Skip to main content Skip to search
28 Jun 2018
12 min 27 sec
Video Overview
Creators: 
Sonam Tobgye, Sangay Tshomo

Once upon a time, there was a stupid man and his younger brother. Their mother was ill and the eldest brother went in search for butter needed to heal her. But the foolish brother used all the butter to fill cracks he saw in stones, wood and the earth itself. After reaching home empty- handed, he told the younger brother  he gave the butter to those in need. Their mother was still ailing, so the younger brother left, telling the elder to keep the flies off their mum. When the younger brother returned home, their mother was dead from a blow to the head by an axe head. Before the younger brother arrived, the elder placed the mother's body behind the door, propping her corpse as if she were passing stool. When the younger tried to open the door, the elder replied that mother is passing stool, don't come in, but the younger brother got angry and pushed the door so hard the body fell down. The elder then blamed the younger for the death.  

ཧེ་མ་ ཧེ་མ་ ལྐུགས་པ་ཅིག་དང་ དེ་ལས་ཁོ་གིས ནོ་ཅུ་ཅིག་ཡོདཔ་ཨིན་མས། ནུ་ཅུ་འདི་ ཨའི་ བལྟ་བཅུ་ཞིམ་ལས་ ཚར་ཅིག་ ཁོ་མར་འཚོལ་བར་ སོང་ཡོདཔ་ཨིན་མས། དེ་ལས་ཁོ་གིས་ མར་འདི་ རྡོ་དང་ དེ་ལས་ཤིང་ དེ་ལས་ས་འགས་འགྱོ་མི་ཚུ་ལུ་ བྱིན་འདི་ ཁྱིམ་ན་ ག་ནི་ཡང་ མ་འབག་བ་འགྱོ་ཡོདཔ་ཨིན་མས། དེ་ལས་ ཁྱིམ་ནང་ སྷོདཔ་ད་ལུ་  མར་རོགས་མི་ཚུ་ལུ་ བྱིན་ད་ཡི་ཟེར་ སླབ་ཡོདཔ་ཨིན་མས། དེ་ལས་ནོ་ཅུང་ མར་འཚོལ་བར་ འགྱོ་ཞིནམ་ལས་ ལོག་འོང་བའི་སྐབས་ལུ་ ཨའི་སྟ་རི་གུ་ཏོག་ ཕོག་ཞིནམ་ལས་ ཤི་སོངམ་ལས་ ནོ་ཅུང་མ་ལྷོདཔ་ལས་ ཨའི་སྒོ་གིས་ རྩ་བ་ལུ་ བཞག་ཞིནམ་ལས་ ནོ་ཅུང་ལུ་ ཨ་བ་བཏང་དེ་ཟེར་སླབ་ཡོདཔ་ཨིན་མས། དེ་ལས་སྒོ་ག་དེམ་ཅིག་ བརྡུང་རུང་ ཕྱི་ནི་མེད་པར་ ཤུགས་འབད་ ཕྱི་བཏངམ་ཅིན་ ཨའི་འབོབ་རིས་སོངམ་ཨིན་མས། དེ་ལས་ཁོ་གིས་ ཨའི་ཤི་སི་ཟེར་ སྐད་རྐྱབ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • དངོས་གྲུབ་ Nedrup
    འ་ནི་འདི་ ཨའི་ན་སྟེ་ཡོདཔ་ལས་ མར་འཚོལ་བར་སོང་ཡི་ལོ་ཕོ་རྒནམ་འདི། མར་འཚོལ་བར་འགྱོ་བའི་སྐབས་ལུ་ མར་འདི་ཕོ་རྒནམ་འཚོལ་འབག་འོང་སྟེ་ རྡོ་གག་གགཔ་ ས་གག་གགཔ་ ཤིང་གག་གགཔ་ཚུ་ལུ་བཙུགས་བཞག་ཏེ་རྫོགསཔ་སྦེ་ ལགཔ་སྟོངམ་སྦེ་འོང་དོཝ་མས། ཕོ་རྒནམ་ཀྭ་ལས་མར་ ཟེརཝ་ད་ལུ་ ས་གག་སྟེ་ཁ་བཟེད་སྡོད་ནུག འ་ནཱི་ལུ་བྱིན་བཞག རྡོ་ཁ་བཟེད་སྡོད་ནུག འ་ནཱི་ལུ་བྱིན་བཞག ཤིང་ཁ་བཟེད་སྡོད་ནུག ཁོ་ཟ་དགོ་མནོ་ནུག་ཟེར་ འ་ནི་ཚུ་ལུ་བྱིན་བཞག་སྦེ་ རྫོགས་སོ་ཡི་ ཟེརཝ་མས་ལོ།
    mother was ill and the eldest brother went in search for the butter. But the brother gave all the butter to those stone, wood and land which got crack. after reaching home he got nothing left in his hand when the younger brother about the butter he replied that he gave to those are in need. Then,
  • དངོས་གྲུབ་ Nedrup
    དེ་ལས་ ཕོ་རྒནམ་ཁྱོད་ཀྱིས་ ཨའི་གི་སྦྱང་ནག་བདའ་སྟེ་ ཨའི་གི་གཟུགས་ལུ་སྦྱང་ནག་ཆགས་མ་བཅུག་སྨེ་ སྦྱང་ནག་བདའ་སྨེ་ ང་མར་འཚོལ་འབག་འོང་གེ་ ཨའི་སྟོབས་ཤུགས་ཉམས་ནི་མས་ཟེར་ མར་འཚོལ་བར་འགྱོཝ་སྦེ་ མར་འཚོལ་འབག་འོང་བལྟཝ་ད་ ཨའི་འདི་ སྟ་རེ་རྒྱབ་ཀྱིས་དྲངས་ཏེ་བསད་བཞག་ནུག་ལོ། སྦྱང་ནག་ལུ་དྲངམ་ཨིན་ཟེར་ སྦྱང་ནག་ཆགསཔ་ད་ སྦྱང་ནག་ལུ་བླུགས་བྱིན་བྱིནམ་མས་ཁོ་གིས། ཏེ་ཨའི་བསད་བཞག བསད་བཞག་སྦེ་ ནུ་གཅུང་ལྷོད་རནམ་ད་ འ་ནཱི་བཟུམ་གྱི་དོང་ནང་ སྒོའི་རྒྱབ་ཁར་ཨ་ཝ་བཏང་སའི་དོང་ཅིག་ཡོདཔ་མས་ ཨ་བ་བཏང་སའི་དོང་། དང་ཕུ་འདི་སྒོའི་རྒྱབ་ཁ་ལས་མར་བཟོ་འོང་ དང་ཕུ་འདི་ཨ་ལོ་ཚུ་ཨ་བ་ འ་ནཱི་ཧོག་ཀ་ཡང་བཟོ་ནུག་ཟེར་ སླབ་ཅི་ང་ ཁ་ཙ་ཁ་ཉིནམ་ ཨེ་ཧི་ཧི་ཧི་་་་ འ་ནཱི་ཧོག་ཀ་ལས་མར་གཏང་འོང་ ཨ་ལོ་ཚུ་ཧེ་མ།
    Brother you look after mother don't let the flies fly over mother and sit on mother. so the younger brother went in search of the butter, as mother is becoming too weak. When the younger brother return back home with butter, mother was hit by the axe head and found death. before the younger brother arrived he kept the mother's body behind the door near the whole where they use to pass the stool. (kind of toilet) these whole is mainly used by the small kind to pass stool during olden days.
  • དངོས་གྲུབ། Nedrup
    ད་རེས་ནངས་པར་ ཨ་ཝ་འ་ནཱིམ་ཅིག་རང་མི་གཏང་པས་ འ་ནི་སྦེ་ཨ་བ་བཏང་དོ་བཟུམ་བཟོ་བཞག་བཞགཔ་མས་ཨའི་འདི་ འ་ནཱི་སྦེ་བཟུང་སྟེ་ ནུ་གཅུང་གིས་སྒོ་ག་དེམ་ཅིག་དཀྲོགསཔ་ད་ ཁོ་གིས་སྒོ་མ་ཕྱེ་བར་ ཨའི་ཆབ་གསང་གཏང་དོ་ ཆབ་གསང་གཏང་དོ་ཟེར་ ཡུདཔ་ཅིག་ལས་ནུ་གཅུང་ཙིགཔ་ཟ་སྟེ་སྒོ་ཤུགས་འབད་འཕུལ་བཏང་སྟེ་ སྒོ་རའོ་བཏང་ཕྱེ་བཏངམ་ད་ ཨའི་[ཏོ་རོང་?]བཏང་འགྱེལ་འགྱོ་འགྱོཝ་མས། དེ་ལས་ ཨའི་ཤི་སོ་ཡི་ ཤི་སོ་ཡི་ ཟེརཝ་མས་ལོ། ཧི་ཧི་ཧི་་་་་་་་།
    these days people don't use that whole to pass the stool. Before small kids use that whole to pass stool. so, the elder brother made his mother in the position like she is passing stool. when the younger tried to open the door he replied that mother is passing stool, he didn't open the door so younger brother got angry and he push the door so hard and mother fell down then he said mother is death, mother is death.
  • དངོས་གྲུབ། Nedrup
    ཏེ་དེ་ལས་ ཁོང་གཉིས་བསྟུན་གྲོས་རྐྱབ་ནུག ཨའི་འདིན་ཤི་སོ་ཡི། ཨའི་ཁྱོད་ཀྱིས་བསད་བཞག་ནུག ཁྱོད་ཀྱིས་ལེགས་ཤོམ་འབད་བལྟ་ སྦྱང་ནག་ལེགས་ཤོམ་འབད་བདའ་ཟེརཝ་ད་ ཨའི་ལུ་ག་དེ་སྦེ་འབད་ཡི་ཟེརཝ་ད་ སྦྱང་ནག་བདའཝ་ད་ཤི་སོ་ཡི་ཨའི་ ཟེར་སླབ་མས་ལོ། སྦྱང་ནག་བདའཝ་ད་ ཤིང་གི་འདབ་མ་གིས་བདའ་ནི་མེན་པར་ སྟག་རེ་རྒྱབ་ཀྱིས་བཏང་བྱིན་ནུག་བ་ ཧེ་ཧེ་ཧེ་་་་་་
  • དངོས་གྲུབ་ Nedrup
    དེ་ལསན་ཏེ་ ད་གནས་སྐབས་བཏོན་གེ་ནོ་ཟེར་ སྲིན་པོ་གི་ཀར་སེརཔོ་སེརཔོ་སྦེ་ཐོན་ཏེ་ཡོདཔ་ཨིན་མས། སྲིན་པོ་དང་གཅིག་ཁར་སྡོད་སྡོདཔ་མས་དང་ཕུ། སྲིན་པོ་གི་ཀར་ཞིང་སྦུག་ལུ་[རེན་?]ཨའི་གདོང་ཁར་བཀལ་ ཀར་ཕུད་རྡོག་གཉིས་གསུམ་དེ་ཅིག་བཏོག་ [རེན་?] ནང་བཙུགས་ ཨའི་འདི་[རེན་?]ལྟག་ལུ་བཞག་སྟེ་ཡོདཔ་མས། དེ་ལས་ སྲིན་པོ་གིས་ འུའི་་་་་ ངེའི་ཀར་བཏོག་མི་ག་སྨོ? ག་ཅི་ཨརཝ་བརྐུཝ་སྨོ? ཟེར་རྡོ་བཏང་བཏངམ་མས།
    Then they both discuss now our mother is death i told you to look after mother, don't let the flies come over her but you killed her how come? i told you to chase the flies with the leaf but you did with axe. elder brother said i looked after her well but because of the flies she died. (laughs) They made a idea and there was witch's wheat growing. They stayed with witch. They pluck three wheat and put it in the busket and above that they kept their mother, Witch shouted who is the one stealing the wheat and then she threw the stone,
  • དངོས་གྲུབ། Nedrup
    རྡོ་བཏངམ་ད་ ཨའི་ལུ་ཕོག་སྟེ་ ཤི་ཤིཝ་བཟོ་སྟེ་ཁོང་གཉིས་ཀྱིས། དེ་ལས་ སྲིན་པོ་ལུ་ ཨའི་གིས་ ཁྱེད་ཀྱི་ཀར་ཨ་ནཱིམ་ཅིག་རྐྱངམ་ཅིག་བཏོག་ནུག ངེའི་ཨའི་བསད་དེ་ ཁྱེད་ཁྲིམས་སར་བཙུགས་ནི་ཟེར་ ཁྲིམས་འདི་དང་ཕུ་ལས་ར་ཡོདཔ་མས་ཡོད་ནི་འདི་ འ་ནི་སྦེ་འབདཝ་ད་ལུ་ སྲིན་པོ་ཆ་ཁྱབ་འདྲོག་འདྲོགཔ་མས།
  • ཕུན་ཚོགས་དབང་འདུས་ Phuntsho Wangdi
    འདྲོག་སྟེ་ དེ་ལས་ཨ་ནཱ་ལས་ ཁོང་སྤུན་ཆ་གཉིས་ལུ་ ག་ནི་ཡང་འབད་མ་ཚུགས་པར་ ཏེ་ཨའི་ཤི་ཞིནམ་ལས་འདི་ ཁོང་གཉིས་ ཨའི་སྲིན་པོ་གིས་བསད་ཞིནམ་ལས་ (ཨའི་སྲིན་པོ་གིས་བསད་བསད་བཟུམ་བཟོ་སྦེ་) སྟེང་ཐོག་ལུ་གཡིབ་སྡོད་སྡོདཔ་མས། སྟེང་ཐོག་ཁར་གཡིབ་སྡོདཔ་ད་ལུ་ སྲིན་པོ་ཚུ་ཁྱིམ་ནང་འོང་སྟེ་ལྟོ་འབད་ སླ་ང་ནང་ཤ་ཁའོ་ཁའོ་བཏང་བརྔོཝ་མས་ལོ།
  • དངོས་གྲུབ་ Nedrup
    ཐབ་འཕྲང་སྟེ་དོང་འ་ནིམ་ཅིག་ཡོདཔ་མས་ ནུ་གཅུང་ ང་གིས་ཆུ་ཨ་ནཱིམ་ཅིག་གཏང་གེ་སྨེ་ ཟེར་སླབ་ནུག ཕོ་རྒནམ་མ་གཏང་ སྲིནམོ་གིས་བཟའ་འོང་ང་བཅས་གཉིས་ ཟེར་སླབ་ནུག མེན་ཨ་ནཱིམ་ཅིག་རྐྱངམ་ཅིག་གཏང་ནི་ ཟེརཝ་མས་ལོ། མ་གཏང་ང་བཅས་གཉིས་བཟའ་འོང་ཟེརཝ་ད་ ཉན་མ་བཏུབ་པར་ཁོ་གིས་ སྲིནམོ་གི་ཚོདམ་ཁའོ་ཁའོ་བཏང་བརྔོ་སྡོདཔ་ད་ ཆུ་ཤོར་རོ་རོ་བཏང་གཏངམ་ད་ མེ་འབར་ཏེ་ སྲིནམོ་ཆ་ཁྱབ་འདྲོག་སྟེ་བྱོག་ཡར་སོ་ནུག
    The stone hit the mother and she died according to the plan made by them. Then they charge the witch on killing their mother, they said they will put her at the court, law was already there at olden days. Witch were scared of the law suit, the witch can't do anything to the brothers as they killed their mother, (as the brothers planned) the brother's were hidding at the upper floor. When the witch came to their house they were cooking the food and in the frying pan they were frying the meat, striaght from the oven there was a hole and younger brother said i want to pee but the elder brother was scared of witch and said no don't if whitch saw us here then sure they will eat us. but the younger brother didn't listen and pass it on. then it went and witch got scared and run away from the house.
  • དངོས་གྲུབ། Nedrup
    ཨ་་་་་ ནང་ན་འགྱོ་སྦེ་ ཁོང་གཉིས་ཀྱིས་ལྟོ་ག་ར་ཟ་སྦེ་ ཁོང་གི་ཤ་བརྔོ་བརྔོཝ་ཚུ་ཡང་ཁོང་གཉིས་ཀྱིས་ཟ་བཞག་ནུག ལྟོ་ཟ་བཏང་ ཟ་ཚར་སྦེ་ དེ་ལས་ པ་ལང་[བྲོང་པུ་?]ཨ་ནཱི་བཟུམ་ཅིག་ལུདཔ་བཟུམ་ཅིག་ནང་འཛུལ་སྡོད་སྡོདཔ་མས་ ཁོང་གཉིས་ད་རུང་ ད་རུང་ལྟོ་འབད་ སྐད་རྐྱབ་སྟེ་ ཁོང་གཉིས་ སོ་སོ་བཅད་བཟུམ་ཅིག་ཁར་ཡོདཔ་ཨིན་མས། ཕྱེན་ཨ་ནཱིམ་ཅིག་གཏང་གེ་སྨེ་ ཟེར་སླབ་སླབ་མས། ཕྱེན་མ་གཏང་ཕོ་རྒནམ་ ང་བཅས་བཟའ་འོང་ ད་འདི་ཁྱིམ་ནང་ལྷོད་ཅི་ ང་བཅས་གཉིས་བཟའ་འོང་ ཟེར་སླབ་ད།
  • དངོས་གྲུབ་ Nedrup
    མེན་ ཨ་ནཱིམ་ཅིག་རྐྱངམ་ཅིག་གཏང་གེ་ ཨ་ཙི་ཅིག་རྐྱངམ་ཅིག་གཏང་གེ་སྨེ་ ཟེར་སླབ་མས་ལོ། ཨ་ཙི་གཏང་ཏེ་ མ་གཏང་ཟེརན་ ཉན་མི་བཏུབ་པས་ ཁྱོད་ཀྱིས་ཨ་ཙི་ཅིག་རྐྱངམ་ཅིག་གཏང་སྨེ་ ཟེར་སླབ་སླབ་མས། ཕྱེན་བུ་འུང་་་་་་ བཏང་གཏངམ་ད་ལུ་ སྲིནམོ་ཆ་ཁྱབ་ ཡ་བླ་མ་མཁྱེན་ནོ་ [ཡམ་ཕ་?] ལས་ག་ཅི་གསཔ་ཨིན་ན་ཟེར་ བྱོག་ཡར་སོ་ཡི་ལོ་ད་རུང་ ཨ་་་་་ ལྟོ་ཁོང་གཉིས་ཀྱིས་ཟ་བཏང་སྟེ་ ད་རུང་ཁོང་གཉིས་ ལྟོ་ཟ་སྦེ།
    Ahh! the brothers went and had all the food and meat cooked by the witch. then they went near the bed and hide inside a box. Again the witch came to their house and started to cook again. the elder brother said i want to pass a gas, but the younger brother said don't do that because we are at home now and if the witch's saw us then they will eat us. But the elder brother didn't listen to him and said i will just pass a little one, but the brother pass a loud sound gas (buwang) then the witches got scared of the loud sound and run away from the house. Ahh! again they both had the food and
  • དངོས་གྲུབ་ Nedrup
    དེ་ལས་ད་རུང་ དུ་ཁང་ནང་འཛུལ་སྡོད་ནུག དུ་ཁང་ནང་འཛུལ་སྡོདཔ་ད་ སྲིནམོ་ལུ་མཇུགམ་འོང་ལོ་ མཇུགམ་ཧོག་ཀ་ནང་བཙུགས་ཏེ་རྩ་བར་སྡོད་ནི་གི་ ག་ར་གི་ཧོག་ཀ་འདུག་ལོ་རང་རང་སོ་སོ་གི་ སྲིནམོ་སྦོམ་ཅིག་གི་ ཧོག་ཀ་ཡང་སྦོམ་ མཇུགམ་ཡང་སྦོམ་རིངམོ་ཡོདཔ་མས་ མར་དུ་ཁང་ཚུན་ལྷོད་ལྷོདཔ་ ནུ་གཅུང་ ཨ་ནཱི་མཇུགམ་སྦོས་ཤོས་འདི་ ཨ་ཙི་ཅིག་བཤེད་བལྟ་གེ་སྨེ་ ཟེར་སླབ་ནུག མ་བཤེད་ཕོ་རྒནམ་ ང་བཅས་གཉིས་བཟའ་འོང་ ཟེར་སླབ་ནུག
  • དངོས་གྲུབ་ Nedrup
    མེན་ ཨ་ཙི་ཅིག་རྐྱངམ་ཅིག་བཤེད་ནི་ང་གིས་ ཟེརཝ་མས་ལོ། འ་་་་་ སྲིན་པོའི་མཇུགམ་བཟུངམ་ཅིག་ ལག་པར་དཀྱིས་སྦེ་འཐེན་འཐེནམ་མས། ཏེ་སྲིནམོ་རྒྱལཝ་ད་ཕོ་རྒནམ་རྩ་རྒས་ཀྱི་མགུ་ཏོ་ཡར་དོང་དོང་བཏང་བརྡུངམ་མས་ལོ། ཕོ་རྒནམ་གླེན་གོ་རྒྱལཝ་ད་སྲིནམོ་ཨ་བུག་ དེར་དེར་བཏང་གཏངམ་ད་ སྲིནམོ་གཞན་ཚུ་ འདྲོག་སྟེ་བྱོག་འགྱོ་ ཡུདཔ་ཅིག་ལས་ སྲིནམོ་སྦོམ་ཤོས་ཀྱི་མཇུགམ་ འབལ་ཐ་ཁནམ་དོག་འོང་ ཧ་ཧེ་ཧེ་་་་་ བཏོག་སྟེ་འབག་འོང་ཡི་ལོ།
    they were hidding under the floor (under ground), witches got the tail and when they sit on the floor there is a hole underneath where they put their tail. The bif tail got the big hole, it depends upon the size of the tail.so, the elder brother said i will pull the tail of the witch, but the younger brother said don't do that if the witches knew about us hidding then they will eat us. The elder brother didn't listen and pulled the tail. The witch tail twist over his hand and pulled him upward but elder brother pulled the witch downward. they were pulling up and down. Other witches got scared seeing the witch deed and ran away, after sometime the big witch's tail was uproot and brought down. (ha hay hay)
  • དངོས་གྲུབ། Nedrup
    དེ་ལས་འ་ནཱ་ལས་ཁོང་གཉིས་ ཁོང་བྱོག་འགྱོ་ཞིནམ་ལས་ ཁོང་གཉིས་ཨ་ནཱི་སྦེ་ཐོན་འོང་སྟེ་ འ་ནཱ་ལས་རྐྱངམ་ཅིག་ རྒྱལ་པོ་གི་གླང་བརྙ་ཡི་ལོ་ ལཱ་འབད་ནི་གི་ གླང་བརྙ་སྦེ་ དེ་ལས་ ཕོ་རྒནམ་འདི་ ཉི་མའི་ལྟོ་འབད་འབག་འོང་ནི་སྦེ་འགྱོ་ཡི་ལོ། ཕོ་རྒནམ་ཁྱོད་ཀྱིས་ ལགཔ་ལེགས་ཤོམ་འབད་འཁྱུ་སྟེ་ གཙང་ཏོག་ཏོ་སྦེ་འབད་འབག་ཤོག་སྨེ་ལྟོ་ ང་གླང་བལྟ་སྡོད་ནི་ ཟེར་སླབ་ནུག གླང་འདི་མ་བཏང་པར་བཞག་བཞགཔ་ཨིན་མས།
  • དངོས་གྲུབ་ Nedrup
    རྩྭ་བྱིན་བཞག་སྦེ་ གླང་མ་བཏང་པར་ཨ་ནཱི་སྦེ་ར་བཞག་སྟེ་ ཏེ་ལྟོ་འབད་འབག་འོང་མི་གིས་ ནམ་ཡང་ལྷོད་ནི་མེད་པར་ ཕོ་རྒནམ་འབད་སར་འགྱོ་བལྟ་བལྟཝ་མས་ གླང་གཉིས་བཀོ་བཞག་སྦེ་འགྱོ་འགྱོཝ་མས། ཨིན་ནི་འདི་ རྩ་བ་རང་ཆུ་ཅིག་ཡོདཔ་མས་ མིག་ཏོ་གིས་མ་མཐོངམ་སྦེ་རྒྱབ་ཁར་འཚམས་ཅིག་ཁར་ཡོདཔ་མས། ལྟོ་འབད་བར་ཁྱིམ་ན་འགྱོཝ་ད་ལུ་ ལམ་ཟུར་ཁ་རང་ ཨ་བ་བཏང་བཞག་བཞགཔ་ཡོདཔ་མས་ མི་གི་ཨ་བ་ ཁྱོད་ཕར་བཅའ་སྨེ་ ངེའི་ནུ་གཅུང་གིས་ལྟོ་གཙང་ཏོག་ཏོ་སྦེ་འབག་ཤོག་ ཟེར་སླབ་དེས། ཁྱོད་བྱོག་ཡར་སོང་སྨེ་ ཨ་ནཱ་མ་སྡོད་སྨེ་ ཟེར་སླབ་སླབ་མས་ ཨ་བ་ལུ་ལྟ་སྟེ་ ཕོ་རྒནམ་གླེན་གོ་གིས།
    After the witches ran away from the house. the brother's lend the king's ox for the work. Then the elder brother was told to cook food but wash your hand properly and with the cleaniness cook the food, the younger broth was looking after the ox feeding him the grass but the elder brother wasn't coming back to him with the food he took long time and after sometime he left the ox and went home to see his elder brother, it was't too far but have to cross a small river that's why they can't see, at the way there was a stool and it was human's stool, his elder brother was scolding the stool don't stay here go away his younger brother told him to bring the food with cleanliness, his dumb brother.
  • དངོས་གྲུབ། Nedrup
    ཏེ་ལོགཔ་ད་ལུ་ ཁོ་ལྟོ་འབག་འོངམ་ད་ལུ་ ཏེ་ཨ་བ་བྱོག་འགྱོ་མ་བཏུབ་མས་ ལྟོ་རས་ཨ་བ་གི་སྦོ་ལོགས་ཁར་བཀལ་ ལྟོ་རས་ཁ་ཕྱེ་སྦེ་ འ་་་་་ ཨ་བ་ལུ་ལྟ་སྟེ་ ཁྱོད་བྱོག་འགྱོ་ཟེརཝ་ད་ ཉན་མ་བཏུབ་པས་ཁྱོད་ཟེར་ ཤིང་དུམ་གིས་བླུགས་བླུགསཔ་མས་ ཨ་བ་ལུ། ཞག་ཞག་བཏང་བླུགསཔ་ད་ ཨ་བ་ཧེ་ཧེ་ཧེ་་་་་ ཧ་ཧ་ཧ་་་་་་་ དེ་ལས་ ཆུ་གཟར་ཁར་འབག་སྦེ་ ཕུད་རྡོག་རེ་ཕུད་རྡོག་རེ་འཁྱུ་སྡོད་ནུག་ལོ། འཁྱུ་སྡོད་དེ།
  • དངོས་གྲུབ་ Nedrup
    ཕོ་རྒནམ་ ག་ཅི་བཟོཝ་སྨོ་ཟེརཝ་ད་ ཁྱོད་ཀྱིས་ལྟོ་གཙང་ཏོག་ཏོ་སྦེ་འབག་ཤོག་སླབ་དེས་ ཨ་ནཱི་ཨ་བ་གིས་བྱོག་འགྱོ་མ་བཏུབ་པར་ ཤིང་དུམ་གྱིས་བླུགས་བཏངམ་ད་ ང་བཅས་གཉིས་ཀྱི་ལྟོ་གུ་ཕོག་སྟེ་ ལྟོ་འཁྱུ་སྡོད་ཡོད་ ཟེརཝ་མས་ལོ། ཁའི་ང་ཕོ་རྒནམ་ཁྱོད་ཀྱིས་མིན་འདུག གླང་བལྟ་བར་སོང་སྨེ་ གླང་སྤར་མ་བཅུག་སྨེ་ གླང་ལེགས་ཤོམ་སྦེ་བལྟ་སྨེ་ གླང་ཨ་ཙི་ཅིག་ཡང་སྤར་མ་བཅུག་སྨེ་ ཟེར་སླབ་ནུག
    When i am returning from home carrying your lunch there i met with the stool. I scold him to get away from my way so that i can bring a clean lunch for you but he (stool) wasn't listening to me so i had to beat him (stool) up with the stick. (laughs).. so i kept the lunch near the stool while beating the stool all went into the lunch so, i am cleaning it one by one said the elder brother. Then the younger brother said No need to do that go to the field and look after the ox, dont't let the ox move.
  • དངོས་གྲུབ། Nedrup
    དེ་ལས་ ཕོ་རྒནམ་གླེན་གོ་འདི་གླང་བལྟ་བཅུག་སྦེ་ ནུ་གཅུང་ལྟོ་འབད་འབག་འོང་པར་སོང་ནུག ལྟོ་འབད་འབག་འོང་པར་འགྱོ་སྡོདཔ་ད་ལུ་ རྒྱལཔོ་གི་གླང་འདི་ རྐངམ་སྤརཝ་ད་རྐངམ་བཏོག་བཏང་ནུག་ལོ། རྣམ་ཅོ་སྤརཝ་ད་རྣམ་ཅོ་བཏོག་བཏང་ ཡུདཔ་ཅིག་ལས་གླང་འདི་བསད་བཞག་ནུག་ལོ་གླང་འདི་ ལོག་འོང་བལྟཝ་ད་ གླང་འདི་བསད་བཞག་སྟེ་མེད་ བླ་མ་མཁྱེན་ནོ་ བསྐྱལ་སར་བསྐྱལ་ནུག་ ཕོ་རྒནམ་ཁྱོད་ཀྱིས།
  • དངོས་གྲུབ་ Nedrup
    རྒྱལ་པོའི་གླང་ག་དེ་སྦེ་བྱིན་ནི་ ང་བཅས་གཉིས་ཀྱིསན་མེད་ཟེརཝ་ད་ གནས་སྐབས་ཡོད་ང་ལུ་ ང་གིས་གཏང་གེ་ གནས་སྐབས་གཏང་གེ་ ཟེརཝ་མས་ལོ། ཡ་ག་དེ་སྦེ་གཏང་ནི་ཟེརན་ ང་གཏང་གེ་གནས་སྐབས་ ཟེརཝ་མས་ལོ། དེ་ལས་ནམ་བསྲོ་བསྲོཔ་མས་ ནམ་བསྲོ་ཞིནམ་ལས་ ནུབ་མོ་རྒྱལ་པོའི་གླང་སྐྱེལ་རྫུ་བཏབ་བཏབ་མས་ རྒྱལ་པོའི་གླང་འདིན་བསད་བཞག་ཅི་བ་ཏེ་ བསད་བཞག་སྦེ་ གླང་སྐྱེལ་རྫུ་བཏབ་སྦེ་ ཏེ་ཁོ་གི་ལགཔ་གིས་ གླང་གི་རྐང་རྗེས་ཐོན་དོ་བཟུམ་བཟོ་ནུག་ཏེ།
    Then the elder brother went to the fireld to look after the ox and i will go to get our lunch. so at the field elder brother did the work as instructed by his younger brother but when the ox move his leg he cut off it, when the oc move his ear he cut off the ear, after sometine he killed the ox. When the younger brother reached at the field he saw the ox was death. Oh My God! what you did now? how can we give back the ox to the king? I have an idea said the elder brother, then it became dark, at the night he went to the king's place and he made it as such that he droped the ox and made the foot print by his hand.
  • དངོས་གྲུབ། Nedrup
    རྐང་རྗེས་ ཁྲ་ལྷམ་ལྷམ་སྦེ་ཐོན་དོ་བཟུམ་བཟོ་སྦེ་ གཙོ་འཕུར་ལུ་བཏགས་ཏེ་ ཧུ་ཧུ་ཧུ་ ཟེར་སྐད་རྐྱབ་སྦེ་ རྒྱལ་པོ་ ཟེར་འབོ་སྟེ་ལྷོང་ནུག དབའེ་ཟེར་ སླབ་ནུག རྒྱལཔོ་གི་གླང་ཐགཔ་བཏགས་བཞག་ཅི་སྨེ་ ཟེར་སླབ་སླབ་མས། བཞག་ རྩྭ་ཡང་ཡོད་བྱིན་བཞག་ད་ ཟེར་སླབ་ནུག ཡ་་་་ རྒྱལ་པོ་ རྩྭ་བྱིན་བཞག་ཅི་སྨེ་ ཟེར་སླབ་སྦེ་ རྩྭ་ཁོ་གིས་ཟ་རྫུ་བཏབ་སྟེ་ རོག་རོག་ཟ་རྫུ་བཏབ་ནུག རྩྭ་ལྷག་མ་ལུས་རྫུ་བཏབ་སྟེ་ ད་རུང་ ཕར་མཚོ་ལུ་ཆུ་འཐུང་པར་འགྱོ་རྫུ་བཏབ་སྟེ་ རྐང་རྗེས་ཕར་ལྟ་བཏོན་ཏེ་ གླང་གི་མཇུགམ་རྩ་བ་ལས་བཏོག་འབག་སྦེ་ མཚོ་སྦུག་ལུ་འབག་སྦེ་ཡར་ལྷོང་བཞག་ནུག་ལོ། དུམ་ཁ་མར་མཚོ་ནང་འདམ་པ་ནང་བཙུགས་སྦེ་ མཇུགམ་རྩེ་ཡར་ལྷོང་བཞག་སྦེ།
    He made the foot print so visible and and tie him at the wood. (a small wood placed to tie the ox) (huhuhu) and he called the king. Yes! the king replied and the elder brother said i have tie your ox and feed him with grass. made it as if the ox had the grass and made as if the ox went to the lake to drink the water, and the tail was placed upside down in the lake,
  • དངོས་གྲུབ། Nedrup
    དབའེ་ ཕོ་རྒནམ་རྩ་རྒས་ ངེའི་གླང་ཁྱོད་འབག་འོང་ཡི་སླབ་དེས་ ངེའི་གླང་མིན་འདུག་མེན་ན་ ཟེར་སླབ་ནུག རྒྱལ་པོའི་གླང་ང་གིས་འབག་འོང་སྦེ་ཐགཔ་བཏགས་བཞག་ཅི་ རྩྭ་བྱིན་ཡི་ཟེར་སླབ་ཅི་མེན་ན་ ཟེར་སླབ་ནུག ཁྱོད་ཀྱིས་སླབ་དེས་སླབ་ནི་འདི་ མིན་འདུག་གླང་ ཟེར་སླབ་ནུག ཆུ་འཐུང་པར་འགྱོ་འགྱོ་འོང་སྨེ་ ཟེར་སླབ་སླབ་མས་ གླེན་གོ་གིས། དེ་ལས་ རྒྱལ་པོ་རྐང་རྗེས་དཔྱད་བལྟ་ ཆུ་ཁ་ཐུག་ལུ་འགྱོ་ནུག་འགྱོ་ནི་འདི་ མིན་འདུག་གླང་ ཆུ་ལུ་ཡང་ནི་མིན་འདུག ཟེར་སླབ་ནུག
  • དངོས་གྲུབ་ Nedrup
    ང་འོང་བལྟ་གེ་ ཟེར་སླབ་ནུག ཏེ་ཕོ་རྒནམ་གླེན་གོ་འགྱོ་བལྟཝ་ད་ རྐང་རྗེས་འདི་ མཚོ་ཁ་ཐུག་འགྱོ་ནུག་མེན་ན་རྒྱལ་པོ་ ཟེར་ཁོང་གཉིས་བློ་སླབ་དོ་ཡོདཔ་མས། དེ་ལས་ཕར་བལྟཝ་ད་ མཇུགམ་མཚོའི་སྦུག་ལུ་ཡོདཔ་མས་བ་ རྒྱལ་པོ་ གླང་འདི་ ཕར་མཚོ་ནང་ཐིམ་ནུག ཕར་མཇུགམ་མཚོ་ཁར་ཐོན་ནུག ཟེར་སླབ་ནུག ཡ་་་་་ བསྐྱལ་སར་བསྐྱལ་ནུག་ད་ངེའི་གླང་འདི་ ག་དེ་སྦེ་བཏོན་ནི་ངེའི་གླང་ ཟེར་སླབ་ནུག རྒྱལ་པོ་གིས་འ་ནི་སྦེ་གསུངས་ནུག
    Hey! Dumb brother where is my ox? said the king. Then the brother replied yesterday i told you that i kept the ox her and even feed with grass, Yes you told me that but ox isn't here said the king, may be ox went to drink water, let me check yes his footprint are here but no sign of ox said the king. The dumb brother said let me check too, king i can see his tail at the middle of the lake.
  • དངོས་གྲུབ་ Nedrup
    རྒྱལ་པོ་བཏོན་ཚུགས་ ཟེར་སླབ་ནུག ག་དེ་སྦེ་བཏོན་ནི་ མཚོ་ནང་འཛུལ་ཚུགས་ག་ ཟེར་སླབ་ནུག ཨ་་་་་ འཛུལ་ཚུགས་ ང་བཅས་གཉིས་མི་ཐིམ་འ་ནཱི་མཚོ་ལུ་ ཟེརཝ་མས་ལོ། ཏེ་ཁོན་ ཧེ་མ་ནུབ་མོ་འགྱོ་སྦེ་བཙུགས་བཞག་བཞགཔ་ རྒྱལ་པོ་ཁོང་གཉིས་བཏོན་ནི་གི་ འཐེན་འབག་འོང་ནི་སྦེ་ འཛུལ་འཛུལཝ་མས་ ཏེ་རྒྱལ་པོ་གིས་ཡར་འཐེན་ ཕོ་རྒནམ་རྩ་རྒས་ཀྱིས་མར་འཐེན་ ཡ་ཡ་་་་ རྒྱལ་པོ་ ཤེད་བསྡོམ་སྨེ་ ང་བཅས་གཉིས་ཀྱི་གཅིག་ཁར་གཏང་གེ་སྨེ་ཟེར་ ཤོག་ཅིག་ ཤོག་གཉིས་ཟེར་ རྒྱལ་པོ་གིས་ཡར་འཐེནམ་ད་ ཁོང་གིས་མར་འཐེན་ ཧ་ཧི་ཧི་ཧི་་་་་
  • དངོས་གྲུབ་ Nedrup
    ཡུདཔ་ཅིག་ལས་ གླང་གི་མཇུགམ་འབལ་འོང་རྫུ་བཏབ་སྟེ་ འབལ་འོང་རྫུ་བཏབ་སྟེ་ ཡ་་་་ རྒྱལ་པོ་ གླང་གི་མཇུགམ་ དོག་འོང་ཡི་ད་ གླང་མར་ཐིམ་སོ་ནུག མཇུགམ་དོག་འོང་ཡི་ ཟེར་སླབ་ད་ ཁ་དབའེ་ བསྐྱལ་སར་བསྐྱལ་ཡི་ངེའི་གླང་ ད་ལཱ་ག་དེ་སྦེ་འབདན་ན་ ཟེར་སླབ་སྦེ་སྡོད་སྡོདཔ་མས། མཇུགམ་འབག་འོང་སྟེ་ རྒྱལ་པོ་ མཇུག་མ་ང་ལུ་གནང་ད་ ཟེར་སླབ་ནུག ཕོ་རྒནམ་རྩ་རྒས་ཀྱིས་ ཨ་་་་འབག་ ག་ཅི་འབད་ནི་མཇུགམ་ཅིག་ ཟེར་གནང་ད་ནུག
    (ya) Oh My God how can i get back my ox said the king, how can we take it out, dumb brother said we can take it out, we will not drown in the lake we can go insdie the water so both went into the water, then the king pulled the tail upward but the dumb brother pulled it down ward. we will pull together and count One, two three and then pulled out and the tail came out. (laughs) ahh! my ox has died now said the king. Can i take this tail said the dumb brother, yes you can take it i don't have any use.
  • དངོས་གྲུབ། Nedrup
    དེ་ལས་ ཁོ་ཤ་གླང་ཧྲིལ་བུམ་ཅིག་ཁྱིམ་ནང་འབག་སྦེ་ ཉིནམ་ཨ་རྟག་ར་ཕྱི་རུ་ཏོང་ཏོང་བཏང་དོ་ཡོདཔ་མས་ཁོ་ ཏེ་མི་ལྷོདཔ་ད་ ག་ཅི་བརྫམ་སྨོ་ ཕོ་རྒནམ་རྩ་རྒས་ཟེརཝ་ད་ རྒྱལ་པོ་གིས་གནང་མི་མཇུགམ་བརྫམ་དོ་ཟེར་ མཇུགམ་ཨེན་ཙེ་རྩ་བར་བཞག་ནུག་ལོ་ཏེ་ ཧེ་ཧེ་ཧི་ཧི་ཧ་ཧ་ཧ་་་་་་་།། །།
    Then the dumb brother took the tail and other meet and he started to cut the meat of the ox, when the neighbour ask what your cutting he said im cuttin the tail given by king. (laughs).