནམ་སོང་ར་མེད་པར་ ཏེ་རྒྱལཔོ་ཡང་འབག་འོང་འོངམ་བཟུམ་མཐོང་སྟེ་ དེ་ལས་ ནུ་གཅུང་འདི་ གནམ་མེད་ས་མེད་འདྲོག་སྟེ་ ལྟ་མ་འདི་ རྒྱ་ཚ་འདི་ མ་པ་ལས་ར་ ཤི་ཤིཝ་ཨིན་ད་ རྐངམ་ལགཔ་བཏོག་སྟེ་ ད་རྒྱལཔོ་གིས་ ང་བཅས་གཉིས་ གཅིག་བཟོ་ར་བཟོ་འོང་ང་བཅས་གཉིས། ཁོ་ཕོ་རྒནམ་གླེན་གོ་འདི་ ག་དེ་སྦེ་སྡོད་རུང་སྡོད་བཅུག་ ང་བྱོག་འགྱོ་ནི་ད་ རྒྱལཔོ་གིས་ཐད་རི་བ་རི་གསད་འོང་ ང་བཅས་གཉིས་ད་ཟེར།
  • འཆང་གླུ
    དེ་ལས་ ཁོ་ཕོ་རྒནམ་མ་ཤེས་པར་སྡོདཔ་ད་ལུ་ ཁོ་གིས་རྒྱགས་སྐལ་ག་ར་གྲ་སྒྲིག་རྐྱབ་སྦེ་ ཏེ་ཁོ་གི་གཟེམ་བཟུམ་ཅིག་ནང་ཚོང་གི་ཁུར་ཆ་བཟུམ་ཅིག་ནང་བཙུགས་ཏེ་ གདན་མལ་ཆ་ག་ར་བཙུགས་ཏེ་ ཁོནི་ད་ལོག་མི་འོང་ཟེར་ བྱོག་འགྱོ་དོ་ཡོདཔ་མས། ཨ་ནུ་གཅུང་སྤྱང་དྲག་འདི། ཏེ་ཨ་ནཱི་ ཀྲིག་ཀྲི་བཙུགས་ཚརཝ་ད་ རྒྱགས་སྐལ་ག་ར་བཙུགས་ཏེ་ བཟའ་ནི་གི་མར་ག་ར་བཙུགས་ ཀ་ལ་ཐབ་ཆས་བཙུགས་ གཟེམ་བསྡམས་སྦེ་ ཁོ་ཆབ་གསང་འགྱོ་སྡོདཔ་ད་ ཨ་ཅོ་གླེན་གོ་གིས་ཁུ་སིམ་སིམ་འབད་ ཁོ་ཤོངམ་ཅིག་ ཁོ་གིས་ ཨ་ནཱི་རག་རོག་ག་ར་བཏོན་སྦེ་ འོག་ལུ་ལམ་ཁར་ཟ་ནི་གི་ཕྱེ་རྩམ་ཁུ་ཅིག་བཙུགས་ཡོདཔ་ཨིན་པས།
  • འཆང་གླུ
    ཨ་ནཱི་ ཕྱེ་རྩམ་ཁུ་གཅིག་འོག་ལུ་བཞག་སྦེ་ འ་་ཨ་ནཱི་ནང་ན་ ཁོ་འཛུལ་སྡོད་སྡོདཔ་ཨིན་པས། ཨ་ནུ་གཅུང་ལྷོདཔ་ཅིག་འབག་སོང་སོངམ་ཨིན་མས་ཏེ་ ཨ་ང་ག་ཅི་ཡང་བཙུགས་ཅི་ཟེར་། འབག་འགྱོ་སྦེ་ཧ་ལམ་ལྷོད་དོཝ་མས་ ཧ་ལམ་ཧ་ལམ་ ང་བཅས་ད་རེས་ནངས་པའི་ལུགས་སྲོལ་འབད་བ་ཅིན་ ཀི་ལོ་མི་ཀྲར་འབད་བ་ཅིན་ལྷོདཔ་ཅིག་ ལྔ་དྲུག་དེ་ཅིག་གི་ས་ཁར་འགྱོ་འགྱོཝ་ཨིན་མས་ ཨ་ནཱི་ནུ་གཅུང་སྤྱང་དྲག ཨ་ཁོ་གིས་ ཧ་ལམ་ཅིག་ལས་ ཆབ་གསང་གང་སྟེ་འབད་མ་ཚུགས་པར་ ཁུར་ཆ་ནང་ལས་ཆུ་ཤོར་བྱིན་བྱིནམ་ཨིན་མས།
  • འཆང་གླུ
    ཆུ་ཤོར་བྱིན་ད་ལུ་ ཨ་ངེ་གི་ཚོདམ་བཟའ་ནི་གི་མར་ཁུ་འཐོན་འོངམ་མས་ད་ཟེར་ ལགཔ་གིས་ཕྱགས་ཏེ་ལྕེ་གིས་བལྡག་ནུག་ཟེར་ནི་ཨིན་མས། ཁུར་ཆ་གི་འོག་ལས་ འབགཔ་འབག་ས་ར་ དེ་ལས་ཨ་ནཱ་ལས་ངལ་འཚོ་ས་ཅིག་ཁར་ལྷོད་ལྷོདཔ་མས། ངལ་འཚོ་ས་ཅིག་ཁར་ངལ་འཚོ་སྟེ་ དེ་ལས་ཨ་ནཱི་སྦེ་ ཁོ་རང་བློ་སླབ་སླབ་ཨིན་མས་ ནུ་གཅུང་སྤྱང་དྲག་འདི། ཨའེ་ངེའི་ཕོ་རྒནམ་འདིནི་ ག་དེ་སྦེ་སྡོད་སྡོདཔ་འོང་ག་སྨོ་ ངནི་འགྱོ་དོ་ཟེར་ ང་འདི་ནཱ་ཡོད་ ཟེརཝ་མས་ལོ་ ཨ་ཧི་ཧི་ཧི་་་་ ནུ་གཅུང་ངལ་འཚོ་ས་བསྐོར་ཐེངས་གཅིག་འཚོལ་བལྟ་བལྟཝ་མས།
  • འཆང་གླུ
    ཨ་ནཱི་ ངལ་འཚོ་སའི་ལམ་ཁར་ ངལ་འཚོ་ས་བསྐོར་ཐེངས་གཅིག་འཚོབ་བལྟཝ་ད་མེད་ ག་ཏེ་ལས་སྐད་རྐྱབ་ཅི་སྨོ་ཟེར་ ངེའི་ཕོ་རྒནམ་གི་སྐད་བཟུམ་ཅིག་ར་ཧ་གོ་ཡི་ད་ ག་ཏེ་ལས་སྐད་རྐྱབ་ཅི་ག་རྐྱབ་ཅི་ཟེར་ ཨ་ད་རུང་ འབག་འགྱོ་འགྱོཝ་མས། ད་རུང་འུ་སྡུག་ ལྷོདཔ་ཅིག་ལས་ དེ་ལས་ཨ་ནཱ་ལས་ད་རུང་ ངལ་འཚོ་ས་ཅིག་ཁར་ངལ་འཚོ་འཚོཔ་མས། ངལ་འཚོཔ་ད་ལུ་ ད་རུང་ར་ ཁོ་གི་ཕོ་རྒནམ་དྲན་དྲནམ་མས། ཨའེ་ངེའི་ཕོ་རྒནམ་ག་དེ་སྦེ་སྡོད་དོ་ག་སྨོ་ཟེར་ ངནི་འགྱོ་དོ་ཟེར་ ཁོ་ར་བློ་སླབ་སྦེ་འགྱོཝ་ད་ལུ་ ཨ་ང་ཨ་ནཱ་ཡོད་ ཟེརཝ་མས་ལོ་ད་རུང་།
  • འཆང་གླུ
    དེ་ལས་རྐྱངམ་ཅིག་ འུམ་་་་ ཨ་ནཱི་ཁུར་ཆ་ནང་ན་ར་འཛུལ་འཛུལཝ་མས་ཟེར་ ཁུར་ཆ་ནང་ན་ལས་ར་ སྐད་རྐྱབ་དོ་བཟུམ་འབདཝ་མས་ཟེར་ ཁོ་གི་གཟེམ་འདི་ཁ་ཕྱེ་ལྟཝ་ད་ལུ་ ཕོ་རྒནམ་སོ་སྟོན་སྦེ་སྡོད་ནུག་ལོ་ཏེ་ ཁུར་ཆ་ནང་འཛུལ་ཏེ་ཁུ་སིམ་སིམ་འབད། དབའེ་ ཨ་ནཱི་ཕོ་རྒནམ་གིས་འདི་ ག་ཅི་འབདཝ་སྨོ་ཟེར་ ཡ་ལྟོ་བཀྱེསཔ་ད་བཟའ་ནི་གི་ཁ་ལ་ཐབ་ཆས་ རྒྱགས་སྐལ་ག་ར་བཏོན་ ཁྱོད་ཀྱིས་ཨ་ནཱ་འཛུལ་སྡོད་ནུག་ད་ ད་ང་བཅས་གཉིས་ག་ཅི་བཟའ་ནི་ཟེར་སླབ་ད་ ཡོད་ངེའི་འོག་ལུ་ ཕྱེ་རྩམ་ཁུ་གཅིག་ ཟེར་སླབ་དེས་ལོ།
  • འཆང་གླུ
    ཨའོ་་་་ ཏེ་ཨ་ནཱི་ཕྱེ་རྩམ་ཁུ་གཅིག་རྐྱངམ་ཅིག་གིས་འདི་ ག་དེ་འབད་ཟ་ནི་ཟེརཝ་ད་ ཨ་་་་ ཆུ་སྒྱེས་བཟའ་ནི་ཟེརཝ་མས་ལོ། ཏེ་ད་ ལྟོ་བཀྱེས་ཅི་ཏེ་ ཆུ་སྒྱེས་འབག་འོང་གེ་འབག་ཤོག་ ད་ཁྱོད་ལོངས་ཤིག་ད་ཟེར་ ཁུར་ཆ་ནང་ལས་ལོང་ཐོན་སྦེ་ ལོང་ཚར་ཞིནམ་ལས་ ཏེ་ང་གིས་ ག་ཅི་ལོ་ ཕར་ཆུ་སྒྱེས་སྦེ་རྩམ་ཁུ་ནང་ན་ ཁོང་གཉིས་ལུ་ཅ་ལ་འདིནི་ ག་ནི་ཡང་མེད་ རྩམ་ཁུ་ནང་ན་ར་ ཆུ་ཨ་ཙི་བླུགས་སྒྱེས་འབག་འོང་ནི་གི་སེམས་ཨིན་མས་ནུ་གཅུང་གི་སེམས་ལས་འདི། དེ་ལས་ ཨ་ནཱ་ལས་ ནུ་གཅུང་འགྱོ་གེ་ཟེརཝ་ད་ལུ་ འུམ་་་ ང་འགྱོ་ནི་ ཁྱོད་འུ་སྡུག་ཅི་ ང་འབག་འབགཔ་ཀྱིས། ང་གིས་སྒྱེས་འབག་འོང་གེ་ ཟེར་སླབ་སླབ་ཨིན་མས།
  • འཆང་གླུ
    ཡ་ཁྱོད་ཀྱིས་ཨ་ནནཱི་ཕྱེ་ ཀྲིག་ཀྲི་བཏུབ་ཅིག་སྒྱེས་འབག་ཤོག་སྨེ་ ཆུ་མངང་སྦེ་མ་སྒྱེས་སྨེ་ ཨ་ནཱི་ག་ཅི་ལོ་ བཟའ་མི་བཏུབ་སྨེ་ང་བཅས་གཉིས་ཟེར་སླབ་སླབ་མས་ ནུ་གཅུང་སྤྱང་དྲག་གིས། ཡ་ཡ་བཏུབ་ཟེར་སླབ། ཨ་་་་ཆུ་གཟར་ཁར་འབག་སྟེ་ ཆུ་བཟེད་བཏང་བཏངམ་མས་ཁོ་གིས། བཟེད་བཏངམ་ད་ལུ་ བཟེད་དེ་ ཆུ་བཏུབ་ཞིནམ་ལས་ རྩམ་ཁུ་ཚུར་འཐེན་ནི་མེན་པར་ ངེའི་ནུ་གཅུང་གིས་བཏུབ་ཅིག་ སྒྱེས་སླབ་དེས་སྨེ་ཟེར་ ཕྱེ་འདི་ག་ར་ཕྱི་ནང་སློགས་ཏེ་ ཆུ་ནང་བཤལ་ཧིང་སང་ས་ག་ར་བཀོ་བཏང་བཏངམ་མས་ཁོ་གིས་ ཨ་ནཱ་ཆུ་གཟར་རྩ་བར་འབག་སྟེ།
  • འཆང་གླུ
    ཏེ་འོང་ནི་ར་མིན་འདུག་ཟེར་ ད་རུང་འགྱོ་བལྟ་བལྟཝ་མས་ ནུ་གཅུང་སྤྱང་དྲག་རྟིང་བདའ་སྟེ་ འགྱོ་བལྟཝ་ད་ལུ་ ཡ་ཁྱོད་ཀྱིས་ག་ཅི་འབདཝ་སྨོ་ ཕོ་རྒནམ་ཟེརཝ་ད་ལུ་ ཁྱོད་ཀྱིས་བཏུབ་བཏུབ་ཅིག་རྐྱངམ་ཅིག་འབག་ཤོག་ཟེར་སླབ་དེས་ ཆུ་གིས་མ་བཏུབ་ཏེ་ ཕྱེ་འདི་ག་ར་ཕྱི་ནང་སློགས་ཡར་སོ་ཡི་རྩམ་ཁུ་ ཟེར་སླབ་སླབ་མས། བླ་མ་མཁྱེ་ན་ནོ་ ཨ་ནཱ་[གྱི་ཅུང་གཡུ་པ་?]གིས་འབད་བསྡུ་སྡོད་ནུག་ལོ་ ཆུ་མཐའམ་བདའ་སྟེ་ ཕྱེ་དཀརཔོ་ཨ་ཙི་རེ་ལུས་མི་འདི་ ཕྱགས་སྡོད་ནུག་ཟེར་ཨིན་མས།
  • འཆང་གླུ
    ནུ་གཅུང་སྤྱང་དྲག་འགྱོ་བལྟཝ་ད་ ཨ་ཧ་ཧ་་་ དེ་ལས་ཨ་ནཱ་ལས་འདི་ ཨ་ནཱི་ཕོ་རྒནམ་གིས་འདི་ བསྐྱལ་སར་བསྐྱལ་བའི་ལཱ་ གོ་ཆོདཔ་ལཱ་ནམ་ཡང་མི་འབད་ནི་མས་ང་ བསྐྱལ་སར་བསྐྱལ་ཡི་ ད་འདི་ ཕྱེ་ཨ་ནཱི་ཅིག་ཡོད་མི་ཡང་ ཏེ་ཕར་བཀོ་བཏང་ད་ནུག་ཟེར་ བཟའ་ནི་མེདཔ་བཟོ་བཞག་ནུག་ཟེར་ ད་ག་ཅི་ཟ་ནི་ང་བཅས་གཉིས་ཟེར་སླབ་སླབ་མས། འུམ་་་་་ ཁྱོད་ཚ་གྱང་ལང་མི་དགོ་ འགྱོ་ནི་ང་བཅས་གཉིས་ཟེར་ ད་འགྱོ་ནི་སྨེ་ང་བཅས་གཉིས་ཟེར་ ཁོང་གཉིས་ལམ་འགྱོ་ སོང་སོངམ་མས།
  • འཆང་གླུ
    ཨ་ནཱེ་སྦེ་ལམ་འགྱོ་སོང་སྟེ་ སྲིན་པོའི་གཡུས་ཅིག་ཁར་ལྷོད་ལྷོདཔ་མས། འ་་་ སྲིན་པོའི་གཡུས་ཁར་ལྷོདཔ་ད་ལུ་ ཁོ་གིས་ཙང་ཙ་འབད་དེ་ ནུ་གཅུང་ལུ་ ནུ་གཅུང་གནམ་མེད་ས་མེད་འདྲོག་འདྲོགཔ་མས། ད་ཨ་ནཱི་ཁྱིམ་ནང་སྡོད་པ་ཅིན་ ང་བཅས་གཉིས་ ཐད་རི་བ་རི་ཟ་ནི་ཐོབ་སྨེ་ད་ ཨ་ནཱི་ཁྱིམ་ནང་ན་བཟའ་ནི་གི་རྒྱུ་ལེ་ཤ་འོང་ཟེར་ སྲིན་པོའི་ཁྱིམ་ནང་འཛུལ་བལྟཝ་ད་ལུ་ བཟའ་ནི་རྒྱུ་ག་ཅི་ཡང་འདུག་ཟེར་སླབ་ཨིན་པས།
  • འཆང་གླུ
    ཨ་་ ཨ་ནཱི་ཡོད་མི་ཚུ་ འཚོལ་བཟའ་སྦེ་ ཁོང་གཉིས་ཐོག་ཁར་ཁུ་སིམ་སིམ་འབད་འཛུལ་སྡོད་ཡི་ཟེར་ཨིན་པས། དེ་ལས་ ཕྱི་རུ་ཉིནམ་ག་དེ་འཛུལ་འཛུལཝ་ ནུབ་མོ་འའགྱོཝ་ད་ལུ་ སྲིན་པོ་ཚུ་ལྷོད་དེས་ཟེར་སླབ་ཨིན་པས། འ་་་ སྲིན་པོ་ཚུ་ལྷོད་དེ་ གནམ་མེད་ས་མེད་གྲང་གྲང་གྲང་ལྷོད་ དེ་ལས་ ཨ་ནཱི་ཕོ་རྒནམ་གླེན་གོ་གིས་སླབ་དེས་ཟེར་ཨིན་པས། ཨ་ནཱི་ཁོང་མར་ ཨ་ནཱི་སྲིན་པོ་ཚུ་ ཤ་བདའ་ ཤ་འབག་སྟེ་ལྷོད་ དེ་ལས་ པད་ཀ་མར་ཁུ་ བཙའ་བཅད་དེ་ ཀ་ལ་སྦོམ་ཨ་ནཱི་བཟུམ་ཅིག་བཀལ་ཏེ་ ཨ་ནཱི་ཤ་ཚུ་བཙོ་ བརྔོ་བཟའ་ནི་འབད་དེ་ཟེར་ཨིན་པས།
  • འཆང་གླུ
    ཏེ་ ཨ་ནཱི་སྲིན་པོ་དཔོན་གྱིས་འདི་ དབའེ་ ད་རེས་ཤ་གསརཔ་གི་དྲིམ་ཅིག་འོང་མས་ས་འོང་མས་ ཟེར་སླབ་དེས་ཟེར་སླབ་ཨིན་མས། ཨ་ནཱི་སྲིན་པོ་ཚུ་ནང་ན་ལྷོད་ ག་ར་དུ་རུ་རུ་བཏང་སྡོད་ཞིནམ་ལས། ག་ཅི་འོང་ནི་ ང་བཅས་ཚུ་ ད་ལྟོ་འབག་འོང་མི་གི་དྲིམ་མནམ་དོ་འོང་ ཟེར་སླབ་སླབ་ཨིན་མས་གཞན་མི་ཚུ་གིས་འདི། དབའེ་ཨིན་ན་ གསརཔ་གི་དྲིམ་ར་འོང་མས་སྨེ་ ཟེར་སླབ་སླབ་ཨིན་པས། ཁོ་གིས་ཤེས་ཤེསཔ་མས་ཤེས་ནི་འདི་ ཁོང་གི་ཨ་ནཱི་སྲིན་པོ་དཔོན་དེ་གིས།
  • འཆང་གླུ
    དེ་ལས་ཨ་ནཱ་ལས་འདི་ ཁོང་ཨ་ནཱི་ཤ་བླུགས་ནི་གི་པད་ཀ་མར་ཁུ་དང་ཨ་ནཱི་ཚུ་བཙའ་བཅད་སྡོད་ས་ནང་ ཁོ་གིས་ཏེ་ ཨ་ནཱི་ཁོང་གཉིས་འདི་ ཐད་ཕྲང་སྟེ་ཡར་སྟེང་ཐོག་ཁར་སྡོད་དེ་ཡོདཔ་ཨིན་མས་ཏེ། ཡར་[བྲེ་མང་?]བཟུམ་ཅིག་གི་ཐོག་ཁར། ནུ་གཅུང་ང་གིས་ཆུ་ཨ་ཙི་འབད་མི་ཅིག་ བཏང་བྱིན་གེ་ ཨ་ནཱི་ཆར་ཁུ་ནང་ ཟེར་སླབ་སླབ་མས། བླ་མ་མཁྱེན་ནོ་ སྐྱབས་སུ་མཆིའོ་ ད་འབདན་སྲིན་པོ་གིས་བཟའ་འོང་ཕོ་རྒནམ་ ཁྱོད་ཀྱིས་ཨ་ནཱི་བཟུམ་འབད་ར་མ་འབད་ སྐུ་ཆེ་གསུང་ཆེ་ཨིན་སླབ་ད་ལུ་ ཨ་ཙི་ཅིག་བཏང་གེ་སླབ་སླབ་མས།
  • འཆང་གླུ
    མེན་མི་དགོ་ཟེར་ ཁོང་གཉིས་ནང་རྡོག་བློ་སླབ་སླབ་མས། ག་དེམ་ཅིག་སླབ་རུང་ཉན་མ་བཏུབ་པར་ ཁོ་གིས་ཏེ་ འ་་་་་ ཆུ་བཏང་བྱིན་ནུག་ཏེ་ ཨ་ནཱི་མར་ཁུ་བཙའ་བཅད་ས་ནང་། འ་་་་་མེ་འབར་ཏེ་ འུ་རུ་རུ་རུ་འབར་ཏེ་ འོ་་་འབརཝ་ད་ སྲིན་པོ་ཚུ་ དུང་དུང་ཝང་བཏང་ ཁྱིམ་ནང་ལས་བྱོག་འགྱོ་ ད་རེས་ག་ཅི་འབད་ཡི་ག་འབད་ཡི་སྨ་རེད་ཟེར་ འ་་་བྱོག་འགྱོཝ་ད་ལུ་ཏེ་ ཁོང་གཉིས་ཀྱིས་ སྲིནཔོ་ཚུ་ ཕྱེ་འཐག་འཐག་ཕར་བདའ་སྟེ་ ད་རུང་ང་ ཨ་ནཱི་ ཁོང་བཟའ་ནི་འཐུང་ནི་གི་རྒྱུ་ཡོད་མི་ཚུ་ཡང་བཟའ་སྦེ་ ཁོང་གཉིས་ཀྱིས་ཨོག་ཀ་ནང་ན་འཛུལ་སྡོད་ཡི་ཟེར་སླབ་ཨིན་མས།
  • འཆང་གླུ
    འ་་་་ཨོག་ཀ་ནང་འཛུལ་སྡོདཔ་ད་ ད་རུང་ནུབ་མོ་སོངམ་ད་ལྷོད་ཅི་ཟེར་ཨིན་མས་སྲིན་པོ་ཚུ། དེ་ལས་ ལྷོདཔ་ད་ལུ་ ཏེ་ཁོང་སྲིན་པོ་འདི་མཇུག་མ་འོང་ལོ་བ་ཏེ་ ཧེ་མ་ལས་ར་གཏམ་འབད་དེས་མེན་ན་ འ་་་་ད་རུང་ར་ལྷོད་དེ་ མཇུག་མ་རང་རང་སོ་སོ་ཆགས་སྦེ་ཏེ་ མར་ཨོག་ཀ་ནང་ཐོན་ ཁོང་གཉིས་ཨོག་ཀ་ནང་ཨིབ་སྡོདཔ་ད་ ད་རུང་ལྷོད་ཅི་ཟེར་ཨིན་མས་ཏེ།
  • འཆང་གླུ
    ད་རུང་རང་ ཨ་ནཱི་ཅིག་ ག་ཅི་ཅིག་ཡོདཔ་ཨིན་ན་ གཅིག་ཡོད་ར་ཡོད་སྨེ་ཟེར་ ང་བཅས་ཆ་ཁྱབ་རིགཔ་འགྱིམ་ནི་སྨེ་ཟེར་ བློ་སླབ་དེས་ཟེར་ཨིན་མས་ སྲིན་པོ་ཚུ། དེ་ལས་ ཁོང་གཉིས་ཨོག་ཀ་ནང་གཡིབ་སྡོདཔ་ད་ ཏེ་ཨ་ནཱི་མཇུག་མ་ཚུ་ག་ར་ཨོག་ཀ་ནང་བཏང་ སྲིནམོ་ཚུ་གི དེ་ལས་ ཨ་ནཱི་ཕོ་རྒནམ་གླེན་གོ་གིས་ ད་རུང་རང་ ཨ་ནཱི་སྲིནམོ་དཔོན་གྱི་མཇུག་མ་ ཨ་ཙི་ཅིག་བཟུང་བལྟ་གེ་ ཟེར་སླབ་སླབ་མས།
  • འཆང་གླུ
    བླ་་་་་ ད་འབདན་འདི་བཟའ་ར་བཟའ་འོང་ཕོ་རྒནམ་ དེ་སྦེ་འབད་མ་འབད་ སྐུ་ཆེ་གསུང་ཆེ་འབད་གེ་ མ་འབད་ཁུ་སིམ་སིམ་འབད་སྡོད་ཟེར་སླབ་ད། མེན་ ཨ་ཙི་ཅིག་བཟུང་གེ་ཟེར་སླབ་སླབ་ཨིན་མས། ཨ་་་་་ཉན་མ་བཏུབ་པར་ ཁོ་རྒྱལ་ཏེ་ར་བཟུང་སྦེ་ ཨ་་་་ཨ་ཙི་བཟུང་མི་དེ་གིས་ ལགཔ་བསྐོར་ཁྱབ་ཅིག་ ལགཔ་དཀྱིས་སྦེ་ འཐེན་བཏངམ་ད་ལུ་ སྲིན་པོ་དུང་ཝང་བཏང་ མར་འོང་ཡི་ཟེར་སླབ་ཨིན་མས། འ་་་་སྲིན་པོ་རྒྱལཝ་ད་ ཕོ་རྒནམ་གླེན་གོ་མགུ་ཏོ་ ཡར་ཨེན་ཏ་གུ་དུང་ཝང་ དུང་ཝང་བཏང་བརྡུངས་ཏེ།
  • འཆང་གླུ
    ཧ་་་་ཧ་ལམ་ཅིག་འཐེན་བཏངམ་ད་ ལྷོདཔ་ཅིག་ཁ་ལས་ སྲིན་པོའི་མཇུག་དུམ་ད་ཁནམ་འབལ་འོང་སྟེ་ འ་་་་་སྲིན་པོ་ཚུ་བྱོག་འགྱོ་ སྲིན་པོའི་སྒོ་ཁར་ཐོན་ཏེ་ སྲིན་པོའི་མཇུག་མ་ལའོ་ ལའོ་བཏངམ་ད་ སྲིནམོ་ཚུ་ག་ར་བྱོག་ཡར་སོང་ཡི་ཟེར་ཨིན་མས། དེ་ལས་ ཨ་ནཱ་ལས་སོང་ཞིནམ་ལས་ ཨ་ནཱི་ཁྱིམ་ནང་ ཁོང་སྲིན་པོ་ཚུ་ལོག་ལྷོད་ནི་ར་མེད་པར་ དེ་ལས་ཨ་ནཱ་ལས་ཁོང་གཉིས་བཟའ་ས་ ཨ་ནཱི་སྲིན་པོའི་ཁྱིམ་ནང་སྡོད་ཅི་ཟེར་ཨིན་མས་ལགས། ཨ་ནཱི་ཅིག་རང་ཨིན་ལགས།། །།