Video Overview
In this video, Thinley from Tongling village in Radhi gewog, Trashigang narrates the story of two brothers, one intelligent and one dumb. The brothers hired oxen from a king, and the dumb brother killed an ox; they ran away. They reached a demon's abode, and the dumb brother chased away the demons; they lived happily there. The moral of the story is that we should not judge people on their ostensible intelligence.
- འཕྲིན་ལས Thinleyཕོ་རྒནམ་རྩ་རྒས་ཅིག་དང་ནུ་གཅུང་གསལ་དྲགས་ཅིག་ཡོདཔ་མས་ དེ་ལས་ཕོ་རྒནམ་རྩ་རྒས་དང་ནུ་གཅུང་གཉིས་རྒྱལ་པོའི་རྒྱ་ཚ་འཁྱིད་སྦེ་ ལཱ་འབད་དོ་ཡོདཔ་མས། དེ་ལས་ ཕོ་རྒནམ་ལུ་རྒྱ་ཚ་གཉིས་ སྤར་མ་བཅུད་མ་རེ་ ང་ལྟོ་བཟོ་འབག་སྦེ་འོང་གེ་ཟེར་ནུག་ ཏེ་ ནུ་གཅུང་འདི་བལྟ་བར་འོངམ་ད་ ཕོ་རྒནམ་འདི་ ལྟོ་འཁྱུ་འཁྱུ་སྡོད་ནུག་ལོ་ ཏེ་ ཁྱོད་ག་ཅིག་འབདཝ་ཟེར་སླབ་ད་ འ་ནཱི་ཨ་ཝ་འདི་ལམ་ཁ་འདུག་ ཕར་འགྱོ་ཟེར་སླབ་ད་མི་ཉན་འབད་ དེ་ལས་ རྡོ་རྐྱབ་ད་ལུ་ ལྟོ་ནང་འཛུལ་སོང་ཡི་ ཏེ་ ད་ལྟོ་འཁྱུ་འཁྱུཝ་ཨིན་ཟེར་ནུག
- འཕྲིན་ལས Thinleyདེ་ལས་ ནུ་གཅུང་གི་རྒྱ་ཚ་ སྤར་མ་བཅུད་མ་རེ་ཟེར་སླབ་འབད་ ཡར་སོང་ནུག་ དེ་ལས་ནུ་གཅུང་འདི་ལྟོ་འབག་འོངམ་ད་ གླང་མཇུག་མ་བཏོག་ནམ་ཅོ་བཏོག་ རྐངམ་བཏོག་ དོག་དོ་རིལ་རི་བཟོ་ཚར་ནུག་ལོ། ཡ་ ད་ ང་བཅས་རྒྱལ་པོའི་གསད་འོང་ཟེརཝ་ད་ རྩ་རྒས་འདི་གི་ གནས་སྐབས་ང་ལུ་ཡོད་ཟེར་ནུག་ དེ་ལས་ང་ལྟོ་དང་ཅ་ལ་འདི་ཚུ་འབག་འགྱོ་གེ་ཟེར་སླབ་སྦེ་ ཕོ་རྒནམ་ རྩ་རྒས་འདི་གི་ཚུགས་ཚུགས་ཟེར་ གླང་སྐྱེལ་བར་འགྱོ་ནུག དེ་ལས་རྒྱལ་པོ་རྒྱ་ཚ་ག་ཏེ་བཞགས་ནི་ཟེར་སླབ་ད་ ཏེ་ བཏག་ས་མི་འདུག་ག་ཟེར་ནུག
- འཕྲིན་ལས Thinleyདེ་ལས་ནུ་གཅུང་འདི་གི་ཁུར་ཆ་བཟོ་འབད་ ཕོ་རྒནམ་རྩ་རྒས་འདི་མ་འོང་མནོ་སྦེ་ ཕྱི་ཁ་འགྱོ་སྡོད་ རྩ་རྒས་འདི་གི་ཅ་ལ་ག་ར་བཏོན་འབད་ ཐབ་གུ་ལས་དཔྱང་བཞགས་སྦེ་ རྩ་རྒས་ཁོ་རང་ཁུར་ཆ་ནང་འཛུལ་འབད་སྡོད་ནུག དེ་ལས་ནོ་གཅུང་འདི་གི་ཁུར་ཆ་འབག་འབད་འགྱོ་ནུག་ དེ་ལས་ ལ་ཅིག་བརྒལ་ད་ ཡ་ ངེའི་ ཕོ་རྒནམ་རྩ་རྒས་འདི་ ལུས་སོང་ཡི་ཟེར་སླབ་ད་ལུ་ ཕོ་རྒནམ་འདི་ཁུར་ཆ་ནང་ལས་ཡ་ཟེར་ནུག་ དེ་ལས་ནུ་གཅུང་འདི་འདྲོག་འདི་ཁུར་ཆ་འབག་འབད་བྱོག་འགྱོ་ནུག
- འཕྲིན་ལས Thinleyད་རུང་ ལ་ཅིག་བརྒལ་སྦེ་ ཕོ་རྒནམ་རྩ་རྒས་ལུས་སོང་ཡི་ཟེར་སླབ་སྦེ་ ཁུར་ཆ་ནང་བལྟཝ་ད་ལུ་ ནང་ན་ལས་ ཡེ་ཧེ་ཡེ་ཟེར་དགའ་སྦེ་ དེ་ལས་ཁུར་ཆ་ནང་ལས་ ཏེ་ ཅ་ལ་འདི་ག་ནི་ཡང་མེད་འདུག་ལོ། དེ་ལས་ད་རུང་འགྱོཝ་ད་ལུ་ ཏེ་ འདི་ལས་ལམ་དཀརཔོ་གཅིག་ དམརཔོ་གཅིག་ གནགཔོ་གཅིག་ཡོད་ས་ལས་ལམ་གནགཔོ་ ད་འགྱོ་ད་ལུ་ སྲིན་པོའི་གཡུས་ཁ་ལུ་ལྷོད་ནུག་ དེ་ལས་སྲིན་པོ་གཅིག་མཇུག་མ་རིངམོ་ཅིག་ཡོདཔ་མས། དེ་ལས་ཕོ་རྒནམ་རྩ་རྒས་འདི་གི་མཇུག་མ་ཨ་ཙི་ཅིག་འཐོན་གེ་ཟེར་ནུག་ ཏེ་ ནུ་གཅུང་འདི་གི་སྐུ་ཆེན་མ་འབད་ ང་བཅས་བཟའ་འོང་ཟེར་སླབ་རུང་ ད་རུང་ཨ་ཙི་ཅིག་བཟུང་གེ་ཟེར་ནུག་ ཏེ་ ཉན་མ་བཏུབ་སྦེ།
- འཕྲིན་ལས Thinleyདེ་ལས་མཇུག་མ་བཟུང་འབད་ དུང་དུང་ཟེར་འཐེན་བཏང་ད་ནུག་ ཡུདཔ་ཅིག་ལས་ སྲིན་པོ་མཇུག་མ་འཐོན་འགྱོ་འདི་བྱོག་ཡར་སོང་ནུག དེ་ལས་ཁོང་གཉིས་ནང་ན་བལྟ་བར་འགྱོ་ནུག་ ལྡེ་མིག་ལུས་སོང་ནུག་ལོ་ དེ་ལས་ལྡེ་མིག་ཕྱེ་བལྟཝ་ད་ལུ་ མི་རྒས་ཤོས་ཨ་ལོ་གཞོནམ་སྒྲོམ་གང་འབད་བཙུགས་བཞགས་ནུག་ལོ། དེ་ལས་ད་རུང་བསྡམ་བཞག་འབད་ ཏེ་ ད་ལས་ཆུ་ཟངས་སྦོམ་ཅིག་གི་རྒྱབ་ལུ་གཡིབ་སྡོད་སྡོདཔ་མས་ དེ་ལས་གཅིག་འོང་དེ་ཟེར་མས་ ཏེ་ ཨ་ལྕོ་ཉེ་ཉེ་གཅིག་འོང་ནུག
- འཕྲིན་ལས Thinleyདེ་ལས་ཡུདཔ་ཅིག་ལས་ ཨ་ལྕོ་ཉེ་ཉེ་འདི་འགྱོ་དོ་ཡོདཔ་མས་ ཏེ་ སྒོ་མཐོ་ཁ་ལས་ཡོར་ཡོར་འབད་ དེ་ལས་ཁོ་གི་ལྒང་ཕུ་ཅིག་འཕུ་འབད་ གེ་ཟ་བླུག་འབད་བཏག་བཏང་གེ་ཟེར་སླབ་ད་ མིན་དགོ་ང་བཅས་བཟའ་འོང་ཟེར་ནུག་ དེ་ལས་ཉེན་མ་བཏུབ་བ་བཏག་བཏངམ་ད་ནུག དེ་ལས་བྱོག་འགྱོཝ་ད་ལུ་ ལྒང་ཕུ་གི་རོག་རོག་བཏང་ ད་ེལས་ ཨ་ལྕོ་ཉེ་ཉེ་འདི་བྱོག་འགྱོ་ ལྒང་ཕུ་གི་ཧེ་མ་ཧེ་མ་འོང་འདི་ རྦོབ་རིལ་འགྱོ་ནུག དེ་ལས་ ཨ་འོ་ རྒྱལ་པོ་ད་རེས་མ་འདྲཝ་ལྒང་ཕུ་གི་རྦོབ་རིལ་བཏང་འདི་ ཤི་ནི་འབད་ཡི་ ཁྱོད་ཀྱི་ཕོ་བྲང་ནང་འདི་ མི་ཐོབ་ནི་མས།
- འཕྲིན་ལས Thinleyད་རུང་གཅིག་བཏང་ནུག་ རྒྱལ་པོ་མཇུག་མ་ལེན་པར་ ད་རུང་ ཁོ་གི་ང་འཕྱེན་ཨ་ཙི་ཅིག་བཏང་གེ་ཟེར་ནུག་ མ་འབད་ཟེར་སླབ་རུང་མ་ཉན་པར་ འཕྱེན་བཏངམ་ད་ལུ་ ཉི་མ་ཤར་དོ་བཟུམ་འབད་མཐོང་འདི་ སྲིན་པོ་ཡང་བྱོག་ཡར་སོང་ནུག་འབད་མི་ཚུགས་འབད་ཟེར། དེ་ལས་ ཁོང་གཉིས་ཐུགཔ་བཟོ་དོ་ཡོདཔ་མས་ དེ་ལས་ སྲུན་པོ་དང་ནུ་གཅུང་འཐབ་དོ་ཡོད་མས་ ཏེ་ དབའི་ཁྱོད་གཉིས་འཐབ་རུང་ ང་གི་ཐུགཔ་བཟོ་ས་མ་འཐབ་མ་རེ་ཟེར་ནུག་ དེ་ལས་ ནུ་གཅུང་འདི་ འུ་སྡུག་ནུག་ལོ།
- འཕྲིན་ལས Thinleyསྲིན་པོ་གི་གདོང་ཁ་ལས་ཚདཔ་འཐོནམ་ད་ ནུ་གཅུང་འདི་ཁྲག་འཐོན་དོ་ཡོདཔ་མས་ ད་ལས་ཕོ་རྒནམ་འདི་ཐུགཔ་བཟའ་སྡོད་འབད་ མ་ཉེན་མས་ དེ་ལས་ནུ་གཅུང་གི་ཐུགཔ་འདི་ རྐངམ་གི་རྐྱབ་ཅིག་ཐུགཔ་འབོ་བཏང་ད་ནུག་ ཁོ་ཕོ་རྒནམ་གི་མི་ཉེན་མས་ཟེར་མནོ་ནུག་བ། འཛོགས་སོའི།