Skip to main content Skip to search
15 Dec 2011
1 hr 2 min 58 sec
Rating
0
No votes yet
Video Overview
Creators: 
Unknown

In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.

Show More

  • ལེགས་སོ། ད། ད་རེས་འདིའི། འདི་ཞིག་འདུག ཡང་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་ནང་ནས། ད་ཤོག་ལེ་སུམ་ཅུ་ཐམས་པའི་ནང་ལ་ཡ། ཨ་ནི། ཐང་གི་སྲས་མོ་འུན་ཤིང་ཀོང་ཇོ་བོད་ལ་ཡ། ཨ་ནི། བོད་ཀྱི་རྒྱལ་པོའི་བཙུན་མོར། ཨ།གནང་རྒྱུ་གཏན་འཁེལ། གཏན་འཁེལ་ཚར་དུས། ཨ་ནི། ཨེ། རྒྱ་ནག་གོང་མ་ཞོན་ནས་བུ་མོ་ལ་ཡ། བསླབ་བྱ་གནང་བའི་ཚིག་དུམ་བུ་གཅིག་འདུག
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ། དེ་གས་དེ་མར་གཅིག ཀློག་བྱས། ཨ་ནི། ཨ་འགྲེལ་བཤད། ད་སྟབས་བདེ་གཅིག་ཞུ་གི་ཡིན༎
  • རྒན་སངས་བདག་རྡོ་རྗེ་ལགས
    དེའི་ནང་དེ་འདྲས་ཟེར་འདུག ཀྱེ་མ་བུ་མོ་བདག་ལ་ཚུར་གསོན་དང་༎ བོད་ཅེས་བྱ་བ་ཁ་བ་ཅན་གྱི་ཡུལ༎ ཡུལ་ལ་ཁྱད་དུ་འཕགས་པ་དེ་ཡིན་ཏེ༎
  • རྒན་སངས་བདག་རྡོ་རྗེ་ལགས
    གངས་རི་རང་བྱུང་མཆོད་རྟེན་ཡ་མཚན་ཅན༎ ལྷུན་གྱིས་གྲུབ་པའི་གནས་མཆོག་དམ་པ་ནི༎ མཚོ་བཞི་གཡུ་ཡི་མནྜལ་བཀྲམ་པ་འདྲ༎  ཐང་བཞི་རང་བཞིན་མཆོད་པ་བཤམས་པ་འདྲ༎ ད་འདི། ཨ་ལའི་དེ་ནས་མར། ཚིགས་རྐང་འགའ་ཤས་ཅིག་གི་འགྲེལ་བཤད་དེ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ནི། ཨ་ཙི། ད་སྐྱེས་མ། ཟེར་དུས་ཙམ་ནས། བུ་མོ་ཨ་ནི་ཁྱེད་རང་ཚུར་ངར་ཉོན། ཟེར། བོད་ཟེར་མཁན་དེ། ཨ་ནི། ད་ཁ་བ་ཅན་གྱི་ཡུལ། གངས་རིས་ཡོངས་སུ་བསྐོར་བའི་ལུང་པ་གཅིག་རེད། ཡུལ་དེ་ནི། ཨ་ནི་ཁྱད་དུ་འཕགས་པ་གཅིག་རེད་ཟེར། འོང། ཡུལ་ལ་ཁྱད་དུ་འཕགས་པ། དེ་རེད་ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    ཁ་བ་ཅན་གྱི་ཡུལ་ཟེར་དུས། ཡུལ་་ཁྱད་དུ་འཕགས་པ་གཅིག་རེད། ཟེར། གངས་རི་ནི། རང་བྱུང་མཆོད་རྟེན་ཡ་མཚན་ཅན། ཟེར། གངས་རི་ནི་རང་བྱུང། ཨ་ནི་རང་་་་་་་་རང་བྱུང་གི། ཨ་ནི་མཆོད་རྟེན་ནང་བཞིན་གྱི། ཨ་ནི་མཛེས་པོ། ངོ་མཚར་ཆེན་པོ། དེ་འདྲས་ཅིག་ཡོའོརེད།
  • རྒན་སངས་བདག་རྡོ་རྗེ་ལགས
    དེ་གས་དེ་ཡང། མིས་བཟོས་པ་མ་ཡིན་་་་་མ་ཡིན་པ། རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི། ཨ་ནི་གནས་མཆོག གནས་ཀྱི་མཆོག་དམ་པ་དེ་འདྲས་ཅིག་རེད། ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    འོང། ད་ག་ནང་བཞིན་དེ་ལ་ཡ། ཨ་ནི་ལུང་པ་དེ་ལ་ཡ། ཨ་ནི་མཚོ་བཞི་ནི་མནྜལ་བཀྲམས་པ་ནང་བཞིན་གྱི། ཨ་ནི་སྙིང་རྗེ་པོ་ཡོའོ་རེད་ཟེར། མ་ཕམ་མཚོ་ལ་སོགས་པའི་མཚོ་བཞི་པོ་དེ།  འོང། ཨ་ནི་ཐང་བཞི་རང་བཞིན་མཆོད་པ་བཤམས་པ་འདྲ། ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    ཐང་ཞིམ་པོ་དེ། ཐང་བཞི་ཡོད་པ། དེ་གས་ནི།  ཨ་ནི། རང་བཞིན་གྱི་མཆོད་པ་བཤམས་པ་དང་འདྲ་པོ་ཡོའོ་རེད། ཟེར། འོང་། ད་དེ་ལ། ཐང་བཞི་ཟེར་མཁན་དེ་ལ་ཡ། ག་རེ་གསུང་གི་ཡོའོ་རེད་ཟེར་ན།
  • རྒན་སངས་བདག་རྡོ་རྗེ་ལགས
     ཨ་ནི་ཆོས་འཁོར་རྒྱལ་མེ་ཏོག་ཐང་དང་།  རེད་པ།  ཨ་ནི་མངའ་རིས་ཀྱི་དཔལ་མོ་ཐང་དང་། ལྕགས་རྩི་གྲི་གུ་ཐང་དང། ཁམས་ཀྱི་གཡེར་མོ་ཐང། ཟེར་ཡས། འོ་ད་ཐང་བཞི་པོ་དེ་གས 
  • རྒན་སངས་བདག་རྡོ་རྗེ་ལགས
    ཐང་བཞི་པོ་དེ་ནི། མཆོད་པ་བཤམས་པ་དང་འདྲ་བ་ཡོའོ་རེད། ཟེར་དུས་ཙ་ནས། ཨ་ནི། འདྲ་བ་ཟེར། ཨ་ནི། མཆོད་པ་བཤམས་པ་དེ་དཔེ་བྱས། ཨ། ཐང་བཞི་པོ་དེ་དཔེ་ཅན་ཡིན་ཙང་།  ཨ།དཔེ་རྒྱན་རེད། རྒྱན་དེ་ནི།
  • རྒན་སངས་བདག་རྡོ་རྗེ་ལགས
    འོ། ཆུ་བོ་བཞི་ཡི་མགོ་བཞི་རང་བཞིན་བྱས། ཆུ་མགོ་བཞི། ཨ་ནི་ད་ཆུ་མགོ་བཞི། ཟེར་དུས།
  • རྒན་སངས་བདག་རྡོ་རྗེ་ལགས
     སྟོད་ཀྱི་གངས་རིན་པོ་ཆེ་ནས། འོང་། རྟ་མཆོག་ཁ་འབབ་དང་། འོང་། གླང་ཆེན་ཁ་འབབ་དང་། སེང་གེ་ཁ་འབབ་དང་། རྨ་བྱ་ཁ་འབབ་བཅས་ནས། ཨ་ནི། ཁ་འབབ་བཞི་པོ་དེ་གས་དི་གི་༼དེ་རྣམས་ཀྱི་༽། ཆུ་བོ་བཞི་ཡི་སྒོ་བཞི་པོ་དེ་གས། ཨ་ནི། བོད་ལ་ཡོའོ་རེད། ཟེར། 
  • རྒན་སངས་བདག་རྡོ་རྗེ་ལགས
    ཨོའོ། ད། རི་མཚོ་ས་གཙང་གངས་རི་གཉན་གྱི་ལྗོངས༎ རི་མཐོ་པོ། ས་གཙང་མ། ཨ་ནི། གངས་རི་དང་གཉན། ཟེར་དུས། ད་ནི། ལྷ་ཀླུ་གཞི་བདག་ལ་སོགས་པའི་གཉན། འོ་དེ་འདྲས་ཀྱིས་ཡོད་པའི། ཨ་ནི་ད་ག་རེ་ཟེར་དགོས་རེད་པས་ད། གནས་པའི་ཨ་ནི་ལྗོངས་ཕུན་སུམ་ཚོགས་པ་དེ་འདྲས་རེད། ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    བཀྲ་ཤིས་ཉམས་དགའ་གཡུང་དྲུང་བྲིས་པ་འདྲ༎ བཀྲ་ཤིས་ཞིང་ཉམས་དགའ་བ། ཨ་ནི་གཡུང་དྲུང་གི་རི་མོ་བྲིས་པ་ནང་བཞིན་གྱི་སྙིང་རྗེ་པོ་ཡོའོ་རེད། ཟེར་དུས་ཙམ་ནས་གཡུང་དྲུང་བྲིས་པ་འདྲ། ཟེར་དུས་། ཡང་ཨ། དཔེ་རྒྱན་རེད་པ།
  • རྒན་སངས་བདག་རྡོ་རྗེ་ལགས
    འོང། རྒྱལ་ཁམས་གཞན་གྱི་མི་རྗེ་ལྷ་ཡིས་ནི༎ བྱས་པ་ལ་ནི་ངོ་མཚར་ཆེ་རྒྱུ་མེད། ཨ་ནི། རྒྱལ་ཁམས་གཞན་དག་གི་མི་རྗེ་སྟེ། མིའི་རྗེ་ཟེར་ན། མིའི་རྗེ་བོ་རེད། མིའི་རྗེ་བོ་ཟེར་ན། རྒྱལ་པོ་ལ་ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    རྒྱལ་ཁམས་གཞན་དག་གི་མིའི་རྗེ་བོ་ནི། ཨ་ནི་ལྷས་བྱས་པ་རེད་ཟེར། ལྷས་བྱས་པ་ལ། རྒྱལ་པོ་ལྷས་ཟེར། རྒྱལ་པོ་མིས། བྱས་པ། རྒྱལ་ཁམས་གཞན་གྱི་མི་རྗེ་དེ། ཨ་ནི་མིས་བྱས་པ་རེད། མིས་རྒྱལ་པོ་བྱས་པ་དེ་ལ། ཨ་ནི་ཧ་ལས་ཡས་གའི་ཡོའོ་མ་རེད། ཟེར། ངོ་མཚེར་ཆེ་ཡས་གའི་ཡོའོ་མ་རེད། ཟེར། ཡིན་ན་ཡང། བོད་ཀྱི་མི་རྗེ་དེ་ནི། ཨ་ནི་ལྷ་ཡི་བྱས་པ་ཡིན་ཙང། དེ་ནི། དེ་འདྲས་ཀྱི་ངོ་མཚར་ཆེན་པོ་རེད། ཟེར།  
  • རྒན་སངས་བདག་རྡོ་རྗེ་ལགས
    མཐའ་བཞིའི་རྒྱལ་པོ་ཀུན་གྱིས་ལེགས་པར་བཀུར༎ ཟེར།མཐའ་བཞིའི་རྒྱལ་པོ་ཀུན། ཕྱོགས་བཞི་མཚམས་བརྒྱད་ཀྱི། ཕྱོགས་བཞིའི་རྒྱལ་པོ་ཚང་མ་ལོགས་ཀྱིས། ཨ་ནི་བོད་ཀྱི་རྒྱལ་པོ་ལ། ལེགས་པར་བཀུར་བསྟི་བྱེད་ཀྱི་ཡོའོ་རེད། ཟེར། 
  • རྒན་སངས་བདག་རྡོ་རྗེ་ལགས
    ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ནི༎ བྱང་ཆུབ་སེམས་པའི་སྤྲུལ་པ་མིག་དྲུག་ལྡན༎ འོ་ད། ཨ་ནིའི། ཆོས་ཀྱི་རྒྱལ་པོ། བོད་ཀྱི་རྒྱལ་པོ་དེ་ནི་ཆོས་ཀྱི་རྒྱལ་པོ་རེད། དེའི་ཆོས་་་་་སྲོང་བཙན་སྒམ་པོ། ཆོས་ཀྱི་རྒྱལ་པོ་དེ། ཨ་ནི་སྲོང་བཙན་སྒམ་པོ་ཞེས་འབོད་པའི་ཆོས་ཀྱི་རྒྱལ་པོ་དེ། གང་གྲས་ཅིག་ཡོའོ་རད། ཟེར་ན་ཟེར། རེད་པཱ། བྱང་ཆུབ་སེམས་པ་མིའི་སྤྲུལ་པ་རེད། ཟེར། 
  • རྒན་སངས་བདག་རྡོ་རྗེ་ལགས
    ཨཱ། མིག་དྲུག་དང་ལྡན་པ་རེད་ཟེར། མིག་དྲུག་ལ་ཡ། ག་རེ་གསུངས་ཀྱི་ཡོའོ་རས་ཟེར་ན།
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ནི། ད་འདི། རྒྱལ་པོའི་ད་མིག་དྲུག་གི་ཡོན་ཏན་དེ་ལ་ཆོས་ཀྱི་ཡོན་ཏན་དང་། ཨ་ནི་ཁྲིམས་ཀྱི་ཡན་ཏན་དང་། དམག་གི་ཡོན་ཏན་དང་།  སྒྱུ་རྩལ་དང་། ཨ་ནི། ཨོའོ་ངག་སྨྲ་བ་ལ་མཁས་པ་དང་། བློ་གསལ་བ་དེ་འདྲས་ཅིག་གི་ད། མི་ཨ་ནི། དྲུག་གི་ཡོན་ཏན་ནང་བཞིན། འོང། མི་དྲུག་གི་ཡོན་ཏན་མི་གཅིག་གི་སྒང་ལ་ཡོད་པ་ནང་བཞིན། འོ་ད་དེ་འདྲས་ཅིག་གི་ཨ་ནི་སྤྲུལ་པ་མིག་དྲུག་ལྡན། ཟེར་ཡས་དེ། འོ་ད་འདུག་བཟོ་བྱས། འོང། ཡོན་ཏན་དེ་འདྲས་དང་ལྡན་པ། དེ་ལྟ་བུའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་རྒྱལ་པོ་ཅིག་རེད་ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    དེ་ནས་ཨ་ནི་འདུག་བཟོ་བྱས་བྱས། ད། ཨ་་་་་ཨ་ནི། ཀོང་ཇོ། འོང་དགའ་པོ་ཡོང་ཡས་ཀྱི་ཆེད་དུ། སྤྲོ་བ་བསྲིངས་པའི་ཚིག་རེད་འདི།
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ནི། ད་དུང་ག་རེ་གསུངས་ཡོའོ་རེད། ཟེར་ན། 
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ནི། བསླབ་བྱ་ལ་ག་རེ་བསྐྱོན་ཡོའོ་རེད། 
  • རྒན་སངས་བདག་རྡོ་རྗེ་ལགས
    བུ་ཚ་ཡིག་ཚང་སློབ་ཅིང་དགེ་བ་དག་ལ་སྦྱར༎ དཀོན་ཅོག་དབུ་འཕངས་བསྟོད་ཅིང་དད་དང་བཀུར་གུས་པ་སྐྱེད༎ ཆོས་འཁོར་གཙུག་ལག་བཞེངས་ཤིང་གནས་གྲྭར་དགེ་གནས་ཚུགས༎ སངས་རྒྱས་སྐུ་གཟུགས་བཞེངས་ཤིང་དམ་ཆོས་གཞུང་ཡང་བྲིས༎
  • རྒན་སངས་བདག་རྡོ་རྗེ་ལགས
    ད།དེ་གས་དེ་སྐུལ་ཚིག ཨ་ནི་ཡར་དགེ་བ་ལ་སྐུལ་བ། རེད་པ། ཨ་ནི་བསླབ་བྱ་བསྐྱོན་པ་རེད། ཨ་ནི་ཡིག་ཚང་སློབ་པ། ཡི་གེ་ལ་དེ་ནི་སློབ་པ། དེ་ནི་ལས་དགེ་བ་ལ་སྦྱར་བ། དཀོན་ཅོག་དབུ་འཕངས་བསྟོད་པ།
  • རྒན་སངས་བདག་རྡོ་རྗེ་ལགས
    འོང་། ཨ་དེ་ལ་ད་ག་ནང་བཞིན། དད་པ་དང་དཀོན་མཆོག་ལ་དད་པ་བྱེད་པ་དང་། གུས་པ་སྐྱེད་དགོས་ཀྱི་རེད། ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ནི། ཆོས་འཁོར་དང་གཙུག་ལག་བཞེངས། འོང་། གནས་གྲྭ་ཟེར་དུས་དགེ་འདུན་གྱི་གནས་དང་། དེ་འདྲས་ལ་ཡ། ད། གཙུག་ལག་ཁང་དག་ལ་དགེ་འདུན་གྱི་སྡེ་ལྟ་བུ་དེ་འདྲས་བཙུགས་དགོས་རེད་ཟེར། ཚུགས། ཟེར་དུས་ཙམ་པ་ཨ་ནི་སྐུལ་ཚིག་རེད། 
  • རྒན་སངས་བདག་རྡོ་རྗེ་ལགས
    སངས་རྒྱས་སྐུ་གཟུགས་བཞེངས་ཤིང་དམ་ཆོས་གཞུང་ཡང་བྲིས། དེའི་ཡ་ཚིག་རྐང་དང་པོ་དེ་ལ། ཨ་ནི་སངས་རྒྱས་ཀྱི་སྐུ་གཟུགས་ཡང་བཞེངས། རེད་པ། ཨཱ་ད་ག་ནང་བཞིན་དམ་པའི་ཆོས་ཀྱི་གཞུང་ཡང་བྲིས་ཤིག། ཟེར་བྱས་བྱས་ནས། ད་སྐུལ་ཚིག་ལ་སྦྱར་བ་ཡིན་དུས། ད་རྒྱན་གྱི་སྒང་ལ་ཡ། དེ་ལ་ཡ། སྤྱི་རང་བཞིན་བརྗོད་པ་ཙམ་མ་གཏོགས། ཨཱ་རྒྱན་ཞེ་དྲག་ཡོའོ་མ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    དེ་རང་བཞིན་བརྗོད་པའི་ནང་ནས། ག་རེ་རེད་ཟེར་ན། 
  • རྒན་སངས་བདག་རྡོ་རྗེ་ལགས
    དེའི་ནང་ལ་ཡ། བྱ་ཚིག་མང་པོ་ཅིག་ཡོའོ་རེད། ཨ་ནི་དགེ་བ་ལ་སྦྱར། གུས་པ་སྐྱེད། ཨཱ་དགེ་བའི་གནས་ཚུགས། ཨ་ནི་ཙུག་ལག་ཁང་བཞེངས། དམ་པའི་ཆོས་ཀྱི་གཞུང་ཡང་བྲིས། སྐུ་གཟུགས་བཞེངས། ཟེར་དུས་ཙམ་ནས་ཨ་ནི་བྱ་བའི་རང་བཞིན་བརྗོད་པ་བྱས།
  • རྒན་སངས་བདག་རྡོ་རྗེ་ལགས
    ཐོས་བསམ་སྒོམ་པ་བྱ་ཞིང་དམ་ཆོས་ནང་དུ་སྤྱད༎ དགེ་འདུན་རྙེད་བཀུར་བྱ་ཞིང་དམ་ཚིག་སྡོམ་པ་སྲུངས༎ དམ་ཆོས་དུས་དྲན་བྱས་ལ་དེ་རིང་ཉིད་ནས་འབད༎ ད་འོང་། ཐོས་བསམ་སྒོམ་པ་ལ་བསྐུལ་བ་རེད་པཱ། དཱ། ཐོས་པ་དང་བསམ་པ། སྒོམ་པ་དེ་འདྲས་བྱས་པ། དམ་པའི་ཆོས་ལ་ཡ། འོང། སེམས་ཀྱི་ནང་ནས་དཔྱད་པ་བྱས་པ། དགེ་འདུན་ལ་བསྐུར་བསྟི་ཞུ་བ། རེད་པཱ། འོང་། དམ་ཚིག་དང་སྡོམ་པ་སྲུངས་བ། དེ་གས་དེ་སྲུངས་དགོས་ཀྱི་རེད། སྲུངས་ཟེར་དུས་ཙ་ནས། དེ་ཚོ་ཨ་ནི་བསྐུལ་ཚིག་རེད་པཱ། དམ་ཆོས་དུས་ལ་དྲན་པ་དང། ཨ་ནི། དེ་རིང་ཉིད་ནས། དཱ་དམ་ཆོས་དམ་པའི་ཆོས་བྱ་བ་ལ་འབད་པར་བྱོས་ཤིག། ཟེར་དུས་ཙམ་ནས།
  • རྒན་སངས་བདག་རྡོ་རྗེ་ལགས
    ད། དེ་ཚོ་གང་ག་རང་བཞིན་བརྗོད་པ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ཆོས་ལ་ལོང་ཡོད་མི་སེམས་ཚེ་འདིར་ཆགས་མི་བྱ༎ ཆོས་ལ། ཆོས་ཨ་ནི། སང་ཉིན་བྱས་ཆོག་གནངས་བྱས་ཆོག་ཟེར། ཆོས་བྱེད་ཡས་ཡིན་ན། དེ་འདྲས་ཀྱི་སྒང་ནས་ཨ་ནི། ཆོས་ལ་ཡ་ད་བྱེད་ལོང་ཡོང་གི་རེད། བྱེད་ལོང་སང་ཉིན་བྱས་གནངས་བྱས། དེ་འདྲས་ཀྱི་ལོང་ཡོད་པ་ལ་བསམ་བློ་མ་བཏང་ཟེར། རེད་པ། འོང། ཚེ་དེ་ལ་ཡ་ཨ་ནི་ཚེ་དེ་ལ་ཆགས་པ་མ་བྱེད་ཟེར། ཚེ་དེ། ཨ་ནི། བློས་གཏོང་ཐུབ་པ་བྱེད་གསུངས་ཀྱི་ཡོའོ་རེད། འོང། 
  • རྒན་སངས་བདག་རྡོ་རྗེ་ལགས
    སྐྱབས་ཆེན་ལྷ་ལ་གཟུང་བ་དཀོན་ཅོག་གི་སྐྱབས་ཆེན་པོ། རང་གི།ཨ་ནི། ཨོའོ་ད་ལྟ་ག་རེ་ཟེར་དགོས་རེད། ཡིད་དམ་གྱི་ལྷ་ལ་བཟུང་ནས། འོང། ཨ་ནི་དཀོན་ཅོག་ལ་ཡ་སྐྱབས་འགྲོ་བྱེད་དགོས་རེད། ཟེར། ཨ་ནི།དཀོན་ཅོག་་་་་་དཀོན་ཅོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བའི་གང་ཟག་དེ། ད་ནང་པ་སངས་རྒྱས་པ་དེ་རེད་པ།
  • རྒན་སངས་བདག་རྡོ་རྗེ་ལགས
    ལས་དང་འབྲས་བུ་སོམས་ལ་སྡིག་སྤོང་དགེ་ལ་འབད༎ ལས་དང་འབྲས་བུ་ལ་བསམ་བློ་གཏོང། ཟེར། ལས་ཕུན་སུམ་ཚོགས་པ་སྔོན་དུ་ཕྱིན་ན། ཨ་ནི་འབྲས་བུ་ཕུན་སུམ་ཚོགས་པ་ཅིག་གཞུག་གུར་ཡོང་གི་ཡོའོ་རེད་པ་དེ། ལས་འབྲས་ཟེར་ཡས་དེ། བྱས་ཙང། དེ་འདྲས་ཡིན་ན་ལས་དང་འབྲས་བུར་ཡ་བསམ་བློ་གཏོང་ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    ཡང་ན། འོང་། ལས་འབྲས་ལ་བསམ་བློ་གཏོང། གསུང་གི་ཡོའོ་རེད། སྡིག་པ་སྤོངས། དགེ་བ་ལ་འབད། ཟེར། འོང། དགེ་བའི་བྱ་ལ་འབད།
  • རྒན་སངས་བདག་རྡོ་རྗེ་ལགས
    འཁོར་བའི་ཉེས་དམིགས་བསམ་ལ། ཟེར་དུས། འཁོར་བའི་ཉེས་དམིགས་ལ། འོང། བསམ་བློ་གཏང་བྱས་ནས། ཨ་ནི་ངེས་འབྱུང་གི། འོང་ས། འཁོར་བ་ལ་ཨ་ནི་ངེས་འབྱུང་བྱ་བའི་བློ་གཏད་དེ་བཅོལ་དགོས་ཀྱི་རེད། ཟེར། འོང། བློ་གཏད་བྱ། ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    འོང། འཁོར་བའི་ཉོན་མོངས་སྤངས་ཤིང་དེ་ཡི་གཉེན་པོ་སྟེན༎ འཁོར་བའི་ཉོན་མོངས་སྤངས། འཁོར་བའི་ཉོན་མོངས་སྤངས་པའི་གི་་གཉེན་པོ་སྟེན། འོང། བྱམས་དང་སྙིང་རྗེ་ལ། འོང། 
  • རྒན་སངས་བདག་རྡོ་རྗེ་ལགས
    བྱམས་དང་སྙིང་རྗེ་བསམ་ལ་བྱང་ཆུབ་སེམས་ཀྱང་སྐྱེད༎ བྱང་ཆུབ་སྤྱོད་པ་སྤྱད་ཅིང་ཐེག་ཆེན་ལམ་བགྲོད་བྱ༎ དེ་ལྟར་བྱས་ན་བཀྲ་ཤིས་དགེ་བར་འགྱུར༎ གཏམ་གྱི་མཐའ་མ་ཡིན་ནོ་བུ་མོ་དེ་ལྟར་མཛོད༎
  • རྒན་སངས་བདག་རྡོ་རྗེ་ལགས
    ཝ་ད་དེ་ཡིན་ན། ཨཱ། ད་བུ་མོ་ལ་ཡ། ཨོ། ཀོང་ཇོ་ལ་ཡ་བསླབ་བྱ་གནང་པ་རེད། དེ་གས་གང་ག་ལོགས་ཨ་ནི། ད་དེ་པར་གོ་བདེ་པོ་ཡོའོ་རེད། ཞུ་དགོས་ཡས་མི་འདུག་ག བསླབ་བྱ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ནི། དེའི། ད་མགོ་ནས་གཞུག་གུ་བར་དུ་རྒྱན། ཨ་ནི་ཞེ་དྲག་གི་ཨཱ། ཕུལ་བྱུང་དང་རབ་རྟོག་ལ་སོགས་པའི་འུད་དང་ལྡན་པའི་རྒྱན་གཅིག་ཡའི་ཡོའོ་མ་རེད། གང་ག་ལོགས་དཔེ་རྒྱན་གཟུགས་རྒྱན་ཡའིམི་འདུག རེད་པ། མང་ཆེ་བ་དེ། ག་རེ་རེད།ཟེར་ན། 
  • རྒན་སངས་བདག་རྡོ་རྗེ་ལགས
    ཨཱ། རང་བཞིན་བརྗོད་པའི་རྒྱན་རེད། དེ་ ཨཱ། རྒྱལ་པོས་རེད་པཱ། ཐང་ཐའེ་ཙུང་གིས་ཨ་ནི་སྲས་མོ་ལ་ཡ་བསླབ་བྱ་གནང་བའི་ཚིག་དེ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ད་དེ་ནས་དེའི་ནང་ལ་ཁ་སིང་འདི་གཅིག་འདུག ག་རེ་ཟེར། སུམ་ཅུ་སོ་དྲུག སོ་ལྔ་སོ་དྲུག་གཅིག སློབ་གནང་པའི་བཟོ་འདྲ་གཅིག་འདུག འདི།ཤོག་ལེའི་ནང་ལ་ལུས་ཡིན་ན་མིན་ན། ད་འདུག་བཟོ་འདུག
  • རྒན་སངས་བདག་རྡོ་རྗེ་ལགས
    དེའི་ནང་ལ་ཡ། ཨཱ། ཨ་དེ་ག་རེ་ཟེར། ཀོང་ཇོ། ད་བུ་མོ་མང་པོའི་དཀྱིལ་ནས་དབྱེ་བ་ཕྱེ་བྱས་ནས། ཨ་ནི། བློན་པོ་མགར་གྱིས་ད། ཨ་ནི་ཟིན། དེ་ནས་ཟིན་ནས། ཨ་ནི། ཨཱ་བློན་པོ་མགར་གྱིས། ཨ་ནི་གླུ་བླངས་ནས། འོ། དེའི་གླུ་དེའི་རམ་འདེགས། ཨ་ནི་འབྲི་སེ་རུ་གུང་ཐུན་གྱིས་བཏེག རམ་བཏེག་བྱས་ནས། ཨ་ནི་དེའི་ནང་ག་རེ་གསུངས་ཡོའོ་རེད། ཟེར་ན། ཨ་ནི། གླུ་གཅིག་ཡོའོ་རེད། དེ་ལ་ཀོང་ཇོ་ལ་ཡ།
  • རྒན་སངས་བདག་རྡོ་རྗེ་ལགས
    ཨེ་མ་ངོ་མཚར་ཆེ༎ ལྷ་གཅིག་ཀོང་ཇོ་ཁྱེད༎ བདག་གི་ཚིག་ལ་གསོན༎ བཀྲ་ཤིས་ཉམས་སུ་དགའ༎ བོད་ཀྱི་རྒྱལ་ཁམས་ན༎ རིན་ཆེན་སྣ་ལས་གྲུབ༎ རྒྱལ་པོའི་ཕོ་བྲང་ན༎ མི་རྗེ་ལྷ་ཡིས་མཛད༎ སྲོང་བཙན་སྒམ་པོ་དེ༎ རིགས་གཟུགས་དཔལ་གྱི་བརྗིད༎ མཐོང་ན་སེམས་ཡིད་འཕྲོག༎ ཐུགས་རྗེ་ཆེན་པོ་ལགས༎
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ལེའི་བཞུགས་ཨཱ། ཚིགས་རྐང་ཁ་ཤས་གཅིག། ཨེ་མ་ངོ་མཚར་ཆེ། ཨེ་མ་ཟེར་དུས་ཙམ་ནས། ད་ངོ་མཚར་བའི་དོན་དག་རེད་པཱ། ཁོ་ཨེ་མ་ཟེར་ཡས་ཁོ་རང་ངོ་མཚར་བའི་ཨ་ནི། ཉམས་འགྱུར་སྟོན་པའི་གི་ཚིག་ཅིག་རེད།  
  • རྒན་སངས་བདག་རྡོ་རྗེ་ལགས
    ད་ཨེ་མ་ངོ་མཚར་ཆེ། ལྷ་གཅིག་ཟེར་ན། ཀོང་ཇོ་ལ་འབོད་བྱས་ནས་ལྷ་གཅིག་ལྷའི་སྲས་མོ་ཨ་ནི་ཀོང་ཇོ་ཁྱེད་རང། ཟེར། ངའི་ཚིག་དེ་ལ་གསན་རོགས་གནང་། ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    བཀྲ་ཤིས་ཉམས་སུ་དགའ། བོད་ཀྱི་རྒྱལ་ཁམས་ན། བཀྲ་ཤིས་ཉམས་སུ་དགའ་བའི་བོད་ཀྱི་རྒྱལ་ཁམས་དེ་ན། བོད་ཀྱི་རྒྱལ་ཁམས་ཀྱི། དེར་ཡ་ཟེར་གྱི་ཡོའོ་རེད་པཱ། རིན་ཆེན་སྣ་ལས་གྲུབ། རིན་པོ་ཆེ། ཨ་ནི་སྣ་དུ་མ་ལས་བསྒྲུབས་པ། རྒྱལ།སྣ་དུ་མ་ལས་གྲུབ་པའི་རྒྱལ་པའི་ཕོ་བྲང་དེ་གིའི་ནང་ལ། ཨ་ནི། མིའི་རྗེ་བོ་ནི་ལྷས་ཡི་མཛད་པ་རེད། ཟེར། ང་ཚོའི་རྒྱལ་པོ་ནི་ལྷ་རེད། ཟེར༎ འོང། ལྷའི་སྤྲུལ་པ། འོང།སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ཟེར་གྱི་ཡོའོ་རེད་པ།
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ནི། སྲོང་བཙན་སྒམ་པོ་དེ་ནི་རིགས་གཟུགས་དཔལ་གྱིས་བརྗིད།ཟེར། རིགས་མཐོ་བ་རྒྱལ་པོ་རེད་ཟེར། གཟུགས།ཨ་ནི་ཤིན་ཏུ་མཛེས་ཤིང། རེད་པ། ག་རེ་ཟེར་དགོས་རེད། བརྗིད་ཆགས་པ། ཝ་ད་དེ་འདྲས་གཅིག་ཡོའོ་རེད་ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ནི། མཐོང་ན། ཨ་ནི།ཨ་ནི། མཐོང་ཡན་མཐོང་བ་པོ་སུ་འདྲ་གཅིག་ཡིན་ནའིདེའི་་ཡིད་འཕྲོག་འགྲོ་གི་རེད། ཟེར། ད་དེ་ཚོ་གང་ག་དེ་རེད། ཁ་ཐུག་ཁ་ཐུག་ཁ་ཐུག་ལ་བཞག་ནས། ཨ་ནིའི། རང་བཞིན་བརྗོད་པ་རང་རེད། མཐོང་ན་སེམས་ཡིད་འཕྲོག འཕྲོག་ཟེར་ནའི་བྱ་་་བྱ་བ་རེད་པཱ། བྱ་བ་རང་བཞིན་བརྗོད་པ། ཐུགས་རྗེ་ཆེན་པོ་ལགས།ཟེར། ཐུགས་རྗེ་ཆེན་པོ་རེད་ཟེར་ཡས་ཀྱི་དོན་དག་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    རྒྱལ་སྲིད་ནི་ཆོས་བཞིན་སྐྱོང་། རེད་པ། རྒྱལ་སྲིད་ཆོས་བཞིན་་་ཆོས་བཞིན་སྐྱོང་། འབངས་རྣམས་བཀའ་ལ་ཉན༎ འོང། བློན་འཁོར་འབངས་རྣམས། རྒྱལ་བློན་འཁོར་འབངས་རྣམས། བློན་འཁོར་འབངས་རྣམས་མ་རེད་དཱ།
  • རྒན་སངས་བདག་རྡོ་རྗེ་ལགས
    འོ། དགའ་སྐྱིད་གླུ་རུ་ལེན༎ ཆོས་ཀྱི་ཉི་མ་ཤར༎ དཔལ་གྱི་སྒྲོན་མེ་བཏེག༎ རི་ལ་ཤིང་སྣ་ཚང་༎ ས་གཞི་ཡངས་པ་ལ༎ འབྲུ་སྣ་ལྔ་ཡི་ཚོགས༎ གོ་མཚམས་མེད་པར་སྐྱེ༎ གོ་མཚམས་མེད་པ་ཟེར་ན། བར་མཚམས་མེད་པར་སྐྱེས་ཀྱི་ཡོའོ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    གསེར་དངུལ་ཟངས་ལྕགས་སོགས༎ རིན་ཆེན་དུ་མ་ཡོད༎ ད་སའི་འོག་ལ་གཏེར་འདི་དང་འདི་ཡོད་ཟེར་གྱི་ཡོའོ་རེད་པ། གནག་རྟ་ལུག་གསུམ་རྒྱས༎ དགའ་སྐྱིད་དེ་ལྟར་ཡོད༎ ཨེ་མ་ངོ་མཚར་ཆེ༎ ལྷ་གཅིག་ཀོང་ཇོ་གསོན༎
  • རྒན་སངས་བདག་རྡོ་རྗེ་ལགས
    ཝ་ད་འདི་ཀོང་ཇོ་ལ་སྤྲོ་བ་བསྲིངས་པའི་ཚིག ཀོང་ཇོ་རྦད་ཨ་ནི་སྤྲོ་པོ་རང་མ་བྱུང་པ་བོད་ཀྱི་རྒྱལ་པོའི་བློན་པོ་ལ། དེ་བློན་པོས་བཟུང་དུས་ཙ་ནས། སྤྲོ་པོ་རང་མ་བྱུང་པ་ལ་བརྟེན་ནས། ཨ་ནི་དེ་ལ་ཡ།ཨ་ནིའི། བློན་པོས་སྤྲོ་བ་བསྲིངས་པའི་གླུ་ལེན་པ་དེ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ད་དེ་ནས་འདིའི་འོག་དེར་ཡང། ཨའོ།ད་བར་རུ་ཏིག་ཙ་བྱས་བྱས་ནས། ཡང་བློན་པོས།ཨ་ནི། བཙུན་མོའོ་་་་་ཀོང་ཇོ་དང་ཁག་ཅིག་སྔོན་ལ་བཏང། ཨ་ནི་དེ་ག་རེ་ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    བློན་པོ་མགར་རྒྱ་ནག་འོང་གོང་མོས་ཉར་གནང་པ་རེད་ཟེར།འོང། ཉར་པ་རེད།ཟེར། ཉར་ནས་དེ་ནི་སློང་མཁན་ཞིག་ལ། དཱ་རེ་དྲ་ཞིག་ལ། ཟེར་དུས། འོང།དེ་འདྲས་ཤིག་ལ་ཨ་ནི། ཨཱ། ཡི་གེ་བསྐུར་ནས། ཡི་གེ་བསྐུར་པའི་དེའི་དོན་དག་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    འོ། ཡི་གེ་ག་རེ་རེད། ཟེར། གང་འདྲས་ཟེར། ཀོང་ཇོ་ཅིག་དག་སྔོན་ལ་འགྲོ་མཁན་ཡཱ། ཡི་གེ་གང་འདྲས་ཟེར་བསྐུར་ཡོའོ་རེད། ཟེར་ན།
  • རྒན་སངས་བདག་རྡོ་རྗེ་ལགས
    ཐག་རིང་གི་ར་ཕོ་རྒྱ་བོ་ལ་ངོ་ཤེས་མ་བྱའོ༎ ནག་པོ་ལྕགས་མཁར་ཐུབ་ནས་ཡོད༎ ད་དེ་གབ་ཚིག་གི་སྒྲ་རེད། ལུང་པ་ཆུ་ཕུ་རྡུགས་མདའ་རྡུགས་སུ༎ ཐུ་རུ་ཅོག་བྲག་ཁོང་ལ་བཞོག༎ དར་དཀར་སྒྲིལ་ལ་དར་ནག་རྐྱོང་། ཟླ་བས་ཉི་མའི་རྩ་རུ་སླེབ༎ ད་བློན་པོ་མགར་གྱི་དེ་ལ་ཁོ་རང་མགྱོགས་པོ་ཡོང་གི་ཡིན་ཟེར་ཡས་ཀྱི་ཚིག་རེད། ཐག་རིང་གི་ར་ཕོ་རྒྱ་བོ་ལ་ངོ་ཤེས་མ་བྱའོ༎ ཟེར་མཁན་འདི།
  • རྒན་སངས་བདག་རྡོ་རྗེ་ལགས
    ཐག་རིང་གི་ཕོ་རྒྱ་བོ། ཟེར་དུས་ཙ་ནས། སྐབས་དེ་ལ་ཡ། ཨ་ནི།ཨ་དེ་འདྲས་ཟེར་ཡས་ཅིག་འདུག བློན་པོ་ཨ་ནི་ཀོང་ཇོ་གཅིག་དག་གི་ཕེབས་རོགས་ལ་ཡཱ་རྒྱ་ནག་གི་གོང་མོའི་བློན་པོ། ཨ་ནི་ཨོག་ཚོམ་ཡོད་པ་གཅིག འོང། རྒྱ་བོ་ཨོག་ཚོམ་ཡོད་པ་གཅིག་བྱས་ཙང། ར་ལ་ཨོག་ཚོམ་ཡོའོ་རེད་པཱ། བྱས་ཙང་དེ་ལ་ཡཱ། ངོ་ཤེས་མ་བྱའོ། ཟེར་དུས་ཙ་ནས།
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ནི། དེ་ཟེར་གྱི་ཡོའོ་རེད་ཟེར། ད་དེའི་ནང་འགྲེལ་བཤད་བསྐྱོན་ཚུལ་མི་འདྲ་བ། ཏིག་ཙམ་གཅིག་འདུག ཁག་ཅིག་གིས་ངོ་ཤེས་པ་ཙམ་ལས་བློ་མ་གཏོད། ཟེར་གྱིས།
  • རྒན་སངས་བདག་རྡོ་རྗེ་ལགས
    ཁ་ཤས་ཀྱི་ས་ལ་ནི། ངོ་ཤེས་མི་བྱ་བ། ཟེར་དུས་ཙ་ནས་། ད་ག་རང། ཨ་ནི། ཐག་རིང་གྱི་ར་ཕོ་རྒྱ་བོ་ལ་ངོ་ཤེས་མ་བྱའོ།ཟེར། དེ་ལ་བློ་མ་གཏོད། ཟེར། སྙིང་མ་བསྟན་ཟེར་ཡས་ཀྱི་དེ་འདྲས་རེད། ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    འོང། ཁ་རོག་སྡོད་ལ་ཀུ་ཇོ་ཐོང༎ ཟེར་དུས། ད་ཁོ་ལ་ཡ། ཨ་ནི། ཨ་ནི་སྐད་ཆ་ག་རེ་ཡོད་ནའི་་་་མ་བཤད་པ་བྱས། ཁ་ཁ་ཁ་སྡོད་ཟེར།  ཁོ་ལ་ཡ། འོང། ང་རང་ཚོས་གསང་བ་བྱས། ཨ་ནི་ཀུ་ཇོ་ཐོང་ཟེར། ང་ལ་ཡ་ཨ་ནི་ནང་ཁུལ་ལ་ཡ། ཨ་ནི་བརྡ་ད་མ་སོང་གཏོང་ཤོག་ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    ནག་པོ་ལྕགས་མཁར་ཐུབ་ནས་ཡོད༎ ཟེར། ནག་པོ་ལྕགས་མཁར་ཐུབ་ནས་ཡོད། ཟེར་ཡས་དེ་ལ་ཡ། ཨ་ནི་ག་རེ་ཟེར་གྱི་ཡོའོ་རས་ཟེར་ན། ཨེ་རྒྱ་ནག་ལ། ཨ་ནི།རྒྱ་ལྕགས་སྒོ་ཅན་ཟེར་བྱས་ནས། ཐུབ་ནས་ཡོད་ཟེར་ཡས་དེ།ལྕགས་ཀྱི་མཁར་ལྟ་བུ། ཐུབ་ནས་ཡོད་ཟེར། ཝ་དཱ་དེ་འདྲས་ཅིག་ལ་ཟེར་གྱི་ཡོད་ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    ཡང་ཁག་ཅིག་གི་ཟེར་ན་ཡང། དེའི་ནང་ལ་འགྲེལ་བཤད་བསྐྱོན་སྟངས་ལ། ག་རེ་རས་ཟེར་ན།
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ནི། རྒྱ་ནག་ལ་ཡ་དེ་ནི་སྟོན་ཏོག ཨ་ནི་གང་འདྲས་ཟེར་བཏབ་དགོས་རེད། ཟེར་དུས་ཙ་ནས། སྟོན་ཏོག་ཡིན་ན་མེ་ལ་ཀྲག་༼བསྲེགས༽བྱས་ནས་བཏབ་དགོས་རེད། ཟེར་བྱས་བྱས། སླ་ངའི་ནང་ཡོས་བརྔོས་བྱས་ནས། ཨ་ནི་སྟོན་ཐོག་བཏབ་དགོས་རེད། ཟེར། 
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ནི།བློན་པོ་མགར་གྱི་དེ་འདྲས་ལབ་པོ་རེད། ཟེར་ཡས་ཀྱི། དེའི་ནང་གི་ལོ་རྒྱུས་ནང་ལའི་ཡོའོ་རེད། ཝ་དེ། ལག་པར། ལྕགས་ཀྱི་སླ་ངའི་ནང་ལ་སྟོན་ཏོག་བརྔོས་བྱས་ནས། སྟོན་ཏོག་གི་ས་བོན་བརྔོས་བྱས་ནས། བཏབ་པ་དེ་ལ། ཟེར་བྱས་ནས། ནག་པ་ལྕགས། ལྕགས་མཁར་ཐུབ་ནས་ཡོད། ཟེར་ཡས་དེ། ཝ་ད་དེ་རེད། ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    ཐུ་རུ་ཅོག་བྲག་ཁོང་ལ་བཞོག༎ ཟེར་ཡས་དི། ཨ་ནི། མདའ་མདའ་དོང་གི་ནང་ལ། ཨ་ནི། ཨ་བཞོག་ཟེར། ད་མདའ་དེ་ཚོ་ཡག་པོ་གྲ་སྒྲིག་བྱས་ནས་དཱ། དམག་གི་བརྒྱབ་་རྩིས་ཀྱི་ཨཱ། གྲ་སྒྲིག་བྱེད་ཟེར་ཡས་འདྲ་པོ།ཝ་ད།དེ་འདྲས་ཅིག་རེད་ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    དེ་ནས། དར་དཀར་སྒྲིལ་ལ་དར་ནག་རྐྱོང་༎ ཟེར། དར་དཀར་པོ་ཟེར་དུས། ཉིན་མོའི་དགུང་ལ་དཀར་པོ་རེད་པཱ། དར་དཀར་པོ། ཉིན་མོའི་དགུང་ལ་ཁ་ཁ་ལ་གབ་བྱས་བསྡད་ཀྱི་ཡིན།ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ནི།འོང། དར་ནག་པོ་རྐྱོང་ཟེར་ན་། མཚན་ནག་དགུང་ལ། ངས། ཡོང་གི་ཡིན་ཟེར། ཨ་ནི།ཟླ་བས་ཉི་མའི་རྩ་རུ་སླེབ་ཟེར། ང། ཨ་ནི།ཟླ་བ་འགྲོ་ས་ལ་ཉི་མ། ཨ་ནི་དེ་འདྲས་ཀྱི་མགྱོགས་པོ་བྱས་བྱས་ནས་ཡོང་གི་ཡིན། ཟེར་བྱས་བྱས་ནས། ཝ་ད། དར་དཀར་ཟེར་དུས་ཉི་མ་བྱས། དར་ནག་ཟེར་དུས་མཚན་མོ་བྱས། ཨ་ནི་ ཉི་མའི་དགུང་ལ་གབ། མཚན་ནག་དགུང་ལ་སླེབ་ཡོང་ཟེར་ཡས་ཀྱི་དོན་དག་དེ་རེད་ཟེར་ཡས་གཅིག ཝ་ད་གསུང་ཚུལ་དེ་འདྲས་ཅིག་འདུག
  • རྒན་སངས་བདག་རྡོ་རྗེ་ལགས
    འོང། ད་དེ་ནས་སུམ་ཅུ་སོ་དྲུག་གི། ནང་དེར་ཤོག་ལེ་དེའི་ནང་ལ་དེ་འདྲས་ཅིག་༼ཤིག་༽འདུག དར་ཟབ་མེ་ལ་བསྲེགས་པའི་ཐལ་བ་དེ༎ རྒྱལ་པོ་ཉེ་རིང་ཅན་དེའི་ན་བཟའ་མཛོད༎ དེའི་དོན་དག་དེ། ག་རེ་ཟེར་གྱི་ཡོའོ་རེད། ཟེར་ན།
  • རྒན་སངས་བདག་རྡོ་རྗེ་ལགས
     ཨ་ནི། ཨོ།མགར་གྱིས་ཨ་ནི་ན་བརྫུ་བཏབ་པ་རེད་ཟེར། རེད་པ། འོང། མགར་གྱིས་ཨ་ནི་ན་བརྫུ་བཏབ་བྱས་ནས་ཨ་ནི་ག་རེ་བྱེད་དགོས་རེད། ཟེར་དུས་ཙ་ནས། ཨ་ནི་ང་བོད་ཀྱི་རི་མཐོང་ས་ལ། ལྷ་གསོལ་ག་འགྲོ་གོ་རེད། ཟེར། ཨ་ནི། ག་རེ་དགོས་རེད་ཟེར་ན། དར་ཟབ་མེ་ལ་བསྲེགས་པའི་ཨ་ནི། སོལ། ཐལ་བ་བྱས། རེད་པཱ།
  • རྒན་སངས་བདག་རྡོ་རྗེ་ལགས
    ད་ག་ནང་བཞིན་ཨ་ནི་དེ་འདྲས། རྫས་དེ་འདྲས་དགོས་ཀྱི་ཡོའོ་རེད་ཟེར་བྱས་བྱས་ལབ་པ་རེད། ཟེར། ཨ་ནི། དེ་འདྲས་ཟེར་ཙང་། མཐར་ཨ་ནི། དར་རྒྱ་ནག་གི་དར་མང་པོ་ཅིག་༼ཞིག་༽མེ་ལ་ཀྲག་པ་༼བསྲེགས་པ་༽རེད་པ།
  • རྒན་སངས་བདག་རྡོ་རྗེ་ལགས
    ད་དེ་གས་ཀྱི་དོན་དག་ལ། ཝ་ད། ཨ་ནི།གཞུག་གུ་ལ་ཨ་ནི། བློན་པོ་མགར་གས། ཨ་ནི། རྟ་མོག་དྲོ་མགོ་དཀར་དང་། དེ་འདྲས་བཞོན་བྱས་ནས། མགོ་དམར་ཟེར་ཡས་དེ་འདྲས་བཞོན། ཨ་ནི། ལྷ་གསོལ་ག་ཕྱིན་པ་རེད་ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    ལྷ་གསོལ་ག་འགྲོ་དུས་ཙམ་ནས། ཨ་ནི་ག་རེ་བྱས་པ་རེད། ཟེར། ལྷ་གསོལ་རོགས་མི་མང་པོ་ཡོད། མི་མང་པོ་དེ་གས་ལ་ཡ་ ཨ་ནི། ཤ་ལ་ཚྭ་མང་པོ་བྱུགས་བྱས་ནས་འཁྱེར་བྱས་ནས། ཨ་ནི་ལྷ་གསོལ་རོགས་བྱས་ནས། མི་ཡོང་མཁན་དེ་གས་ཀྱི། རྒྱ་ནག་གི་མི་ཡོང་མཁན་དེ་དག་གང་ག་ལ། ཤ་ཚྭ་ཆུ་སྟེར་པ་རེད་ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    ཤ་ཚ་ཆུ་བསྟེར་ནས། ཨ་ནི་ཁོང་ཚོ་ལ་ཤ་ཚ་ཆུ་སྟེར། ཁོ་ཚོ་ར་ཞེ་པོ་ཅིག་་ གང་ཟེར། ཁ་ཞེ་པོ་ཅིག་༼ཞིག་༽སྐོམ། ཁ་སྐོམ་པ་ཡིན་ཙང། ཁོ་ཚོ་ཆང་ཞེ་པོ་ཅིག་བཏུངས། ཨ་ནི། ཁོང་ཚོ་གང་ག་ར་བཟི་པ་དང་། ཨ་ནི། བློན་པོ་མགར་གྱི་བོས་༼བྲོས་༽ཡོང་པ་རེད། ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    བོས་༼བྲོས་༽ཡོང་དུས་ཙ་ནས། ཨ་ནི་ཡི་གེ་ལ་ག་རེ་བཞག་པ་རེད། ཟེར་ན། ཨ་ནི། འོང།ཁོང་ཚོའི་རྦད་དེ། ཨོང། ག་རེ་ཟེར། ཨ་ནི་རྒྱ་ནག་གི་མི་དེ་གས་གང་ག་ལོགས་ཀྱིས།  ཨཱ།མཚོན་ཆ་དེ་ཚོ་བཅག། འོང། འདུག་བཟོ་བྱསབྱས་ནས། བོད་ལ་བོས་༼བྲོས་༽ཡོང། བོས་༼བྲོས་༽ཡོང་དུས་ཙ་ནས། ཨ་ནི་ཡི་གེ་དེ་བཞག་པ་རེད་ཟེར་གྱི་ཡོའོ་རེད། ལབ་པ་རེད་ཟེར། ཁ་ནས་ལབ་པ་རེད་ཟེར། ཡིན་པ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    དར་ཟབ་མེ་ལ་བསྲེགས་པའི་ཐལ་བ་དེ༎ རྒྱལ་པོ་ཉེ་རིང་ཅན་དེའི་ན་བཟའ་མཛོད༎ ཟེར། དར། དར་ཟབ་མེ་ལ་ཀྲག་པ་ཟེར། ཀྲག་པའི་ཨ་ནི། སོལ།ཨཱ། ཐལ་ལ་དེ། རྒྱལ་པོ་ཉེ་རིང་ཅན་དེའི་ན་བཟའ། རྒྱལ་པོ་དེས་ཨ་ནི། ཨ།སྟག་གཟིགས་ལ་སོགས་པ། ཨ་ནི། དེ་ཚོའི་རྒྱལ་པོ་ལ་ཡག་ག་བྱས། བོད་ཀྱི། དེ་ཚོའི་གི་བློན་པོ་ལ་ཡག་པ་བྱས། བོད་ཀྱི་བློན་པོ་ལ་རྡུགས་པ།བྱས་པ་ཡིན་ཙང། དེ་འདྲས་ཀྱི་ཆ་ནས། ཨ་ནི་རྒྱལ་པོ། དང་པོ། བོད་ལ་སྟེར་འདོད་མེད་པ། བྱས་པ་ཡིན་ཙང། ཨ་ནི་རྒྱལ་པོ་ཉེ་རེང་ཅན་དེའི་ན་བཟའ་མཛོད་ཟེར། དར་ཟབ།
  • རྒན་སངས་བདག་རྡོ་རྗེ་ལགས
    སྙེ་མ་འབྲུ་མེད་ཐལ་བ་ནག་པོ་དེ༎ བཙུན་མོ་སེར་སྣ་ཅན་དེའི་རྒྱགས་ཕྱེ་མཛོད༎ ཟེར། སྙེ་མ་ལ་འབྲུ་སྐྱེ་ཡས་ཡོའོ་མ་རེད། གང་ཡིན་ཟེར་ན། འོང། ས་བོན་དེ་གས་བརྔོས་ནས། ཨ་ནི་མེ། ཡོས་བརྔོས་པ་ནང་བཞིན་བྱས་བཏབ་པ་ཡིན་ཙང་། ཨ་ནི་དུ་བ་ནང་བཞིན་གྱི་སྙེ་མ་དེ། ཨ་ནི། ས་བོན་བརྔོས་པ་ཅིག་༼ཞིག་༽གི་ཞིང་ཁ་བཏབ་པ་ཡིན་ན། ཨ་ནི། དུ་བ་རལ་པ་ཟེར་མཁན་ཅིག་༼ཞིག་༽གྱི། སྙེ་མ་དེ། འབྲུ་མེད་པའི་ཐལ་བ་ནག་པོ་ཅིག་༼ཞིག་༽ཡོའོ་རེད། ཝ་དེ་འདྲས། དེ་ཨ་ནི་བཙུན་མོ་རྒྱལ་མོ་སེར་སྣ་ཅན་དེའི། རྒྱགས་ཕྱེ་གནང་རོགས་གནང་ཟེར། དེ་ཨ་ནི་ཁྱེད་རང་གི་ཞལ་ལག་གནང་ཡས་བྱེད། ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    ནགས་ལ་མེ་རྒྱབ་སོལ་བའི་མདུང་ཤིང་དེ༎ ནགས་ལ་མེ་རྒྱབ་པའི་སོལ་བའི་མདུང་ཤིང་དེ་ནི། རྒྱལ་བུ་ལུས་རྩལ་ཅན་དེའི། ཨ་ནི།ཨ། ད་སྐབས་དེའི། ཐང་ཐའི་ཙུང་གི་སྲས་དེའི། ཨ་ནི་དེ་གནང་ཟེར། ག་རེ་ཟེར། མདུང་ཤིང་མཛོད།ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    ལུགས་ལ་མཚེར་ཁྲག་མེད་པར་བསད་པ་དེ༎ ལྷ་ཡི་དྲུང་དུ་སྡིག་བཤགས་སྨོན་ལམ། ཨ་ནི་ལུག་ལ་མཚེར་ཁྲག་མ་འདོན་པ་བྱས་བསད་དགོས་རེད། ཟེར། དེ་འདྲས། དེ་འདྲས་ཀྱི། ད་ནི་ཚི་ལུ་ཅིག་དག་དགོས་ཡོད། ག་རེ་ཟེར། དེ་དགོས་ཡོད་ཟེར་བྱས་བྱས་དེ་ལབ་པ་རེད་པཱ། བློན་པོ་མགར་གྱིས། དང་པོ། ལྷ་གསོལ་དུས། ཝ་ད།དེ་་ཚོ་རེད། དེ་ཡིན་ན་ཨ་ནི།ངས་ལྷའི་དྲུང་དུ་འདུད། ཨ་ནི། སྡིག་བཤགས་ཀྱི་སྨོན་ལམ་བྱེད་ཀྱི་ཡིན། ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    ལུས་ལ་ནད་མེད་མལ་དུ་ཉལ་བ་ལ༎ སྔས་མགོར་སྨན་པ་བོས་ནས་ཅི་ཞིག་བྱ༎ ད་གོ་བདེ་པོ་རེད་པཱ། ཁོ་བོ་མི་སྡོད་རང་གི་ཡུལ་དུ་འགྲོ༎ ཟེར་ལབ་བྱས། ཨ་ནི། འོང། ཡོང་པ་རེད། ཟེར་བྱས། རྒྱ་ནག་ནས་ཡར་བོད་ལ། ཨ་ནི་ག་རེ་ཟེར།  ཨཱ། རྒྱ་བཟའ་ཀོང་ཇོའི་རྗེས་ཟིན་པ་ཡར་ལོག་ཡོང་པ་རེད་ཟེར། ད་དེ་བར་སྐབས་དེའི་དེ་ཅིག་རེད། འོང།
  • རྒན་སངས་བདག་རྡོ་རྗེ་ལགས
    ད་གཤམ་གཤམ་དེའི། ཨ་ནི་ད་མཇུག་བྱང་དེ་གཅིག། ཁ་སིང་ཨ་ནི། དེའི་ནང་བླུགས་རོགས་བྱེད་གསུངས་རེད། མཇུག་བྱང་དེ་མར་གཅིག་བཤད་རོགས་བྱེད། ཟེར། ད་དེ་རིང་།ཨ།ད་ལྟ་འདིའི་མཇུག་བྱང་གི་བསྐོར་དེ་ཞུ་གི་ཡིན། ཤོག་ལྷེའི། ད་དེ་མི་རིགས་དཔེ་བསྐྲུན་ཁང་རེད་པ། 
  • རྒན་སངས་བདག་རྡོ་རྗེ་ལགས
    འོང། དེའི་ནང་གི་ཤོག་ལྷེ་གསར་མ་རེད། སྔ་མ་སྔ་མ་སྟོན་པ་དེ་མ་རེད། འོང། དེའི་ནང་གི། ད་ཤོག་ལྷེ་ག་པར་ཡོའོ་རེད། ཟེར་ན། ཤོག་ལྷེ་༡༩༥གང་དེའི། འདིར་སྨྲས་པ་ཟེར་བྱས་བྱས་ནས། ད་མཇུག་བྱང་རེད། ཨ་ལྔ་པ་ཆེན་པོ་རང་གིས། ཨ་ནི་སྙན་ངག་གི་ཐོག་ནས་བརྩམས་མཛད་པའི་མཇུག མཇུག་བྱང་དེ་རེད། 
  • རྒན་སངས་བདག་རྡོ་རྗེ་ལགས
    དབྱངས་གསལ་སྡེབ་ཀྱིས་སྲ་བར་བཅིངས་པའི་ལྕགས་རིའི་ཁོར་ཡུག་དབུས་ན་མངོན་མཐོ་གླེགས་བམ་རིན་ཆེན་རྡུལ་མང་བརྩེགས་པའི་བ་གམ་ན༎ དབྱངས་གསལ་སྡེབ་ཀྱིས། དབྱངས་གསལ་སྡེབ། ཤིན་ཏུ་དབྱངས་དང་གསལ་བྱེད། ཨ་ནི། ཚུར་སྡེབ། ཤིན་ཏུ་སྡེབ་ལེགས་ཤིང་ཟེར། སྡེབ་སྦྱོར་ཡག་པོ་བྱས་པ། དེ་འདྲས་ཀྱི་སྲ་བར་བཅིངས་པའི། ལྕགས་རི། ད་དབྱངས་གསལ་དེ་གས་དེ་ཡི་གེ་དེའི་ནང་གི། བརྩམས་བྱ་དེའི་ནང་གི། ཚིག་སྦྱོར་བྱེད་ཡས་ཀྱི། དང་པོའི་ཚིག། ཨ་ནི་སྙན་ངག་གི་ལུས་དེ་གས་དེ། དབྱངས་དང་གསལ་བྱེད་ཤིན་ཏུ་སྡེབ་ལེགས་པ། དེ་ལྕགས་རིའི། ཨ་ནི། གཟུགས་སུ་བཀོད་པ་རེད་པཱ། ཝ་ད།གཅིག་གི། ཁོར་ཡུག་གི་ལྕགས་རིའི་གཟུགས་སུ་བཀོད།
  • རྒན་སངས་བདག་རྡོ་རྗེ་ལགས
    ལྕགས་རིའི་ཁོར་ཡུག་དབུས་ན་མངོན་མཐོ་གླེགས་བམ་རིན་ཆེན་རྡུལ་མང་བརྩེགས་པའི་བ་གམ་ན། ཟེར།ལྕགས་རིའི་དབུས་ན། མངོན་པར་མཐོ་བའི་གླེགས་བམ། ཟེར། ད་འདི་གླེགས་བམ་ཆགས་པ་རེད་པཱ། དེ་གས་དེ། དབྱངས་གསལ་ལ་རྟེན་ནས། གླེགས་བམ་བརྩེགས་པ་རེད། ཝ་ད་དེ་རེད། དབྱངས་གསལ་སྡེབ་ལེགས་ཀྱི་ལྕགས་རི། ཁོར་ཡུག་ན། དེ་ནི། རིན་ཆེན་རྡུལ་མང་བརྩེགས་པ། འོང།ད་ནི་ཨོ། དེ་གླེགས་བམ་དེ། ད་རིན་པོ་ཆེ་རྡུལ་མང་བརྩེགས་པ་དེ། ཨ་ནི།རིན་པོ་ཆེ་བརྩེགས་པ་ལྟ་བུ་ཞིག་ལ་བཞག་རེད་པཱ།
  • རྒན་སངས་བདག་རྡོ་རྗེ་ལགས
    འགལ་བའི་ཁུར་མང་གྱ་གྱུའི་ཚུལ་སྤངས་ལེགས་ལེགས་བཤད་ཁམས་ཀྱི་དྭངས་མ་ཀུན་བསྡུས་ཚར་དུ་དངར་བའི་དེབ་ཐེར་རི་དྭགས་མིག་ཅན་མ༎ འགལ་བའི་ཁུར་མང། ཟེར་དུས་ཙ་ནས།
  • རྒན་སངས་བདག་རྡོ་རྗེ་ལགས
    ད་ཁ་ཤས་གས་༼ཀྱིས་༽། ལོ་རྒྱུས་ཡིན་ནའི་འདྲ། ག་རེ་ཡིན་ནའི། འགལ་བ་འགལ་འདུ་མང་པོ་ཡོད་ན། འགྲིག་གི་མ་རེད་པ། བྱས་ཙང། ད་རེས་ཀྱི་ང་རའི། ཨ་ནི། རྒྱལ་བ་ལྔ་པ་ཆེན་པོའི་དེའི་ནང་ལ། འགལ་བའི་ཁུར་མང། གྱ་གྱུའི་ཚུལ་སྤངས། འགལ་བའི་ཁུར་ཡང། འགལ་བ།ཨ་ནི། སྔ།ཚིག་སྔ་ཕྱི་འགལ་བ། ལོ་རྒྱུས་སྔ་ཕྱི་གལ་བ་ལ་སོགས་པ། དེ་འདྲས་ཀྱི་མེད་པ། ཨ་ནི། ཚིག་ལ། ཨ།བདེན་པ་མ་ཡིན་པ། གྱ་གྱུའི་ཚུལ་དེ་འདྲས་མེད་པ། 
  • རྒན་སངས་བདག་རྡོ་རྗེ་ལགས
    ལེགས་པར་བཤད་པ། ཨ་ནི།ཁམས་ཀྱི་དྭངས་མ་ལྟ་བུ། རེད་པ། བདུད་རྩིའི། རེད་པཱ། སྙིང་བཅུད་ལྟ་བུ། ཝ་ད་དེ་འདྲས། མཚར་དུ་མངར་བའི་དེབ་ཐེར། ཨ་ནི། རི་དྭགས་མིག་ཅན་མ་ཟེར་དུས། དེབ་ཐེར་འདིས། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དི། རི་དེ། ཨ་ནི་རི་དྭགས་མིག་ཅན་མའི་གཟུགས་སུ་བཀོད། ཤིན་ཏུ།ཨ། དེ་བྱས།རི་དྭགས་མིག་ཅན་པ་ནི། མཛེས་མོའི་དོན་དག་རེད་པཱ།
  • རྒན་སངས་བདག་རྡོ་རྗེ་ལགས
    ཉམས་འགྱུར་འཇོ་སྒེག་གར་གྱི་རྣམ་རྟོལ༎ ད། ད་ལྟ། གོང་ལ་བཤད་བཞག་པའི། རི་དྭགས་མིག་ཅན་མ་དེའི། ཉམས་དང་འགྱུར་བ། རེད་པ། ཨ་ནི། སྙིང་རྗེ་པོ། འཇོ་སྒེག འོང།སྒེག་པ། དེ་འདྲས་ཀྱི། རྣམ་པ་རོལ་བ། བཅད་ལྷུག་སྤེལ་མའི། དབྱངས་བདུན་ལྷུར་ལེན་ཚིག་དོན་མ་འདྲེས། ཟུང། ཟུར་མིག་དབང་གཞུ་ལྟར་འཁྱུག་ཅིང། ད། རི་དྭགས་མིག་ཅན་མ་དེའི། ཟེར་གྱི་ཡོའོ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ད་ལྟ། ཨ་དེབ་ཐེར་རི་དྭགས་མིག་ཅན་མ་དེའི་ནང་ལ་ཉམས་འགྱུར་གྱི་འཇོ་སྒེག་གི་རྣམ་པར་རོལ་བ་རེད་པ། སྙིང་རྗེ་པོ་ཞེ་དྲག ཨ་ནི། ཉམས་དང་འགྱུར་བ་དག་གི་གཏམ་པ།
  • རྒན་སངས་བདག་རྡོ་རྗེ་ལགས
    བཅད་ལྷུག་སྤེལ་མ། ད་ཉམས་འགྱུར། བུད་མེད་ཀྱི་ཨ་ནི་ཉམས་འགྱུར་མཛེས་པོ་དེ་གས་དེ། ཨ་ནི།དེའི་ནང་གི་བཅད་ལྷུག་སྤེལ་མའི་ཚིག་སྦྱོར་དེ་གས་ཀྱི་གཟུགས་སུ་བཀོད་བྱས། རེད་པ།
  • རྒན་སངས་བདག་རྡོ་རྗེ་ལགས
    འོང། བཅད་ལྷུག་སྤེལ་མའི་དབྱངས་བདུན་ལྷུར་ལེན། བཅད་ལྷུག་སྤེལ་མ། ཚིགས་པ། ཚིགས་སུ་བཅད་ལྷུག་སྤེལ་མ་ཟེར་ཡས་དེ། ད་སྙན་ངག་གི་ལུས་རེད། སྙན་ངག་གྱི་ལུས་ལ་གསུམ་རེད་པ། ཚིགས་སུ་བཅད་པ་དང། ཚིགས་ལྷུག་དང། ཨ་ནི། བཅད་ལྷུག་སྤེལ་མ། འོང།
  • རྒན་སངས་བདག་རྡོ་རྗེ་ལགས
    ཚིགས་བཅད་དང་ལྷུག་པ་གཉིས་སྤེལ་མའི་གནས་སྐབས། ཝ་ད་དེ་འདྲས་ཟེར་བྱས་ནས། སྙན་ངག་གི་ལུས་ལ་གསུམ་རེད། ལུས་གསུམ་པོ་དེ་དེའི་ནང་ལ་ཆ་ཚང་བ་ཡོའོ་རེད་པཱ། ཝ་ད། བཅད་ལྷུག་སྤེལ་མའི་དབྱངས་བདུན་ལྷུར་ལེན། དབྱངས་བདུན་ཟེར་དུས་ཙམ་ནས། ད། ཨ་འ། ང་ཚོས་དེ་རེད། ག་རེ་ཟེར། ཨ་ནི། ཨོ།
  • རྒན་སངས་བདག་རྡོ་རྗེ་ལགས
    དེང་སང་ཡིན་ན། ད། ཨོང། གྲོའོ་རལ་མི་ཧྥ་༼དབྱངས་བདུན་གྱི་ནང་གསེས་༽ཟེར་ཡས་དེ་འདྲས་ད། ཨ་ནི།ཨ། དེང་སང་གི་ཁག་ཅིག་གི་ནང་ལ་ཡ། ཨ་ནིའི་ཨའེ་བི་ཟེར་ཡས། དེ་འདྲས་ཡོང་གི་ཡོའོ་རེད། གཞི་ཨ་ནི། ག་རེ་ཟེར་ཟེར་དགོས་རེད། 
  • རྒན་སངས་བདག་རྡོ་རྗེ་ལགས
    འཁོར་ཉན། བར་མ། དེ་འདྲས་ཀྱི། ད་ཨོང། ཨོང། དེ་ཡོའོ་རེད་པ། ག་རེ་ཟེར༎ དབྱངས་བདུན།འོང། གླུ་དབྱངས་ཀྱི་ངེས་པ་བདུན། ཟེར་ཡས་ཅིག་༼ཤིག་༽། འོང། གླུ་དབྱངས་ཀྱི་ངེས་པ་བདུན་ཟེར་ཡས་དེ། ཝ་ད་དེ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    གླུ་དབྱངས་ཀྱི་ངེས་པ་བདུན་ལྷུར་ལེན་ཅིང་༼ཞིང་༽། འོང། མ་འདྲེས་པའི་ཟུར་མིག། ད་ཨ་ནི། ད་ལྟ།བུད་མེད་མཛེས་མའི་གཟུགས་སུ་བཀོད་པའི། ཨ་ནི། དེབ་ཐེར་གྱི།དི་གཟུགས་སུ་བཀོད་སོང་ང། དེ་ཨ་ནི། ཤིན་ཏུ་སྙན་པའི་གླུ་དབྱངས་ད་གླེམ། གླེང་པ་ནང་བཞིན། དེ་གས་ཀྱི་ཐོག་ནས། ཨ་ནིའི། ཚིགས། ཚིགས་སུ། ཚིགས་བཅད། 
  • རྒན་སངས་བདག་རྡོ་རྗེ་ལགས
    ཟུར་མིག་དབང་གཞུ་ལྟར་འཁྱུག་ཅིང་། ཟུར་མིག། ཟུར་མིག་ཟེར་དུས་ཙ་ནས། ད་ལྟ་བུད་མེད་མཛེས་མའི་གཟུགས་སུ་བཀོད་སོང་ང་། འོ་ཨོ། མ་འདྲེས་པའི་ཚིག་གསལ་པོ་དེ་ལ། མ་འདྲེས་པའི་ཚིག་དོན། ཚིག་དོན་མ་འདྲེས་པ། སོ་སོར་གསལ་བ། ཤིན་ཏུ། ཨ་ནི། གོ་བདེ་བ། མ་རྟོགས་པ་དང། ལོག་པར་རྟོགས་པ་དང་། ཐེ་ཚོམ་གྱི་རྒྱུ་དང་འབྲལ་བ། དེ་འདྲས་ཡིན་དུས་ཙ་ནས། ཨ་ནི། ཟུང་དེར། རྦད་དེ། ཨ་ནི། མ་འདྲེས་ཟེར། འོང།ཚིག་དོན་མ་འདྲེས་པ། འོང་། 
  • རྒན་སངས་བདག་རྡོ་རྗེ་ལགས
    ཟུར་མིག་དབང་གཞུ་ལྟར་འཁྱུག་ཅིང། དབང་གཞུ་ཟེར་དུས་བརྒྱ་བྱིན་གཞུ་སྟེ། དེ་ལ་ཟེར་གྱི་རེད་པ། ག་རེ་ཟག་༼ཟེར་༽། ཨའེ། འཇའ་མཚོན་ལ་ཟེར་གྱི་རེད་པཱ། དཱ་དེ་གིས་༼དེ་གིན་༽དེའི་ཨོ། ཏིག་སེ་༼རྟོག་ཙམ་༽དྲན་སོང། དེ་གིས་དྲན་ལ་མ་དྲན་བྱས་བྱས་ནས།
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ནི། དབྱངས་བདུན་ཚོ། ལྔ་པ།དྲང་སྲོང།འཁོར་ཉན།བར་མ། ཟེར། ཝ་ད། དེ་འདྲས་ཟེར་ཡོའོ་རེད། ཝ་དེ་འདྲས་ཀྱི། ད་ནི། གླུ་དབྱངས་ཀྱི་ངེས་པ་བདུན་ཟེར་ཡས་དེ། འདུག་བཟོ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ཝ་ད་། ཟུར་མིག་དེ་དབང་གཞུའི་གཟུགས་སུ་བཀོད། ད་དེའི་ནང་ལའི། དབང་གཞུའི་གཟུགས། ཟེར་ནའི། ཐོད་དེར་གཟུགས་རྒྱན་བྱས། དབང་གཞུ་ལྟར་འཁྱུག་ཅིང། ཟུར་མིག་དེ་དབང་གཞུ་ལྟར་ཟེར་དུས། ད་ནི་དཔེ་རེད། ད་དཔེ་རྒྱན་དང་གཟུགས་རྒྱན་འདྲེས་པའི་བཟོ་འདྲ་གཅིག་རེད
  • རྒན་སངས་བདག་རྡོ་རྗེ་ལགས
    མངོན་བརྗོད་ཨུ་དུམ་ཝཱ་རའི་ཕྲེང་མཛེས་གཏམ་རྒྱུད་མགོ་སྐྱེས་གཡོན་འཕྱང་མ་འདི་བློ་ལྡན་བརྒྱ་བྱིན་དག་ལས་གཞན་གྱི་སྤྱོད་ཡུལ་མིན༎ མངོན་བརྗོད། ད་དེའི་ནང་ལའི་མིང་མངོན་བརྗོད་ཀྱི་བརྒྱན་པ། མངོན་བརྗོད་དེ་ཨུ་དུམ་ཝཱ་ར་རེད་ཟེར། ཕྲེང་བའི་གཟུགས་སུ་བཀོད།
  • རྒན་སངས་བདག་རྡོ་རྗེ་ལགས
    གཏམ་རྒྱུད་མགོ་སྐྱེས། ཟེར་དུས། གཏམ་རྒྱུད་དེ་ཡང་ཨ་ནི། བུད་མེད་ཀྱི་མཛེས་མའི་མགོ་སྐྱེས། མགོ་སྐྱེས་གཡོན་འཕྱང་མ་ཟེར། མགོ་སྐྱེས་ཀྱི། མགོ་སྐྱེས་ནི་སྐྲ་ལོ་རེད་པ། སྐྲ་ལོ་གཡོན་འཕྱང་མ་ཟེར། ཤིན་ཏུ་མཛེས་པ་སྐྲ་ལོ་གཡོན་ལ་འཕྱང་མ། དེ་ལྟ་བུའི། ཨ་ནི། མཛེས་མ་དེ་ལྟ་བུ་ནི། ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    དཱ། དེབ་ཐེར་འདི་མཛེས་མའི་གཟུགས་སུ་བཀོད། དཱ། ཀློགས་མཁན་ལྟ་བུ་དེ་གས་དེ་ཨ་ནི། བརྒྱ་བྱིན་གྱི་གཟུགས་སུ་བཀོད། དེ་དི་ནི། བརྒྱ་བྱིན་གྱི་བཙུན་མོ་ནང་བཞིན་གྱི་མཛེས་མ་ནི། ཨ་ནི། ད་དི་ལྟ་བུའི་གཡོན་འཕྱང་མ་དེ། མཛེས་མ་དེ་ནི། རེད་པ། བློ་གྲོས་དང་ལྡན་པ། བརྒྱ་བྱིན་མ་གཏོགས། གཞན་དག་གི་སྤྱོད་ཡུལ་མ་རེད། ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    བློ་གྲོས་དང་ལྡན་པའི་ཀློག བཀླག་གྱི་རེད། བློ་གྲོས་དང་མ་ལྡན་པའི་མིག་གི་སྤྱོད་ཡུལ་མ་རེད། གསུངས་ཡས་ད་བྱས་ཙང་༼དེར་རྟེན་༽ དེའི་ནང་ལ་བློ་གྲོས་དང་ལྡན་པ་དག། བརྒྱ་བྱིན་གྱི་གཟུགས་སུ་བཀོད། ཝ་ད། དེ་འདྲས་ཟེར་བྱས་པ་རེད། འོང་དེ་གས་ཨ་ནི། གཟུགས་ཅན་འདྲེས་པ་བྱས།
  • རྒན་སངས་བདག་རྡོ་རྗེ་ལགས
    དཱ། ཀ་རན་ཊ་ལྟར་ཡ་རབས་མཆོག་གི་སྤྱོད་ཚུལ་སྣོད་དུ་ཅ་ཅོའི་ངག་སྤངས་ཁུངས་ལྡན་ལོ་རྒྱུས་དབུས་འགྱུར་ཏ་ལའི་གླེགས་བམ་ཇི་བཞིན་རབ་བརྟན་བ་རི་ཛྲཱ་ཡི་པུསྟ་ཀ༎ དཱ། ཀ་རན་ཊ། ཟེར་དུས།
  • རྒན་སངས་བདག་རྡོ་རྗེ་ལགས
     ཤིན་ཏུ་དྭངས་པའི་དོན་དག་རེད་པཱ། ཤིན་ཏུ་དྭངས་པའི་ཤེལ་ཀ་རན་ཊ་ལྟར་ཤིན་ཏུ། ཀ་རན་ཊ་ལྟར། ཡ་རབས་མཆོག་གྱི་སྤྱོད་ཚུལ། སྣོད་དུ་ཤིན་ཏུ་དྭངས་ཤིང་གསལ་བའི་ཡ་རབས་ཀྱི། མཆོག་གི། སྤྱོད་ཚུལ་གྱི། གནས་ལྟ་བའོ། ཡང་དེའི། དེའི་ནང་ལ་ཡ། ཀ་ཅ་ཙ་པ་ཏ། ཟེར་བྱས་བྱས་ནས། ཡང་སྒྲ་རྒྱན་སྦྱར་ཡོའོ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ཀ་རན་ཊ། ཟེར་དུས་ཀ་འདུག་ག། དཱ་ཀ་རན་ཊ་ལྟར་ཡ་རབས་མཆོག་གི་སྤྱོད་ཚུལ་སྣོད་དུ་ཅ་ཅོའི་ངག་སྤངས། ཀ་ཅ་བྱུང། ཆགས་ཚར་རེད་པཱ། འོང། ཅ་ཅོའི་ངག་སྤངས་ཁུངས་ལྡན་ལོ་རྒྱུས་དབུས་འགྱུར་ཏ་ལའི། ཀ་ཅ་ཏ། ཟེར་ཆགས་སོང་ང། གླེགས་བམ་ཇི་བཞིན་རབ་གསལ་བ་རི་ཛྲཱ་ཡི་པུསྟ་ཀ༎ འོང། ཀ་ཅ་་ཏ་པ། ཟེར་བྱུང་སོང་ང། འོང། ཝ་ད་འདུག་བཟོ་བྱས་བྱས་ནས། ཨ་ནི། དེའི་ནང་གི་ཀ་རན་ཊ། ཟེར་མཁན་དེ། དྭངས་པའི་ཤེལ་ལ་གོ
  • རྒན་སངས་བདག་རྡོ་རྗེ་ལགས
    ད་དེའི་ནང་ཡ་རབ་མཆོག་གི་སྤྱོད་ཚུལ་འདོད་ཅ་ཅོའི་ངག་སྤངས། ཟེར། ཨ་ནི། ཅ་ཅོའི། ཚ་རི། དེ། ད་ག་ཟེར། ཨ་ནི་སྐད་ཆ། ཨ། རྙོག་གྲ། ག་རེ་ཟེར་གོ་རེད། དཱ། ཚིག་རྙོག་སྤངས་པ་ཟེར་གྱི་ཡོའོ་རེད་དཱ། ཅ་ཅོའི་ངག་སྤངས།
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ནི། ལོ་རྒྱུས་ཀྱི་དབུས་འགྱུར་ཏ་ལའི་གླེགས་བམ་ཟེར་ན། ཤིང་ཏ་ལའི་གླེགས་བམ་ལ་ཡ། དེ་ནི། འོང།ས། ཨ་ནི། ད་སངས་རྒྱས་ཀྱིས་དེ་བྲིས་པ་ནང་བཞིན། འོང་། དབུས་འགྱུར། ཡུལ་དབུས་འགྱུར་ཟེར་དུས་ཙ་ནས། ཨེ་ རྒྱ་གར་གྱི་ཡུལ་རེད་པཱ་ད། འོང། འཕགས་པའི་ཡུལ་གྱི་ཏ་ལའི་གླེགས་བམ་ཇི་བཞིན། འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི། ཤིང་ཏ་ལའི་ལོ་མ་ལ་ཡ། སངས་རྒྱས་ཀྱི་བཀའ་བྲིས་པ་བཞིན་དུ། གསུངས་ཀྱི་མིན་འགྲོ་ད། ད་གླེགས་བམ་ཇི་བཞིན། རེད་པཱ།
  • རྒན་སངས་བདག་རྡོ་རྗེ་ལགས
    རབ་ཏུ་གསལ་བ། ཤིན་ཏུ་གསལ་བ། བ་རི་ཛྲཱ་ཡི་པུསྟི་ཀ། གསེར་གྱི་པུསྟི་ཀ། ཟེར་ཡས་འདྲ་གཅིག་རེད། ད་དེ་འདུག་བཟོ་བྱས། ད་དེ་ནས། ཁ་ལ་སླེབས་པ་རེད་པཱ། ཁ་ཅ་ཐ་ཕ་ཚ་ལ། སླེབས་ཀྱི་ཡོད་པ།
  • རྒན་སངས་བདག་རྡོ་རྗེ་ལགས
    ཁ་དོག་ཚིག་དོན་མ་འདྲེས་ལང་ཚོ་རྣམ་པར་བཀྲ་བའི་ཆ་ནས། ཁ་ཆ་བྱུང་ཚར་སོང་ང། འོང། ཡོངས་རྫོགས་སྙན་ཚིགས་བསིལ་ཟེར་མདངས་ཀྱིས་ཐ་གྲུ། ཨེ།ཁ་ཆ་ཐ། ཐ་བྱུང་སོང་ང། ཐ་གྲུ་ཀུན་གྱི་སྒྲ་འཛིན་བདུད་རྩི་ཕ་རོལ་ཤེས་ལྡན་དགའ་སྟོན་ཆེ། ཕ་རོལ་གྱི་ཀློག་པ་པོ་ཤེས་ལྡན་རྣམས་ཀྱི་དགའ་སྟོན་རེད། གསུངས་ཀྱི་ཡོའོ་རེད། ད་དེའི་ནང་ལ།
  • རྒན་སངས་བདག་རྡོ་རྗེ་ལགས
    ཁ་དོག་ཚིག་དོན་མ་འདྲེས་པ་རྣམ་པར་བཀྲ་བ། འོང། ཆ་ཤས་ཡོངས་སུ། འོ། ཤ་ཆས་ཡོངས་སུ་རྫོགས་པ། ཆ་ཚང་ལ་མ་ཚང་མ་ཡིན་པ། ཆ་ཤས་ཡོངས་སུ་རྫོགས་པའི། སྙན་ཚིགས་བསིལ་ཟེར་མདངས་ཀྱིས། ཟེར་དུས། ཨ་ནི། འོང། ཡོངས་སུ་རྫོགས་པ་དི། ཆ་ཤས་ཡོངས་སུ་རྫོགས་པ་ཟེར། ཟླ་བ་ཉ་གང་བ་ལ་ཟེར་གྱི་ཡོའོ་རེད་པཱ། བསིལ་ཟེར་ཅན་ཟེར། ཟླ་བ་རེད། ཆ་ཤས་ཡོངས་སུ་རྫོགས་པ་ཟེར་དུས། ཉ་གང་བ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ཝ་ད། ཟླ་བ་ཉ་གང་བའི་གཟུགས་སུ་བཀོད། དེ་ཨ་དེའི་མདངས་དེ། ཟླ་བ་ཉ་གང་བའི་མདངས་དེ། ཐ་གྲུ་ཀུན་ཏུ། ཟླ་བའི་འོད་ཟེར་ཁྱབ་པ་བཞིན་དུ། ཐ་གྲུ་ཀུན་དུ། ཨ་ནི། ཨ། ཀུན་གྱི་ཁྱབ་པའི་སྒྲ་འཛིན་གྱི་བདུད་རྩི། ཨ་ནི། སྙན་པོ་ཡིན་པ། 
  • རྒན་སངས་བདག་རྡོ་རྗེ་ལགས
    སྒྲ་འཛིན་ཟེར་ན། ཨམ་ཅོག་རེད་པ། ཨམ་ཅོག་ལ་ཡ། ད་ཨ། བདུད་རྩི། ཨམ་ཅོག་གི་བདུད་རྩི་ལ་ཡ་ཕ་རོལ་ཤེས་ལྡན་དགའ་སྟོན་བྱེད། ཟེར་དུས་ཙམ་ནས་ཀློག་པ་པོ་རྣམས་ཀྱི། ཤེས་ལྡན།  ཤེས་ལྡན་གྱི་དགའ་སྟོན་དུ་ཨ་ནི། ཨོང། ཕན་པ་ཞིག་རེད་ཟེར། ཕན་ཆེན་པོ་ཐོབ་པ་ཞིག་རེད། གསུང་གི་ཡོའོ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ག་ཛ་ལྟ་བུའི་ཟེར། ག་ཛ་ཟེར་དུས་ཙ་ནས་ད་གླང་ཆེན་ལྟ་བུའི་ང། གླང་ཆེན་དྲེགས་ལྡན་ལྟ་བུ་དེ་རེད། ལྟ་བུ་ཟེར་དུས་ཙ་ནས་ཨ་ནི། མཚུངས་པ་གསལ་བྱེད་ཀྱི་སྒྲ་རེད། གླང་ཆེན་ལྟ་བུའི་ཟེར། ད་དེའི། ག་ཇ་ད་བ་ཛ། དེ་གས་སླེབས་ཀྱི་ཡོའོ་རེད་པ། 
  • རྒན་སངས་བདག་རྡོ་རྗེ་ལགས
    འོང། ག་ཛ་ལྟ་བུའི་དྲེགས་ལྡན་བླུན་པོ། གླང་ཆེན་བླུན་པོའི་གི་གླང་ཆེན་ནང་བཞིན་གྱི་དྲེགས་པ་ང་རྒྱལ་ཅན་གྱི། བླུན་པོ། དེ་འདྲས་ལའི་ཟེར་གྱི་ཡོའོ་རེད་པ། ག་ཛ་ལྟ་བུའི་དྲེགས་ལྡན་བླུན་པོ་ལེགས་བཤད། ཨའོ། སྐྱེས་ལས་ཇ་ཆང་བཏུང་བ་འབའ་ཞིག་དོན་དུ་གཉེར་ཕྱིར། ད་ལྟའི་དུས་ཀྱི་སྣང་ཚུལ་འདི་ལ་བ་གླང་སྤྱོད་ལས་གཞན་མི་བྲིན། ཟེར་གྱི་ཡོའོ་རེད་དཱ། 
  • རྒན་སངས་བདག་རྡོ་རྗེ་ལགས
    ང་རྒྱལ་ཅན་གླང་ཆེན་ལྟ་བུའི། ང་རྒྱལ་ཅན་གྱི་བླུན་པོ་ནི་ལེགས་བཤད་ཀྱི་སྐྱེས་ལས་ད། ཇ་ཆང་ལ་དགའ་བྱེད་ཀྱི་རེད་ཟེར། འོང། ཇ་ཆང་འགའ་དོན་དུ་གཉེར་བ་ལ་ཇ་ཆང། ཇ་ཕོར་པ་གང་ཙམ་བསྟེར་མཁན་བྱུང་ན། ཆང་ཕོར་པ་གང།གང་ཙམ་བསྟེར་མཁན་བྱུང་ན། དེ་ལ་དགའ་པོ་བྱེད་ཀྱི་རེད་མ་གཏོགས། ལེགས་བཤད་ལ་དགའ་པོ་བྱེད་ཀྱི་མ་རེད། གསུངས་ཀྱི་ཡོའོ་རེད་ད། ང་རྒྱལ་ཅན་གྱི། བླུན་པོ་དེ་གས།
  • རྒན་སངས་བདག་རྡོ་རྗེ་ལགས
    དེ་འདྲས་ཡིན་པའི། ཇ་ཆང་ཁོ་འདྲ་དོན་དུ་གཉེར་མཁན་གྱི། དེ་འདྲས་ཡིན་པའི་ཕྱིར་ན། ཨེ་ན། ད་དེའི་གནས་ཚུལ་དེ་ལ་ཡ། ཨ་ནི། བ་གླང་སྤྱོད་པ་དེ་ཚོ། བ་ཕྱུགས་གླང་གོག་འཚོ་མཁན་བཟོ་འདྲ་གཅིག་མ་གཏོགས། ཨ་ནི། མཁས་པ་གའི་དྲན་གྱི་མ་རེད། ཟེར། གཞན་མི་དྲན་ཟེར་ཡས་དེ། ད་དེ། ཨ། ག་ཇ་ད་བ་ཛ་བྱས། 
  • རྒན་སངས་བདག་རྡོ་རྗེ་ལགས
    ད། ང་ཉ། རེད་པཱ། འོང་་་་། ང་ལ་སླེབས་པ་རེད་པ། འོ། ང་ཉ་ན། མ། དེ་གས་ལ་སླེབས་ཀྱི་ཡོའོ་རེད། རེད་པ། འོང།
  • རྒན་སངས་བདག་རྡོ་རྗེ་ལགས
    ང་ཞེས་སྟོབས་ནོར་སྙེམས་པས་འགྱིང་ཡང་ཤེས་ལྡན་རིག་པའི་ཉ་གར་གཞལ་ཚེ་ལྕི་དང་ཡང་བའི་མཐའ་མཐའ་མཐའའབྲལ་ན་རའི་དབུས་ན་གཡུང་པོར་མཐོང་བས་མ་དམད་འགྲོ་བ་ཤིན་ཏུ་དཀོན༎ འོང། ད་དི་རེད། ང་ཞེས། སྟོབས་ནོར་གྱིས་སྙེམས་པས་འགྱིངས་ཡང། སྟོབས་དང་འབྱོར་པས་ནི། ང་ཡིན། ངའོ་སྙམ་པའི་བློ་ཡིས་སྟོབས་དང་འབྱོར་པས། སྙེམས་པ་དེ་འདྲས་ཡང། ཤེས་ལྡན་རིག་པའི་ཉ་ག་ལ་གཞལ། གཞལ་དུས་ཙ་ནས། ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    ཤེས་ལྡན་གྱི་རིག་པའི་ཉ་ག་ལ་ཡར་བཀྱག་དུས་ཙ་ནས་ཡང་ལྕི་ཡོའོ་མ་རེད། ཟེར། འོང། ན་ར་ཟེར་དུས་ད་དེའི་ནང་ལ་མི་གསུངས་ཀྱི་ཡོའོ་རེད། མིའི་དཀྱིལ་ལ་ཨ་ནི་གཡུང་པོ་ཟེར་དུས་ཙ་ནས། ད།  རིགས་ངན་འདྲ་པོ། ཝ་ད། དེ་འདྲས་ལ་མཐོང་བ་ལས། ཨ་་ནི།སྨད་པར་བྱེད་པ། འོང། ཨེ། སྨད་ཡུལ་ལ་སྨད་པ་དང། བསྟོད་ས་ལ་བསྟོད་པ། དེ་འདྲས། དབྱེ་བ་འབྱེད་པ་དེ་ཤིན་ཏུ་དཀོན། གསུང་གི་ཡོད་པ་འདྲ། 
  • རྒན་སངས་བདག་རྡོ་རྗེ་ལགས
    ད་དེ། ན།ན་བྱུང་སོང་ང། ད་ཙ་ལ་ཕྱིན་པ་རེད། ཀ་ཅ་ཏ་ཙ། ཙ།ཙ་ཡི་གང་ལ། འོང། ཙ་ཀོ་ར་ཡི། ཙ་ཚ་ཛ་དེ། བསྟན་གྱི་ཡོའོ་རེད་པ། འོང། 
  • རྒན་སངས་བདག་རྡོ་རྗེ་ལགས
    ཙ་ཀོ་ར་ཡི་ལུས་འདེགས་བློ་ཡིས་ཤེས་བྱའི་མཁའ་ལ་བགྲོད་ཚེ་ཞྭ་བོ་ཇི་བཞིན་མཐུ་དང་བྲལ་ཡང་ར་གན་གསེར་གྱི་ཟོལ་ཅན་འགའ་ཞིག་གིས༎ ཙ་གོ་ར། ཟེར་ན། འོང། དེ་རེད་པཱ། ཨོང།བྱ་་་་་ག་རེ་ཟེར།དེ། ཨོང། གཅིག་ཟེར་གྱི་འདུག་ག གོང་མ་རེད་པཱ། འོང་ད། གོང་མ་ཡིན་པ་ཡོད།
  • རྒན་སངས་བདག་རྡོ་རྗེ་ལགས
    ཙ་ཀོ་ར་ཡི་ལུས་འདེགས་ཟེར། ད་བྱ་གོང་མ་ཟེར་མཁན་དེ་ལ། ཨ་ནི། གཤོག་རྩལ་ཡོའོ་མ་རེད། ལུས་འདེགས་ཟེར་ན། ཨ་གཤོག་པའི་མིང་རེད་ད། བྱའི། བྱས་ཙང་ཙ་ཀོ་ར་ཡི་ལུས་འདེགས་བློ་ཡི་ཟེར། ཙ་ཀོ་རའི་གཤོག་རྩལ་གྱི་གཤོག་རྩལ་མེད་བཞིན་དུ། དེ་འདྲས་ཅིག་གི་བློ་ཡི་ཤེས་བྱའི་མཁའ་ལ། སྒྲོལ། འགྲོ་དགོས་བྱུང་ན་ཟེར། 
  • རྒན་སངས་བདག་རྡོ་རྗེ་ལགས
    དེ་འདྲས་གཅིག་གི། གཤོག་རྩལ་གྱིས་ཤེས་བྱའི་མཁའ་ལ། ཨ་ནི། ད་བློ་གྲོས་ཀྱི་གཤོག་རྩལ་དམན་པ་ཟེར་ཡས་དེ་གོ་པོ་རེད་པཱ། བློ་གྲོས་དེ་གཤོག་རྩལ་གཟུགས་སུ་བཀོད།  གཤོག་རྩལ་གཟུགས་སུ་བཀོད་སོང་ང། ཤེས་བྱ་དེ་ནམ་མཁའི་གཟུགས་སུ་བཀོད།
  • རྒན་སངས་བདག་རྡོ་རྗེ་ལགས
    འོང། བྱས་ཙང། ཨ་ནི། ཙ་ཀོ་ར་ཡི་ལུས་འདེགས་བློ་ཡི་ཤེས་བྱའི་མཁའ་ལ་བགྲོད་ཚེ། ཟེར། ཞྭ་བོ་ཇི་བཞིན། ཞྭ།ད། ཞྭ་རིལ་ནང་བཞིན་བྱས་རྐང་པ་དེ་འདྲས་འགྲོ་ཡས་མེད་པ། དེ་འདྲས་ཀྱི་ད་ཞྭ་བོ་ཇི་བཞིན་མཐུ་དང་བྲལ་ཡང་། ཟེར། ཡོའོ་མ་རེད་དའི། ར་གན་གསེར་གྱི་ཟོལ་ཅན་འགའ་ཞིག་དངོས་གནས་བྱས་ན། ཤེས་བྱའི་མཁའ་ལ་བགྲོད་པ་ལ་ཞྭ་བོ་ཇི་བཞིན། བློ་གྲོས་ཀྱི་མཐུ་དང་བྲལ་བ་ཞིག་ཡིན་ན་ཡང། ཨ་ནི། ད་དུང་ཡང་ཨ་ནི། ག་རེ་བྱེད་ཀྱི་ཡོའོ་རེད། ཟེར་ན། ཨའོ། 
  • རྒན་སངས་བདག་རྡོ་རྗེ་ལགས
    ར་རྒན་གསེར་གྱི་ཟོལ་ཅན་འགའ་ཞིག་གིས་ར་ཡི་གང་ལ་རག་་་།  རེད་པཱ། རག་གི་ངོ་བོ་ཁོ་རོ་རག་ཡིན་ནའི། གསེར་གྱི་མདོག་འདྲ་པོ་གཅིག་ཡིན་མདོག་མདོག གསེར་ཡིན་མདོག་མདོག་བྱེད་མཁན། མི་འགའ་ཤས་ཀྱིས། གསུངས་ཀྱི་ཡོའོ་རེད་ད། འོང། ད་དེ་ཁག་ཅིག་ལ་ཡ། ཟུར་ཟ་གནང་པ་རེད་པཱ།
  • རྒན་སངས་བདག་རྡོ་རྗེ་ལགས
    ཚ་ཟེར་ལ་སོགས་གྲང་དྲོའི་འཇིགས་པ་ཁྱད་བསད་བསྒྲུབས་རྣམས་གཏན་བདེ་ཟ་བར་བྱེད་པ་གོར་མ་ཆགས་མོད་ལ་ལར་འདི་སྣང།རྣམ་དཔྱོད་ཚུལ་དང་བྲལ༎  ཚ་ཟེར་ལ་སོགས་གྲང་དྲོའི་འཇིགས་པ་ཁྱད་བསད། ཚ་ཟེར། ཟེར་ན། ད་ཚ་བའི་ཟེར་རེད་པཱ། འོང། དེ་འདྲས་ཀྱི་ཚ་ཟེར་ལ་སོགས་པའི། གྲང་བ་དང། དྲོ་བའི། དྲོ་བ། གྲང་བ་དང་། འཁྱགས་པ་དང་། དྲོ་བ། དེ་འཇིགས་པ་ཁྱད་དུ་བསད་ནས། བསྒྲུབས་པ་རྣམས་ནི་བརྟན་པའི་གཏན་གྱི་བདེ་བ་ཟ་བར་བྱེད་པ། གོར་མ་ཆགས། གཏན་གྱི་བདེ་བ་མེད་པ་བཟོས་པ་ཟེར་གྱི་ཡོའོ་རེད་ད། གཏན་བདེ།  གཏན་གྱི་བདེ་བ། ཟ་བར་བྱེད་པ།
  • རྒན་སངས་བདག་རྡོ་རྗེ་ལགས
    གོར་མ་ཆགས་ཟེར་ན། ཐག་ཆོད། ཟེར་ཡས་འདྲ་པོ་ད། གཏན་འཁེལ་པ་རེད། ཟེར་ཡས་འདྲ་པོ། འོང། གོར་མ་ཆོད་ལ། ཐག་ཆོད་པ་རེད། ཟེར། ཨོང། འདི་སྣང་རྣམ་དཔྱོད་ཚུལ་དང་བྲལ། ཟེར། འདི་སྣང་གི། ཨ་ནི། ཨ། ག་རེ་ཟེར་དགོ་རེད། ད་ལེགས་ཉེས་ཀྱི་རྣམ་པར་དཔྱོད་པའི་ཚུལ་དང་བྲལ་བ་རེད། ཟེར། འོང། 
  • རྒན་སངས་བདག་རྡོ་རྗེ་ལགས
    ཛ་ཊའི་ཅོད་པན་ཆོས་རྒྱལ་མེས་དབོན་འཁོན་རིགས་རླངས་སོགས་གྲགས་སྙན་འ་འུད་སྲིད་པའི་རྩེ་མོ་ཀུན་ཏུ་ཤ་ཤའི་འོད་འཛིན་བློ་གསལ་ཚོགས་རྣམས་ཀྱིས༎ ཛ་ཊའི་ཅོད་པན་ཟེར། ཛ་ཊ་ཟེར་ན། སྐྲ་རེད་པཱ། ཅོད་པན་ཟེར་ན། ད་མགོའི་གང་ལ་སྐྲ། སྐྲའི་གཅོད་པན་ཟེར་གྱི་མིན་འགྲོ་ད་ཨོང། མགོའི་གང་ལ། ད་མི་ག་རེ་ཟེར་དགོ་རེད། དེའི་ལའི་གོ་གི་རེད། མི་རྣམས་ཀྱི་མགོའི་སྤྱི་བའི་རྒྱན་དུ་བཞུགས་མཁན་དག་ལའི་གོ་གི་རེད་པཱ།
  • རྒན་སངས་བདག་རྡོ་རྗེ་ལགས
    དེ་ལྟ་བུའི་དེ། ཆོས་རྒྱལ་མེས་དབོན་རྣམ་གསུམ། ཆོས་རྒྱལ་མེས་དབོན་རྣམ་གསུམ། ཟེར་དུས་ཙ་ནས། སྲོང་བཙན་སྒམ་པོ་དང། འང། ཁྲི་སྲོང་ལྡེ་བཙན་དང། ཁྲི་རལ་པ་ཅན་གསུམ་ལ། ང་རང་ཚོའི་བོད་ཀྱི་བཙན་པོའི་ནང་གི། ཨ་ནི། སྐད་གྲགས་ཆེ་ཤོས་དང་། དེ་གྲས་གཅིག་ལ་ཡ་བཞག་གི་ཡོའོ་རེད་པཱ། ཝ་ད། མེས་དབོན་རྣམ་གསུམ་དང་ཟེར་གྱི་ཡོའོ་རེད། འཁོན་རིགས། རླངས་སོགས། ཟེར་དུས། འཁོན་གྱི་རིགས་ཟེར་དུས་ཙ་ནས། སྲིན་པོ་སྐྱ་རེངས་ཁྲག་མེད་དང་འཁོན་པར་བྱས་པས་ན། ས་སྐྱའི། ཨ་ནི། རིགས་དེ་ལ་འཁོན་རིགས་ཟེར། འཁོན་པའི་བར་དུ་དེ་ནི་འཁྲུངས་པ་དེ་འདྲས་ལ་ཡ། འཁོན་རིགས་ཟེར་གྱི་ཡོའོ་རེད་པ། ཝ་ད། ་དེ་ལ་འཁོན་རིགས་ཟེར་ན། ས་སྐྱ་ལ་ཟེར་གྱི་ཡོའོ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    འཁོན་རིགས་ལ་སོགས་སྒྲ་སྙན་འ་འུད་སྲིད་པའི་རྩེ་མོ་ཀུན་ཏུ་ཤ་ཤའི་འོད། ཨ་ནི་འཇིག་རྟེན་སྲིད་པའི་རྩེ་མོ་ཀུན་ཏུ། ཨ་ནི། ཟླ་བའི་འོད་ལྟར། འཛེན་པའི་བློ་གསལ་ཚོགས་རྣམས་ཀྱི་ད། ད་བློ་གསལ་ཚོགས་ལ་བསྔགས་པ་གནང་གི་ཡོའོ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ཝ་ལེར་ཁོང་རྣམས་ཀྱིས། ཝ་ལེར་སྒྲོག་འདོད་སེམས་ཀྱི་བསྐུལ་བའི་བསྔགས་བརྗོད་རྒྱུད་མང་གླུ་དབྱངས་ཡ་མཚན་དཔལ་གྱིས་སྐབས་གསུམ་པ་རྣམས། ཨ། ས་ལ་བལྟ་ཕྱིར་རྒྱུ་སྐར་ཟོལ་གྱིས་ལྷགས༎ བྱས་ཙང། ཁོང་རྣམས་པའི་མཛད་ཚུལ། ཨ་ནི། མཛད་པ་བཟང་པོ་དེ་གསལ་པོར་ཡོང་དུས་ཙ་ནས། ལྷ་རྣམས་ཀྱང་སྐབས་གསུམ་པ། ཟེར་ན། ལྷ་རྣམས་རེད། ལྷ་རྣམས་ཀྱང་ཨ་ནི། བལྟ་བའི་ཆེད་དུ། ཨ་ནི། ཨོང། སྐར་མའི་ཚུལ་དུ་མར་ཡོང་གི་ཡོའོ་རེད་ཟེར། འདི་་སྐབས་འདི་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན། འདེའི་རྒྱན་འདི། ཨ་ནི་ལྷ་རྣམས་བལྟད་མོའི་ཚུལ་དུ། ག་རེ་ཟེར། ཨ་སྐར་མ་ཡི། སྐར་མ་ལ་སྤྲུལ་བྱས་ནས་སྐར་མ་ཡི་ཚུལ་དུ། ཨ་ནི། མར་བལྟ་ག་ཡོང་གི་ཡོའོ་རེད། ཟེར་དུས་ཙ་ནས། འདི་རབ་རྟོགས་ཀྱི་རྒྱན་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ཧ་ཅང་ས་ཆེན་སྐྱོང་བའི་ཆོས་ལྡན་རྒྱལ་པོ་ཨ་ཤྭཏྠ་ཡི། ཨ་ཤྭཏྠ་ཟེར་ན། བྱང་ཆུབ་ལྗོན་ཤིང་བྱས། ཆོས་ལྡན་གྱི་རྒྱལ་པོ་རྣམས། བྱང་བཤུད། བྱང་ཆུབ་ལྗོན་ཤིང་གྱི་གཟུགས་སུ་བཀོད་པས་ན། ཨ་ནི། གཟུགས་རྒྱན་བྱས། ཧ་ཅང། འོང། འདུག་བཟོ་བྱས། འོང།
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ཤྭཏྠ་ཡི་ལྗོན་པའི་དབང་པོ་དར་བའི་མཆོག། ས། ད་འ། ས་ཆེན་སྐྱོང་བའི། ཆོས་ལྡན་རྒྱལ་པོ་རྒྱལ་པོ་རྣམས། ད་ལྟ་གོང་དུ་བཤད་པའི་རྒྱལ་པོ་དེ་དག། ཤིང་བྱང་ཆུབ་ལྗོན་པའི་གཟུགས་སུ་བཀོད། འོང། 
  • རྒན་སངས་བདག་རྡོ་རྗེ་ལགས
    ཧ་རི་ཙན་དན་དཔུང་པ་སྐྱེས་ཀྱི་དབུས་མཐོ་ཨ་ག་རུ་ཡི་རྒྱལ་ཕྲན་ཀུན་གྱིས་ཟླ་བྲལ་བ༎ ཧ་རི་ཀ་ཡི་མགྲིན་དབྱངས་ཁྲིམས་གཉིས་ང་རོས་ཨ་མྲཱའི་ཡོངས་འདུ་མངའ་འབངས་ཡོངས་ཀྱི་འདབ་མ་འཛུམ། ད་འདི་ ཧ་རི་ཙན་དན་ད་འདི་ག་རེ་ཟེར། འང། ཧ་རི་ཙན་དན་དཔུང་པ་སྐྱེས་ཀྱི། ཧ་རི་ཙན་དན། དཔུང་པ་སྐྱེས།
  • རྒན་སངས་བདག་རྡོ་རྗེ་ལགས
    དཔུང་པ་སྐྱེས་ཟེར་མཁན་དེ་སྐབས་རེ་རྒྱལ་པོ་ལ་ཡང་གོ་བ་རེད། ཧ་རི་ཙན་དན། དཔུང་པ་སྐྱེས་ཀྱི། ཧ་རི་ཙན་དན་དེ་གས་གི་ ཤིང་གི་དཀྱིལ་ནས། ཤིང་གཞན་དག་གི་དཀྱིལ་ནས་ཆེད་དུ་མཐོ་བ། རྒྱལ་པོ་ལྟ་བུའི་མཐོ་བ་ཟེར་ནའི་གོ་གི་ཡོད་པ་འདྲ། འོང། མཐོ་བ།
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ནི། ཨ་ག་རུ་ཡི་རྒྱལ་ཕྲན་ཀུན་གྱི། ཨ་ནི། ཟླ་བྲལ་བ། རྒྱལ་ཕྲན་གྱི་འགྲན་པའི། ཟླ་དང་བྲལ་བའི། ད་ལྟ་ང་ཚོའི་རྒྱལ་པོ། དེ་གས་རེད་པཱ། དེ་དག་ལ། འོང། ཧ་རི་ཀ་ཡི། ཟེར། ཧ་རི་ཀ་ཟེར་ན། ད་སེང་གེ་ལ་གོ་གི་ཡོད་པ། 
  • རྒན་སངས་བདག་རྡོ་རྗེ་ལགས
    ཧ་རི་ཀ་ཡི་མགྲིན་དབྱངས་ཁྲིམས་གཉིས་ང་རོས། ཧ་རི་ཀ། སེང་གེའི་མགྲིན་དབྱངས། ཟེར་དུས་ཙམ་པ། སེང་གེ་ང་རོ་སྒྲོག་པ་ནང་བཞིན། སེང་གེའི་མགྲིན་དབྱངས། ཁྲིམས་གཉིས་ང་རོ་ཟེར། ཁྲིམས། ད་འ། དེ་རེད་པཱ། ཨཱ། ཆོས་དང་སྲིད་ཀྱི། འོང། ཨེ།ཆོས་སྲིད་ཟུང་དུ་འབྲེལ་བའི་ཁྲིམས་ཀྱི་ང་རོས། ཨ་མྲཱའི་ཡོངས་འདུ་མངའ་འབངས་ཡོངས་ཀྱི་འདབ་མ་འཛུམ༎
  • རྒན་སངས་བདག་རྡོ་རྗེ་ལགས
    ཁྲིམས་གཉིས་ཀྱི་ང་རོས། ད་ཨ་མྲའི་ཡོངས་འདུ། ཨ་མྲའི་ལྗོན་པ། ཡོངས་འདུ་ཟེར་དུས་ཙ་ནས། ལྷའི་ལྗོན་ཤིན་རེད་པཱ། མངའ་འབངས་ཡོངས་ཀྱི། ད་ཨཱ། འདབ་མ་འཛུམ། རེད་པཱ། ཨཱ། མེ་ཏོག་ལྡུམ།
  • རྒན་སངས་བདག་རྡོ་རྗེ་ལགས
    འདབ་མ་དང། མ་སོང་ནའི། འཛུམ་པར་ནས། མངའ་འབངས། མངའ་འབངས་ཡོངས་ལ་ཡ། བདེ་སྐྱིད་ཀྱི་དཔལ་ད་ མ་སོང་ནའི། བཞད་པ་ནང་བཞིན་བྱས།
  • རྒན་སངས་བདག་རྡོ་རྗེ་ལགས
    ཧ་ཧར་བཞད་པའི། ད་ཧ་ཧར་ཟེར། དཱ་དེ་ད། ཨ། སྒྲ་ཙམ་གྱི་དོན་དག་རེད། ཧ་ཧར་བཞད་པ། འོང། ད་ཧར་པོ་བཞད་པ་ཟེར་ནའི་གོ་གི་མད་འགྲོ ཕར། བཞད་པའི་ཕུལ་བྱུང་དགའ་སྟོན་བཟང་པོ་ཨ་མྲིར་ཏ། འོང་ཨ། ཨ་མྲིར་ཏ་བདུད་རྩི་རེད་པཱ། ཨ་མྲིར་ཏ་ཡི་སྙིང་པོ། ཟིལ་མངར་བླ་ན་མེད། ཝ་ད། འདུག་བཟོ་བྱས་བྱས་ནས། དེ་གས་དེ་ཨོང། གཟུགས་རྒྱན་ཤས་ཆེ་བ་འདྲ་པོ་རེད། དེ་ནི།
  • རྒན་སངས་བདག་རྡོ་རྗེ་ལགས
    ད་དེ་ནས། སྲིད་ཞིའི་ཁམས་ཀྱི་ལྷ་ལམ་ཡངས་པའི་ངོས༎ ད་དེའི་ཡས། ཚིགས། དགུ་ཚིགས་རེད། ད་གིན་དེ་དང་། ཡང་ཏིག་ཙམ་གཅིག་འདེགས་ཕྱོགས་ད་མ་སོང་ནའི་བསྒྱུར་བྱས། ཨ་ནི། སྙན་པོ་འདུག་ག
  • རྒན་སངས་བདག་རྡོ་རྗེ་ལགས
    རྒྱལ་དབང་ཡེ་ཤེས་སྒྱུ་མའི་འོད་དཀར་ཅན༎ བསིལ་ལྡན་ཆུ་སྣོད་སོ་སོར་ཤར་བ་ལས༎ བཀའ་ཁྲིམས་དགེ་བའི་བཅུ་དྲུག་ཆ་ཤས་རྫོགས༎ འདི་གཟུགས་ཅན། བྱས། གཟུགས་རྒྱན་ཡིན་པའི་ནང་ནས། ད་རེད་པཱ། ཨ། སྲིད་ཞིའི་ཁམས་ཀྱི། སྲིད་པ་འཁོར་བ་དང། ཞི་བ་མྱངས་འདས་ཀྱི། ཁམས་ཀྱི་དེ་གས་དེ། ལྷ་ལམ་གྱི་གཟུགས་སུ་བཀོད། བྱས་ཙང་སྲིད་ཞི།  
  • རྒན་སངས་བདག་རྡོ་རྗེ་ལགས
    རྒྱལ་དབང་ཡི་ཤེས་སྒྱུ་མའི་འོད་དཀར་ཅན༎ འོང། བསིལ་ལྡན་ཆུ་སྣོད་སོ་སོར་ཤར་བ་ལས༎ བཀའ་ཁྲིམས་དགེ་བ་བཅུ་དྲུག་ཆ་ཤས་རྫོགས༎  བཅུ་དྲུག་ཆ་ཤས་རྫོགས་པའི་གཟུགས་སུ། ཨོང། ཉ་གང། ཟླ་བ་ཉ་གང་བའི་གཟུགས་སུ་བཀོད། བཅུ་དྲུག་ཆ་ཤས་རྫོགས་ཟེར་ན། ཟླ་བ་ཉ་གང་བ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    གངས་ཅན་ཀུན་གསལ་མཛེས་མའི་བཞིན་རས་ལ༎ གངས་ཅན་ཡུལ་གངས་ཅན་པ། བོད་དེ་ཀུན་གསལ། དེ་ནམ་མཁའ། ནམ་མཁའི་གཟུགས་སུ་བཀོད། དེ་ཡང། ཨ་ནི། ཨེ། མཛེས་མའི་བཞིན་རས་ཀྱི་གཟུགས་སུ་བཀོད། བྱས་ཙང། གཟུགས་རྒྱན་གཉིས་བརྩགས་༼བརྩེགས་༽ཆགས་པོ་རེད་དི། གཟུགས་རྒྱན་གྱི་གཟུགས་རྒྱན་ཆགས་པ་རེད། ཤོག་ལྷེ་འདི། 
  • རྒན་སངས་བདག་རྡོ་རྗེ་ལགས
    ཐུབ་བསྟན་ནམ་མཁའི་སྒྲོན་མེའི་སྤྱན་དཀྱུས་གྱི༎ ད་དེའི། ཐུབ་བསྟན་ནམ་མཁའི། ཐུབ་དེ་ཐུབ་པའི་བསྟན་པ་དེ། ནམ་མཁའི་སྒྲོན་མེ་དེ། ཉི་མའི་གཟུགས་སུ་བཀོད། དེ་ཡང་སྤྱན་གྱི་གཟུགས་སུ་བཀོད། གཟུགས་སུ་གཉིས་བརྩགས་༼བརྩེགས་༽ཆགས་སོང་ང། གཟུགས་རྒྱན་གྱི་གཟུགས་རྒྱན།
  • རྒན་སངས་བདག་རྡོ་རྗེ་ལགས
    ལུང་རྟོགས་ཁྱོག་པའི་སྣང་མཛོད་ལྕགས་ཀྱུ་ཡིས༎ ཟེར། ལུང་དང་རྟོགས་པའི་ཡོན་ཏན་དེ། ཨ་ནི། ཁྱོག་པའི་སྣང་མཛོད། སྣང་བའི་མཛོད་ཟེར་ནའི་ཉི་མ་རེད། དེའི་ལྕགས་ཀྱུ་ཡིས། ཟེར། ཕན་བདེའི་འོད་དཀར་གཞོན་ནུ་རིང་ནས་འགུགས༎ འོང། ད་ཟླ་བ་གཞོན་ནུ། རིང་ནས་བཀུག་པ་ཟེར་བྱས། ཕན་དང་བདེ་བས། ཝ་འདི་གཟུགས་རྒྱན་རེད། འོང། 
  • རྒན་སངས་བདག་རྡོ་རྗེ་ལགས
    སྲོང་བཙན་དགེ་བཅུའི་ལེགས་ལམ་ཟླ་ཚེས་ཅན༎ ལོག་སྤྱོད་ར་རའི་དྲི་མ་ཕྱུང་བའི་འོད༎ གྲགས་སྙན་རལ་པར་སྤུད་ཚེ་མགྲིན་སྔོན་ཅན༎ ས་མཐོའི་༼བླའི་༽ལྗོངས་སུ་སོང་ཞེས་ལྷ་རྣམས་གླེང་༎ གླེང་བར་བྱས་འདུག། སྲོང་བཙན་དགེ་བ་བཅུའི། སྲོང་བཙན་གྱི་ཨ་ནི་མཛད་པ། ལེགས་པ་དེ་གས་ཟླ་བ་ཚེས་པ་ཅན་གྱི་གཟུགས་སུ་བཀོད། ལོག་སྤྱོད་ར་རའི་དྲི་མ་ཕྱུང་བའི་འོད། ཟེར། ད་ར་རའི་དྲི་མ་ཟེར་དུས་ཙ་ནས། དེ་དི་རེད། ཟླ་བ་ལ་ཡ་ར་རའི་རི་བོང་གི་གཟུགས་ལྟ་བུ། ཝ་ད། དེ་འདྲས་མེད་པའི། ཨ་ནི། འོད་དེ། གྲགས་སྙན་རལ་པར་སྤུད་ཚེ་མགྲིན་སྔོན་ཅན། ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    ད། ཟླ་བ་དྲི་མ་དང་བྲལ་བའི་ཟླ་བ་ཚེས་པ་དེ། ཨ་ནི། འདིའི་གང་ལ་བྱས། སྤྱི་བོའི་རྒྱན་དུ་བཞག་པའི་མགྲིན་སྔོན་ཅན་ཟེར་ན། ད་རེས་དེའི་ནང་ལ་ག་རེ་གོ་གི་ཡོའོ་རས་ཟེར་ན། ཨ་དབང་ཕྱུག་ཆེན་པོ་ལ་གོ་གི་རེད། དབང་ཕྱུག་གི་མགྲིན་པ་སྔོན་པོ་རེད་པཱ། བྱས་ཙང། དབང་ཕྱུག་ལ་མགྲིན་པ་སྔོན་པོ།
  • རྒན་སངས་བདག་རྡོ་རྗེ་ལགས
    སྲོང་བཙན་སྒམ་པོའི་སྙན་གྲགས་དེ། ཨ། རེད་པཱ། ཨ་ནི། ཟླ་བ་ཟླ་བའི་གཟུགས་སུ་བཀོད། དེ་ཡང་དབང་ཕྱུག་གི། ཨ་ནི། སྤྱི་བོ་ལ་བཀོད་པའི་གཟུགས་སུ་བཀོད། ད་གྲགས་སྙན་རབ་འབར་རལ་པར་སྤུད་ཚེ་མགྲིན་སྔོན་ཅན། ད་མི་རྣམས་ཀྱི་ཨ་ནི། གྲགས་པ་སྙན་པོ་དི། མི་རྣམས་ཀྱི་སྤྱི་བོར་ལ་བཀུར་བའི་ཚེ་ན། ཨ་ནི། མགྲིན་མངོན་ཅན་དེ་དབང་ཕྱུག་ས་བླའི་ལྗོངས་སུ་སོང་ཞེས། ལྷ་རྣམས་ཀྱིས་དབང་ཕྱུག་དེ། དེ་ནི་ལྷ་རྣམས་ཀྱི་ད་དབང་ཕྱུག་རྦད་དེ་བོད་ལ་ཕྱིན་བཞག་ཟེར་བྱས་བྱས་ནས་ཟེར་གྱི་འདུག་ཟེར།  ད་འདི་ ཨ་ནི། ཨ། གཞན་གྱི་ཆེད་དུ་གཞན་དག་ལ་ཡ་བཀབ་བྱས་ནས། གསུངས་པ་ཡིན་ཙང། དེ་ཡང། ཨ་ནིའི། རབ་རྟོག་ཀྱི་སྒྲ་རེད། རེད་པཱ། རབ་རྟོག་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ལྷ་རྣམས་ཀྱི་དེ་འདྲས་གླེང་བར་བྱས་འདུག། ཟེར། རབ་རྟོག་ཀྱི། དེ་ཡང་རེད་ལ། ཨ་ནི། ལེའུ་དང་པོའི་གཏིང་ངེ་འཛིན་༼སྙན་ངག་འཁྲིད་པའི་སྐབས་ཀྱི་ལེའུ་དང་པོ་༽གྱི། ཡོན་ཏན་དང་ལྡན་པའི་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ཡིད་སྲུབས་ཀྱིས་བརླམས་སྡིག་ལྟའི་སེམས་འཆང་རིགས༎ ལེགས་བྱས་སྣང་བ་འཕྲོག་༼འགོག་༽ཚེ་ཁྲི་སྲོང་ལྷས༎ ཐབས་མཁས་འཕྲུལ་གྱིས་སྤེལ་བའི་༼དགེ་བའི་༽དགེ་ལེགས་འོད༎ སྤུར་རྒྱལ་ཡངས་པའི་ས་ལ་ཀུན་ཏུ་འབར༎ ད། ཡིད་སྲུབས་ཀྱིས་བརླམས་སྡིག་ལྟའི་སེམས་འཆང་རིགས༎ ཟེར་དུས་ཙ་ནས།
  • རྒན་སངས་བདག་རྡོ་རྗེ་ལགས
    ད་ནི། ཁྲི་སྲོང་སྐབས་ལ། ཁྲི་སྲོང་གིས། ནང་པ་སངས་རྒྱས་པའི་ཆོས་གནང། སློབ་དཔོན། ཨེ། པད་མ་འབྱུང་གནས་དང། མཁན་ཆེན་ཞི་བ་མཚོ་ལ་སོགས་པ། ཕེབས་པའི་སྐབས་ལ། ཨ་ནི། ཞང་ཁྲོན་པ་སྐྱེས་ལ་སོགས་པའི། ཨ་ནི། ནང། ཨ་ནི། བོན་པོའི་ཆོས་བསྣུབ་མི་དགོས། བསྣུབ་བསྣུབ་ན་འགྲིག་གི་མ་རེད། ཨ་ནི། ནང་པའི་ཆོས་ནང་དགོས་རེད། ཟེར་བྱས་བྱས་ནས། དེ་འདྲས་ཀྱི། ཨ་ནི། བྱ་བ་ངན་པོ་མང་པོ་རྩོམ་༼བརྩམས་༽པ་རེད་པཱ། 
  • རྒན་སངས་བདག་རྡོ་རྗེ་ལགས
    ཡིད་སྲུབས་ཟེར་ན་དུད་རེད། དུད་ཀྱི་བརླམས་པའི་སྡིག་ལྟའི་སེམས་འཆང་བའི་རིགས། ཀྱིས། ཨ་ནི། ལེགས་བཤད་ཀྱི་སྣང་བ་འགོག་པ། ཟེར་དུས་ཙ་ནས། ཞང་ཁྲོན་པ། ཨེ། སྐྱེས་སོགས་ཀྱིས། ད་དི། དུད་ཀྱིས་སེམས་བརླམས་པ་རེད། ཟེར་གྱི་ཡོའོ་རེད་པཱ། 
  • རྒན་སངས་བདག་རྡོ་རྗེ་ལགས
    དེ་གས།ཨ་ནི།  ཨ།སྡིག་པའི། སྡིག་པར་ལྟ་བའི་སེམས་འཆང་ཡོད། ཞང། ཨ་ནི། ཞང་ཁྲོན་པ་སྐྱེས་ལ་སོགས་པའི། ཨ་ནི། ལེགས་བྱས་ཀྱི། སྣང་བ་བཀག་༼འགོག་༽གི་ཡོའོ་རེད་ཟེར། དམ། ནང་པ་སངས་རྒྱས་ཀྱི། ཆོས་བྱེད་པ་ལ། འགོག་རྒོལ་བྱེད་དུས། ཨ་ནི། ཐབས་མཁས་པའི་འཕྲུལ་གྱི། ཨ་ནི། སྤེལ་བའི། ཨ་ནིའི། དགེ་ལེགས་ཀྱི་འོད་དེ། སྤུར་རྒྱལ་ཡངས་པའི་ས་ལ། ཨ་ནི། ཀུན་ཏུ་འབར་བ་རེད་ཟེར། ཐབས་ཀྱི་འཕྲུལ་གྱི་དགེ་ལེགས་ཀྱི་འོད།  ད་དི། དེ་རེད་པཱ། ག་རེ་ཟེར། ཨོ། ཉི་མའི། ཡང་དི་གཟུགས་རྒྱན་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    རལ་པའི་ཟུར་ཕུད་བླ་བྲེར་བྲེས་པའི་མཁར༎ ཐུན་མཚམས་ལང་ཚོའི་སྡེ་ཡིས་ལེགས་འཁྱུད་པས༎ བདུད་སྡེའི་རྒྱལ་མཚན་རྣམས་ཀྱི་མེ་ཁྱེར་དག༎ གངས་ལྡན་ར་བའི་ངོས་ལས་ཕྱི་རོལ་བརྒལ༎ འོང་། ད་དེའི་ནང་ལ་ཡ། རལ་པའི་ཟུར་ཕུད་ཟེར། སྐྲ་རེད་པཱ། སྐྲ་ཡི། བླ་བྲེར་བྲེས་པའི་མཁར། ཐུན་མཚམས་ལང་ཚོའི་སྡེ་ཡིས། ལེགས་འཁྱུད་པས། ཐུན་མཚམས་ཀྱི། ལང་ཚོའི་སྡེ། ཐུན་མཚམས་ཀྱི། ཨ་ནི། ག་རེ་ཟེར་དགོས་རེད་ད། ཨཱ། མཚམས་སྤྲིན་ལྟ་བུའི་ལུས་ཀྱི།
  • རྒན་སངས་བདག་རྡོ་རྗེ་ལགས
    བདུད་སྡེའི་རྒྱལ་མཚན་ནགས་ཀྱི་མེ། བདུད་སྡེའི་རྒྱལ་མཚན་རྣམས་དེ། ག་རེ་བྱས་པོ་རེད། ཟེར་ན། ནགས་ཀྱི་མེ་ཁྱེར་དག་ཟེར་ན། ནགས་ཀྱི་དཀྱིལ་ལ་ཡོད་པའི་སྲིན་བུ་མེ་ཁྱེར་ནང་བཞིན་ཆགས་པ་རེད་ཟེར། གངས་ལྡན་ར་བའི་ངོས་ལ་ཕྱི་རོལ་བརྒལ།
  • རྒན་སངས་བདག་རྡོ་རྗེ་ལགས
    མ་རིག་སྟུག་པོར་འཕྱན་བྱེད་དགྲ་སྡེའི་ལྷར༎ མངོན་པར་འཁོན་པའི་བདུད་རྩི། ད་དི་རེད་པཱ། ཡང། སྲིན་པོ་སྐྱ་རེངས་ཁྲག་མེད་ཟེར་དགྲ་སྡེའི་ལྷ་རེད་པཱ། ཨ་ནི། མ། ཨ། ག་རེ་ཟེར། ཨ། རིགས་བྱེད་པའི། ག་རེ་ཟེར། མུ་ཏིག་པའི་ལྷ། འོང། མངོན་པར་འཁོན་པའི། དེ་ལ་འཁོན་པ། བྱས་ཙང། དགྲ་སྡེའི་ལྷ་སྲིན་པོ་སྐྱ་རེངས་ཁྲག་མེད་ད། འཁོན་པ་ཟེར་གྱི་ཡོའོ་རེད་ད། འཁོན་པ། འོང།
  • རྒན་སངས་བདག་རྡོ་རྗེ་ལགས
    འཁོན་པའི་བདུད་རྩིའིཨི་བོད་ཡུལ་ཟོང། ད་དེ་ལ་མངོན་པར་འཁོན་ནས། དེ་ལས་འཁྲུངས་པའི་བདུད་རྩི། ཨ་ནི། བོད་ཀྱི་ཡུལ་གྱི་ཟོང་དི། འཐུངས་པས་ཆོས་སྲིད་བདག་པོ་ས་སྐྱ་པ༎ ད་དེ་འཁོན་རིགས་ལས་སྐྱེས་པ་ལ། ས་སྐྱ་པ་ཟེར་གྱི་ཡོའོ་རེད་པཱ། 
  • རྒན་སངས་བདག་རྡོ་རྗེ་ལགས
    སྟོབས་ལྡན་སྒྲ་གཅན་གཉིས་པ་ས་འདིར་སྣང༎ ཨ་ནི། སྟོབས་དང་ལྡན་པའི་སྒྲ་ཅན་གཉིས་པ་དེ། ཨ་ནི། ས་དེར་ཕེབས་པ་རེད་ཟེར། ས་སྐྱ་པ་ལ་བསྔགས་པ་བརྗོད་པ་རེད། 
  • རྒན་སངས་བདག་རྡོ་རྗེ་ལགས
    རིན་ཆེན་བདུན་གྱི་འདོད་རྒུར་མངའ་སྒྱུར་བའི༎ ས་དབང་རྒྱལ་པོའི་གོ་སར་གནམ་གྱི་མཐོངས༎ སྒོམ་འཕར་ཡངས་པའི་སྤོ་ནས་བུམ་བཟང་གིས༎ སྤྱི་བོར་དབང་བསྐུར་སྡེ་སྲིད་ཕག་མོ་གྲུ༎ གནམ་གྱི་བཀོད་པའི། སྡེ་སྲིད་ཕག་མོ་གྲུ་པ་ལ། རིན་ཆེན་བདུན། ཟེར་དུས་ཙ་ནས། རྒྱལ་སྲིད་སྣ་བདུན་ཟེར། རེད་པཱ། དེ་གས། འདོད་རྒུར་མངའ་བསྒྱུར་བའི། ས་དབང་རྒྱལ་པོའི་གོ་ས་ལ། ཨ་ནི། ཨ། དབང་བའི་སྡེ་སྲིད་ཕག་མོ་གྲུ་ལ་བསྔགས། བསྔགས་པ་བརྗོད། ས་སྐྱ། ཕག་གྲུ། ད་རིམ་པ་བཞིན་འདུག་བཟོ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    འོང། ཨེ་མ་སྔོན་བྱོན་ས་སྤྱོད་ལྷ་རྣམས་ཀྱིས༎ བོད་འབངས་འདབ་བརྒྱ་བཞད་པའི་ཕན་བདེའི་འོད༎ སྤྲོས་ཚེ་ཉིན་བྱེད་བདག་གིས་ཅི་ཞིག་ཞེས༎ གནོད་སྦྱིན་ཕྱོགས་ཀྱི་འཁྲིག་པའི་ཁྱིམ་དུ་བྲོས༎ ད་དེ་རབ་རྟོག་གི་རྒྱན་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ཨེ་མ་སྔོན་བྱོན་གྱི། ཨ་ནི། ས་ལ་སྤྱོད་པ་དི། རྒྱལ་པོ་རྣམས་ཀྱིས། བོད་འབངས་ཀྱི། ས་སྤྱོད་ཀྱི་རྒྱལ་པོ། རྣམས་ཀྱིས། བོད་འབངས་ཀྱི་འདབ་རྒྱ་བཞད་པའི། བཞད་པའི་ཕན་བདེའི་འོད། འདབ་རྒྱ་བཞད་པར་བྱེད་པའི་ཉི་མ། ཨ་ནི། ཕན། ཕན་པ་དང་བདེ་བའི་ཉི་མ་དེའི། འོད་དེས། ཟེར་གྱི་ཡོའོ་རེད། ཕན་ད། ཕན་པ་དང་བདེ་བའི། འོད་འཕྲོ་བའི་ཉི་མ་དི། ཨ་ནི། ཤར་བ་ཚེ་ན། ཨ་ནི། ད་ཨ་་་་གནམ། ད་ལྟ་ཉི་མ། ཕན་བདེ་ཉི་མའི་གཟུགས་སུ་བཀོད་པའི། ཉི་མ་གཅིག་ཡོའོ་རེད། འོ་དེ། ཤར་དུས་ཙ་ནས། ཉི་མ་དངོས་གནས་དེ། ད། འོང་།
  • རྒན་སངས་བདག་རྡོ་རྗེ་ལགས
    ཉི་མ། མཚན་གཉིས་པ་ཁོ། ད་ག་རེ་བྱེད་གོ་ཡིན་ན། ད་འདི། ངས་གྱའི་༼གང་ཡང་༽། ཕན་ཐོགས་མ་འདུག། བསམ་བྱས། ཨ་ནི། ནའི། འཁྲིག་པའི་ཁྱིམ་དུ། ཕར་བྲོས་འགྲོ་གི་ཡོའོ་རེད་ཟེར། ཉི་མ་ཨ་ནི། ནུབ་ཕྱོགས་ལ། ཨ་ནི། བྲོས་འགྲོ་གི་ཡོའོ་རེད། ཉི་མ་ཁ་སྐྱེངས་བྱས་ནས་བྲོས་འགྲོ་གི་ཡོའོ་རེད་ཟེར། རྒྱལ་པོ་ཉིན་བྱེད། དེ་ལྟ། དེ་ལྟ་བུ། ཨ་ནི། ཡོད་བཞིན་དུ་ད། ཉི་མ་དངོས་གནས་ཁོའི། ཁ་སྐྱེངས་ནས་བྲོས་འགྲོ་གི་ཡོའོ་རེད་ཟེར། དེ་རབ་རྟོག་རེད་པཱ།
  • རྒན་སངས་བདག་རྡོ་རྗེ་ལགས
    ཁྲིམས་གཉིས་སྲབ་ཀྱིས་མ་གཅུན་རེངས་པའི་གཉར༎ ཁྲིམས་གཉིས་ཀྱི། འོང། རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་ཀྱི། སྲབ་ཀྱི་མ་གཅུན་པའི། རེངས་པའི་གཉའ་ལ་ཟེར། མཇིང་པ་རེད་པཱ། གཉའ་ལ་ཟེར་དུས། དེ་གཟུགས་རྒྱན་རེད། ད། ཁྲིམས་གཉིས་དེ་སྲབ་ཀྱི་གཟུགས་སུ་བཀོད། རེད་པཱ།
  • རྒན་སངས་བདག་རྡོ་རྗེ་ལགས
    དྲང་ཐིག་འཛམ་བུ་གསེར་གྱི་འཁོར་ལོ་ཡིས༎ ཁྲིམས་དྲང་པོ་དེ་གི། ཨོང། འཛམ་བུ་གསེར་གྱི་འཁོར་ལོ། མནན་ཚེ་ངན་སྤྱོད་སྐྱེ་བོའི་བག་ཡངས་ཀུན༎ བཀྲེས་སྐོམ་གདུང་བས་མནར་བའི་ལུས་ཇི་བཞིན༼སྙམ་༽༎ ད་འདི། གཟུགས། ཨ་ནི། ཇི་བཞིན་སྙམ། གཟུགས་རྒྱན་ད་དཔེ་རྒྱན། ཅུང་ཟད་འདྲེས་པ་བྱས།
  • རྒན་སངས་བདག་རྡོ་རྗེ་ལགས
    བརྣག་ནུས་ལས་འདས་ཕ་རོལ་རྒོལ་བའི་དཔུང་༎ གཡུལ་ཟེར། རྣམ་པར་བཅོམ་པའི་མགོ་འཕྲེང་ཁྲག་གིས་བརླན༎ ལན་གཅིག་མིན་པར་གཤེར་བའི་དམར་འོད་ཀྱིས༎ རྒོད་མ་ཁ་དེ་རྒྱ་མཚོའི་ཁ་རུ་ཡིབས༎ དེ་ཡང་རབ་རྟོག་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    རྣ། བརྣབ་པ་ནི། ཡིད་ཀྱི་ཕར། དཔག་པར་དཀའ་བའི། ཕ་རོལ་གྱི། དཔུང་ཚོགས་ཐམས་བཅད། བཅོམ་པའི། ཨ་ནི། ད། མགོ་གཅིག་ད། བཅད་པའི། ཁྲག་གི་བརླན་པའི། ཨ་ནི། ཁྲག་གི་ལན་གཅིག་ཙམ་མིན་པར། ཨ་ནི། གཤེར་བའི། དམར་བའི་འོད་ཀྱི་ནི། ཨ་ནི། རྒྱ་མཚོའི། ཨ་ནི། ག་རེ་ཟེར་དགོས་རེད་ད། ཁ་ལ་ཡོད་པའི་རྒོད་མ་ཁ་དེ་ཡ། ཨ་ནི། རྒྱ་མཚོའི་མཐའ་ལ་ཡིབས་པ་རེད་ཟེར། ཁ་སྐྱེངས་བྱས། ཁྲག་མང་དག་ཆོད་ནས།
  • རྒན་སངས་བདག་རྡོ་རྗེ་ལགས
    གསེར་མངལ་སྟོབས་ལ་རྨུགས་འཛིན་འབྱོར་པའི་མཛོད༎ གསེར་མངལ། ཟེར་ན། ཨ།ཚངས་པ་ལ་གོ་དགོས་ཀྱི་ཡོའོ་རེད། ཨེ། འཇིག་བརྟེན་མེས་པོ། གསེར་གྱི་མངལ་ཅན་ཟེར་དུས་ཙ་ནས། ཨ་ནི། ཁྱབ་འཇུག་གི་ལྟོ་བ་ལ། ཨ།གསེར་གྱི་སྒོ་ང་སྐྱེས། ཕྱམ། ཁྱབ་འཇུག་གི་ལྟོ་བ་ལ། པད་མ་སྐྱེས། པད་མའི་ནང་ནས། གསེར་གྱི་སྒོ་ང་སྐྱེས་པ། དེ་ལས། ཨ་ནི། ལྷ་ཚངས་པ་སྐྱེས་པ་རེད་པ། བྱས་ཙང། ཨ་ནི། ལྷ་ཚངས་པ་ལ། གསེར་མངལ་ཅན་ཟེར་གྱི་རེད། ཨ་ནི། ད་དེའི། ང་རང་ཚོའི། ཨ་ནིའི། ག་རེ་ཟེར་དགོས་རེད། ད་རྒྱལ་རབས་ནང་ལ། བསྔགས་པ་བརྗོད་དུས་ཙ་ན། སྟོབས་དེ་ནི། གསེར་མངལ་གྱི་སྟོབས་ལྟ་བུ་རེད། ཟེར་གྱིས། འོང།
  • རྒན་སངས་བདག་རྡོ་རྗེ་ལགས
    རྨུགས་འཛིན་འབྱོར་པ་ཟེར། རྨུགས་འཛིན་ཟེར་དུས་ཙ་ནས། ཛམྦཧ་ལ་རེད་པཱ། རྨུགས་འཛིན་སམ། འོང། ནོར་གྱི་ལྷར། རྨུགས་འཛིན་ཟེར་ད། འོང། གཅིག་ཏུ་བསྡུས་འདྲའི་ཟེར། སྲིད་ཀུན་དགེ། དགེ་ཕྱོགས་སུ༎ བསྒྱུར་བས་རྣམ་སྨིན་དཀར་པོའི་ཐིགས་པ་འབུམ༎ འཛག་བྱེད་དམ་པའི་སྤྱོད་ཚུལ་རྨད་དུ་བྱུང༎ དཱ་ད་ལྟ། སྔར་གྱི་རྒྱལ་པོ་རྣམས་ཀྱི། ད་སྟོབས་ལ་ཡ། སྟོབས་དང་སྤྱོད་པ་ལ། བསྔགས་པ་བརྗོད་པ་བྱས། ཨ། དཔེ་རྒྱན་དང། དེའི་ནང་ལ་ཡ། གསེར་མངལ་སྟོབས་་ལ་རྨུགས་འཛིན་འབྱོར་པའི་མཛོད། ཟེར་ན། གསེར་མངལ་ལྟ་བུའི་སྟོབས་ལ། རྨུགས་འཛིན་ལྟ་བུའི་འབྱོར་པ་ཟེར་འདི། འབྲུ་མང་པོའི་ཚིག་བསྡུས་བྱས་ཙང། དི་ཁག་ཅིག་གི་མ་མཁྱེན་པ་བྱས། ཁ་ཤས་ཀྱི་དེ་གཟུགས་རྒྱན་རེད་གསུངས་ཀྱི་རེད། དེ་གཟུགས་རྒྱན་མ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    གསེར་མངལ་ལྟ་བུའི་སྟོབས། རྨུགས་འཛིན་ལྟ་བུའི་འབྱོར་པ། ཟེར་བྱས་བྱས། དེ་གའི་ལྟ་བུའི། ཟེར་ཡས་འདྲ་པོ་དེ་ཚོ། མཚུངས་པ་གསལ་བྱེད་ཀྱི། སྒྲ་བསྡུས་པའི་དོན་དག་རེད། བྱས་ཙང་འདི། ཨ།འབྲུ་མང་པོ་ཡི་ཚིག་བསྡུས་དང། ཟེར། ཨའ། ཟླ་བ། ཨ།ད་དེ། སྙན་ངག་མེ་ལོང་ནང་ལའི་ཡོའོ་རེད། ཟླ་བའི། ཨང། ག་རེ་ཟེར། མཚན་མོའི་མདོང་ཅན་དང། ཟེར་ཡས་གཅིག། རི་བོང་མཚན་མོའི་མདོང་ཅན་དང། ཟེར། ཝེ་དེ་རེད། དེ་ནང་བཞིན། 
  • རྒན་སངས་བདག་རྡོ་རྗེ་ལགས
    མཐོན་པོའི་མངའ་ཐང་ཕུན་ཚོགས་དཔལ་འབྱོར་ཀུན༎ བཀོད་པས་ཁྱད་འཕགས་རྣམ་དཔྱོད་དབྱར་རྔའི་སྒྲ༎ རྣམ་དཔྱོད་དབྱར་རྔ་ཟེར་ན། འབྲུག་སྒྲ་རེད་པ། ཆེ་བའི་རྣམ་ཐར་བཟང་པོའི་གཙུག་ཕུད་ཅན༎ ཡ་རབས་དགའ་སྟོན་རྣམ་བཀྲའི་གཤོག་རླབས་ངོམ༎ དེ་གས་དེ་་གང་ག ཨ།གཟུགས་རྒྱན་བྱས། ད་དེ་ནས། ཀྱེ་མ་ཐོས་བསམ་བདུད་རྩི་ཡལ་བོར་ནས༎ ཐོས་བསམ་དེ། བདུད་རྩིའི་གཟུགས་སུ་བཀོད་སོང་ང་།
  • རྒན་སངས་བདག་རྡོ་རྗེ་ལགས
    ངན་གཡོ་ཟང་ཟིང་རྙོགས་པའི་བཟའ་བཏུང་གིས༎ ཟེར། ངན་གཡོ་ཟང་ཟིང་གི། ཨ།ཙ།ད། ད་ཟང་ཟིང་གི་ནོར། ཝ་དེ་འདྲས་ཀྱི་བཟའ་བཏུང་གིས། ལྟོ་བ་ཁེངས་པའི་དྲེགས་ལྡན་མཐོན་པོའི་ཁྲིར༎ འཛེགས་ཀྱང་ཐ་ག་པ་དང་ཁྱད་པར་ཅི༎ ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    ད་ཐོས་པའི། ཐོས་པ་དང། བསམ་པའི་བདུད་རྩི། ཕར་འབོར་ཟེར། ཐོས་བསམ་གྱི། བདུད་རྩི་ཕར་གཡུག་བཞག། རེད་པཱ། ངན་གཡོ་ད། ཟང་ཟིང་གི་བཟའ་བཏུང་ལ་ཡ། ཨ་ནི། བཟའ་བཏུང་ཙམ་གྱི། ལྟོ་བ་ཁེངས། གྲོད་ཁོག་ཁེངས་ཡན་གྱི། ཨ་ནི། དྲེགས་པ་ཅན་གྱི་མི། ཡོན་ཏན་མེད་པའི་མི། ཁྲི་མཐོན་པོའི་གང་ལ། འཛེགས་ནའི། ཐག་ཐགས་མཁན་དང། གཅིག་པ་རེད་ཟེར། ཐག་ཐགས་མཁན། ཐག་ཁྲི་ཟེར་བྱས། ཐག་གང་ལ་འཛགས་ཡས་གཅིག་ཡོའོ་རེད་པཱ།
  • རྒན་སངས་བདག་རྡོ་རྗེ་ལགས
    ཝ་དེ།  ཐག་ཁྲི། ཐག་ཁྲིའི་གང་ལ། ཐག་ཐགས་མཁན། ཐག་ཁྲའི་གང་ལ་འཛགས་པ་དང་པ། གཅིག་པ་རེད་ཟེར། འདི་དཔེ་རྒྱན་རེད། 
  • རྒན་སངས་བདག་རྡོ་རྗེ་ལགས
    ཡ་རབས་ཚལ་དུ་རིགས་རུས་ཆོ་འབྲང་གི༎ ཡོངས་འདུའི་ལྗོན་པ་རྒྱས་པ་རྨད་བྱུང་ཡང༎ཡ་རབས་གྱི་ཚལ། ཟེར། ཡ་རབས་དེ། ཡ་རབས་ཀྱི་རྒྱུད་དེ། ཨ་ནི། ཨོང། སྐྱེས་མོས་ཚལ་གྱི། གཟུགས་སུ། ལྷའི་སྐྱེས་མོས་ཚལ་གྱི། གཟུགས་སུ་བཀོད། ཨ། རིགས་རུས་ཆོ་འབྲང་གི། ཡ་རབས་ཀྱི་ད། ཡ་རབས་ཆོ་འབྲང་དེ། འོང། རིགས་རུས་ཆོ་འབྲང་ཡང་དག་པ་དེ། ཡོངས་འདུའི་ལྗོན་པ་ལྟ་བུའི་གཟུགས་སུ་བཀོད། འོང། རིགས་རུས་ཆོ་འབྲང་གི། ཡོངས་འདུའི་ལྗོན་པ་རྒྱས་པ། རྨད་བྱུང་བས། ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    ཡ་རབས་ཀྱི། ཁྱིམ་ཚང་ལ་སྐྱེས་པ། དེ་འདྲས་ཀྱི། ཨ་ནི་རིགས་བཟང་པོ་ཡིན་ནའི། གསུང་གི་ཡོའོ་རེད་ད། ཨ་ནི། རིགས་དེའི། ཨ་ནི། སྐྱེས་ས་སྐྱེས་ཡུལ། ཡག་པོ་བྱས་པ། དེ་འདྲས་ཀྱི་ནང་ལ་སྐྱེས་པ། རིགས་རུས་ཡག་པོ་ཡིན་ནའི། འོང། གསུང་གི་ཡོའོ་རེད་པཱ། འོང། ཡོངས་འདུའི་ལྗོན་པ། ཟེར་དུས་ཙ་ནས། དཔག་བསམ་ལྗོན་ཤིང། ཟེར། རྩ་ཆེན་པོ་རེད་པཱ།
  • རྒན་སངས་བདག་རྡོ་རྗེ་ལགས
    ཆེ་ལྡན་བྱ་བའི་སྤྱོད་ཚུལ་མི་ཤེས་ན༎ ཟེར། ཨ་ནི། ཆེ་བ་དང་། ལྡན་པའི་བྱ་བའི་སྤྱོད་ཚུལ་ཤེས་ཀྱི་མེད་ན། འོང་། ཨ་ནི། གསེར་སྐྱོགས་སྣོད་དུ་ངན་སྐྱུགས་བླུག་དང་མཚུངས༎ ཡ་རབས་ཀྱི་ཚིམ། ཁྱིམ་ཚང་ལ། སྐྱེས་ཅིག་དག་ག་རེ་བྱས་ནའི། འོང་། ད། ཆེན་པོར་འོས་པའི་བྱ་བའི་སྤྱོད་ཚུལ། ཡ་རབས་ཀྱི་སྤྱོད་ཚུལ་དང། ཡོན་ཏན་མེད་ན། ཨ་ནི། དེ། མི་གཅིག། ག་ཚད་༼ག་ཚོད་༽ཀྱི་རིགས་བཟང་པོ་དང། དེ་འདྲས་ཡིན་ནའི། ཁོ་ཁོག་པའི་ནང་ག་གྱའི་མེད་ན། ཁོག་པའི་ནང་ལ། སྤྱོད་པ་ངན་པོ་མ་གཞི་མེད་ན། གསེར་གྱི་སྐྱོགས་ཀྱི་ནང་ལ། ཨ་ནི། སྐྱུགས་པ་བླུགས་པ། ནང་བཞིན་རེད་ཟེར། ད་དེའི་དཔེ་རྒྱན་རེད་པཱ།
  • རྒན་སངས་བདག་རྡོ་རྗེ་ལགས
    མཁས་དང་གྲུབ་པའི་སྐྱེ་བར་ཁས་འཆེས་ནས༎ ཟེར། མཁས་གྲུབ་ཀྱི་སྐྱེ་བ་ལ། ད་བླ་མ། ཡང་བླ་མ་ཁག་ལ་གསུང་གི་ཡོའོ་རེད། ད་དེ་ནས། མཁས་དང་གྲུབ་པ་ཐོབ་པའི། ཨ་ནི། བླ་མ་ཁག་གི་ཡང་སྲིད་ལ། མཁས་བླངས་ནས། འཆད་རྩོད་རྩོམ་པའི། བློ་གྲོས་མཐུ་དམན་ན། ཟེར། འཆད་པ་དང། རྩོད་པ། རྩོམ་པ། དེ་གསུམ་པོ་དི། མཁས་པའི་བྱ་བ་གསུམ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    དེ་ལྟ་བུའི་བློ་གྲོས་ཀྱི་མཐུ་མེད་ན། གནོད་སྦྱིན་ནོར་ལ་སྤྱོད་པ་ཚེ་འཕོས་ནས། དབུལ་པོའི་ཁྱིམ་དུ་སྐྱེས་དང་ཁྱད་པར་ཅི། དེ་ནི། གནོད་སྦྱིན་གྱི། ཨ་ནི། ནོར་ལ་སྤྱོད་པ་དེ། གནོད་སྤྱིན་ནོར་ལོངས་སྤྱོད་ཤིན་ཏུ། གཡེམ་པོ། ཆེན་པོ་ཡོད་པ། དེ་འདྲས་ཡའི། ཚེ་འཕོས་བྱས། སྤྲང་པོ་ལ། སྐྱེས་པ་དང་གཅིག་པ་རེད་ཟེར། དབུལ་པའི་ཁྱིམ་དུ་སྐྱེས་པ་དང་གཅིག་པ་རེད། ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    མི་འཛད་སྟོབས་འབྱོར་གཏེར་ལ་མངའ་བསྒྱུར་ཡང་༎ འཛད་པ་མེད་པའི་སྟོབས་འབྱོར་གྱི་སྟེང་ལ་མངའ་སྒྱུར་བ་ཡིན་ན་ཡང་། ཟེར། འོང་། འདི་ཕྱིའི་ཕུན་ཚོགས་བསྒྲུབ་པའི་རྣམ་དཔྱོད་མིག༎ ལོངས་ཟེར་ན། ད་དེ་གཟུགས་རྒྱན་རེད། རྣམ་དཔྱོད་ཀྱི་མིག་ཟེར། རྣམ་དཔྱོད། ཕུན་ཚོགས་བསྒྲུབ་པ་དེ། རྣམ་དཔྱོད། བྱས། དེ་མིག་གི་གཟུགས་སུ་བཀོད། དི་མིག་དེ། རྣམ་དཔྱོད་ཀྱི། ཕུན་ཚོགས་བསྒྲུབ་པའི། རྣམ་དཔྱོད་ཀྱི་མིག་དེ། ལོངས་ན་ཟེར་གྱི་རེད་ད།
  • རྒན་སངས་བདག་རྡོ་རྗེ་ལགས
    ལེགས་ཉེས་བལྟ་བའི་བློ་གྲོས་ཀྱི་མཐུ་དམན་ན། བསྒྲུབ་པའི་ཨའོ། བློ་གྲོས་ཨོང། དེ་འདྲས་གཅིག་མེད་ན། བློ་གྲོས་ཀྱི་མིག་དེ་འདྲས་གཅིག་མེད་ན། དི་ལོངས་པ་ཡིན་ན། ས་འོག་གནས་པའི། ཀླུ། ག་རེ་ཟ་༼ཟེར་༽། འོང་། ལོངས་ཚེ་ས་འོག་གནས་པའི་ཀླུ་ཚོགས་དང༎ སྲང་ལ་བཏེག་ཚེ་ལྕི་ཡང་གང་གིས་འབྱེད༎ དེ་ནི། སའི་འོག་ལ་གནས་པའི། ཨ་ནི། ག་ཚོད་ཡོད་ནའི། ཕུན་ཚོགས་ག་ཚོད་ཡོད་ནའི། འོང་། རེད་པཱ།
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ནི། སའི་འོག་ལ་བསྡད་པའི། ཀླུ་དང་ཁྱད་པར་ག་རེ་ཡོའོ་རས་ཟེར། དེ་ཡང་དཔེ་རྒྱན་རེད། ཁྱད་པར་ཡོའོ་མ་རེད། ཟེར་གྱི་ཡོའོ་རེད་པཱ། ཁྱད་པར་གང་གི་འབྱེད་ཟེར་དུས། ཁྱད་པར། གང་གི་འབྱེད་དེ། འབྱེད་དུ་མེད། ཟེར། ཁྱད་པར་མེད། ཟེར་དུས་ཙ་ནས། མཚུངས་པར་ལྡན་པ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    འཁུངས་ལྡན་ལོ་རྒྱུས་མཐོང་བར་རིག་ལམ་ནས༎ འདྲེན་པའི་རྣམ་དཔྱོད་ཤེས་རབ་མཐུ་ཕྲ་ཡང་༎ དམུས་ལོང་གཅིག་པུར་རྒྱུ་བའི་གོམ་སྟབས་བཞིན༎ འགལ་འདུའི་ཁུར་གྱིས་ལྕི་བའི་གླེགས་བམ་མང་༎ ད་ཁུངས་དང་ལྡན་པའི་ལོ་རྒྱུས་མཐོང་བར། མཐོང་བ་ཡིན་ན་ཡང་། རིག་པའི་ལམ་ནས། རང་གི་རིག་པའི་ལམ་ནས། འགྲན་པའི་རྣམ་དཔྱོད་ཀྱི། ཤེས་རབ་ཀྱི། ཐབས་མེད་ན་ཡང། ཟེར། འོང་། ཁུངས་དང་ལོ་རྒྱུས་མཐོང་། མཐོང་ན་ཡང་། མཐོང་ནས། ཨ་ནི། རིག་པའི་ལམ་ནས། ད། ཨ། ག་རེ་ཟེར་དགོས་རས། ཨ་འ། འགྲན་པའི། ཨ་ནི། ལོ་རྒྱུས་དེ་ཚོ་གཞན་ལ་འགྲན་པར་བྱེད་པའི་ཤེས་རབ་ཀྱི་མཐུ་ཕྲ་ཡང་། 
  • རྒན་སངས་བདག་རྡོ་རྗེ་ལགས
    དམུས་ལོང་གཅིག་པུར་རྒྱུ་བའི་གོམ་སྟབས་བཞིན༎ འགལ་འདུའི་ཁུར་གྱིས་ལྕི་བའི་གླེགས་བམ་མ༎ དེ་འདྲས། སོ་སའི་ཤེས། ཤེས་རབ་ཀྱི་མཐུ་མེད་བཞིན་དུ། ད་དུང་གཅིག། རྩོམ་ག་བྱས་ནས། ལོ་རྒྱུས་འདྲ་གཅིག་རྩོམ་པ། དེ་འདྲས། ལོ་རྒྱུས་བརྩམས་ནས། བྱས་པ་མང་པོ་གཅིག་ཡོའོ་རེད། ཟེར། དེ་ཚོ་ནི། 
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ན། ཞར་ཀོག་གཅིག་གོའོ་འགྲོ། ཕྱིན་ཞག་པ། དེ་འདྲས་དང་གཅིག་པོ་རེད། ཟེར། འོང། གསུངས་ཀྱི་ཡོའོ་རེད། དེ་འདྲས། ཞར་ཀོག་ རང་ཉིད་ཀྱི་རང་ཉིད་། ག་ལེར། ག་ས་ག་ལ་འགྲོ་བ་ད་༼དང་༽། འགྲོ་པའི་གི་ཆ་རེད། ད་ཞར་ཀོག་ཕྱི་ལ་འགྲོ་དུས། གོམ་སྟོབས་འཁྱོར་གྱི་ཡོའོ་རེད་པཱ། ཕར་ཕྱིན་ཚུན་ཕྱིན། ཡག་པོ་བྱས། ཝ་དེ་དང་འདྲ་བའི། གླེགས་བམ་དེ། དེ་ནི་ལོ་རྒྱུས་མང་པོ་ཡོའོ་རེད། ཟེར། ད་གཞན་དག་ལ་ཟུར་ཟ་གནང་བའི་ཚིག་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ལོ་རྒྱུས་གཞུ་ལ་དྲང་པོའི་རྒྱུད་དྲངས་ནས༎ ལེགས་བཤད་འདབ་ལྡན་གཡོ་བའི་ཉག་ཕྲན་ཅན༎ ཟེར། ལོ་རྒྱུས་ཀྱི་གཞུ། ལོ་རྒྱུས་དེ། གཞུའི་གཟུགས་སུ་བཀོད། ཨ་ནིའི། དྲང་པོར་སྨྲ་བ་དེ། ཨ་ནི། རྒྱུད། གཞུའི་རྒྱུད། གཞུ་རྒྱུད་ཀྱི། ལེགས་པར་བཤད་པ་དེ། སྒྲོ་ལྡན། འདབ་ལྡན་དེ། ཉག་ཕྲན་གྱི་མདའ་ཡའི་གཟུགས་སུ་བཀོད། འོང་། ཝ་དེ།
  • རྒན་སངས་བདག་རྡོ་རྗེ་ལགས
    མི་ཤེས་རྨོངས་པོའི་སྙིང་ལ་ཕོག་སྲིད་ཀྱང་༎ཟེར། མི་ཤེས་རྨོངས་པའི། ངས་དེ་ལྟ་བུའི། ཨ་ནི། ལོ་རྒྱུས། དྲང་པོའི་ལོ་རྒྱུས་དེ་འདྲས། ཡང་དག་པའི་ལོ་རྒྱུས་དེ་ལྟ་བུ་ནི། མི་ཤེས་རྨོངས་པ་རྣམས་ཀྱི་སྙིང་ལ། ཕོག་སྲིད་ཀྱི་རེད་དའི། གཟུ་གནས་མཁས་པས་མཐོང་ཚེ། སྤྲོ་བ་འཕེལ་གྱི་རེད་ཟེར། འོང་། གཟུ་བོར་གནས་པ། དེ་ནི་དྲང་པོ། དེ་འདྲས་ཀྱི་མཁས་པས་གཟིགས་ན། སྤྲོ་བ་འཕེལ་ཐུབ་ཀྱི་རེད། ཟེར།
  • རྒན་སངས་བདག་རྡོ་རྗེ་ལགས
    མི་རྗེད་ཞིང་གི་གངས་རིའི་སྤོ་ལ་སྡེ་བཞིའི་རྩལ་གསུམ་ཡོངས་སུ་རྫོགས་པའི་མཐོ་རིས་རྒྱལ་པོ་གདོང་ལྔའི་དབང་༎ ད་མི་རྗེད་ཞིང་། མི་རྗེད་འཇིག་རྟེན་གྱི་ཞིང་གྱི། ནང་ལ་ཡ། གངས་རིའི་སྤོ་ལ་ཡ། ད་མི་རྗེད་འཇིག་རྟེན་གྱི་ཞིང་དེ། གངས་རི་པོའི་གཟུགས་སུ་བཀོད། གངས་རི་རྩེ་མོ། སྤོ་ཟེར་ན། རྩེ་རེད་པཱ།
  • རྒན་སངས་བདག་རྡོ་རྗེ་ལགས
    ད་སྡེ་བཞི། ཨ། ཕུན་ཚོགས་སྡེ་བཞི་དེ། ཨོང། ཨ་ནི། སེང་གེ་རྩལ་གྱི་གཟུགས་སུ་བཀོད། དེ་ལྟ་བུའི། ཨ་ནི། རྫོགས་པའི་མཐོ་རིས་རྒྱལ་པོ་གདོང་ལྔའི་དབང་། མཐོ་རིས་གྱི་རྒྱལ་པོ། སེང་གེའི་གཟུགས་སུ་བཀོད་སོང་ང། རྩལ་གསུམ་འཛོམས་པའི། སེང་གེའི་གཟུགས་སུ་བཀོད། འོང་། རྩལ་གསུམ། སྡེ་བཞིའི་རྩལ་གྱི་གཟུགས་སུ་བཀོད། ཨ་ནི། སྡེ་བཞི་ལ། ཨ་ནི། ཁྱབ་པ། རྩལ་གྱི་གཟུགས་སུ་བཀོད། མཐོ་རིས་རྒྱལ་པོ་དང། རིམ་པར་བྱོན་ལ། ཟེར། ད་མཐོ་རིས་རྒྱལ་པོ། ད་དེའི་སྔོན་ལ། བོད་ལ་ཡ། རྒྱལ་པོ་རིམ་པར་བྱོན་པ། དེ་གས་ལ་ཟེར་གྱི་ཡོའོ་རེད་པཱ། དུས་གསུམ། རྒྱལ་པོ། གདོང་ལྔའི་དབང་གི་གཟུགས་སུ་བཀོད། 
  • རྒན་སངས་བདག་རྡོ་རྗེ་ལགས
    རིམ་པར་བྱོན་ལ་བསྔགས་ཚིག་སྭསྟིའི་སྒྲ་ཡི་གདུབ་སིལ་འཁྲོལ་བས་ཡ་རབས་མདུན་སའི་ཁ་རྒྱན་སྤེལ་ལེགས་འདི༎ ཟེར། ད་ཨོང། ཁོང་རྣམས་པ་ལ་བསྔགས་པའི་ཚིག། ཨ་ནི། རྒྱལ་བར་འགྱུར། ཟེར་ཡས་འདྲ་པོ། དེ་འདྲས་ཀྱི་སྒྲ་ཡི། གདུབ་སིལ་འཁྲོལ་བ། དེ་འདྲས་ཀྱི། ཨ་ནི། ཨོང། རྒྱལ་བའི། རྒྱལ། རྒྱལ་ཁའི་སྒྲ་དབྱངས་འཁྲོལ་བས། ཨ་ནི། ཡ་རབས་ཀྱི་མདུན་ས། ཁ་རྒྱན་སྤེལ་བའི། ཨ་ནིའི། ལེགས་པར་སྤེལ་བ་དི། གསུངས་ཀྱི་ཡོའོ་རེད་ད། ལྔ་པ་ཆེན་པོས་རང་གི། དཔྱིད་ཀྱི་རྒྱལ་མའི་གླུ་དབྱངས་འདི། གསུངས་ཀྱི་ཡོའོ་རེད་པཱ། 
  • རྒན་སངས་བདག་རྡོ་རྗེ་ལགས
    ཤེས་བྱའི་རྦ་ཀློང་ཡིད་མཚོར་རོལ་བའི་༼བནྡེ་༽ཚངས་དབང་སྲས་མོས་བཞད་པའི་འཛུམ་ལྡན་ལེགས་བཤད་གཏེར་མཛོད་ཀྱིས༎ ད་དེའི་ནང་ལ་ཡ། མཚན། རང་གི་མཚན་བླུགས་གནང་ཡོའོ་རེད། ཤེས་བྱའི་རྦ་ཀློང་། ཨ། ཡིད་མཚོར་རོལ་བ་ཟེར། དཱ། ཚངས་པའི་སྲས་མོ་དེ། ཨ་ནིའི། རྒྱ་མཚོ་ཆེན་པོའི་ནང་ནས་འཁྲུངས་པ་རེད། ཟེར་གྱི་ཡོའོ་རེད་པཱ།
  • རྒན་སངས་བདག་རྡོ་རྗེ་ལགས
    བྱས་ཙང་ཡིད་ཀྱི་མཚོ་ལ་རོལ་བ། ཡང་དེ་ནས། ད་ག་ནང་བཞིན། ཚངས་པའི་སྲས་མོ། ཨ་ནི། རང་གི་ཡིད་ཀྱི་མཚོ་ལ། ཟེར་དུས་ཙ་ནས། ཨ། ལྔ་པ་ཆེན་པོ་ཁོ་རང་གི། ཐུགས་སེམས་དེ། མཚོའི་གཟུགས་སུ་བཀོད། ཚངས་པའི་སྲས་མོ། མཚོ་ལ་རོལ་བ་ཡིན་ཙང་། དེ་ངའི་སེམས་ཀྱི་ཡིད་མཚོ་རུ། བནྡེ་ཟེར་ན། གྲྭ་པ་རེད་པ། ད་གྲྭ་པའི་དོན་དག་རེད། ཨ་ནིའི་གི། ཚངས། ཁོ་རང་གི་མཚན་གྱི། ཁོ་རང་ཨ། ཁོ་རང་ལ་གསུངས་ཀྱི་ཡོའོ་རེད་པཱ། ད་དེའི་ནང་ལ་ཡ། གཅིག་ནས་ག་རེ་ཡོའོ་རེད་ཟེར་ན། ཚངས། ཚངས་སྲས་ཁོ་རང།
  • རྒན་སངས་བདག་རྡོ་རྗེ་ལགས
    ཚངས་པའི་སྲས་མོ་དེ་དབྱངས་ཅན་མ་ཁོ་རང་གི། ཨོང་། དགོངས་པ་ལ་ཡ། རོལ་བ། ཟེར་ཡས་གཅིག་གསུངས། གཉིས་ནས་དེའི་ནང་ལ་དོན་དག་ག་རེ་གསུངས་ཡོའོ་རེད། ཟེར་ན།
  • རྒན་སངས་བདག་རྡོ་རྗེ་ལགས
     ཨ། དོན་དག་ག་རེ་གསུངས་ཡོའོ་རེད། ཟེར་ན། ཨ་ནི། ཁོ་རང་གི་མཚན། ཨ་ནི། ཨཱ། ཚངས་སྲས། ཨ། ག་རེ་རེད། ཚངས་སྲས་དགྱེས་པའི་བློ་ལྡན་ཡིན་པ་ཡོད། ཝ་དེ། ཨོ། ཁོ་རང་གི་ཀུན་བཤད་ཀྱི་མཚན་དེ། གསུང་གི་ཡོའོ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ཚངས་དབང་སྲས་མོས། ཨ་འ། བཞད་པའི་འཛུམ་ལྡན་ལེགས་བཤད་གཏེར་མཛོད་ཀྱིས། ཨོང་། ཚངས་སྲས། ཨ། མི་རྟག་གསུང་གི་རི་བོ་མདྷ་ར་ཡིས་བསྐུལ་ལྟར་དཔྱད་གསུམ་དག་པའི་འཆི་མེད་ལུས་ཕྲའི་པདྨོར་བསྐྲུན༎ ཨོ། ཚངས་སྲས་དགྱེས་པ་ཆ་ཚང་རང་མེད་པ་འདྲ། ད་དེའི་ནང་ནས། མི་རྟག་གསུང་གི་རི་བོ་མདྷ་ར་ཡིས་བསྐུལ་བ། ཟེར་དུས། མི་རྟག་གི་གསུང་གི། ཨ་ནི། བཀའ་བཙན་པོས་བསྐུལ་བ། ལྗིད་པོ། ཕབ་པ་གསུངས་ཡས་ཀྱི་མི་རྟག་པ་དེ། གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི། ད་ནི། བློ་ཡུལ་དེ་འདྲས་གཅིག། བྲིས་རོགས་གནང་ཞུས་པའི། ཨ་ནི། དེ་འདྲས་གཅིག་ཡོད་པ་འདྲ། 
  • རྒན་སངས་བདག་རྡོ་རྗེ་ལགས
    ཨ་ནི། དེ་ལ་བརྟེན་ནས་བསྐུལ་བ་བྱས། ཨ་ནི། ངས་འཆི་མེད་ལུས་འབྲལ་པདྨོ་དེ། འཁྲུས་པ་ཡིན། བསྐུལ་བ་ལྟར། ངས་ཨ་ནི་ལོ་རྒྱུས་དེ་སྤེལ་བ་ཡིན། གསུངས།
  • རྒན་སངས་བདག་རྡོ་རྗེ་ལགས
    གངས་ཅན་འཛིན་མའི་དཔྱིད་ཀྱི་མངལ་ཁུར་ལས༎ ཟེར། བློ་གྲོས་ཡལ་འདབ་དར་བའི་ཤེས་ལྡན་རྣམས༎ ངོ་མཚར་གཏམ་གྱི་ལེགས་བཤད་སྐྱེས་འདོད་ན༎ དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་དབྱངས་འདི་བསྟེན༎ གསུངས་ངོ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ད་གངས་ཅན་བོད་ཀྱི་མིའི་ནང་གི།མི། དཔྱིད་ཀྱི་མངལ་ཁུར་། ལ། ལས།བློ་གྲོས་ཡལ་འདབ། ཨ་ནི། ཤེས་ལྡན་རྣམས། ངོ་མཚར་གྱི་གཏམ་གྱི། ལེགས་བཤད་ཀྱི་འབྲས་བུ། ལེགས་བཤད་ཀྱི། ལེགས་སྐྱེས་འདྲ་པོ། ལེགས་བཤད་ཀྱི་ལག་རྟགས་འདྲ་པོ། དགོས་ཀྱི་འདུག་ན། ཨ་ནི། ད་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དེ་བསྟེན། ཟེར། དེ་ཀློགས། གསུང་གི་ཡོའོ་རེད་དཱ། འོང།
  • རྒན་སངས་བདག་རྡོ་རྗེ་ལགས
    ཐུབ་བསྟན་ཀུན་གསལ་མཛེས་མའི་ཁོར་ཡུག་ཏུ༎ རུང་མཐུན་གོས་ཀྱིས་ཐུན་མཚམས་ཟོལ་བསྟེན་ནས༎ ངེས་གསང་ཐེག་པའི་ཡང་རྩེ་༼སྔོན་སྐྱེས་༽སྔོ་སྐྱེས་འབྲས༎ ཨོང་། ཡོངས་སྨིན་གང་བུ་རྒྱས་པའི་གཡུར་ཟ་ལྡེམ༎ དེ་ལྟ་ན་ཡང་ངེས་པ་ལྔ་ལྡན་གཟུགས༎ བཤེས་གཉེན་དམ་པའི་ཨཱ་དརྴ་ཡི་ངོས༎ འོང། མེ་ལོང་གི་ངོས། གསུང་གི་ཡོའོ་རེད། བཤེས་གཉེན་དམ་པའི་པའི། ཨཱ་དརྴ་ཟེར་ན། མེ་ལོང་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    ཟློས་གར་བསྒྱུར་བའི་དྲིན་ལས། བཤེས་གཉེན་དམ་པའི་མེ་ལོང་ལས། ད་ཟློས་གར་བསྒྱུར་བའི་བཀའ་དྲིན་ལས། གསུང་གི་ཡོའོ་རེད། དྲིན་ལས། ཨ་འ། རིག་པའི་གནས། སྨྲ་ཚེ་དབྱངས་ཅན་དགྱེས་པའི་འཛུམ་གྱིས་བསུ༎
  • རྒན་སངས་བདག་རྡོ་རྗེ་ལགས
    དེའི་ནང་ལ། ངེས་གསང་ཐག་པ་ཟེར་ཡས་དེ། ངེས་གསང་ཐེག་པ། མིན་འགྲོ་བསམ་གྱིས། ལྷག་བསམ་རབ་དཀར་དྲི་བྲལ་ཡོངས་༼ཡིད་༽ཀྱི་མཁར༎ བསྟན་བཅོས་ཆུ་ལྷའི་བུ་ཡི་བུསྟ་ཀ། འོང་། སྐྱེ་རྒུའི་ཉོན་མོངས་འདུ་བ་འཁྲུགས་པའི་ནད༎ ལེགས་བཤད་ཆུ་ཀླུང་དྭངས་པོས་དྲུངས་ནས་འབྱིན༎ ལྷག་བསམ་རབ་དཀར་དྲི་མེད། ཨེ། ཡིད་ཀྱི་མཁར། ལྷག་བསམ་རབ་ཏུ་དཀར་བ། དྲི་མ་དང་བྲལ་བ། དྲི་བྲལ། ཡིད་ཀྱི་མཁར། དྲི་མ་བྲལ་བ། ཡིད་ཀྱི་ནམ་མཁའ་ལ། གསུང་གི་ཡོའོ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    འོང་། ད་ལྷག་བསམ་དེ། ནམ་མཁའི་གཟུགས་སུ་བཀོད་སོང་ང། ཡིད་ཀྱི་ནམ་མཁའ་ལ། འོང་། བསྟན་བཅོས་ཆུ་ལྷའི་བུ་ཡི་པུསྟ་ཀ་ཟེར། བསྟན་བཅོས་དེས། འོང། བྲིས་གནང་པ་འདི། ཆུ་ལྷའི་བུ་དེ། ཨ། སྐར་མ་རྀ་ཥི། སྐར་མ་རྀ་ཥིའི་གཟུགས་སུ་བཀོད།
  • རྒན་སངས་བདག་རྡོ་རྗེ་ལགས
    པུསྟ་ཀ། པུསྟི་རེད་པཱ། པུསྟ་ཀ་ཟེར་ན། པུསྟ་རེད་པཱ། ཨོ། སྐྱེ་རྒུའི་ཉོན་མོངས་འདུ་བ་འཁྲུགས་པའི་ནད༎ ལེགས་བཤད་ཆུ་ཀླུང་དྭངས་པོས་དྲུངས་ནས་འབྱིན༎ ད་འ། སྐར་མ་རྀ་ཥི། ཤར་དུས་ཙ་ནས། ཆུ་དེ་ཤིན་ཏུ་དྭངས་པོ་ཡོའོ་རེད། ཟེར། བོད་ལ་ཡ། ཆུ་རྒྱལ་ཡན་དེ་ཞེ་དྲག། ཆུ་ཞེ་དྲག་གི། བཟང་པོ་ཡོའོ་རེད། ཟེར་གྱི་ཡོའོ་རེད་པཱ། 
  • རྒན་སངས་བདག་རྡོ་རྗེ་ལགས
    ང་རང་ཚོ་ཆུ་རྒྱལ་སྐབས་ལ། བྱས་ཙང་དེ་འདྲས་ཡིན་དུས། ད་དེ། ཨ་ནི། འདུ་བ་འཁྲུགས་པའི་ནད་དེ་ཚོ། སྐར་མ་རྀ་ཥིས། ད།ཨེ། ཆུ་ལ་རྒྱལ་ན། དྲག་གི་རེད། ཟེར་ཡས་ནང་བཞིན་བྱས་ནས། ད་རེས་ཀྱི་པུསྟ་དེ། ཨ་ནི། པུསྟ་ཀ་དེ་ཆུ་ཀླུང་རྀ་ཥིའི་གཟུགས་སུ་བཀོད། ཆུ་ལྷའི་བུ་ཡི་པུསྟ་ཀ། འོང། བསྟན་བཅོས་དེ། ཆུ་ལྷའི་བུ་ཡི་གཟུགས་སུ་བཀོད། 
  • རྒན་སངས་བདག་རྡོ་རྗེ་ལགས
     སྐྱེ་རྒུའི་ཉོན་མོངས། ཨ། དུག་པ། འཁྲུགས་པའི་ནད་དེ། ཨ་ནིའི། ཆུ་དྭངས་པོས། ཨ་ནི། དྲུངས་ནས་འབྱིན། ཟེར་ན། རྩ་བ་ནས། བཀོག་འགྲོ་གི་རེད་ཟེར། ཉོན་མོངས་པའི། ཨ་ནི། ནད་ད་མ་སོང་ན་༼འདྲ་བ་བཞིན་༽། ཨ་ནི། ད་དེའི། ལེགས་པར་བཤད་པ་འདིས། ཨ་ནི། དྭངས་ཀྱི་རེད། གསུང་གི་ཡོའོ་རེད།
  • རྒན་སངས་བདག་རྡོ་རྗེ་ལགས
    འཛམ་བུའི་ལང་ཚོ་དར་བའི་འཁྲི་ཤིང་གིས༎ ཨ། ཉེར་མཚོན་ཡངས་པའི་ནོར་འཛིན་སྐྱོང་བ་ཀུན༎ ༼རྩུབ་༽རྣམ་གྱུར་དཔལ་གྱི་རྣོ་ངར་རབ་ཞི་ནས༎ དགེ་བཅུའི་ཁྲིམས་ཀྱིས་རྫོགས་ལྡན་འབོད་པར་ཤོག༎ འཛམ་བུའི་ལང་ཚོ་དར་བ། འཁྲི་ཤིང། འཛམ་བུའི་ཤིང་། གསུང་གི་ཡོའོ་རེད་པཱ། དེས་ཉེ་བར་མཚོན་པའི། ནོར་འཛིན་ཟེར་ན། ས་གཞི། དེ་ལྟ་བུ་སྐྱོང་བར་ཟེར།ན་ཟེར། ནོར་འཛིན་སྐྱོང་བ་ཀུན། ཟེར་དུས། རྒྱལ་པོ་ཀུན། འོ། རྩུབ་གྱུར་དཔལ་གྱི་རྣོ་ངར་རབ་ཞི་ནས། རྩུབ་པར་འགྱུར་བ་དེ། ད་ཨོང། རྩུབ་པོ་མ་ཡིན་པ། ཨ་ནི། གདུག་རྩུབ་ད་༼དང་༽མ་སོང་ནའི། ཆེན་པོ་མ།
  • རྒན་སངས་བདག་རྡོ་རྗེ་ལགས
    ཐུབ་བསྟན་ཀུན་གསལ་མཛེས་མའི་ཁོར་ཡུག་ཏུ༎ རུང་མཐུན་གོས་ཀྱིས་ཐུན་མཚམས་ཟོལ་བསྟེན་ནས༎ ངེས་གསང་ཐེག་པའི་ཡང་རྩེ་སྔོ་སྐྱེས་འབྲས༎ ཡོངས་སྨིན་གང་བུ་རྒྱས་པའི་གཡུར་ཟ་ལྡེམ༎ ད་ཐུབ་བསྟན། ཐུབ་པའི་བསྟན་པ། ཨ། ཀུན་གསལ་མཛེས་པའི་ཁོར་ཡུག་ཏུ། ཟེར། ཐུབ་བསྟན། ཐུབ་གསན། ཐུབ་བསྟན་དེས། ཀུན་གསལ་མཛེས་པ་དེ། ནམ་མཁའི། ཀུན་གསལ་ཟེར་ན། ནམ་མཁའ་རེད་པཱ། དེའི་ཁོར་ཡུག་ཏུ།
  • རྒན་སངས་བདག་རྡོ་རྗེ་ལགས
    རུང་མཐུན་གོས་ཀྱི། ཨ་འ། ཐུན་མཚམས་ཟོལ་བསྟེན་ནས། རུང་དོན་གོས་ཟེར་དུས་ཙ་ནས། ཨ་འ། ད་འ། ཆོས་གོས། རེད་པཱ། དམར་སེར་གྱི་ཆོས་གོས་དེ། དེ་ཐུན་མཚམས་ཀྱི་རྨ། ད།དམར་སེར། ཐུན་མཚམས་ཀྱི། ཨ། ཉི་མ། འཆར་ཀའི་མཐུན་མཚམས་ཀྱི། ད་མདོག་དམར་སེར་རེད་པ། ཝ་ད། དེ་ལ་བརྟེན་ནས། ངེས་གསང་ཐེག་པའི་ཡང་རྩེ་སྔོ་སྐྱེས་འབྲས༎ ངེས་གསང་ཐེག་པ་ཟེར་ན། ད་གསང་སྔགས་རྡོ་རྗེ་ཐེག་པ། རེད་པཱ། བསམ་ཡས། ཨ་ནིའི། དེའི། འོང། འབྲས་བུ་དེ་ཡོངས་སུ་སྨིན་པའི། གང་བུ་རྒྱས་པའི་གཡུར་ཟ་ལྡེམ། ད། ཨོང། དེ་ལྟ་བུའི་འབྲས་བུ། ཨ་ནི། ཕུན་སུམ་ཚོགས་པོ་དང་ལྡན་པར་འགྱུར། ཟེར། འབྲས་བུ། འོང། ཐོབ་པ། འོང།
  • རྒན་སངས་བདག་རྡོ་རྗེ་ལགས
    དེ་ལྟ་ན་ཡང་ངེས་པ་ལྔ་ལྡན་གཟུགས༎ ད་དེ་ལྟ་བུའི། ཨ་ནི། དེ་ལ་ཕེབས་པ་རེད། རེད་པཱ། ད། ཡིན་ན་ཡང། ངེས་པ་ལྔ་ལྡན་གྱི་གཟུགས། བཤེས་གཤེན་དམ་པའི་ཨཱ་དརྴ་ཡི་ངོས། ཟློས་གར་བསྒྱུར་བའི་དྲིན་ལན། དྲིན་ལས། ལེགས་པའི་གནས། རིག་པའི་གནས། སྨྲ་ཚེ་དབྱངས་ཅན་དགྱེས་པའི་འཛུམ་གྱིས་བསུ༎
  • རྒན་སངས་བདག་རྡོ་རྗེ་ལགས
    བཤེས་གཉེན་གྱི། ད་ཨོང། མེ། བཤོལ་ལོང། བཤེས་གཉེན་དམ་པའི། ཨ་ནི། ཨ། མེ་ལོང་གི་ངོས་ནས། ཟློས་གར་བསྒྱུར་བའི་བཀའ་དྲིན་ལས། ཨ་ནི། ད། སྨྲ་བའི་ཚེ་ན་དབྱངས་ཅན་དགྱེས་པའི། ཨ་འ། ཨ་ནི། འཛུམ་གྱིས་བསུ་གྱི་ཡོའོ་རེད་ཟེར། དབྱངས་ཅན་མོས། འོང།
  • རྒན་སངས་བདག་རྡོ་རྗེ་ལགས
    ལྷག་བསམ་རབ་དཀར་དྲི་བྲལ་ཡིད་ཀྱི་མཁར༎ ལྷག་བསམ་རབ་ཏུ་དཀར་བ། དྲི་མ་མེད་པ། དེ་འདྲས་ཀྱི། ན། ཡིད་ཀྱི་མཁའ་ལ། འོང། ལྷག་བསམ་དེ། ཨ་དེ་ཡང་གཟུགས་རྒྱན་རེད་པཱ།
  • རྒན་སངས་བདག་རྡོ་རྗེ་ལགས
    བསྟན་བཅོས་ཆུ་ལྷའི་བུ་ཡི་པུསྟ་ཀ། དེ་ལྟ་བུ། བསྟན་བཅོས་ཆུ་ལྷའི་བུ། ཟེར་དུས། བསྟན་བཅོས་དེ། ཨ་ནི། སྐར་མ་རྀ་ཥིའི་གཟུགས་སུ་བཀོད། ཆུ་ལྷའི་བུ་ཡི་པུསྟ་ཀ། འོང།
  • རྒན་སངས་བདག་རྡོ་རྗེ་ལགས
    སྐྱེ་རྒུའི་ཉོན་མོངས་འདུ་བ་འཁྲུགས་པའི་ནད༎ ལེགས་བཤད་ཆུ་ཀླུང་དྭངས་པོས་དྲུངས་ནས་འབྱིན༎ སྐྱེ་བོ། སྐྱེ་རྒུའི་ཉོན་མོངས། ད། ཉོན་མོངས་པའི། འདུ་བ་འཁྲུགས་པའི་ནད་དེ་གས་༼དེ་རྣམས་༽ ཨ་ནི། ཨ། དི། ག་རེ་ཟེར་དགོས་རེད།་༼ཟེར་དགོས་སམ་༽། ད། ཨེ། སྐར་མ་རྀ་ཥིའི་སྐབས་ལ་ཡ། ཆུ་གཙང་མ། དེ་ཡིན་ཟེར་གྱི་ཡོའོ་རེད་པཱ།
  • རྒན་སངས་བདག་རྡོ་རྗེ་ལགས
    སྐར་མ་རྀ་ཥི་ཤར་བའི་དུས་སྐབས་དེ་ལ་ཡ། ཨ་ནི། ཆུ་བོ་ཐམས་ཅད། ཡན་ལག་བརྒྱད་ལྡན་ལ་ཆགས་ནས། ཨ་ནི། བསིལ། ཞིམ། དྭངས། བསིལ།ཞིམ།དྭངས། ཨོའོ། བསིལ། ཨ།བསིལ། ཨོང། བསིལ། ཞིམ། དྭངས། འཇམ། ཡང་ཞིང་དྲི་མ་མེད། མགྲིན་པ་ལྟོ་བར་མི་གནོད། བརྒྱད་ལྡན་ཆབ་ཟེར་། ཝ་ད། བརྒྱད་ལྡན་གྱི་ཆབ་ཀྱིས། ཨ་ནི། ལུས་བཀྲུས་ནས། ཨ་ནི། ཨ། ག་རེ་ཟེར་དགོས་རེད། ད། འདུ་བ་འཁྲུགས་པའི། ནད་ཐམས་ཅད། ཨ་ནིའི། རྩ་བ་ནས། མེད་པ་ཆགས་ཀྱི་ཡོའོ་རེད། ཟེར། དྲུངས་ནས་འབྱིན་བྱས། རེད་པཱ། དྲུངས་ནས་འབྱིན། འོང།
  • རྒན་སངས་བདག་རྡོ་རྗེ་ལགས
    འཛམ་བུའི་ལང་ཚོ་དར་བབས་འཁྲི་ཤིང་གིས༎ ཉེར་མཚོན་ཡངས་པའི་ནོར་འཛིན་སྐྱོང་བ་ཀུན༎ རྩུབ་གྱུར་དཔལ་གྱི་རྣོ་ངར་རབ་ཞི་ནས༎ དགེ་བཅུའི་ཁྲིམས་ཀྱིས་རྫོགས་ལྡན་འབོད་པར་ཤོག༎ འཛམ་བུའི་ལང་ཚོ་དར་བ། འཁྲི་ཤིང་གི། འཛམ་བུའི། འཛམ་བུ། འཁྲབ་ཞུ་བའི། ཤིང་། ཨའ། འཛམ་བུའི། ཨ་ནི། ཨ་འ། དེའི། ལས་བྱུང་བའི། དེས་མཚོན་པའི། ཨ་ནིའི། ད་རྒྱལ་པོ་རྣམས་ལ། ཟེར་གི་ཡོའོ་རེད། ནོར་འཛིན་སྐྱོང་བ། ཨ་ནི། ནོར་འཛིན་སྐྱོང་བ་ཐམས་ཅད། རྩུབ་པའི། རྩུབ་པའི་དཔལ་དང་འབྲལ་ནས། རྩུབ་པའི། ཨ་ནི། དེ་འདྲས་དང་བྲལ་ནས། རྣོ་ངར་དེ་ཚོ་མར་ཞི་ནས། དགེ་བ་ཆེ་བཅུའི། ཁྲིམས་ཀྱི་རྫོགས་ལྡན་འབོད་པར་ཤོག། ཟེར། ཨ་ནི། དེ་གའི་རྫོགས་ལྡན་གྱི། དགའ་སྟོན་འགུག་པར་ཤོག། ཟེར་གསུང་གི་ཡོའོ་རེད། ད་སྨོན་ལམ་རེད་པཱ།
  • རྒན་སངས་བདག་རྡོ་རྗེ་ལགས
    ཕན་བདེའི་གདུགས་དཀར་སྲིད་པའི་༼རྩེ་མོར་༽རྩེ་མོའི་བར༎ ཕན་པ་དང་བདེ་བའི་གདུགས་དཀར་པོ། སྲིད་པའི་རྩེ་མོའི་བར་དུ། འོང། ཁོར་ཡུག་གཅིག་ཏུ་ཁྱབ་པའི། ལེགས་པའི་ལམ། སྟོབས་བཅུའི་རྩལ་འཆང་རིང་ལུགས་སྙིང་པོའི་བརྒྱུད༎ འགྲོ་བའི་བསོད་ནམས་ཞིང་དུ་འབར་གྱུར་ཅིག། ད་དེ། དེ་གཉིས་གཉིས། ཅཱ། ད་དེ་ལ། ཨ། མཐའ་མ་དེ། ཨ་ནི། ཤིས་བརྗོད་ཀྱི་རྒྱན་ཟེར་གྱི་རེད། ཨའོ། མངོན་པར་འདོད་པའི། དོན་ལ་སྨོན་པ་ནི་ཤིས་བརྗོད་ཡིན། བྱས་ཙང་དེ། མཐའ་མའི་ཚིག་དེ་ཤིས་བརྗོད་ཀྱི་རྒྱན་རེད། ད་དེ་རེས་འབྲེལ་བ་དང་བྱས། ཡག་པོ་བྱས་ལྟ་ཡས་ཟེར་གའི་མ་བྱུང། ཟ་རི་ཟི་རི་འདྲ་གཅིག་ཚར་སོང། ཧ་་་་་་་་་།