Skip to main content Skip to search
15 Dec 2011
33 min 32 sec
Rating
0
No votes yet
Video Overview
Creators: 
Unknown

In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.

Show More

  • ད་གིན་གོང་ལ་ཡ་ཞུས་པ་ནང་བཞིན་རེད་། ཨ་ནི་ཨོང་། འདི་ག་རེ་ཟེར་དགོས་རེད་། ཨོང་ད་གིན་འདི་། ད་ཨོང་ཁོང་ཚོ་ཡིན་ན་བོད་ཀྱི་ད་འདི་། ཨོང་འདི་གཉེན་ལྷོང་། ད་ང་ཚོར་ཡི་གེར་བྱས་ ན་མཉེན་ལྷོང་གི་ཕོ་ཉ་རེད་པཱ་ལགས། ད་འདི་མནའ་མ་སློང་མཁན་གྱི་ཕོ་ཉ་ཚོ། མར་སླེབས་ནས་ད་བློ་རིག་བསྡུར་ནས་ཡུལ་གཞན་དག་གི་མནའ་མ་སློང་། ད་ཡུལ་གཞན་དག་ནས་ཨ་ནི་ཡོང་པའི་ད་ཅིག། ཨོང་། དེ་། རྒྱ་བཟའ་ཀོང་ཇོ་སློང་མཁན་གྱི། རྒྱ་བཟའ་ཀོང་ཇོ་ད་དེ་ཅིག་གི་ཨོའོ། གསོལ་རས་བཞུ་མཁན་གྱི་ཕོ་ཉ་ཚོ་དང་། བློ་རིག་ད་ཐེངས་ཁ་ཤས་བསྡུར་པ་རེད་པཱ་ལགས། ཁ་ཤས་བསྡུར་ནས་ཡིན་ན། ག་དུས་ཡིན་ནའི་བོད་ཀྱི་ཨ་ནི་བློན་པོ་ཚོས་ཡིན་ན། ད་ཅིག་ཨོང་། ཁོང་ཚོ་ལས་རྣམ་པར་རྒྱལ་ནས་ཨ་ནི། ཨོང་། ག་དུས་ཡིན་ནའི་ད་བོད་ཀྱི་བློན་པོ་ཚོ་ལ་ཡ་ཐོབ་པ་རེད་ཟེར།
  • ད་ཡིན་ནའི་ཨོང་ད་དུང་ཡིན་ན། ཨོང་། གོང་མས་ཡིན་ན་ད་དུང་ཡིན་ན་ད་ག་རེ་ཟེར་དགོས་རེད་། ཨོང་། ཐག་དེ་ཡག་པོ་ཅིག། ད་ཐུགས་ཐག་ཡག་པོ་ཅིག་མ་གཅད་གནང་པ་བྱས། ད་དུང་ཡིན་ན་ཐག་ཡག་པོ་མ་གཅད་། ད་འདི་ཨ་ལས་མ་གཅད་པ་བྱས། ད་ཡང་བློ་རིག་ཡང་བསྐྱར་བསྡུར་གྱི་ཡིན་ཟེར། ཨ་ནི་འདི་བྱས་པ་རེད་པཱ། ཉིན་མོ་གཅིག་ང་རང་ཚོའི་དཔེ་ཆའི་ནང་ལ་ཡ་འདུག་ཟེར་བྲིས་ཡོའོ་རེད་ལ། སྒྲུང་གི་ནང་ལ་འདུག་ཟེར་བཤད་སྲོལ་ཡོའོ་རེད་པཱ། ད་སྒྲུང་མང་པོ་ཅིག། དེའི་ནང་ལ་ཡ་གང་འདྲས་ཟེར་དགོས་རེད་། དེ་ཡང་དེ་འདྲས་ཅིག་བཤད་སྲོལ་ཡོའོ་རེད་པཱ་ལགས། བློན་པོ་ཚོ་ཡིན་ན་ཨ་ནི་ཨོང་། འདི། སྐབས་དེ་དུས་ཡིན་ན། ཁྲང་ཨན་གྲོང་ཁྱེར་ནང་ལ་ཡ་ཨ་ནི་བསྡད་དུས། དགོང་དག་ཡིན་ན་གློ་བུར་དུ་ཡིན་ན་རྔ་ཆེན་པོ་ཞེ་པོ་གཅིག་རྡུང་བྱས། ཨ་ནི་ཚང་མ་ལོག་གོ། འདི་ཕོ་ཉ་ཚང་མ་ཡིན་ན། ཡུལ་ཁག་ནས་ཡོང་པའི་ཕོ་ཉ་ཚང་མ་ལོག་ཡིན་ན། ཨ་ནི་ཨོང་གོང་མའི་ཕོ་བྲང་ནང་ལ་ཡ་ཤོག་ཟེར།
  • ཨོང་། གློ་བུར་ཐབ་རྒྱག་ལ་ཡ་དེ་འདྲས་ཟེར་མཁར་རྔ་ཞིག་བརྡུངས་བྱས་སྐད་གཏང་པ་རེད་ཟེར། ད་སྐད་གཏང་དུས་ཡིན་ན་ག་རེ་རེད་ཟེར་ན། མགར་སྟོང་བཙན་ཁོང་རང་ཡིན་ན། ཞེ་དྲག་གི་སྤྱང་པོ་ཡོད་ཙང་། ད་ཁོང་རང་གིས། ཨོའོ། རྔ་དེ་འདྲས་ཅིག་གློ་བུར་ཐབ་རྒྱག་ལ་མཚན་ནག་དགོང་ལ་བརྡུངས་ཡས་འདི་། ཕལ་ཆེར་འདི་ད་། འདི་དངོས་གནས་ད་འདི་ཕལ་ཆེར་ད་དེ་ཡིན་ན། ཨོའོ་གང་བྱས་དེ་ཅིག། ད་དེ་ཡིན་ན་སྤྱིར་བཏང་གི་ད་དེ་འདྲས་ཟེར་བྱས་བྱས་སྐད་གཏང་གནང་པ་མ་རེད་ཟེར། གློ་བུར་ཐབ་རྒྱག་དེ་འདྲས། ཕལ་ཆེར་ད་དེ་ཡ་ཡིན་ན་རྐྱེན་གཅིག་ཡོའོ་རེད་ཟེར། ད་དེ་བསམ་བྱས། ག་རེ་རེད་ཟེར་ན། སྤྱང་པོ་ཞེ་དྲག་བྱས་བྱས། ཁོང་ཡར་ཨ་ནི། ཨོང་། ཕོ་བྲང་ནང་ལ་ཡར་འགྲོ་དུས་ཙམ་ནས། མགར་སྟོང་བཙན་ཁོང་རང་གི་བཙོས་པའི་བོད་ཀྱི་ཕོ་ཉ་ཚོ་ཡིན་ན། ཨོའོ་ཡར་ཐང་གི་རྒྱལ་པོའི། ཐང་གི་གོང་མའི་ཕོ་བྲང་ནང་ལ་འགྲོ་དུས། ག་རེ་བྱས་པ་རེད་ཟེར་ན། ད་སོ་སོའི་གནས་ཚང་ཡོའོ་རེད་པཱ། ཁོང་ཚོ་སྡད་སའི་གནས་ཚང་ད་། ནས་ཨ་ནི་གནས་ཚང་ནས་ཡར་ཐོན་འགྲོ་དུས། ཚང་མ་ལོག་ལ་ཡ་ད་ག་རེ་ཟེར་དགོས་རེད་། ལམ་ཁག་གི་ལམ་འཁེལ་ས་ཡིན་ན་དེ་ཚོར་ཡ་ཨ་ནི་ཨོང་།  ཅིག་གི། དམིགས་གསལ་གྱི་དེ་ཡ་ཡིན་ན་ཅིག་གི། དམིགས་གསལ་གྱི་ཨོའོ། དེ་འདྲས་ག་རེ་འདུག། ཡང་མིན་ན་ཁོང་ཚོས་ཡིན་ན་རྟགས་བརྒྱབ་བྱས། མཚལ་གྱིས་རྟགས་བརྒྱབ་བྱས། 
  • སྔན་ལ་ཡ་གནས་ཚང་གི་སྒོ་འདྲ་དེ་ལའི་ཁོང་ཚོས་ཡིན་ན་རྟགས་གཅིག་བརྒྱབ། ཨ་ནི་དེ་ནས་ཡར་བྱས་བྱས་ཡིན་ན། ཨོང་། རྟགས་བརྒྱབ་ཀྱིས། བརྒྱབ་ཀྱི། བརྒྱབ་ཀྱི་ནང་ལ་ཡ་ཡར་ཕོ་བྲང་ནང་ལ་ཡ་ཕྱིན་པོ་རེད་ཟེར། ད་མཚན་ནག་དགོང་ལ་ཡ་ཡེ་དགེའི་ཡ་སླེབས་ཚར་ནས། ཕོ་བྲང་ནང་ལ་སླེབས་ནས་གོང་མས་ག་རེ་གསུངས་པ་རེད་ཟེར་ན། ད་ཁྱེད་རང་ཚོ། ཨོང་། དོ་དགོང་། ད་ད་ལྟ་ལམ་སང་ཁྱེད་རང་ཚོ་ལོག་རྒྱུ་ཟེར། ཨ་ནི་ལོག་འགྲོ་དུས་ཡིན་ན་ཁྱེད་རང་ཚོ་ད་གིན་ག་ནས་ཡོང་པ་ཡིན་ནའི་ད་འགའ་རང་སར་རྒྱུ་ཟེར།
  • ཚང་མ་ལོག་ལམ་ཁ་མ་ནོར་བྱས་རྒྱུ་ཟེར། འདུག་ཟེར་གསུངས་པ་རེད་ཟེར། ཨ་ནི་འདུག་ཟེར་བྱེད་དུས་ཙམ་ནས། ད་གཞན་དག་དེ་ཚོ་ཡིན་ན་ག་རེ་རེད་ཟེར་ན། ཟ་རི་བི་རི་བྱས་ཡར་ཡོང་པ་རེད་པཱ་ལགས། དགོང་དག་མཚན་ནག་དགོང་ལ་གློ་བུར་ཐོབ་རྒྱག་ལ་གཉིད་སད་ལ་མ་སད་བྱས་ཡོང་ཙང། ཕོ་ཉ་ཚོ་ཡིན་ན་ད་སོ་སོའོ་ཨོང་། ག་རེ་ཟེར་དགོ་རེད་། གནས་ཚང་ག་པར་ཡོའོ་རེད་ཅི་ཡས་བརྙེད་ཀྱི་ཡོའོ་མ་རེད་ཟེར། ཨ་ནི།
  • མགར་སྟོང་བཙན་ཡིན་ན་ཡར་ཡོང་དུས་ནས། ད་ཁོང་རང་ཡིན་ན། ཨོང་། ཅིག་ག་རེ་ཟེར་དགོས་རེད་། སྔན་ནས་ཁོང་རང་གི་བསམ་བློ་ཡག་པོ་བྱས་གཏང་བྱས། ཁོང་རང་གི་ད་འདི་རྟགས་བརྒྱབ་ཡོའོ་རེད་པཱ་ལགས། ཨ་ནི་ཁོང་རང་གི་རྟགས་བརྒྱབ་པ་བཞིར་བཟུང་བྱས་བྱས་ཁོང་རང་གི་ཕོ་བྲང་། ད་ཁོང་རང་གི་ག་རེ་ཟེར་དགོས་རེད་། གནས་ཚང་ཡིན་ན་བརྙེད་པ་རེད་ཟེར། ད་གནས་ཚང་བརྙེད་པ་རེད་ཟེར། ད་དེ་ནས་ཡིན་ན་མཐའ་མ་མཐའ་མ་འདི་ག་རེ་བྱས་པ་རེད་ཟེར་ན། ད་ཐང་རྒྱལ་རབས། ད་ཨོའོ་ད་གོང་མ་ཡིན་ན་། དངོས་གནས་ཨོའོ། ད་ཁོང་རང་གི་བློ་རིག་བསྡུར་ཡས་ཡིན་ན་མཐའ་མ་འདི་བྱས་པ་རེད་ཟེར།
  • ད་མཐའ་མ་དེ་ག་རེ་རེད་ཟེར་ན། ཨོང་འདི་འདི་། བློ་རིག་བསྡུར་ཡས་མཐའ་མ་འདི་ད་། ཨོའོ་གཏན་འཁེལ་གནང་པ། ད་འདི་ག་རེ་རེད་ཟེར་ན། ད་རྦད་དེ་། བུ་མོ་ཡིན་ན་ཨོའོ། ཐང་རྒྱལ་རབ་ཀྱི་བུ་མོ་ཡིན་ན་ཞེ་དྲག་གི་མང་པོའི་འཕྲོད་ནས། ད་ཡིན་ན་བུ་མོ་ཡིན་ན་འདི་། ག་རེ་ཟེར་དགོས་རེད་། ཞེ་དྲག་གི་ད་མང་པོ་དེ་འདྲས་ཀྱི་འཕྲོད་ནས། ཨ་ནི་ག་རེ་རེད་ཟེར་ན། ང་རང་ཚོ་ཁ་ཤས་ལ་ཡ་དེ་ཟེར་གྱི་རེད་། བུ་མོ་སུམ་བརྒྱ་ལྷག་ཙམ་འཕྲོད་། ཁ་ཤས་གང་བྱས་བུ་མོ་བརྒྱ་ལྷག་ཙམ་འཕྲོད་ནས། རྒྱ་བཟའ་ཀོང་ཇོ་ངོ་ཤེས་པ་གྱིས་ཟེར
  • དེ་འགས་དེའི་འཕྲོད་ནས། ཨ་ནི་འདུག་ཟེར་གསུངས་དུས་ཙམ་ནས། ད་ཨོང་། འདུག་ཟེར་གསུངས་པ་རེད་པཱ། ཨ་ནི་གསུངས་དུས་ཙམ་ནས་ཡིན་ན། ད་ཨོང་། མི་གཞན་དག་དེ་ཚོས་ག་རེ་བྱེད་ཀྱི་ཡོའོ་རེད་ཟེར་ན། ཕོ་ཉ་གཞན་དག་ཚོས་ད་དུག་ལོག་༼གོས༽ག་རེ་ཡག་ག། བུ་མོ་ཅིག་གི་ག་རེ་ད་། ཅིག་ཁོང་ཚོའི་ཡིན་ན། ཁོ་རང་ཚོའི་ད་དུག་ལོག་ཅིག་ག་རེ་ཟེར་དགོས་རེད་། ད་གྱོན་ཆས་ཡིན་ན་ཞེ་དྲག་གི་སྤུས་དག་པོ་གྱོན་པ་འདི་རྒྱ་བཟའ་ཀོང་ཇོ་རེད་བསམ། ཡང་ཅིག་གི་ག་རེ་ཟེར། ད་གང་བྱས་ཁོང་ཚོའི་ཡིན་ན་སོ་སོ་སོས་སོ་སོའི་ཚོད་དཔག་བྱས་བྱས། རྒྱ་བཟའ་ཀོང་ཇོ་རེད་བསམ་བྱས། འདུག་ཟེར་འཁྲིད་པ་རེད་ཟེར།
  • འཁྲིད་པ་ཚང་མ་ནོར་ཀྱོག་ཀྱང་རེད་ཟེར། མགར་སྟོང་བཙན་གྱི་ཡིན་ན་ཨ་ནི། ཁོང་རང་གི་ཡིན་ན་འབྲེལ་བ་གཅིག་ཡས་མ་བྱས་པ་བྱས། ཁོང་ཚོར་ཚང་ཀའི་མ་བརྒྱབ་པ་བྱས། ཨ་ནི་ག་ལེར་ག་ལེར་ཡ་ཕྱིན་བྱས་ཡིན་ན། མི་གཞན་དག་དེ་དགས་དེས་རྒྱ་བཟའ་ཀོང་ཇོ་རེད་བསམ་བྱས་ཡིན་ན་ད་ཅིག་ཞེ་དྲག་གི། ཁ་ཤས་ཡིན་ན་སྤོབས་པ་དང་། ཁ་ཤས་ཡིན་ན་འདོད་བློ་ཚིམས་བྱས་སྡད་དུས། ཨ་ནི་རྒྱ་བཟའ། མགར་སྟོང་བཙན་ཡིན་ན་ཁོང་རང་ག་ལེར་ག་ལེར་ཡར་ཐད་ནས་ག་རེ་བྱས་པ་རེད་ཟེར་ན། ཨ་ནི་འདི་བྱས་པ་རེད་ཟེར་ད་། ཨོང་མི་འདི་འགས་འདི་། བུ་མོ་འདི་འགས་འདིའི་དཀྱིལ་ནས་ཡིན་ན་བུ་མོ་གཅིག། ད་ནམ་བཟའ་དང་དེ་ཚོ་ཡིན་ན་བུ་མོ་སྤྱིར་བཏང་གི་ད་བུ་མོ། སྤྱིར་བཏང་གི་དེ་འདྲས་ཀྱི་ཆས་གཅིག་འཆོས་བྱས་ཡིན་ན་ཁོང་རང་ག་ལེར་ག་ལེར་འཁྲིད་ཡོང་བྱས། ད་འདི་ཡིན་ན་རྒྱ་བཟའ་ཀོང་ཇོ་རེད་ཟེར།
  • ཨ་ནི་འདུག་ཟེར་ཟེར་དུས་ཡིན་ན་ཨ་ནི། འདིར་ཡོད་པའི་མི་ཚང་མ་ཧང་སང་པ་རེད་ཟེར། ད་འདི་ག་རེ་རེད་ཟེར་ན། ཨོང་། མགར་སྟོང་བཙན་ཁོང་རང་གི་ག་རེ། གང་འདྲས་ཟེར་ཤེས་པ་རེད་ཟེར་ན། ཁོང་རང་གི་བློ་རིག་ལ་བརྟེན་པ་རེད་ཟེར། དེ་ག་རེ་རེད་ཟེར་ན། ཁོང་རང་ཁྲང་ཨན་ལ་སྡད་། སྡད་པའི་སྐབས་ལ་ཡ། ཨ་ནི་ཁྲང་ཨན་གྱི་ནང་ལོག་གི་ཨ་ནི་ཁོང་རང་གི་དེ་འདྲས་ཀྱི་ངོ་ཤེས། ཨོང་། རྒྱ་མོ་གཅིག་ལ་ད་ཁོང་རང་གི་གསེར་གྱི་རྔན་པ་དང་དེ་འདྲས་བསྟེར་ནས། ཨ་ནི་ག་རེ་བྱས་པ་རེད་ཟེར་ན། ཅིག་གི་སྐབས་དེ་དུས་ད་ག་རེ་ཟེར་དགོས་རེད། ཨོའོ། དེ་རེད་པཱ་ལགས་ཨོའོ། ག་རེ་རེད་རྒྱ་ཨན། ཁྲང་ཨན་དང་དེ་ཚོ་ཡིན་ན་ག་རེ་རེད་ཟེར་ན། ཁྲང་ཨན་གྱི་གྲོང་ཁྱེར་ནང་ལ་ཡིན་ནའི་རེད་། ད་དེ་ཅིག། རྒྱ་རིགས་ཀྱི་ཡིན་ན་ཆ་ཆ་བཞག་ན། རྩིས་བརྒྱབ་ཡས་གང་ལ་ཞེ་དྲག་མཁས་པོ་ཡོའོ་རེད་པཱ། ཨ་ནི་རྩིས་ཀྱི་དེ་འདྲས་ནང་ལ་ཡ་མ་ཚུད་པ་བྱས། ཨ་ནི་ཁོང་རང་གི་སྐད་ཆ་འདྲིས་ནས། ཨ་ནི་ཨོང་ད་བློ་རིག་སྤྱད་ནས། ཨ་ནི་མཐའ་མ་དེ་ལ་ཡ་ཨ་ནི་རྒྱ་བཟའ་ཀོང་ཇོ་ཡིན་ན། འདུག་ཟེར་ཨོའོ། རྒྱ་བཟའ་ཀོང་ཇོ་ཡིན་ན་ཁོང་རང་གི་ཡིན་ན་འདུག་ཟེར། ད་འདི་ངོ་རྟགས་ཆོས་ཐུབ་པ་རེད་ཟེར།
  • ཨ་ནི་ངོ་རྟགས་ཆོས་ཐུབ་ཙང་། ཁོང་རང་ཡིན་ན་ཞེ་དྲག་གི་དགའ་པོ་བྱུང་ནས། ཨ་ནི་ཁོང་རང་གིས། ཨོའོ་གཙོ་བོ་བྱས། ཨ་ནི་ཐུན་མི་སམ་བྷོ་ཊ་དང་འབྲི་སེ་རུ་གོང་སྟོན་ཁོང་གཉིས་ཀྱིས་རོགས་པ་བྱས་བྱས། ཨ་ནི་རོགས་པ་གནང་ནས་ཨ་ནི་གཞས་ད་ཁོང་རང་གི་འདི་ཅིག། ཁོང་རང་གི་ཡིན་ན་ཅིག་ག་རེ་ཟེར་དགོས་རེད་། མགུར་ཞིག་བླངས་པ་རེད་ཟེར། ད་འདི་སྙན་པོ་འདུག་གང་། འདི་ངས་དེ་ནས་མར་ཅིག་ཀློག་གི་ཡིན་ཟེར།
  • ད་ཁོང་རང་ག་རེ་གང་འདྲས་ཟེར་འདི་བྱས་པ་རེད་ཟེར་ན། ཀློག་ན་འདུག་ཟེར་རེད་ཟེར། ཨེ་མ་ངོ་མཚར་ཆེ། ལྷ་གཅིག་ཀོང་ཇོ་ཁྱེད་། བདག་གི་ཚིག་ལ་གསོན། བཀྲ་ཤིས་ཉམས་སུ་དགའ། བོད་ཀྱི་རྒྱལ་ཁམས་ནི། རིན་ཆེན་ལྔ་ལས་གྲུབ། རྒྱལ་པོའི་ཕོ་བྲང་ནང་། མི་རྗེ་ལྷ་ཡིས་མཛད་། སྲོང་བཙན་སྒམ་པོ་དེ་། རིགས་གཟུགས་དཔལ་གྱི་འཇིགས། མཐོང་ན་སེམས་ཡིད་འཕྲོག། ཐུགས་རྗེ་ཆེན་པོ་ལགས། རྒྱལ་སྲིད་། རྒྱལ་སྲིད་ཆོས་བཞིན་བསྐྱོངས། འབངས་རྣམས་བཀའ་ལ་ཉན། རྒྱལ་བློན་འཁོར་འབངས་རྣམས། དགའ་སྐྱིད་གླུ་རུ་ལེན། ཆོས་ཀྱི་ཉི་མ་ཤར། དཔལ་གྱི་སྒྲོན་མེ་བཏེག། རི་ལ་ཤིང་སྣ་ཚང་། ས་གཞི་ཡངས་པ་ལ། འབྲུ་སྣ་ལྔ་ཡི་ཚོགས། གོ་མཚམས་མེད་པོར་སྐྱེས། གསེར་དངུལ་ཟངས་ལྕགས་སོགས། རིན་ཆེན་དུ་མ་ཡོད་། གནག་རྟ་ལུག་གསུམ་རྒྱས། དགའ་སྐྱིད་དེ་ལྟར་ཡོད་། ཨེ་མ་ངོ་མཚར་ཆེ། ལྷ་གཅིག་ཀོང་ཇོ་གསོན།
  • ཨ་ནི་ཁོང་རང་གི་རྦད་དེ་དེ་མགུར་འདི་ཡིན་ན་ཞེ་པོ་ཅིག། ཕར་སྙན་པོ་ཞེ་པོ་ཅིག་འདུག་ཟེར་གཏང་གནང་པ་རེད་ཟེར། ད་འདི་ཁོང་ཚོས། མགར་སྟོང་བཙན་ལ་ཡ་ཨ་ནི་འདིར་གསོན། ག་རེད་། ཨོའོ་ཐུན་མི་སམ་བྷོ་ཊ་དང་འབྲི་སེ། འབྲི་སེ་རུ་གོང་སྟོན་གྱི་རོགས་པ་གནང་ནས་ཡིན་ན། ཨ་ནི་འདུག་ཟེར། ཨོའོ་ཁོང་རང་གི་ཡིན་ན་དེ་འདྲས་གླུ་དེ་འདྲས་གཅིག་ལེན་པ་རེད་པཱ། ཨ་ནི་ཨོང་མཐའ། མཐའ་མ་འདྲ་འདི་ཡིན་ན། ཨ་ནི་ག་རེ་རེད་ཟེར་ན། ཨོང་། གོང་མས་ཡིན་ན་རྒྱ་བཟའ་ཀོང་ཇོ་ཡིན་ན། ཨ་ནི་ཨོང་། བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་བཙུན་མོར། ཨ་ནི་ཨོང་། གཏང་ཡས་ ཡིན་ན་འདུག་ཟེར་མཁས་ལེན་པ་རེད་ཟེར། ཨ་ནི་མཁས་ལེན་ནས། ད་ཨོང་། འདི་ཁོང་རང་གི་རྒྱ་བཟའ་ཀོང་ཇོ་ཡིན་ན། ཁོང་རང་ལ་ཡ་རྦད་དེ་ག་རེ་ཟེར་དགོས་རེད་། ད་འདི་སྐལ་ལ་ཡོའོ་རེད་པཱ་ལགས།
  • སྐལ་ལ་བསྐུར་གནང་ཡས་ཡིན་ན། སྐལ་ལ་ཡིན་ན་རྒྱ་བཟའ་ཀོང་ཇོ་ཁོང་རང་གིས།  ཁོང་རང་ལ་ཡ་བསྐུར་རོགས་གནང་ཟེར་གསུངས་པ་དེ་དག་གི་གང་ལ་ཡ། ཨ་ནི་ད་དུང་ཡིན་ན་ཅིག་གི།  ཨོའོ། རིན་པོ་ཆེ་ཡིན་ན་ད་ཅིག་ཨོའོ་ག་རེ་ཟེར་དགོས་རེད་། ད་འཛམ་བུ་གླིང་ལ་ཡ་ད་རྦད་དེ་། ད་མེད་པའི་རྩ་ཆེན་རིན་པོ་ཆེ་དང་། ཨ་ནི་དེ་ནས་ཡིན་ན་རྦད་དེ་ག་རེ་ཟེར་དགོས་རེད་། ཨོང་ཅིག་གི། དེབ་ཐེར་དང་ཅིག། ད་ཁོང་རང་ལ་ཡ་གང་བྱས་ཡིན་ན། ཨོང་དེ་གཅིག། རྒྱ་བཟའ་ཀོང་ཇོ་ཡིན་ན་བོད་ནས། བོད་ལ་ཡར་ཨོའོ་བཙུན་མོར་ཕེབས་དུས་ཙམ་ནས། ཨ་ནི་ཨོང་། ཁོང་རང་གི་ད་ལྟ་རྒྱ་བཟའ་ཀོང་ཇོ་ཁོང་རང་གིས་གོང་མ་ལ་ཡ། ཁོང་རང་གི་ཡབ། ཁོང་རང་གི་ཡབ་ལ་ཡ། ཡབ་རྒྱལ་པོར་ལ་ཡ་ངར་གནང་རོགས་གནང་གསུངས་ཡས་གིས་༼ཀྱིས༽། ཨོང་། འདི་། ག་རེ་ཟེར། སྐལ་བ་དེ་འགས་འདི་ད་། སྐལ་ལ་གནང་རོགས་གནང་གསུངས་ཡས་ནང་ལ་འདི་ཡོའོ་རེད་པཱ་ལགས།
  • སངས་རྒྱས་བཅོམ་ལྡན་འདས་ཡིན་ན། དགུང་ལོ་ཡིན་ན་བཅུ་གཉིས་ལ་ཕེབས་པའི། ཨ་ནི་བཅུ་གཉིས་ཀྱི། ཨོའོ་ཕེབས་པའི་འདི་། དགུང་ལོ་བཅུ་གཉིས་ལ་ཕེབས་པའི་སྐུ་ཚད་། ཨོང་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་ཡིན་ན་ཡིན་པའི། འདི་ག་རེ་ཟེར་དགོས་རེད་། སྐུ་དང་ཨ་ནི་འདི་མིན་པའི་ཡིན་ན་སྐུ་དེ་འདྲས་ཡིན་ན་མང་པོ་ཅིག་གནང་རོགས་གནང་གསུངས་པ་དེ་འགས་དང་། ཨ་ནི་ད་དུང་ཡིན་ན་རིན་པོ་ཆེ་རྩ་ཆེན་པོ་ད་འཛམ་བུ་གླིང་ལ་ཡ་འགྲན་ཟླ་འབྲལ་བ། དེ་འདྲས་ཞེ་དྲག་གི་མང་པོ་བསྐུར་གནང་ཡས་དང་། ཨ་ནི་ད་དུང་ཡིན་ན་ག་རེ་རེད་ཟེར་ན། ཨོང་། ཅིག། ག་རེ་ཟེར་དགོས་རེད་། ཨོང་དེ་འདྲས་རིག་གནས་ཀྱི་དེབ་ཐེར་སྨན་གཞུང་ལ་སོགས་པ། ད་ཞེ་དྲག་ཡིན་ན་ད་ཅིག་མང་པོ་ཁོང་རང་ལ་ཡིན་ན་སྐལ་བ་མང་པོ་བསྐུར་ནས་ཡིན་ན། ཨ་ནི་ཁོང་རང་འདུག་ཟེར་བོད་ལ་ཡར་ཕེབས་པ་རེད་ཟེར།
  • བོད་ལ་ཡར་ཕེབས་པ་རེད་ཟེར། ཨ་ནི་ཕེབས་ནས་ཡིན་ན་ག་རེ་རེད་ཟེར་ན། ང་ཚོའི་དེབ་ཐེར་ནང་ལའི་ཡོའོ་རེད་། ཨོའོ། སྒྲུང་གི་ནང་ལའི་འདུག་ཟེར་བཤད་ཀྱི་ཡོའོ་རེད་། མགར་སྟོང་བཙན་ཡིན་ ན་ཁོང་ཚོ་ལྷན་དུ་ལམ་སང་ཕེབས་ཐུབ་ཡོའོ་མ་རེད་ཟེར། མགར་སྟོང་བཙན་ཡིན་ན་ཁོང་རང་ལ་ཡིན་ན། ད་ཡང་ཏིག་ཙེ་༼ཙམ༽ཁོང་རང་ཡིན་ན། ཨོང་། རྙོག་དྲ་ཏིག་ཙམ་བྱུང་ནས། ཨ་ནི་མཐའ་མ་ཡིན་ན་ག་རེ་རེད་ཟེར་ན།
  • ཨོང་། མགར་སྟོང་བཙན་གྱི་ཡིན་ན་རྒྱ་བཟའ་ཀོང་ཇོ་ལ་སོགས་པ་ཡིན་ན་ཨ་ནི། རྗེས་ལ་ཡ་ཁོང་རང་གི་ཡིན་ན་རྗེས་ཟིན་ནས། ཨ་ནི་བོད་ལ་ཡ་ལྷ་སར་ཕེབས་དུས་ཡིན་ན་ཚང་མ་ཡིན་ན། ལྷན་རྒྱས་དུ་འདུག་ཟེར་ཕེབས་ཐུབ་པ་བྱུང་པ་རེད་ཟེར། ཨ་ནི་དེ་ནས་ཡིན་ན། ད་ག་རེད། ཨོང་། རྒྱ་བཟའ་ཀོང་ཇོ་ཡིན་ན། ཨ་ནི་བོད་ལ་ཡར་ཕེབས་ནས་ཡིན་ན། ཨ་ནི་ཨོང་། སྲོང་བཙན་སྒམ་པོས་ཡིན་ན་ད་ཅིག། ཨ་ནི་ཨོང་།  རྒྱ་བཟའ་ཀོང་ཇོ་ཁོང་རང་ཡིན་ན། ད་ཁོང་རང་གི་ཨོའོ། ཁོང་རང་གི་ཡབ། ཨོའོ་ཁོང་རང་གི་ཡབ་ཡིན་ན། ཨོའོ་ཁོང་རང་གི་ཡབ་ཡིན་ན་ཐང་ཐའི་ཙུང་ཡིན་ན། ཁོང་རང་ལ་ཡ་ཞེ་དྲག་གི་ག་རེ་ཟེར་དགོས་རེད་། ཁོང་རང་ལ་ཞེ་དྲག་གི་བརྩེ་པོ་དང་དེ་འདྲས་ཡོད་གནང་ ཙང་། ཨ་ནི་ཨོང་། ཡབ་ཡིན་ན། ཁོང་རང་གི་ཡབ་དང་ཡུམ་ཡིན་ན། ཞེ་དྲག་བརྩེ་པོ་ཡོད་ཙང་། ཁོང་ཚོ་ཡིན་ན་དངོས་གནས་བྲལ་མ་ཕོད་པ་དེ་འདྲས་ཞེ་དྲག་གི་བྱུང་པ་རེད་ཟེར།
  • ད་ཡིན་ནའི་ཡིན་ན་ཨ་ནི། ཨོང་ཅིག། ག་རེ་ཟེར། ད་འདི་ཁོང་རྣམས་ཚོ་ཡིན་ནའི་འདི་རྒྱ་བཟའ་ཀོང་ཇོ། ད་འདི་ག་རེ་ཟེར་དགོས་རེད་། མཐའ་མ་ཡིན་ན་བོད་ལ་མནའ་མར་བསྟེར་ཡས་ཞལ་བཞེས་པ་རེད་པཱ། ཨ་ནི་ཞལ་བཞེས་བྱས་ཡིན་ན་ཨ་ནི། ཁོང་རང་ལ་ཡིན་ན་སྐལ་ལ་ཡིན་ན་ད་གིན་ཞུས་པ་ནང་བཞིན་གྱི་ད་ཞེ་དྲག་ཨོའོ། སྐལ་ལ་ཡིན་ན་ཞེ་དྲག་གི་ད་། བསམ་གྱི་མི་ཁྱབ་པ་བསྐུར་གནང་ནས། ཨ་ནི་བོད་ལ་ཡ་འདུག་ཟེར། ཨོའོ་ཕེབས་པ་རེད་པཱ་ལགས། ཨ་ནི་ཕེབས་ནས་ཡིན་ན། ཨོའོ། རྒྱ་བཟའ་ཀོང་ཇོ་ཡར་ཕེབས་ནས། ལྷ་སར་ལ་ཡར་ཕེབས་ཚར་ནས། ཨ་ནི་ཁོང་རང་ཕེབས་དུས་ཙམ་ནས། ཨ་ནི་ཨོའོ་ཅིག་གི། མི་ལ་ཡིན་ནའི་ཅིག་གི། ག་རེ་ཟེར་དགོས་རེད་། ཡང་ཅིག་གི་མཐོང་སྣང་ཡིན་ན། ད་གིན་གོང་ལ་ཞུས་པ་ནང་བཞིན་གྱི། ཨོའོ་འདྲ་མི་འདྲ་མང་པོ་ཅིག། ཅིག་ཨོའོ་བྱུང་པ་རེད་ཟེར།
  • མཐོང་སྣང་མི་འདྲ་བ་ཁག་ཁག་ཅིག་མང་པོ་བྱུང་པ་རེད་ཟེར། དོན་དུ་ག་རེད་རེད་ཟེར་ན། ཨོའོ། རྒྱ་བཟའ་ཀོང་ཇོ་ཁོང་རང་ཡིན་ན་ཅིག་གི། འདི་ག་རེ་རེད་ཟེར་ན། རྦད་དེ་རྩིས་ཡོའོ་རེད་པཱ། གཙུག་ལག་ལ་ཡ་ཞེ་དྲག་གི་མཁས་པོ་ཡོའོ་རེད་པཱ་ལགས། ཨ་ནི་མཁས་པོ་ཡོད་ཙང་། ཁོང་རང་གི་འདུག་ཟེར་ཡར་ཕེབས་པ་ཙམ་གྱི། ག་རེ་གཟིགས་པ་རེད་ཟེར་ན། བོད་འདི་ཡིན་ན་སྲིན་བུ། སྲིང་མོ་ཡིན་ན་གན་རྐྱལ་ལོག་བྱས་སྡད་པ། ད་སྲིན་མོ་ཡིན་ན་གན་རྐྱལ་ལ་ལོག་དེ་འདྲས་སྡད་པའི་དབྱིབས་གཟིགས་བྱས། ད་ཁོང་རང་གི་ཡིན་ན་དངོས་གནས། ཨོའོ་འདི་ཡིན་ན་སྲིང་མོ་གན་རྒྱལ་ལོག་པ་ གཅིག་ད་ལོག་པ་གཅིག། བོད་ཀྱི་ས་དབྱིབས་འདི་གཟིགས་ནས་ཡིན་ན་ད་། འདིའི། ད་ཨོང་། དེའི་གང་ལ་ཡ་ད་ཨོང་། ཀླུའི་ཕོ་བྲང་ནང་བཞིན་གཅིག་བརྒྱབ་ནས་ཡིན་ན། འདིའི་གང་ལ་ཡ་ཨོང་། ཇོ་བོ་རིན་པོ་ཆེ་བཞུག་ཐུབ་པ་ཡིན་ན། ཨ་ནི་ཞེ་དྲག་གི་ཅིག་གི། དེའི་གང་ལ་ཡ་བཞུག་ཐུབ། ཨོང་ཐུབ་པ་དང་། ཨ་ནི་ད་དུང་ཡིན་ན་ག་རེ་རེད་ཟེར་ན། ཨོང་ད་ཅིག་གི།
  • གང་བྱས་ག་རེ་ཟེར་དགོས་རེད་། ཨོང་། དེའི་སྐུའི་ཕྱོགས་བཞི་ལ་ཡ་ཨ་ནི་ཀ་བཙུགས་བྱས་ཡིན་ན། ཨོང་། དེ་འདྲས་ཟེར། དར་གྱི་ཡོལ་བས་མཐའ་བསྐོར་བྱས་ཡིན་ན། ཨ་ནི་ཤཱཀྱ་མུ་ནེ་ལ་ཡ། ཨ་ནི་ཨོང་དེ་འདྲས་ཟེར། མཆོད་པ་ད་ཅི་དག་འཕུལ་པ་ཡིན་ན། དེ་འདྲས་ཀྱི་ཞེ་དྲག་ཡག་པོ་ཡོང་པ་དགོངས་ནས་ཡིན་ན། ཁོང་རང་གི་དེ་ལྟར་གནང་པ་རེད་ཟེར། ཨ་ནི་ཁོང་རང་ཨི་དེ་འདྲས་ཟེར་གནང་དུས་ཙམ་ནས། ཨ་ནི་ཨོའོ། འདིས་བལ་བཟའ་ཁྲི་བཙུན་གྱིས་ཁོང་རང་གི་གཟིགས་ནས། ཨ་ནི་ཨོང་། བལ་བཟའ་ཁྲི་བཙུན་གྱི་གཟིགས་ནས་ཡིན་ན། ད་ཏིག་ཙེ་༼ཙམ༽དེ་ཨོང་། ཕྲག་དོག་ཏིག་ཙེ༼ཙམ༽སྐྱེས་པ་རེད་ཟེར། ད་ང་རང་ཚོའི་སྒྲུང་དང་དེ་ཚོའི་ནང་ལ་ཡ་དེ་འདྲས་ཟེར་བཤད་ཀྱི་ཡོའོ་རེད་པཱ།
  • ཕྲག་དོག་སྐྱེས་བྱས་ཡིན་ན་ཨ་ནི། སྔན་ལ་ཡ་རྒྱ་བཟའ་ཀོང་ཇོ་དང་ཨ་ནི་སྲོང་བཙན་སྒམ་པོ་མཇལ་ཡས་ལ་དགེ་དབང་བར་ཆད་ད་ཏིག་ཙེ་༼ཙམ༽། ད་ཏིག་ཙེ་བར་ཆད་ཏིག་ཙེ་བྱུང་པ་རེད་ཟེར། ཨ་ནི་ཡིན་ནའི་ ག་རེ་རེད་ཟེར་ན། བློན་པོ་མགར་གྱི་ཡིན་ན། ཨོང་། བློན་པོ་མགར་གྱི་ཡིན་ན་ཁྲི་བཙུན་ལ་ཞུས་བྱས་ཡིན་ན་ཨོའོ་རྒྱ་བཟའ་ཀོང་ཇོ་ཡིན་ན་པོར་ཐང་གི་རྩིས་ལ་ཡ་ཞེ་དྲག་གི་མཁས་པོ་ཡོའོ་རེད་ཟེར། བྱས་ཙང་གཙུག་ལག་ཁང་གཅིག་ང་ཚོས་བཞངས་པ་ཡིན་ན། ས་བཅད་ད་དེ་འདྲས་གང་ལ་ཡ་རྒྱ་བཟའ་ཀོ་ཇོར་བཀའ་འདྲི་ཞུས་པ་ཡིན་ན། ཞེ་དྲག་གི་ཡག་པོ་ཡོའོ་རེད་ཨ་ནི་བྱས་ཙང་། རྒྱ་བཟའ་ཀོང་ཇོ་དང་ཨ་ནི། སྲོང་བཙན་སྒམ་པོ་མཇལ་ཡས་དེ་ལ་ཡ་ཨ་ནི། ད་ག་རེ་ཟེར་དགོས་རེད་། ད་ང་ཚོ་མགྱོགས་རྐྱེན་མ་བཞིན་འགོག་རྐྱེན་བཟོས་གནང་ན་ཡག་པོ་ཡོའོ་མ་རེད་ཟེར། འདུག་ཟེར་ཞུས་པ་རེད་ཟེར།
  • ཨ་ནི་དེ་འདྲས་ཞུས་ནས་ཡིན་ན་མཐའ་མ་ཡིན་ན། ག་རེ་རེད་ཟེར་ན་ཨོང་། རྒྱ་བཟའ་ཀོང་ཇོ་དང་། ཨོའོ་འདི་ག་རེ་ཟེར་དགོས་རེད་། རྒྱ་བཟའ་ཀོང་ཇོ་དང་སྲོང་བཙན་སྒམ་པོ་མཇལ་གནང་ནས་ཡིན་ན། ཨ་ནི་ཅིག་གི། ཨོང་། བག་སྟོན་གྱི་རྟེན་འབྲེལ་ཡིན་ན་ཨ་ནི་ཞེ་དྲག་གི་རྒྱ་ཆེན་པོ་དང་། ཨ་ནི་དེ་འདྲས་གནང་ནས་ཡིན་ན་ཨ་ནི། ཨོང་། མི་ཚང་མ་ལོག་ཡིན་ན་ཨ་ནི་ཅིག་གི་ག་རེ་ཟེར་དགོས་རེད་། བོད་མི་དམངས་ཚང་མ་ལོག་དགའ་སྐྱིད་ཀྱི་དཔལ་ལ་ཡ་རོལ་བྱས། ཨ་ནི་ཨོང་། འདུག་ཟེར། ཨོང་། རྦད་དེ་ད་ག་རེ་ཟེར་དགོས་རེད་། དགའ་སྐྱིད་ཀྱི་དཔལ་ལ་ཡ་རོལ་བྱས་ཡིན་ན་ཨ་ནི། ཨོང་དངོས་གནས་ད་ག་རེ་ཟེར་དགོས་རེད་། ཨོང་། ཉི་མ་འདི་། ད་ཉི་མ་ད་ཅིག་ག་རེ་ཟེར་དགོས་རེད་། ཉི་མ་དུས་དང་། ཨོའོ་ནམ་ད་གང་འདྲས་ཟེར་འདས་པ་ཡིན་མིན། ད་ཧ་མ་དགོ་ཡས་ཅིག་གི་འདུག་ཟེར་བྱུང་པ་རེད་ཟེར།
  • ད་ཞེ་དྲག་གི་ད་ཅིག་སྐྱིད་པོ་དང་། དེ་འདྲས་འདུག་ཟེར་བྱུང་པ་རེད་ཟེར། ད་དེ་ནས་ཡིན་ན་ག་རེ་རེད་ཟེར་ན། ཨ་ནི་ད་ཨོང་ཅིག། བཙུན་མོ་ཡིན་ན་གཉིས་ཀྱི་ཡིན་ན་ད་ལྷ་ཁང་བརྩིག་ཡས་ཀྱི་སྒྲ་སྒྲིག་ད་མ་སོང་ནས་འདུག་ཟེར་གནང་བྱས། ཨ་ནི་དང་པོ་ཡིན་ན་ག་རེ་རེད་ཟེར་ན། ཨོའོ་ཁྲི་བཙུན་གྱིས། བལ་བཟའ་ཁྲི་བཙུན་ཁོང་རང་གི་ཡིན་ན་ལྷ་ཁང་གཅིག། ཨོའོ། ལྷ་ཁང་གཅིག་ཁོང་རང་བརྩིག་ཡས་ཀྱི་དགོངས་པ་ཡོད་པ་བྱས། ཡོའོ་རེད་ཟེར། ཨ་ནི། ཨོང་བྱས་ཙང་རྒྱ་བཟའ། ལྷ་ཁང་གཅིག་བརྩིག་དགོས་ཀྱི་ཡོའོ་རེད་། ཨ་ནི་ཡིན་ནའི་ག་རེ་རེད་ཟེར་ན། ད་འདི་ཁོང་རང་གི་ཡིན་ན་ད་འདི་ཨོང་། ག་རེ་ཟེར། ད་གིན་དགོང་དུ་ཞུས་པ་ལྟར་རེད་།
  • རྒྱ་བཟའ་ཀོང་ཇོ་ཡིན་ན་རྩིས་ལ་ཡ་ཞེ་དྲག་གི་མཁས་པོ་ཡོའོ་རེད་པཱ་ལགས། ཨ་ནི་མཁས་པོ་ཡོད་ཙང་། ཨ་ནི་ག་རེ་རེད་ཟེར་ན། ཨོང་འདི་། བལ་བཟའ་ཁོང་རང་གི་ད་ལྷ་ཁང་གཅིག་བཞེངས་དགོས་ཡོད་ན། ད་ཡིན་གཅིག་མིན་གཅིག་དེ་ཡ་ཡིན་ན་རྩིས་ཡག་པོ་གཅིག་བརྒྱབ་ཉན་༼མཁན༽དགོས་ཀྱི་ཡོའོ་རེད་པཱ་ལགས། བྱས་ཙང་ཁོང་རང་གི་ཡིན་ན་ཨ་ནི་ཨོང་། བལ་བཟའ་ཁྲི་བཙུན་ཁོང་རང་གི། ཨ་ནི་ཨོང་། ཁོང་རང་གི་ཞལ་ཏ་མ་ལ། ཞལ་ཏ་མ་ལ་ཡ་ཨ་ནི་གསེར་གྱི། དེ་འདྲས་ཀྱི་བྲེ་གང་བསྐུར་བྱས། ཨ་ནི་རྒྱ་བཟའ་ཀོང་ཇོ་ལ་ཡ་ད་རྩིས་སྐྱོན་རོགས་གནང་ཟེར། ཨ་ནི་རྒྱ་བཟའ་ཀོང་ཇོ་ལ་ཡ་རྩིས་སྐོར་རོགས་གནང་ཟེར་ཞུས་པ་རེད་ཟེར།
  • ཨ་ནི་རྩིས་སྐོར་རོགས་གནང་ཞུ་དུས་ཙམ་ནས་ཨ་ནི། རྒྱ་བཟའ་ཀོང་ཇོ་ཡིན་ན་རིག་གནས་དང་རྩིས་ལ་ཧ་ཅང་མཁས་པོ་ཡོད་ཙང་། ཨ་ནི་ཁོང་རང་གི་པོར་ཐང་གི། ཨོའོ་ད་འདི་། རྩིས་འདི་སྐོར་གནང་ནས། ཨ་ནི་ཁོང་རང་གི་ཡིན་ན་སྔན་མ། ཨོའོ། ཁོང་རང་གི་ད་རྩིས་སྐོར་གནང་བྱས། ཁོང་རང་སྔན་མ་གཟིགས་པ་ལྟར། ད་གང་བྱས་ག་རེ་རེད་ཟེར་ན། བོད་ཀྱི་ཡུལ་ལྷག་པར་དུ་། ང་རང་། བོད་ཀྱི་ཡུལ་ཟེར། ང་རང་ཚོ་ལྷ་ས་འདི་ཡིན་ན། ད་ཅིག། ཁ་བ་ཅན་གྱི་ཡུལ་འདི་ག་རེ་ཟེར་དགོས་རེད་། སྲིང་མོ་གན་རྐྱལ་ལ་ཡ་འདུག་ཟེར། སྲིང་མོ་ཡིན་ན་གན་རྐྱལ་ལོག་བྱས་འདི་འདི་ཉལ་སྡད་པ་ནང་བཞིན་གཅིག། ད་དེ་འདྲས་གཅིག་འདུག་ཟེར།
  • ད་ང་ཚོ་ད་ལྟ་འདི་འོ་ཐང་གི་མཚོ་འདི་ཡིན་ན། སྲིང་མོའི་ཨོང་སྙིང་ཁྲག་བྱས། ད་དེ་འདྲས་དམར། ཨོང་། དེ་ཅིག་བོད་ཀྱི་དེ་། ལྷ་སའི་ཡིན་ན་རི་ཡིན་ན་རྦད་དེ་། དམར་པོ་འདི་ཡིན་ན་ལྕགས་ནང་བཞིན་འདི་ཡིན་ན། ད་འདི་ཡིན་ན་ཨ་ནི་འདི་རེད་ཟེར། ཨོང་། ད་འདི་སྲིང་བུའི།  སྲིང་མོའི་སྙིང་གི་ད་རུས་པའི། ད་ཅིག་རུས་ཀོག་ནང་བཞིན་ད་དེ་འདྲས་གཅིག་འདུག་ཟེར། བྱས་ཙང་མཚོ་དེའི་གང་ལ་ཡ། ཅིག་གི་སངས་རྒྱས་ཀྱི་སྐུ་གཅིག་བཞུག་ཐུབ་པ་ཡིན་ན། བཞུག་ཐུབ་ལྷག་པར་དུ་རིའི་རྩེ་ལ་ཡ་རྒྱལ་པོའི་ཕོ་བྲང་། དེ་འདྲས་གཅིག་ཡོད་པ་ཡིན་ན། ཨ་ནི་ཨོང་ཞེ་དྲག་གི་ཡག་པོ་ཡོང་གི་རེད་ཟེར། ད་ཡིན་ནའི་འདི་ཡ་ག་རེ་ཟེར་དགོས་རེད་། ཨོང་། ལུང་པའི་ད་ལྷ་སའི་ལུང་པའི་ཅིག་གི་ཆགས་སྟངས་ལ་ཨ་ནི་ཅིག་གི་ཨོའོ། དགེ་སྐྱོན་ག་རེ་ཡོད་པ་དེ་འགས་འདི་ཡིན་ན་ཨ་ནི་ཨོང་ཅིག་གི། ཨོང་། རྒྱ་བཟའ་ཀོང་ཇོས་ཡིན་ན་གསལ་པོ་ཞེ་དྲག་གསུངས་པ་རེད་ཟེར།
  • ད་གསལ་པོ་ཞེ་དྲག་གསུངས་པ་རེད་། ཨོང་གསལ་པོ་བྱས་གསུངས་པ་རེད་ཟེར། ད་གསུངས་བྱས་གང་འདྲས་གང་འདྲས་བྱེད་དགོས་རེད་། དེ་ཚོ་ཡིན་ན་ཞེ་དྲག་གསུངས་པ་རེད་ཟེར། ལྷག་པར་དུ་ ཁོང་རང་ག་རེ་གསུངས་པ་རེད་ཟེར་ན། ཨ་ནི་ང་རང་། འོ་ཐང་གི་མཚོ་འདི་སྲུབ་པའི་གང་ལ་ཡ་གཙུག་ལག་ཁང་བརྒྱབ་པ་ཡིན་ན། བརྒྱབ་བྱས་ཨ་ནི་མཇུག་མ་རྒྱ་ནག་དང་། བལ་ཡུལ་གྱི་ལྷ་ཚང་མ་བཞུགས་པ་ཡིན་ན། ཨ་ནི་གཅིག་ནས་ཡིན་ན། སངས་རྒྱས་ཀྱི་བསྟན་པ་དར་ཡས་དང་། གཉིས་ནས་ཡིན་ན་རྗེས་ལ་ཡ་ད་ཨོང་། བཙན་པོའི་དབོན་སྲས་རྣམས་ལ་ཡིན་ནའི། ཨ་ནི་ཅིག་གི་དབོན་སྲས་ རྣམས་ཀྱི་རིགས་ལ་ཡ་ཨོའོ་དགེ་འདུན་གྱི་སྡེ་དང་། མདོ་རྒྱུད་ཀྱི་ཨ་ནི་བཤད་སྒྲུབ་འཕེལ་རྒྱས་འགྲོ་ཡས་ལ་ཡིན་ན་ཞེ་དྲག་གི་ཕན་པ་ཆེན་པོ་འདུག་ཟེར།
  • ཁོང་རང་གི་ད་ག་རེ་ཟེར་དགོས་རེད་། རྒྱ་བཟའ་ཀོང་ཇོ་ཡིན་ན་དེའི་བསྐོར་ལ་ཡ་ཞིབ་ཕྲ་ཞེ་དྲག་གསུངས་པ་རེད་དེ་ལའི། ཨ་ནི་བལ་བཟའ་ཁྲི་བཙུན་གྱི་ཞལ་ཏ་མས། ཨོང་། དེ་འགས་འདི་། འདི་བྱས་བྱས། ཚུར་གསུངས་པ་དེ་འགས་འདི་ཨ་ནི། ཨོང་། ད་ག་རེ་ཟེར་དགོས་རེད་། ཁོང་རང་། ཨམ་ཆོག་ཡག་པོ་མ་ཉན་པ་ཟེར་ནའི་རེད་། ད་ཁོང་རང་གི་གང་བྱས། ཨོང་། ཕྱི་ཚུལ་ལ་ཡ་ཞུ་དུས་ཙམ་ནས་ག་རེ་བྱས་པ་རེད་ཟེར་ན། གབ་ཕྱི་གོ་ལོག་བྱས་ཞུས་པ་རེད་ཟེར། གབ་ཕྱི་གོ་ལོག་གཅིག་ཞུས་པ་རེད་ཟེར། ཨ་ནི་ ཞུས་ཙང་། གབ་ཕྱི་གོ་ལོག་ཅིག་ཞུས་པ་རེད་ཟེར། གབ་ཕྱི་གོ་ལོག་ཅིག་ཕར་ཡག་གོ་ཅིག། ཕར་ག་རེ་ཟེར་དགོས་རེད་། རྒྱ་བཟའ་ཀོང་ཇོས་གསུངས་པ་ནང་བཞིན་མ་ཞུས་པ་རེད་པཱ། མ་ཞུས་ཙང་། ཨོའོ་ཨ་ནི། ཁྲི་བཙུན་གྱི་ཡིན་ན་སྔན་ལ་ཡ་ཡིན་ན། ར་ལ་ཡ་ས་བཀལ་བྱས། འོ་ཐང་གི་མཚོ་ལ་ཡ་ཅིག་སྲུབ་རྩིས་གནང་དུས་ཙམ་ནས། ཨ་ནི་ཁྱོན་ནས་ཁོ། ཨོའོ་གང་བྱས་ལམ་ལ་ཡག་པོ་ཅིག་མ་རྒྱུག་པ་རེད་ཟེར།
  • ལམ་ལ་ཡག་པོ་མ་རྒྱུག་གོ་དུས། ཨ་ནི་རྒྱ་བཟའ་ཀོང་ཇོ། བལ་བཟའ་ཁྲི་བཙུན་གྱི་བསམ་བློར་ཡ་ད་ཁོང་རང་གི། ཁོང་རང་ཅིག། ག་རེ་ཟེར་དགོས་རེད་། ཨོང་རྒྱ་བཟའ་ཀོང་ཇོའི་མ་རེད་། བལ་བཟའ་ཁྲི་བཙུན་གྱི་དགོངས་པ་ལ་ཡ་ད་རྒྱ་བཟའ་ཀོང་ཇོས་ང་ཡ། ཡག་པོ་གཅིག་སློབ། ང་ཡ་ཡག་པོ་གཅིག་གསུངས་མི་འདུག་གོངས་བྱས་ག་རེ་བྱས་པ་རེད་ཟེར་ན། ཨ་ནི་ཨོང་། ཅིག་གོ་བ་ལོག་སྒྲུབ་བྱུང་པ་རེད་ཟེར། ད་འདི་གཙོ་བོ་འདི་། སྐྱོན་དེ་སུའི་སྐྱོན་རེད་ཟེར་ན། ཁོང་རང་གི་ཞལ་ཏ་མས་ཨམ་ཆོག་ཡག་པོ་མ་ཉན་པ་བྱས། ཕར་ཡག་པོ་གཅིག་མ་ཞུས་པ་རེད་པཱ་ཁོ། གོ་བ་ལོག་སྒྲུབ་བྱས་ནས་འོ་ད་འདིའི་ཐོག་ནས་ཨ་ནི་ཨོའོ་ཁྲོ་བཙུན་གྱི། རྒྱ་བཟའ་ཀོང་ཇོར་ཡ་ཏིག་ཙེ་༼ཙམ༽མ་དགའ་པ་ད་དེ་འདྲས་བྱུང་པ་རེད་ཟེར། ད་འདི་གོ་བ་ལོག་སྒྲུབ་བྱུང་པ་རེད་ཟེར། ཨ་ནི་བྱུང་ནས་ཡིན་ན། ཁོང་རང་གི་ད་ཨོང་། དེ་འདྲས་ཟེར་ག་རེ་ཟེར་དགོས་རེད་།
  • སྲོང་བཙན་སྒམ་པོ་ལ་ཡ་འདུག་ཟེར། ད་ཨོང་། གང་བྱས་འདུག་ཟེར་ད་། ཨོང་ར་ལ་ཡ་ས་བཀལ་ནས་འོ་ཐང་གི་མཚོ་སྲུབ་པ་ཡིན་ན།  ད་འདི་ཡག་པོ་ཡོང་གི་མི་འདུག་ཟེར། ད་འདི་ལམ་འདི་ཡག་པོ་འགྲོ་གི་མི་འདུག་ཟེར་བྱས་ཞུས་པ་རེད་ཟེར། ད་ཨོའོ་འདི་ག་པར་དགའ་ཡོད་ན་འདུག་ཟེར་ཞུ་དུས་ཙམ་ནས་ཨ་ནི། འདི་ཕོ་བྲང་བརྒྱབ་ས་འདི་ག་རེ་ཟགས། ཕོ་བྲང་མ་རེད་དང་གཟུག་ལག་ཁང་བརྒྱབ་སའི་ས་འདི་ཡིན་ན་ག་པར་ད་ཡག་པ་ཡོད་ན་ཟེར། ཨ་ནི་འདུག་ཟེར་ཞུ་དུས་ཙམ་ནས། ཨ་ནི་ཨོང་། ག་རེ་བྱས་པ་རེད་ཟེར་ན། ཨོའོ་སྲོང་བཙན་སྒམ་པོས་ཡིན་ན། ད་ཅིག། ཁྲི་བཙུན་དང་ལྷན་རྒྱས་ཕེབས། ཕེབས་བྱས་ཡིན་ན་ཨ་ནི་འོ་ཐང་གི་མཚོའི་འགྲམ་ལ་ཡ་ཕེབས་བྱས། ཨ་ནི་སྲོང་བཙན་སྒམ་པོ་ད་ཁོང་རང་གི་སྨོན་ལམ་སྐྱོན་ནས། ཨ་ནི་ཁོང་རང་གི་ཕྱག་རྒྱུད་། ཨ་ནི་ཁོང་རང་གི་ཕྱག་རྒྱུད་འདི་ཡིན་ན་ཨ་ནི་འདུག་ཟེར་ཡར་གཡུག་གནང་བྱས།
  • ད་འདི་ཡར་ཅིག་ནམ་ལ་ཡ་ནམ་མཁའ་ལ་ཡ། ཡར་གཡུག་བྱས་ཡིན་ན་འདི་ག་པར་ད་འདི་གཟགས་པ་ཡིན་ནའི། ཨ་ནི་དེ་ཡ་ཡིན་ན་བརྒྱབ་ན། ད་འདིའི་ནང་ལ་ཡ་ཨ་ནི་ག་པར་གཟགས་པ་ཡིན་ནའི་ཨ་ནི། འདི་ཡ་ག་རེ་ཟེར་དགོས་རེད་། ལྷ་ཁང་གི་རྩིག་རྨང་འདི་བཏིང་ན། ལྷ་ཁང་གི་རྩིག་རྨང་འདི་བཏིང་ན་ཡག་པོ་ཡོའོ་རེད་ཟེར། འདུག་ཟེར་གསུངས་པ་རེད་ཟེར། ཨ་ནི་འདུག་ཟེར་གསུངས་དུས་ཙམ་ནས། ཨ་ནི་ཅིག་གི་ག་རེ་ཟེར་དགོས་རེད་། མཚོའི་ནང་ལ་ཡ། འོ་འོ་འདི་། སྲོང་བཙན་སྒམ་པོའི་ཕྱག་རྒྱུད་འདི་མཚོའི་ནང་ལ་གཟགས་ནས། ཨ་ནི་ཨོའོ། འོད་ཅི་དག་ཞེ་པོ་གཅིག་བརྒྱབ་བྱས། ཨ་ནི་འོད་ཅི་དག་ཞེ་པོ་གཅིག་བརྒྱབ་བྱས་ཡིན་ན་ཨ་ནི། ད་ག་ཡིན་ན་ཨོང་། གཟགས་ས་འདིར་རྩིག་རྨང་ཨ་ནི་འདུག་ཟེར་བྲུས་རྒྱུ་འདུག་ཟེར་གཏན་འཁེལ་པ་རེད་ཟེར།
  • ཨ་ནི་ཨོང་། འདི་། སྲོང་བཙན་སྒམ་པོའི། འདི་། ཕྱག་རྒྱུད་ཨ་ནི་གཟགས་ས་འདི་ཅིག་གི། སྲོང་བཙན་སྒམ་པོའི་ཕྱག་རྒྱུད་འདི་ཡིན་ན། སྲོང་བཙན་སྒམ་པོས་སྨོན་ལམ་བསྐྱོན་ནས་ཡིན་ན། ཨོང་། མཚོའི་ནང་ལ་ད་ག་རེ་ཟེར་དགོས་རེད་། ནམ་མཁར་ཡར་ཨོའོ་ཡར་གཡུག་གནང་། ཨ་ནི་དེ་ནས་མར་མཚོའི་ནང་ལ་གཟགས། གཟགས་པ་རེད་པཱ་ལགས། ཨ་ནི་སྲོང་བཙན་སྒམ་པོ་ཁོང་རང་གི་འདུག་ཟེར་གསུངས་པ་རེད་པཱ། ད་ངའི་ཨོའོ་ཚིགས་ཁབས། ངའི་ཚིགས་ཁབས་འདི་གཟགས་ས་འདི་ལ་ཡིན་ན་གཙུག་ལག་ཁང་བརྒྱབ་ཡས། འདི་། འདི་། འདི་གཅིག་ཡོའོ་རེད་པཱ་ལགས། གཙུག་ལག་ཁང་གི་རྨང་བཏིང་ཡས། འདི་འདི་རྨང་བཏིང་ཡས་འདི་། ཨ་ནི་འདིར་གཏན་འཁེལ། གཏན་འཁེལ་པ་བྱེད་ཀྱི་ཡིན་ཟེར་གསུངས་པ་རེད་པཱ་ལགས།
  • ཨ་ནི་བྱས་ཙང་ཡིན་ན་ཨོའོ། སྲོང་བཙན་སྒམ་པོས་འདི་ཕྱག་རྒྱུད་འདི་ཡིན་ན། ད་འདི་ང་ཚོ་ཨོའོ། སྲོང་བཙན་སྒམ་པོས་འདི་ཕྱག་རྒྱུད་འདི་ཡིན་ན། ག་རེ་རེད་ཟེར་ན། ཨ་ནི་ནམ་མཁའ་ལ་ཡར་མཐོ་པོ་ཅིག་ཡར་འཕར། ཨ་ནི་དེ་ནས་ཡ་མཚོའི་ནང་ལ་མར་ཨོའོ་གཟགས་དུས་ཙམ་ནས། འོད་ཞེ་དག་ཞེ་དྲག་གི་ཆེན་པོ་ཞེ་དྲག་གི་བརྒྱད་པ་རེད་ཟེར། འོད་ཆེན་པོ་བརྒྱབ་བྱས་ཡིན་ན་ཨ་ནི། འོད་འདི་བརྒྱབ་ས་འདིར་ཡིན་ན། ཨ་ནི་ཨོང་བལ་བཟའ་ཁྲི་བཙུན་གྱི་ག་རེ་གསུངས་པ་རེད་ཟེར་ན། ཨ་ནི་བལ་པོའི་ད་འདི་ཡོའོ་རེད་པཱ། བལ་ཡུལ་གྱི་རྡོ་བཟོ་ལ་དེ་ཚོ་ལ་ཡིན་ན། ད་རྗེས་ལ་ཡ་ཕྱིན་བྱས། ད་འོད་འདི་ག་པར་འགྲོ་གི་འདུག་ནའི་ཨ་ནི་འདིར་ཡིན་ན་ཁྱེད་རང་ཚོས། རྡོ་གཅིག་གི་རྟགས་བརྒྱབ་ཟེར། ཨ་ནི་ཨོང་། འདུག་ཟེར་རྟགས་བརྒྱབ་ཟེར་གསུངས་པ་རེད་ཟེར། ཨ་ནི་རྟགས་བརྒྱབ་ཟེར་གསུངས་དུས་ཙམ་ནས་ཡིན་ན་ཨ་ནི། རྦད་དེ་ཅིག་གི་ག་རེ་ཟེར་དགོས་རེད་། དེ་འ་ཡིན་ན་མི་ཚོ་ལ་ཡིན་ན། མཐོང་གནང་ཡིན་ན་ངོ་མཚར་ཅན། མང་པོ་ཅིག་འདུག་ཟེར་བྱུང་པ་རེད་ཟེར།
  • ཨ་ནི་འདི་བྱུང་ནས་ག་རེ་རེད་ཟེར་ན། ཨ་ནི་མཐའ་མ་ཡིན་ན་ད་འདི་། ག་རེ་ཟེར་དགོས་རེད་། སྲོང་བཙན་སྒམ་པོའི་ཕྱག་རྒྱུད་གཟགས་ས་འདི་ལ་ཡིན་ན། སྲོང་བཙན་སྒམ་པོས་གསུགས་པ་བཞིན། དེ་ཡིན་ན་གཙུག་ལག་ཁང་གི་རྨང་བཏིང་ནས། ཨ་ནི་རྨང་བཏིང་ནས་ཡིན་ན་ག་རེ་བྱས་པ་རེད་ཟེར་ན།  ཨོང་འདི་བྱས་པ་རེད་ཟེར། ཨོང་། ག་རེ་ཟེར་དགོས་རེད་། མཚོ་འདི་ཡིན་ན་སྲུབ་ཡས་བྱས་བྱས་ཡིན་ན་ཅིག་གི། ཨོའོ་མཚོའི་ནང་ལ་ཡ་ཅིག་སོ་ཕག་དང་། ཨ་ནི་ས་ཡིན་ན་ཅིག་གི། ཨོའོ་ས་བཟང་པོ། ས་བཟང་ཡིན་ན་ཅིག་མང་པོ་ཞེ་དྲག་བརྒྱབ་བྱས། མཚོ་འདི་ཡིན་ན་སྲུབ་པ་རེད་ཟེར།
  • ཨ་ནི་མཚོ་སྲུབ་ནས་ཡིན་ན་མཐའ་མ་འདྲ་འདི་ཡིན་ན། ག་རེ་རེད་ཟེར་ན། ཨོང་སྲོང་བཙན་སྒམ་པོ་དགུང་ལོ་ཡིན་ན། ཨོའོ་ཉི་ཤུ་རྩ་ལྔ་ཆུ་གླང་གི་ལོ་ལ་ཡ། ཨོང་འདི་འཕྲུལ་སྣང་གཙུག་ལག་ཁང་གི་རྨང་། འདི་ཅིག་ཡོའོ་རེད་པཱ། རྩིག་རྨང་། རྨང་ཟེར་ན་རྩིག་རྨང་རེད་། རྩིག་རྨང་ཡིན་ན། ཨོའོ་བཏིང་པ་རེད་ཟེར། ཡིན་ནའི་ག་རེ་རེད་ཟེར་ན། སྔན་མ་ཡིན་ན་རྒྱ་བཟའ་ཀོང་ཇོས་ཨ་ནི་ད་དེ་འདྲས་ཟེར། རྒྱ་བཟའ་ཀོང་ཇོས་རྩིས་བསྐྱོན་ནས། རྒྱ་བཟའ་ཀོང་ཇོས་ཡིན་ན་སྤོར་ཐང་གི་རྩིས་བརྒྱབ། རྩིས་བསྐྱོན་ནས་དེ་འདྲས་ཟེར་ད་རྩིས་སྟངས་འདི་ག་རེ་ཟེར་དགོས་རེད་། གཙུག་ལག་ཁང་རྩིག་དུས་དེ་འདྲས་དེ་འདྲས། བྱེད་དགོས་རེད་གསུངས་ཡས་འདི་། ཨ་ནི་ཨོང་གསུངས་ཡས་ཀྱི། གསུངས་ཡས་དང་། དེ་འདྲས། དེ་འདྲས་སྤྱོད་ཐབས་དེ་འདྲས་ཡོའོ་རེད་པཱ་ལགས། སྤྱོད་ཐབས་དེ་ཚོ་ཡིན་ན་ཨ་ནི་ཨོའོ། རྒྱ་བཟའ་ཀོང་ཇོས་གསུངས་པ་ནང་བཞིན། ཨ་ནི་ཨོང་མ་བྱུང་པར་བརྟེན་ནས། ཨ་ནི་ག་རེ་བྱས་པ་རེད་ཟེར་ན།
  • ཨ་ནི་ལྷ་ད་ང་རང་ཚོའི་དེ་འདྲས་ཟེར། ག་རེ་ཟགས་ད་ལྟ་སྒྲུང་གི་ནང་ལའི་དེ་འདྲས་ཟེར་བཤད་ཀྱི་ཡོའོ་རེད་ལ། ཨོའོ་དེབ་ཐེར་ཁག་ཅིག་ནང་ལ་ཡིན་ནའི་འདུག་ཟེར་བྲིས་ཡོའོ་རེད་པཱ་ལགས། ཨ་ནི་ཨོང་། གང་བྱས་ཉི་མའི་གོང་ལ་ཡིན་ན་བརྒྱབ་པ་ཡིན་ནའི། དགོང་དག་ཡིན་ན་འདྲེས་བཤིགས། ལྷ་འདྲེས་བཤིགས་བྱས་ཡིན་ན། ཨ་ནི་ཨོང་། གང་བྱས། གང་བྱས་ཁོ་ག་རེ་ཟེར་དགོས་རེད་། ཕར་གཙུག་ལག་ཁང་བརྒྱབ་ཡས་འདི་ཡིན་ན་ཕར། ལེགས་སྒྲུབ་ཡག་པོ་བྱས་བྱུང་ཡོའོ་མ་རེད་ཟེར། ལེགས་སྒྲུབ་ཡག་པོ་བྱས་མ་བྱུང་པ་རེད་ཟེར། ད་འདི་མ་བྱུང་པ་རེད་ཟེར། ཨ་ནི་མ་བྱུང་ཙང་། ཨ་ནི་ག་རེ་བྱས་པ་རེད་ཟེར་ན། ཨོང་། ཡང་བསྐྱར་ཡིན་ན་ཨ་ནི་ཨོང་། ག་རེ་ཟེར་དགོས་རེད་།
  • རྒྱ་བཟའ་ཀོང་ཇོ་ལ་ཡ་བཀའ་འདྲི་ཞུས་བྱས། ད་ཡང་བསྐྱར་ཡིན་ན་རྒྱ་བཟའ་ཀོང་ཇོ་ལ་ཡ་ཨ་ནི་ཕར་ཡག་པོ་བྱས་བྱས་བཀའ་འདྲི་ཞུས་ནས། ཨ་ནི་རྒྱ་བཟའ་ཀོང་ཇོས་གསུངས་པ་དེ་འགས་འདི་། ཨོའོ་དེ་། དེ་སྔོན་ཡིན་ན་རྒྱ་བཟའ་ཀོང་ཇོས་ཡག་པོ་བྱས་གསུངས་ཡོའོ་རེད་དེ་ལའི། ཁོང་རང་གི་སྤོར་ཐང་གི་ རྩིས་བསྐྱོན་ནས། ད་གཙུག་ལག་ཁང་བཞེངས་དུས་གང་འདྲས་གང་འདྲས་བྱེད་དགོས་རེད་། ཕར་ཡག་པོ་ཅིག་གསུངས་ཡོའོ་རེད་དེ་ལའི། ཨ་ནི་ཁྲི་བཙུན་གྱི་ཞལ་ཏ་མས། འདི་ག་རེ་ཟེར་དགོས་རེད་། ཨོང་། ཕར་ཡག་པོ་ཅིག་ཞུས་ཡོའོ་མ་རེད་པཱ་ལགས། ཁོང་རང་བརྗེད་པ་ཟེར་ནའི་རེད་། གོ་བ་ལོག་སྒྲུབ་བྱས་པ་ཟེར་ནའི། ཕར་ལན་འདི་ཡག་པོ་བྱས་འཁྱོལ་ཐུབ་ཡོའོ་མ་རེད་པཱ། ལན་ཡག་པོ་མ་འཁྱོལ་ཙང་ཨ་ནི་གཙུག་ལག་ཁང་། ཨོང་། བཞངས་ཡས་འདི་ཨོང་ག་རེ་ཟེར་དགོས་རེད་།
  • ཕར་ལམ་ལྷོངས་དུ་བསྒྲུབ་ཡོའོ་མ་རེད་ཟེར། ཕར་ལེགས་སྒྲུབ་དེ་ཡག་པོ་བྱུང་ཡོའོ་མ་རེད་ཟེར། ད་རྗེས་ལ་ཡ་རྒྱ་བཟའ་ཀོང་ཇོ་ལ་ཡ་ཡང་བསྐྱར་བཀའ་འདྲི་ཞུས་ནས། ཨ་ནི་རྒྱ་བཟའ་ཀོང་ཇོས་གསུངས་པ་གཞིར་བཟུང་དང་། ཁོང་རང་གི་གསུངས་པའི་སྤྱོད་ཐབས་དེ་འགས་འདི་བྱས་ནས། ཨ་ནི་མཐའ་མ་ཡིན་ན་ག་རེ་རེད་ཟེར་ན།ཨ་ནི་ཨོང་། ཕར་གཙུག་ལག་ཁང་ཡིན་ན་བཞེངས་ཡས་འདི་ཡིན་ན། ཨ་ནི་ཕར། མཐའ་མ་ཡིན་ན་ཕར་ལེགས་སྒྲུབ་འདུག་ཟེར་བྱུང་པ་རེད་ཟེར།
  • གཙུག་ལག་ཁང་བཞེངས་ཡས་དེ་ལེགས་སྒྲུབ་བྱུང་པ་རེད་ཟེར། གཙུག་ལག་ཁང་མ་བཞེངས་གོང་ལ་ཡ་ཅིག། དེ་འདྲས་ག་རེ་ཟེར་དགོས་རེད། བཅོས་ཐབས་དེ་འདྲས་ཁ་ཤས་བྱེད་ཡས་འདུག་གང་ལགས། བཅོས་ཐབས་བྱེད་ཡས་ནང་ལ། དཔེར་ན་ཆ་བཞག་ན། རྒྱ་བཟའ་ཀོང་ཇོས་གསུངས་པའི་བཅོས་ཐབས་ནང་ལ་ཁ་ཤས་དེ་འདྲས་ཡོའོ་རེད་པཱ་ལགས། ཨོའོ་འདི། དཔེར་ན་ཆ་བཞག་ན། བཅོས་ཐབས་གཅིག་དེ་འདྲས་གསུངས་འདུག་གང་ལགས། ཨོའོ་དཔེར་ན་ཆ་བཞག་ན་ད་ལྟ་འདི། ཉང་རའི་ཡའོ་རེད་པཱ་ལགས། ཉང་རའི་གི་ཕ་བོང་གི་བྲག་གི་གང་ལ་ཡ། ཨ་ནི་སོ་ཕག་གི་ཁྲོ་ཆུ་སྦྱར་བྱས་ཡིན་ན། ཨ་ནི་དེ་འདྲས་མཁར་དགུ་ཐོག་ཡོད་པ་བརྩེགས་བྱས། ཨ་ནི་ཕྱོགས་བཞི་ལ་ཡ་ལྕགས་ཐག་མགར་དགོས་རེད་གསུངས་ཡས་གཅིག་བྱས།
  • ཨ་ནི་འདི་ཨོང་། ཞག་བདུན་གྱི་རིང། འདུག་ཟེར་བཞག། འདུག་ཟེར་ག་རེ་ཟེར་དགོས་རེད། ལྕགས་ཐག་དེ་འདྲས་ཟེར་མགར་བྱས་བཞག་དགོས་རེད་ཟེར་གསུངས་ཡས་བྱས། ཨ་ནི་ད། ཁོང་རང་གི་དེ་འདྲས་ཀྱི་ག་རེ་ཟེར་དགོས་རེད། བཅོས་ཐབས་དེ་འདྲས་ཁ་ཤས་ཅིག་ཁོང་རང་གསུངས་ཡོའོ་རེད་པཱ་ལགས། ཨ་ནི་ད་འགའ་ཡིན་ན། བཞིར་བཞག། ད་འགའ་ཡིན་ན་བཞིར་བཞག་བྱས་བྱེད་དུས་ཙམ་ནས་ཡིན་ན། མཐའ་མ་ཡིན་ན་ཅིག་གི། ཨོང་མཐར་ཡིན་ན་གཙུག་ལག་ཁང་བཞེངས་ཡས་འདི་ཡིན་ན། ག་རེ་ཟེར་དགོས་རེད་ད། ལེགས་སྒྲུབ་ཡིན་ན་འདུག་ཟེར་བྱུང་པ་རེད་ཟེར།
  • ཨ་ནི་ཨོང་། དེ་ནས་ཡིན་ན་ག་རེ་རེད་ཟེར་ན། ཨོང་། དཔེར་ན་ཆ་བཞག་ན་འདི་རེད་ཟེར། ཨོང་། ག་རེ་ཟེར་དགོས་རེད། གཙུག་ལག་ཁང་ཨོང་འདི་བཞེངས་ཡས་འདི་ལེགས་སྒྲུབ་བྱུང་། ད་ད་དུང་ཡིན་ན་ག་རེ་རེད་ཟེར་ན། ང་རང་ཚོ་དེ་ཡང་འདི་ཡ་ག་རེ་ཟེར་དགོས་རེད། ཨོང་། ཅིག་གི། སྒྲུང་གི་བཟོ་འདྲ། སྒྲུང་གི་ནང་ལོག་ལ་ཁ་ཤས་དེ་འདྲས་འདུག་གང་ལགས། བོད་ཀྱི་སྒྲུང་གི་ནང་ལོག་ཡ་ད་ལྟ། འདི་གཅིག་མཁྱེན་གྱི་རེད། ག་རེ་ཟགས། ང་རང་ཚོས་གཙུག་ལག་ཁང་ནང་ལ་ཐད་དུས་ཡིན་ནའི་གཟིགས་ཀྱི་རེད། དེའི་ནང་ལོག་ལ་ཡ་ཁ་ཤས། ཨོང་། སེང་གེ་འདྲ་པོ་བྱས། སྣ་ཁུང་ཡིན་ན་བཅད་པ་དེ་འདྲས། སྣ་ཁུང་ཡིན་ན་དེ་འདྲས་ཟེར། ག་རེ་ཟེར་དགོས་རེད། སྣ་བཅད་པའི་བཟོ་འདྲ། ད་འདི་ཡིན་ནའི་དེའི་ནང་ལ་ཡ་རྒྱལ་བ་ལྔ་པའི་འདི་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ནང་ལ་ཡིན་ནའི་འདུག་ཟེར་གསུངས་འདུག་གང་། འདིའི་སྐོར་འདི་ཡིན་ན་གང་འདྲས་རེད་ཟེར་ན།
  • ཨོང་། དེ་འདྲས་གཅིག། དཔེར་ན་ཆ་བཞག་ན། ཨོང་བལ་བཟའ་ཁྲི་བཙུན་ཡོའོ་རེད་པཱ། བལ་བཟའ་ཁྲི་བཙུན་ཡིན་ན། ཨ་ནི་ད་འདུག་ཟེར་རེད། གཙུག་ལག་ཁང་གི་ནང་ལོག་ལ་ཡ་ད་ག་རེ་ཟགས། སྤྲུལ་པའི་ཤིང་བཟོ་ཚོས་ལས་ཀ་བྱེད་པའི་གང་ལ་ཡ། བལ་བཟའ་ཁྲི་བཙུན་གྱི་ཨ་ནི་འདི་ཡ་ཡིན་ན། ད་ཅིག། ཨོང་། ཅིག་གི། ག་རེ་ཟེར་དགོས་རེད། ཁོང་ཚོ་ཡ་ད་ཅིག་གི་ཟས་སྣ་དང་། ད་དེ་འདྲས་ཁོང་ཚོར་ཡ་ཅིག་གི། ཨོང་མཆོད་ཡས་དེ་འདྲས་ཕུལ་ཀ་ཕེབས་དུས་ཙམ་ནས། ཨ་ནི་ཨོང་། ཁོང་རང་གི་ཞལ་ཏ་མས་སྒོའི་གསེང་ནས་ལྟ་དུས། སྒོའི་གསེང་ནས་ལྟ་དུས་ཙམ་ནས་ཨ་ནི་ཅིག། ག་རེ་ཟེར་དགོས་རེད། ཅིག་གི་ཨོའོ། ཁོང་རང་གི་ད་ཅིག་གི་མི་འདྲ་ཞེ་པོ་ཅིག་མཐོང་པ་རེད་ཟེར། མི་འདྲ་ཞེ་པོ་ཅིག་མཐོང་ཙང་། ཨ་ནི་དེ་ཅིག། ཨ་ད་སྤྲུལ་པོ་དེ་འདྲས་གཅིག་འདུག་ཟེར། ཧང་སང། ཁ་ནས་ཧང་སང་བྱས་ཨ་ནི་རྦད་དེ་དགད་མོ་ཤོར་པོ་རེད་ཟེར། དགད་མོ་ཤོར་ཙང་། ཨ་ནི་ག་རེ་བྱས་པ་རེད་ཟེར་ན། ཨ་ནི་སྲོང་བཙན་སྒམ་པོ་ཡིན་ན། ཨ་ནི་སྤྱན་གཡེངས་བྱས། སྲོང་བཙན་སྒམ་པོ་སྤྱན་གཡེངས་བྱས་ཨ་ནི། སྲོང་བཙན་སྒམ་པོའི་ཕྱག་ལ་ཡོད་པའི་ཅིག་གི་ག་རེ་ཟེར་དགོས་རེད། ད་རྒྱལ་པོའི་ཕྱག་ལ་ཡོད་པའི་ཨ་ནི་སྟ་རེ་དེ་ཡིན་ན། གཟགས་བྱས། ཨ་ནི་ཅིག། སེང་གེ་དེ་འགས་འདིའི། ཨོང་སྣ་ཁུང་འདི་ཆད་པ་རེད་ཟེར།
  • དེ་ནས་ཡིན་ན་ག་རེ་ཟེར་ནའི་ཟེར་ན། ཨ་ནི་གཟོང་ཡིན་ན་གཟོང་བརྒྱབ་ཡས་ཀྱི་གཟོང་ཡིན་ན། ཨ་ནི་ཁ་ཐལ་བྱས་ཡིན་ན། བུ། བུ་ག་བརྒྱ་ཐམ་པ་དེ་འདྲས་ཟེར་ཕུབ་པ་རེད་ཟེར། ཨ་ནི་སོག་ལེ་ཡིན་ན་ཁ་ཐལ་བྱས་ག་རེ་བྱས་པ་རེད་ཟེར་ན། ཀ་བ། ཀ་ཡོའོ་རེད་པཱ། ཀ་གཙུག་ལག་ཁང་གི་ཀ་བརྒྱའི་ཡིན་ན་ཉམས་འགྱུར་ཡིན་ན། ཨོང་ག་རེ་ཟེར་དགོས་རེད། ཀ་བརྒྱད། ཀ་བརྒྱ་ཐམ་པའི་ཨ་ནི། ཨོའོ། ཟུར་ཡིན་ན། འདི་ཉམས་པ་རེད་ཟེར། ད་དེ་འདྲས་ཀྱི་ཟེར་སྲོལ་ཙམ། ད་དེ་འདྲས་ཟེར་སྲོལ་ད་ཅི་དག་དེ་འདྲས་རེད་ཟེར། གང་བྱས་ག་རེ་རེད་ཟེར་ན། ཨོང་། གཙུག་ལག་ཁང་ད་འདི། བཞེངས་པའི་བརྒྱུད་རིམ་གྱི་ནང་ལ་ཡ། གཙུག་ལག་ཁང་བཞེངས་པའི་བརྒྱུད་རིམ་གྱི་ནང་ལ་ཡ། ཨ་ནི། ཨོའོ་གང་ལྟར་ག་རས༼རེད༽། བཞེངས་པའི་བརྒྱུད་རིམ་གྱི་ནང་ལ། ཨ་ནི། ག་རེ་ཟེར་དགོས་རེད། ཨོང་། འདི། ཁྲི། ག་རེ་ཟེར་དགོས་རེད།  བལ་བཟའ་ཁྲི་བཙུན་གྱི། ཨ་ནི་ཨོང་། ཁོང་རང་གི་འདི་ཅིག་གི། བློ་རིག་དང་དེ་ཚོ་སྤྱད་གནང་པ་དང་། ཁོང་རང་གི་ཡིན་ན་ཨ་ནི་བལ་ཡུལ་ནས་ཡིན་ན་བཟོ་པ་མང་པོ་སྐད་གཏང་གནང་ཡས། ཨ་ནི་འདིའི་གང་ལ་ཡིན་ན་ཨ་ནི་སྲོང་བཙན་སྒམ་པོས་ཡིན་ན། ཨོའོ་རྒྱབ་སྐྱོར་མཐའ་གཅིག་དུ་གནང་ཡས།
  • ཨ་ནི་ལྷག་པར་དུ་ཡིན་ན། རྒྱ་བཟའ་ཀོང་ཇོས་ཡིན་ན་རྩིས། ཨོའོ་དེའི་གང་ལ་ཡིན་ན་རྩིས་ཡིན་ན། སྤོར་ཐང་གི་རྩིས་བསྐྱོན་ནས་ཡིན་ན། ཨ་ནི་ཅིག་གི་དེ། གཙུག་ལག་ཁང་བཞེངས་པའི་བརྒྱུད་རིམ་གྱི་ནང་ལ་ཡ། ཨ་ནི་བཅོས་དེ་འདྲས་ག་རེ་བྱེད་དགོས་ཀྱི་ཡོད་པ། ཨ་ནི་དེའི་གང་ལ་གཟབ་གཟབ་ག་རེ་བྱེད་དགོས་ཀྱི་ཡོད་པ། ཨ་ནི་དེ་འདྲས་ཀྱི་ཡིན་ནའི་རོགས་རམ་ད་མ་སོང་ནའི་ཞེ་དྲག་གི་ཆེན་པོ་གནང་ཡོའོ་རེད་ཟེར། ཨ་ནི་དེ་འདྲས་ལ་བརྟེན་ནས། ཨ་ནི་ཨོང་། ག་རེ་རེད་ཟེར་ན། ཨོང་། བརྟེན་ནས་ཡིན་ན་ཨ་ནི་མཐའ་མ་ཡིན་ན་ཅིག། གཙུག་ལག་ཁང་འདི་ཡིན་ན། ང་རང་ཚོའི་ད་ལྟ་ཡིན་ན། ད་ཅིག་གི་འཛམ་བུ་གླིང་ལ་ཡ་སྐད་གྲགས་ཡོད་པའི་ཨ་ནི་གཙུག་ལག་ཁང་འདི་ཡིན་ན་ཨ་ནི་འདུག་ཟེར། དུས་རབས་བདུན་པའི་ནང་ལ། སྤྱི་ལོའི་དུས་རབས་བདུན་པའི་ནང་ལ་ཡ། ཨ་ནི་ལེགས་སྒྲུབ་བྱུང་པ་རེད་ཟེར།
  • དུས་མཚུངས་ཡིན་ན་ཨ་ནི་སྐབས་དེ་དུས་ཡིན་ན། རྒྱ་བཟའ་ཀོང་ཇོས་ཡིན་ན། ཨ་ནི་རྒྱ་ནག་ནས་ཡང་། ཨོའོ་ཅིག་གི་བཟོ་པ་དང་། མང་པོ་ཡིན་ན་སྐད་གཏང་གནང་ནས་ཡིན་ན་ཨ་ནི། ཨོའོ་ར་མོ་ཆེ་ཡིན་ན་བཞེངས་གནང་པ་རེད་ཟེར། བྱས་ཙང་ང་རང་ཚོས་འདུག་ཟེར་ཟེར་གྱི་ཡོའོ་རེད་པཱ་ལགས། རྒྱ་རྟགས་ར་མོ་ཆེ་ར་ས་འཕྲུལ་སྣང་གཙུག་ལག་ཁང་ཟེར། ར་ས་འཕྲུལ་སྣང་གཙུག་ལག་ཁང་ཟེར་ཡས་འདི་ག་རེ་རེད་ཟེར་ན། གཙུག་ལག་ཁང་ད་ང་རང་ཚོ་འདི། བོད་རིགས་ང་ཚོ་མང་པོ་ད་ཧ་དགོས་ཀྱི་རེད། ར་མོ་དཀར་མོ་ཟེར་དུས་ཙམ་ནས། ད་གཙུག་ལག་ཁང་ལ་འགྲོ་དུས། ཚང་མས་ཡིན་ན་ར་མོ་དཀར་མོ་འཇལ་ནས། ཨ་ནི་ང་ཚོ་བོད་རིག་རྒན་ཁོག་ཁག་ཅིག་གི་འདི་ཟེར་གྱི་ཡོའོ་རེད། ཨ་ཙི་ར་མོ་དཀར་མོ་ཡིན་ན་ཆེ་རུ་ཆེ་རུ་ཐད་ཀྱི་ཟེར། ང་ཚོ་ཆུང་ཆུང་གང་ལ་ར་མོ་དཀར་མོ་ཏད་ཙེ་༼ཏོག་ཙམ་༽ལས་མེད་ཟེར། ད་ཡིན་ན་སྐྱབས་སུ་མཆི། ཆེ་རུ་ཆེ་རུ་ཐད་ཀྱི་ཟེར། ད་གང་བྱས་ག་རེ་རེད་ཟེར་ན། ཚང་མས་ར་མོ་དཀར་མོ་འདི་ཡིན་ན། ཨོང་། ག་རེད། དོན་དངོས་ཐོག་ལ་ཡ་གཙུག་ལག་ཁང་བཞེངས་པའི་བརྒྱུད་རིམ་ནང་ལ་ཡ། བྱས་རྗེས་ཧ་ཅང་ཡིད་པའི་ཨ་ནི་ར་གཅིག་ལ་བརྩིས་ནས་ཡིན་ན། ད་བར་ཡིན་ན་དད་གུས་ད་ཅི་དག་ཆེན་པོ་འདུག་ཟེར་བཞུ་གི་ཡོའོ་རེད་ཟེར།
  • བྱས་ཙང་ར་ས་འཕྲུལ་སྣང་གཙུག་ལག་ཁང་ཟེར་ཡས་འདི། ཚང་མས་མཁྱེན་གྱི་རེད། དང་པོ་ཐོག་མར་ཡིན་ན་ཨ་ནི། ར་མོ་གཅིག་གི་ཨ་ནི་ས་དབོར་ནས་ཨ་ནི་མིང་དེ་ཐོབ་པ་རེད་ཟེར། འདུག་ཟེར་ཟེར་གྱི་ཡོའོ་རེད་ལགས། ཨ་ནི་ད་གིན་ཞུས་པ་ནང་བཞིན་རེད། ཨོང་། ར་མོ་དཀར་མོ་འདིས་གཙུག་ལག་ཁང་བརྒྱབ་པའི་བརྒྱུད་རིམ་ནང་ལ་ཡ། ཨ་ནི་ཅིག་གི། ཁོ་རང་གི་ས་དབོར་ནས་བྱས་རྗེས་བཞག་ཙང་། ཨ་ནི་མི་ཡིན་ནའི་ད་ཁོ་རང་ཡིན་ན་ད་ལྟ་ཡིན་ན། ལྷ་དང་སྤྲུལ་པ་གཅིག་ལ་བརྩིས་བྱས། ཨ་ནི་ང་རང་ཚོ་དད་ལྡན་མང་ཚོགས་ཚོས་ཁོ་རང་ལ་ཡ། དད་པོ་བཞུ་གི་ཡོའོ་རེད་ཟེར། ད་གང་བྱས་ག་རེ་རེད་ཟེར་ན། ཨོང་། སྲོང་བཙན་སྒམ་པོས་ཡིན་ན་སྔ་རྗེས་སུ་བཙུན་མོ་ཡིན་ན། ཨོང་། སྲོང་བཙན་སྒམ་པོས་སྔ་རྗེས་སུ་བལ་ཡུལ་ནས། ཨ་ནི་བཙུན་མོ་ཡིན་ན་ཨོའོ་བལ་བཟའ་ཁྲི་བཙུན་གདན་དྲངས་གནང་པ་དང་། ཨོའོ་ད་ཨོའོ། དེ་ཅིག། ག་རེ་ཟེར་དགོས་རེད། ཐང་རྒྱལ་རབས་ནས་རྒྱ་བཟའ་ཀོང་ཇོ་ཡིན་ན་ད། གདན་དྲངས་གནང་པ་ཟེར་ནའི་རེད། ད་བཙུན་མོར་ཡ་སློངས་གནང་པ་རེད་ཟེར་ནའི། ད་བཙུན་མོར་ཡ་གདན་འདྲེན་བཞུས་གནང་། ད་བཙུན་མོར་ཡ་ཁོང་རྣམས་གཉིས་འདུག་ཟེར་གདན་དྲངས་གནང་པ་དེས།  ཨ་ནི་བོད་ཀྱི་ཨོའོ། སྐབས་དེ་དུས་ཡིན་ན།  དུས་རབས་བདུན་པའི་ནང་ལ་ཡ་བོད་ལ་ཡ་ཆོས་ལུགས་དར་འཕེར། ནང་ཆོས་དར་ཡས་དང་། བོད་ཀྱི་རིག་གནས་འཕེལ་རྒྱས་འགྲོ་ཡས། ཨ་ནི་ད་གང་འགའ། ད་ཕྱོགས་གང་ཅིའི་ཐད་ལ་ཡ་ཡིན་ན་ཨ་ནི་ཕན་ཐོགས་ཡིན་ན། ཞེ་དྲག་གི་ཆེན་པོ་བྱུང་ཡོའོ་རེད་ཟེར།
  • བྱས་ཚང་སྲོང་བཙན་སྒམ་པོས་གིས། ག་རེ་ཞུ་དགོས་རེད། ང་ཚོ་ད་གིན་གོང་ནས་ཞུས་པ་རེད་པཱ། ཁོང་རང་ཡིན་ན་ཅིག། སྤྱན་རྒྱང་རིང་པོ། མ་འོངས་མངོན་གཟིགས་ཐུབ་པ་དེ་འདྲས་ཅིག། བྱས་ཙང་འདི་བཙུན་མོ་གཉིས། ཨ་ནི་གཅིག་ཡིན་ན། ཨོའོ་ཐང་རྒྱལ་རབས་ནས་བཞེས་ཡས་དང་། གཅིག་ཡིན་ན་ཨ་ནི། ཨོའོ། བལ་ཡུལ་ནས་བཞེས་ཡས་དེ་ལ་ཡ། དེ་ཅིག། དམིགས། དམིགས་ཡུལ་ཡིན་ན་ཞེ་དྲག་གི་ཅིག་གི། གཏིང་ཟབ་ཡོད་པ་ཅིག་རེད། དེ་འདྲས་ཅིག། ཨོང་། རེད་ཟེར། བྱས་ཙང་འདིས་སོང་། དམིགས་ཡུལ་ཡིན་ན། དེ་ཅིག། ཁོང་རང་གི་ཡིན་ན་ཅིག། ག་རེ་ཟེར་དགོས་རེད། རླབས་ཆེན་གྱི་ཅིག་གི་དགོངས་པ། ད་དེ་འདྲས་ཅིག་ལ་བརྟེན་ནས་ཡིན་ན། ཨ་ནི་ཨོང་། བཙུན་མོ་གཉིས་བསུས་པ་རེད་ཟེར། བཙུན་མོ་གཉིས་བསུས་ནས་ཨ་ནི། ད་གིན་གོང་ལ་ཞུས་པ་ནང་བཞིན། བོད་ཀྱི། ཨོའོ། རིག་གནས་ལ་ཡིན་ན། འཕེལ་རྒྱས། བོད་ཀྱི་རིག་གནས་ལ་ཡིན་ན་སྐུལ་འདེད་ཆེན་པོ་བྱུང་པ་ཡིན་ན། ད་ད་ལྟ་ང་ཚོས་ཡིན་ན་མིག་མཐོང་ལག་ཟིན་ཡིན་ན་ཨ་ནི་བྱུང་དང་བྱུང་བཞིན་པ་རེད་ཟེར།
  • ཨ་ནི་ད་ད་རེས་ད་འགའ་རབ་ཙམ་ཅིག། ཨ་ནི་འདི་ཡ་ཞུ་གི་ཡིན་ཟེར། ཨ་ནི་ཞིབ་འཕྲ་ཡིན་ན་ད་ང་རང་ཚོ་ད་གིན་ཞུས་པ་རེད། བོད་ཀྱི་རྒྱལ་བ་ལྔ་པའི་ཡིན་ན། བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ནང་ལ་གཟིགས་ནའི་རེད། ཨ་ནི་འདི་མིན་པའི་ང་རང་ཚོའི་བོད་ཀྱི་དེབ་ཐེར་ད་མང་པོའི་ནང་ལ་ཡ། དེའི་སྐོར་ལ་ཡིན་ན་ཞིབ་འཕྲ་བཀོད་ཡོའོ་རེད་ཟེར། གཉིས་ནས་ཡིན་ན་ག་རེ་རེད་ཟེར་ན། ལྷན་རྒྱས་ད་དུང་ལའི། དེའི་གང་ལ་ཡ་དོ་སྣང་དང་དབྱིངས་ཡོད་པ་ཡིན་ན། ཨ་ནི་ག་རེད་ཟེར་དགོས་རེད། དམངས་འཁྲོད་ལ་ཡ་སྒྲུང་ཞེ་དྲག་གི། དེའི་སྐོར་ལ་ཡ་སྒྲུང་མང་པོ་ཡོའོ་རེད་ཟེར། ད་ཅི་དག་སྔན་མ་ཡིན་ན་ག་རས་༼རེད༽། གང་བྱས་བོད་པ་གཅིག། ད་ཅིག་གི་ཡིན་པ་ཡིན་ན། ཁོ་རེ་ཆུང་ཆུང་གང་ནས་ཅིག་གི། ཨོང་། ལྷག་པར་དུ་བུ་མོ་ཚོ། རྒྱ་བཟའ་ཀོང་ཇོ་དང་། བལ་བཟའ་ཁྲི་བཙུན་གྱི་སྒྲུང་འདི་ལ་ཡ། ག་རེ་ཟེར་དགོས་རེད། ཅིག་གི། དོ་སྣང་བྱེད་ནའི་བྱེད་མཁན་མང་པོ་ཡོའོ་རེད་ཟེར།
  • ཕ་མས། ཅིག་གི་སོ་སོའོ་ཨ་མ་དང་ད་དེ་ཚོ་ཡིན་ན་ཆུང་ཆུང་གང་ནས་དེ་ཚོ་སྒྲུང་འདི་བཤད་ནས། ད་ཅིག་ཆུང་ཆུང་གང་ནས་ཧ་གོ། ད་འདི་སྒྲུང་འདི་ཡིན་ན། ཅིག་གི་ཞེ་དྲག་གི་ག་རེ་ཟེར་དགོས་རེད། མ་གཞི་བྱས་ན་ཁོ་རེ་ལོ་རྒྱུད་ཀྱི་ཅིག་གནས་དོན་གཅིག། ལོ་རྒྱུད་ཀྱི་ཅིག་གནས་ཚུལ་གཅིག་རེད་དེ་ལའི། འདི་དམངས་འཁྲོད་ཀྱི་ནང་ལ་ཡ་ཞེ་དྲག་གི། དར་ཁྱབ་ཡོའོ་རེད་ཟེར། བོད་ཀྱི་ས་ཆ། ད་མང་ཆེ་ལ་ཡ། ད་རྒན། ང་རང་ཚོའི་ག་རེ་ཟེར་དགོས་རེད། ཨོང་། དཔེར་ན་ཆ་བཞག་ན། དེ་འདྲས། ཡི་གེ་མ་ཤེས་པའི་ཡིག་རྨོངས་གཅིག་ཡིན་པ་ཡིན་ནའི། སྒྲུང་འདིའི་སྐོར་ལ་ཡ་ཞེ་དྲག་གི། སྙན་པོ་ཞེ་དྲག་དེ་འདྲས་བཤད་ཡས་ཡོའོ་རེད་ཟེར། སྙན་པོ། རྦད་དེ་སྒྲུང་སྙན་པོ་ཞེ་པོ། ད་འདེའི་སྐོར་ལ་ཡ་ཞེ་དྲག་བཤད་ཡས་ཡོའོ་རེད་ཟེར། ཨ་ནི་བྱས་ཙང་། མཇུག་མ། ཅིག་གི། ཡང་དེའི་སྐོར་ལ་མཁྱེན་འདོད་ཡོད་པ་ཡིན་ན། ཨ་ནི་དམངས་འཁྲོད་དེ་བར་ལའི་སྒྲུང་དེ་འདྲས་བསྡུ་རུབ་གནང་པ་ཡིན་ནའི། ཕན་ཐོགས་ཡིན་ན་ཞེ་དྲག་གི་ཆེན་པོ་ཡོའོ་རེད་ཟེར། ཁག་ཅིག་ཡིན་ན་དམངས་འཁྲོད་ཀྱི་སྒྲུང་ཁག་ཅིག་ཡིན་ན། ང་ཚོ་ལོ་རྒྱུད་ཀྱི་དེབ་ཐེར་ནང་ལ་འཁོད་ཡོའོ་མ་རེད་ཟེར། བྱས་ཙང་ང་རང་ཚོས་ཅིག། མཇུག་མ་ཡང་དེ་འདྲས་ཀྱི་སྒྲུང་འདི་བསྡུ་རུབ་གནང་ཡས་ལ་ཡ། དབྱིངས་ཡོད་ན་ཨ་ནི་ད་ལྟ་རྒན་ཁོག་ཚོ་ཡོད་དུས། ཨ་ནི་བཀའ་འདྲི་མང་ཙམ་གནང་ན་ཕན་ཐོགས་ཡོའོ་རེད་ཟེར། ད་ད་རེས་ཞུ་ཡས་ད་འགའ་ཙམ་ཅིག་རབ་ཙམ་ཅིག། ཨ་ནི་ཡག་པོ་མ་བྱུང་ན། ལྷན་རྒྱས་དགོངས་འགལ་མེད་པ་ཅིག་ཟེར། ཨ་ནི་ད་འགའ་ཡིན་ཟེར།