Skip to main content Skip to search
15 Dec 2011
11 min 45 sec
Rating
0
No votes yet
Video Overview
Creators: 
Unknown

In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.

Show More

  • པ་སངས་དབང་འདུས།
    ཨ། གཤམ་གྱི་དུམ་བུ་དེ་ཡིན་ན་ད་གཅིག་གི་ཁྲི་རལ་པ་ཅན་གྱི་ལོ་རྒྱུས་རེད་ཤག
  • པ་སངས་དབང་འདུས།
  • པ་སངས་དབང་འདུས།
    ད་ཨ། ཁྲི་རལ་པ་ཅན་གྱི་ལོ་རྒྱུས་འདིའི་ནང་ལ་ཡིན་ན། ཨཱ། རྒྱལ་བ་ལྔ་པའི་དཔྱིད་ཀྱི་རྒྱལ་མོའི་ནང་ལ་ཡིན་ན། འདི་ཁྲི་རལ་པ་ཅན་དང་ཁྲི་རལ་པ་ཅན་གྱི་ཡབ་ཁྲི་ལྡེ་གཙུག་བརྟན་དེ་ཏིག་ཙ༼ཙམ༽་འཁྲུལ་ཡོའོ་རེད།
  • པ་སངས་དབང་འདུས།
    ཡིན་ནའི་ད་དེ་རིང་ང་ཚོ་དེབ་དེ་གཞིར་བཟུང་བྱས་མར་འགྲེལ་པ་གཅིག་བརྒྱབ། 
  • པ་སངས་དབང་འདུས།
    སྲས་ཆེ་བ་གཙང་མ་ནི། སྲིད་པའི་ཕུན་ཚོགས་ཀྱི་དགའ་སྟོན་མཐའ་དག་ལྷ་ལམ་ལུས་ཕྲའི་བཞིན་རས་ཀྱི་ངོས་སུ་འདྲེན་བྱེད་རླུང་གི་རྒྱལ་མཚན་འཁྱུག་པ་ལྟར་མི་བརྟན་ཞིང་། ཉེས་པ་བརྒྱ་ཕྲག་བསྐྱེད་པའི་རྩ་བར་གཟིགས་ཏེ་མྱ་ངན་ལས་འདས་པའི་བསམ་པ་མཆོག་གིས་ཟིན་པའི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཞུགས།
  • པ་སངས་དབང་འདུས།
    དེ་འོག་དར་མ་ནི། རྣམ་པར་དཀར་བའི་དགེ་ཚོགས་བསྒྲུབ་པའི་བསམ་པ་ལས་ཕྱི་རོལ་ཏུ་གྱུར་ཏེ། ཆུ་སྲིན་རྒྱལ་མཚན་ཅན་གྱི་རྗེས་སུ་འཇུག་པའི་ཅེ་སྤྱང་ལ་རྒྱལ་ཁྲིམས་དམ་པའི་ཆོས་ཀྱིས་སྐྱོང་བའི་རྗེ་བོ་གདོང་ལྔའི་དབང་པོ་འཁོད་པའི་གདན་ཁྲིར་མངའ་གསོལ་བ། གཙུག་ལག་ལུགས་གཉིས་དང་མི་མཐུན་པའི་པར་འཕྲུལ་ལྡན་རིག་པའི་སྲབ་ཀྱིས་ཁྲིམས་ཀྱི་ཅང་ཤེས་ཁ་ལོ་མངོན་པར་བསྒྱུར་བ་རྣམས་ཀྱིས་རྟོགས་ཏེ།
  • པ་སངས་དབང་འདུས།
    མཐུ་སྟོབས་ཀྱི་དབང་ཕྱུག་གསང་བའི་བདག་པོ་རྗེ་བཙུན་ཕྱག་ན་པདྨ་དང་། ཟུར་ཕུད་ལྔ་པ་མིའི་སྲིད་པ་བཟུང་ནས་དགེ་ལེགས་ཀྱི་མཚན་མ་མཆོག་ཏུ་དྭངས་པའི་རི་མོའི་སྣང་བརྙན་སླར་ཡང་དཔྱད་པ་གསུམ་གྱིས་ར་རའི་དྲི་མ་ཙམ་ཡང་དྲུང་ནས་ཕྱུང་སྟེ་རྣམ་པར་དཀར་བའི་མཛད་པ་བླ་ལྷག་ཏུ་སྟོན་པའི་ཆེད་དུ་འཇིག་རྟེན་ཀུན་གྱི་ཅོད་པན་ལ་ཞབས་སེན་པདྨ་དཀར་པོའི་ཆུན་བུ་མཛེས་བྱེད་ཀྱི་རྒྱན་དུ་སྤུད་པའི་རིགས་སྟོབས་ཀྱིས་ཁྱད་པར་དུ་འཕགས་པའི་ཟ་མ་ཏོག་ཏུ་དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་ཕྱུར་བུར་བལྟམས་པའི་མངའ་བདག་ཁྲི་ལྡེ་སྲོང་བཙན་རལ་པ་ཅན་བོད་འབངས་ཡོངས་ཀྱི་རལ་པའི་ལན་བུ་རྣམ་པར་འདུད་པའི་སེང་གེ་རྐང་པ་བརྒྱད་པའི་ཁྲི་ལ་མངའ་གསོལ་ལོ།
  • པ་སངས་དབང་འདུས།
    ད་དུམ་བུ་འདི་ཡིན་ན་ཨ་རྦད་དེ་ཀྱི་བཙན་པོ་རྦད་དེ་ཀྱི་བཙན་པོའི་སྲས་སྤུན་མཆེད་གསུམ་གྱི་སྐོར་ཅིག་གསུངས་ཡོའོ་རེད།
  • པ་སངས་དབང་འདུས།
    ད་སྲས་རྒན་པ་ཡིན་ན་ད་གཙང་མ་ཟེར་མཁན་ཡིན་ན་ད་རྡོག་རྡོག་འདྲ་དེ་ག་རེ་གསུང་ཀྱི་ཡོའོ་རེད་ཟེར་ན། ད་གཅིག་གི་རྦད་དེ་ཨ། གཅིག་གི་སྡུག་བསྔལ་གྱི་རྦད་དེ་གཅིག་གི་ད་སྲིད་པའི་ད་འཁོར་བའི་སྡུག་བསྔལ་གྱི་བདེན་པ་མཁྱེན་མཁན་སངས་རྒྱས་ཀྱི་ལས་འགོར་ཞུགས་པ་རེད་ཟེར།
  • པ་སངས་དབང་འདུས།
    ཨ་སངས་རྒྱས་ཀྱི་ཆོས་འཁོར་ཞུགས་པ། ཨ་དེའི་འོག་གི་སྲས་དེ་དར་མ་དེ་ཆ་བཞག་པ་ཡིན་ན། ད་གཅིག་གི་བྱ་བ་ག་རེ་བརྩམས་པ་ཡིན་ནའི་རྣམ་པར་དཀར་བའི་ཡིན་ནའི་གཅིག་གི་བྱ་བ་བཟང་པོ་གང་ག་ལ་ཐ་དད་བྱས་ཡིན་ན། ད་གཅིག་གི་སྡུག་རྩུབ་ཀྱི་བྱ་བ་ཤ་སྟག་སྲུང་མཁན་ཡིན་པ།
  • པ་སངས་དབང་འདུས།
    ཨ་དེ་འདྲས་གཅིག་གི་སྲས་ཡིན་ན། ད་མཐའ་མ་དེ་ཡིན་ན་དེ་ད་གཅིག་གི་བཙན་པོ་མངའ་བདག་ཨ། ཁྲི་ལྡེ་སྲོང་བཙན་རལ་པ་ཅན་ཟེར་ཡས་དེ་ཡིན་ན།
  • པ་སངས་དབང་འདུས།
    ད་གཅིག་གི་ཨ་ཕྱག་ན་པདྨོ་རྡོ་རྗེ་རྦད་དེ་གཅིག་གི་སྤྲུལ་པའི་སྐུ་ཡིན་པ་དེ་ཡིན་ན་བོད་ཀྱི་རྒྱལ་པོ་ལ་མངའ་གསོལ་བ་རེད་ཟེར།
  • པ་སངས་དབང་འདུས།
    ད་དེར་ཡིན་གཅིག་མིན་གཅིག་འགྲེལ་བཤད་ཞུ་ཡས་གཅིག་ཡིན་ན། མངའ་བདག་ཁྲི་ལྡེ་སྲོང་བཙན་རལ་པ་ཅན་ཟེར་ཡས་དེ་རྒྱལ་བ་ལྔ་པས་རྦད་དེ་ནོར་གནང་འདུག ཁྲི་ལྡེ་སྲོང་བཙན་ཞུ་མཁན་དེ་དོན་དམ་པ་ཡིན་ན་ཨ། ང་ཚོ་རལ་པ་ཅན་གྱི་རྦད་དེ་ཁྲི་གཙུག་ལྡེ་བརྩན་གྱི་ཡིན་ན། གཅིག་གི་ཡབ་རེད།
  • པ་སངས་དབང་འདུས།
    དེ་ཡིན་ན་ད་ཡོངས་གྲགས་ཀྱི་གཅིག་གི་བོད་རིག་པ་མཁས་པ་ཞིབ་འཇུག་བྱེད་མཁན་གྱི་ནང་ལ་ཡིན་ན་རྩོད་པ་ཡོའོ་མ་རེད། ཁོང་རང་བཤགས་པའི་ལོ་དེ་ཡིན་ན་ཨ། སྤྱི་ལོ་བརྒྱད་བརྒྱ་བཅོ་ལྔ་དང་ཁྲི་ཐོག་ལ་རྦད་དེ་གནས་པའི་དུས་ཚོད་དེ། ཨ་དམའ་ཐ་ས་ལས་བརྒྱད་བརྒྱ་བཅུ་མེད་བཞིའི་ནང་ལ་ཡིན་ན་རྒྱལ་པོའི་རྦད་དེ་ཁྲི་ཐོག་ལ་ཞུགས་ཀྱི་ཡོའོ་རེད།
  • པ་སངས་དབང་འདུས།
    ད་འདིའི་ཁྲི་ལྡེ་སྲོང་བཙན་རལ་པ་ཅན་ཟེར་དུས་ཙམ་པ་འདིའི་གཅིག་གི་རལ་པ་ཅན་དེ་མཚན་དངོས་སུ་གནང་བ་དེ་གཅིག་གི་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་འདིའི་ནང་ལ་ཡིན་ན་གཅིག་གི་ནོར་ཡོའོ་རེད། 
  • པ་སངས་དབང་འདུས།
    རྒྱུ་མཚན་གཙོ་བོ་དེ་སྲས་གསུམ་སྐོར་གྱི་ཨ་དུམ་བུ་གཅིག་རེད།
  • པ་སངས་དབང་འདུས།
    དེ་ཡང་མངའ་བདག་འདི་མི་ཟད་པ་ཞེས་པ་མེ་ཕོ་ཁྱིའི་ལོ་ལ་འཁྲུངས་པ་ནས་བཟུང་སྟེ། ལང་ཚོ་གཞོན་ནུའི་དུས་ཉིད་ནས་སྔོན་གྱི་བག་ཆགས་བཟང་པོ་སད་པའི་རྣམ་འགྱུར་ཅི་ཡང་མཛད་ཅིང་། ཁྱད་པར་ཁྲི་ཐོག་ཏུ་ཕེབས་ནས་རྒྱལ་ཐབས་ཀྱི་བྱ་བ་ལེགས་བྱས་ཀྱི་རྒྱུར་བསྒྲུབས་ནས་འབྲས་བུའི་དགའ་སྟོན་ལ་སྤྱོད་པར་རབ་ཏུ་ཆས་པ།
  • པ་སངས་དབང་འདུས།
    ཆོས་བློན་བྲན་ཁ་དཔལ་གྱི་ཡོན་ཏན་གྱིས་བྱས། སྒྲ་སྦྱོར་བམ་གཉིས་པ་ལས། རྟའི་ལོ་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་ཕོ་བྲང་གིའུ་ཤང་རྡོ་ན་ཞུགས། སྟོད་སྨད་ཀྱི་དམག་རྗེ་དང་རྐུན་ཆེན་བཏུལ། གར་ལོག་གི་ཕོ་ཉས་ཕྱག་འཚལ་ཞེས་སོགས་ལྟར། ཉི་འོག་གི་མཁན་པོ་ཛི་ན་མི་ཏྲ། སུ་རེདྲ་བོ་དྷི། དྷ་ན་ཤཱི་ལ་སོགས་པཎྜི་ཏ་དུ་མ་དང་། ལོ་ཙཱ་བ་སྐ་ཅོག་སོགས་གདན་འཛོམ་པར་བྱས་ཏེ།
  • པ་སངས་དབང་འདུས།
    སྔར་ཡབ་མེས་ཀྱི་རིང་ལ་མདོ་སྔགས་ཀྱི་ཆོས་ཕལ་ཆེ་བ་བསྒྱུར་ཟིན་ནའང་། ཡུལ་དབུས་འགྱུར། ཨོ་རྒྱན། བལ་ཡུལ། རྒྱ་ནག་སོགས་སྐད་དུ་མ་ལ་བརྟེན་ནས་བསྒྱུར་བའི་བོད་སྐད་ལ་བསྒྱུར་དུ་མ་བཏུབ་པ་འགའ་ཞིག་སོ་སོའི་རང་སྐད་དུ་བཞག་པས་གོ་དཀའ་ཞིང་། བརྡ་རྙིང་དང་སྡེབ་འགའ་ཞིག་ལ་བརྟེན་ནས་འགྱུར་མི་བདེ་བ་དང་ཀླག་དཀའ་ཞིང་ལེགས་སྦྱར་སྐད་དང་མི་མཐུན་པ་རྣམས་དབུས་འགྱུར་གྱི་རྒྱ་དཔེ་སམ་སྐྲྀ་ཏའི་ལུགས་གཞིར་བྱས་པ་་རྣམས་དང་སྒོ་བསྟུན།
  • པ་སངས་དབང་འདུས།
    རྒྱ་དཔེའི་བཅད་ལྷུག་སྤེལ་མའི་སྡེབ་སྦྱོར་སོགས་བོད་སྐད་ལ་ཇི་བཞིན་མི་འབྱུང་ཞིང་། དེ་དང་བསྟུན་ན་གོ་་མི་བདེ་བས་དོན་རྟོགས་སླ་བ་གཙོ་བར་བྱས། རྒྱ་དཀར་དུ་ཚིག་བསྡོམས་པ་རྣམས་དེ་ལྟར་བསྒྱུར་ན་གངས་ཅན་ལྗོངས་ཀྱི་སྐད་དུ་འཕྱུགས་འགྲོ་བ་དག་ཕྲལ་ཏེ་བསྒྱུར་བ། ཀུ་ཤ་ལ་ཨིཎ་གྱི་རྐྱེན་བྱིན་པའི་ཁཽ་ཤི་ཀ་ལྟ་བུ་སྒྲ་གཅིག་དོན་མང་གཅིག་ཏུ་འཆད་པར་གཏན་ཚིགས་ཀྱིས་བསྒྲུབ་དཀའ་བ་ཀུན་རང་སོར་བཞག།
  • པ་སངས་དབང་འདུས།
    མདོར་ན་བྱིངས་ལས་མིང་དང་ཚིག་གིས་བསྒྲུབས་ཤིང་། རྣམ་དབྱེ་དེ་ཕན་ཉེ་སྒྱུར་ཚིག་ཕྲད་སོགས་མཐའ་དག་ལ་ཞིབ་མོར་དཔྱད། དེ་ཉིད་བོད་ཀྱི་སྐད་ལ་དོན་འགྱུར་གཙོ་བོར་བྱས་ཏེ་གཏན་ལ་ཕབ་བོ།
  • པ་སངས་དབང་འདུས།
    ད་དུམ་བུ་འདི་མངའ་བདག་ཁྲི་རལ་པ་ཅན་གྱིས་དུས་ལ་ཡིན་ན་རྦད་དེ་སྐད་གསར་བཅད་སྐོར་དེ་བཤད་ཀྱི་ཡོའོ་རེད།
  • པ་སངས་དབང་འདུས།
    ད་འདིའི་ནང་ལོགས་ལ་འགོ་བརྗོད་དེར་ཨ་ལས་འགྲེལ་གཅིག་ཞུ་ཡས་བསྡད་ཡོད། ཨ་ག་རེ་རེད་ཟེར་ན། དེ་ལུང་དྲངས་གནང་པ་དེ་གོང་དུ་ཞུས་ཞུས་ཀྱི་དེའི་མཛད་པ་དེ་མང་ཆེས་ཡིན་ན། དོན་དངོས་ཐོག་ལ་ཡིན་ན་ཁྲི་རལ་པ་ཅན་གྱི་དུས་ལ་མ་རེད། དེ་ཡིན་ན་ཁྲི་ལྡེ་སྲོང་བཙན་གྱི་དུས་ལ་རེད།
  • པ་སངས་དབང་འདུས།
    བྱས་ཙང་དཔྱིད་ཀྱི་རྒྱལ་མོའི་ནང་ལ་ཁྲི་ལྡེ་སྲོང་བཙན་དང་ཁྲི་རལ་པ་ཅན་ནོར་ཡོད་དུས་ཙམ་པ་ཡིན་ན། དཔྱིད་ཀྱི་རྒྱལ་མོའི་ནང་ལ་ཡིན་ན་ཁྲི་ལྡེ་སྲོང་བཙན་དེ་ཁྲི་རལ་པ་ཅན་གྱི་དོན་གཅིག་མིང་གི་རྣམ་གྲངས་ལ་བརྩིས་པ་གནང་དུས་དེ་ཁྲི་རལ་པ་ཅན་གྱི་མཛད་པའི་ཁུངས་སུ་བཞག་ཡོའོ་རེད།
  • པ་སངས་དབང་འདུས།
    དེ་ག་རེ་གསུངས་ཀྱི་ཡོའོ་རེད་ཟེར་ན། ད་འདིའི་གོང་དུ་ཁྲི་རལ་པ་ཅན་དེ་ཡིན་ན་མེ་ཕོ་ཁྱིའི་ལོ་ལ་འཁྲུངས་པ་རེད་ཟེར།
  • པ་སངས་དབང་འདུས།
    མེ་ཕོ་ཁྱིའི་ལོ་ལ་འཁྲུངས་དུས་ཁོ་རང་འཁྲུངས་ནས་རྦད་དེ་ཁྱད་པར་དུ་རྒྱལ་སྲིད་འཛིན་པའི་རྗེས་ལ་ཡིན་ན། རྒྱལ་ཐབས་ཀྱི་བྱ་བ་ལེགས་གྲུབ་གང་། ལེགས་གྲུབ་གནང་པས་མ་ཟད་ཡིན་ན་རྦད་དེ་ཆོས་ལ་རྦད་དེ་སེམས། ཐུགས་སེམས་ཤིན་ཏུ་དཀར་བས་བློན་པོ་ཡིན་ནའི་་ཆོས་ལ་ཆོས་བློན་བྲན་ཁ་དཔལ་ཡོན་ཏན་གྱིས་བྱས་པ།  ཨ་དཔེར་ན་འདིའི་ནང་ལ་ཡིན་ན། སྒྲ་སྦྱོར་བམ་པོ་གཉིས་པའི་གསུང་དེ་དྲངས་ཡོའོ་རེད།
  • པ་སངས་དབང་འདུས།
    རྟའི་ལོ་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་ཕོ་བྲང་འོན་ཅང་མདོ་ན་ཞུགས། སྟོད་སྨད་ཀྱི་དམག་རྗེ་དང་རྐུན་ཆེན་བརྟུལ། ཟེར། 
  • པ་སངས་དབང་འདུས།
    འདིའི་དོན་ལ་ཁྲི་སྲོང་ལྡེ་བཙན་ལ་ཞུ་གི་ཡོའོ་རེད། འདིའི་ཡའི་༼ཡང་༽སྒྲ་སྦྱོར་བམ་པོ་གཉིས་པའི་སྐད་དེ་དྲངས་ཡས་རྒྱུ་མཚན་གཙོ་བོ་དེ། ག་རེ་རེད་ཟེར་ན།
  • པ་སངས་དབང་འདུས།
    བཙན་པོ་དེའི་རིང་ལ་ཡིན་ན་ལོ་ཙཱ་བ་མང་པོ་དང་པཎྜི་ཏ་མང་པོ་འཛོམ་བྱས། དེ་ནི་སྔར་ཡབ་མེས་རིང་ལ་མདོ་སྔགས་ཀྱི་ཆོས་བསྒྱུར་པ་རྣམས་ལ་ཡིན་ན་གོ་མ་བདེ་བ་དང་། འ་གཅིག་གི་གཅིག་བསྒྱུར་མ་ཡིན་པ་རྣམས། གཅིག་དོན་བསྒྱུར་གཙོ་བོར་བྱས་བྱས་བོད་སྐད་ལ་གོ་བདེ་པོ་གཅིག་དང་༎ བསྒྱུར་ཡས་རྦད་དེ་གཅིག་གི་བསྒྱུར་ཡིག་གི་གཅིག་གི་ཚད་ལྡན་བསྒྱུར་ཡིག་གཅིག་གི་ཚད་གཞི་ཡིན་ནའི་རྦད་དེ་གཏན་འབེབས་གནང་བྱས་ཡིན་ན།
  • པ་སངས་དབང་འདུས།
    དེ་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་ཐོག་ལ་ཡིན་ན། སྐད་གསར་བཅད་ཟེར་ཡས་དེ་འདྲས་གཅིག་གི་བྱ་བ་གཅིག་བརྩམས་པ་རེད། ཟེར ། དེ་འདྲས་ཀྱི་རྒྱུ་མཚན་གཅིག་རེད།
  • པ་སངས་དབང་འདུས།
    ཆོས་ཀྱི་རྒྱལ་པོ་མེས་དབོན་གྱི་རིང་ལ་མཆོག་དམན་མཐའ་དག་གི་སེམས་ཀྱི་རི་དྭགས་རང་ཉམས་དུ་འཁྱམ་པར་མི་ནུས་པའི་ཞགས་པ་དམ་པོས་ཡངས་པའི་རྒྱལ་ཁམས་མཐའ་དག་རང་སར་བདེ་བའི་ཁྲིམས་ཀྱི་བྱ་བ་མཐའ་ཀླས་པར་མཛད་པས། ཡོད་འཕྲོག་མའི་གཏམ་རྒྱུད་ལས། བྱང་ཕྱོགས་ལྔ་ལྡན་སྐྱིད་ཅིང་རྒྱལ་བ་དེ།  རྒྱལ་པོ་དེ་ཡི་རྒྱལ་ཁྲིམས་ཆོས་བཞིན་སྤྱད་པ་དང་། འབངས་འཁོར་གཡོག་རྣམས་ཀྱིས་རྒྱལ་པོའི་བཀའ་ལ་ཉན་པས། སྐྱིད་པ་ཡིན་ཞེས་པའི་དོན་དང་མཐུན་པར་གྱུར་ཅིང་། 
  • པ་སངས་དབང་འདུས།
    དེ་ཡང་ཁྲིམས་ནི། བོད་རྒན་པོ་ཡ་རབས་རྣམས་ཀྱིས་གླེང་བའི་སྲིད་པའི་ཁོག་རུབ་ཆེན་པོ་ལ་དོན་སུམ་ཅུ་རྩ་གཉིས་སུ་གྲགས་པའི་བཅུ་དགུ་པ་ཁྲིམས་ཆེན་པོ་ལ། ཁྲི་རྩེ་འབུམ་གཞེར་གྱི་ཁྲིམས། གསེར་ཐང་ཤ་བ་ཅན་གྱི་ཁྲིམས། རྒྱལ་ཁམས་དཔེ་བླངས་ཀྱི་ཁྲིམས། མདོ་ལོན་ཞུས་བཅད་ཀྱི་ཁྲིམས། དཀོན་ཅོག་གི་ཆོས་ཁྲིམས། ཇོ་་མོ་མངའ་དག་གི་ཁྲིམས། དང་དྲུག་ཕྱེ་བས།
  • པ་སངས་དབང་འདུས།
    ངན་པ་ལ་ཆད་པ་གཅོད་ཅིང་བཟང་པོ་ལ་བྱ་དགའ་སྟེར། མཐོ་བའི་གཉའ་ནས་གནོན་ཅིང་དམའ་བ་ཐབས་ཀྱིས་སྐྱོང་བའི་བཀའ་ཁྲིམས་ཀྱི་སྲོལ་བཟང་པོའི་འོད་སྣང་སྲིད་རྩེའི་བར་དུ་ཁྱབ་པའི་བདེ་སྐྱིད་ཀྱི་པུཎྜ་རཱི་ཀ་ཆེས་ཆེར་རྒྱས་པ་བར་སྐབས་སུ། སྡིག་བློན་མི་གཙང་བ་འདམ་གྱི་དྲི་མས་ཅུང་ཟད་སྦགས་པ་ལྷག་མ་ཙམ་ཡང་དག་པར་མཛད་དེ་ཡངས་པའི་ནོར་འཛིན་གྱི་ཁྱོན་ཀུན་ཏུ་དྲིལ་བསྒྲག།
  • པ་སངས་དབང་འདུས།
    གཞན་ཡང་སྨན་གྱི་བཅོས་ལུགས་བཞི། དཔྱད་མཁན་གྱི་གབ་རྩེ་ལྔ། ཡ་རབས་ཀྱི་སྐྱེན་བདུན། མཛངས་པའི་མིག་བཅུ་གཉིས། ཕོ་ལྟང་གི་ཉེར་བརྒྱད། མོ་ལྟང་གི་ཉེར་བཅུ་གཉིས། ཕྱག་རྒྱ་དྲུག རྒྱལ་པོའི་གདན་བཞི། བློན་པོའི་གྲལ་བརྒྱད། ཕྱག་རྐ་རྩ་བུ་བརྒྱད། མཛའ་སྡུམ་བཞི་སོགས་བོད་འབངས་ཀྱི་གཏམ་དང་ཡིག་ཚང་དུ་གྲགས་ཤིང་། ལག་ཏུ་སྟེར་འོས་པ་རྣམས་ལེན་པའི་སྲོལ་ཆོས་ཀྱི་རྒྱལ་པོ་འདི་ཡན་དུ་མ་ཉམས་པར་གནས་པ་ཡིན་ནོ།
  • པ་སངས་དབང་འདུས།
    དཔའ་བོ་གཙུག་ལག་གིས། གསང་སྔགས་རྫོགས་འཚང་རྒྱ་བའི་རྒྱུ། ནོར་དུ་མི་བཙོང་སྙིང་ལ་བཅང་། ཞེས་པའི་ཁྲིམས། ཆོས་སྲོང་བཙན་སྒམ་པའི་སྐབས་བྱུང་བ་སྨྲ་བ་ནི་བླུན་ཚིག་སྟེ། ཆོས་རྒྱལ་གྱི་དུས་སྣོད་ལྡན་འགའ་ཞིག་ལ་བཙན་པོ་རང་གིས་ཐུགས་རྗེ་ཆེན་པོ་ཞི་ཁྲོ་སོགས་གནང་བ་ལས། གསང་སྔགས་ཀྱི་ཆོས་ནོར་གྱི་ཕྱིར་འཚོང་བ་ལྟ་བུའི་ཁྱབ་གདལ་དུ་གྲགས་པ་མེད་པས། ཁྱད་གཞི་མེད་པའི་ཁྱད་ཆོས་དང་། དགེ་བཅུའི་ཁྲིམས་ཀྱི་སྟེང་དུ་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་མཛད་པར། དེ་གཉིས་དྲིལ་བས་བཅུ་དྲུག་ཡིན་པ་ལྟར་སྨྲ་བ་སོགས་ཀྱི་འཆལ་ཤིན་ཏུ་མང་ངོ་།
  • པ་སངས་དབང་འདུས།
    འདིའི་དུས་སུ་རྒྱ་བོད་གཉིས་མ་མཐུན་པར།