Video Overview
In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.
- Samyé Gön
- Ramoché
- Jokhang
- Lhasa
- Drak Yerpa
- Dripma
- Ngari
- ནོར་བྲང་ཨོ་རྒྱན།ད་དེ་ནི་མངའ་བདག་ཁྲི་རལ་པ་ཅན་གྱིས་གང་འདྲས་ཅིག་གནང་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ལྟར་ཡང་ཚུལ་བཞིན་རྣམ་པར་སྤྱོད་པ་མ་ཡིན་པའི་སྟོབས་ཀྱི་ཁེངས་པས། དྲེགས་པ་མཐའ་དག་རང་ཉམས་སུ་བྱེད་པའི་འཇིག་རྟེན་གྱི་ལུགས་ཀུན་ཆུ་ཤིང་གི་རྩེ་མོའི་སྙིང་པོའི་འབྲས་བུ་གང་ཡང་ཆགས་པ་མེད་པ་ལྟ་བུར་མཛད་དེ། ཟེར།
- ནོར་བྲང་ཨོ་རྒྱན།ད་རྦད་དེ་ལྟ་བུའི་ཚུལ་བཞིན་རྣམ་པར་སྤྱོད་པ་མ་ཡིན་པའི་སྟོབས་ཀྱི་ཁེངས་པས། དྲེགས་པ་མཐའ་དག་ད་མ་རུང་བར་སྤྱོད་པ་མཐའ་དག་གི་རང་ཉམས་སུ་བྱེད་པའི་དེ་ནི་འཇིག་རྟེན་གྱི་ལུགས་ཀུན་ཆུ་ཤིང་གི་རྩེ་མོར་སྙིང་པོའི་འབྲས་བུ་གང་ཡང་མེད་པ། ཆུ་ཤིང་ཟེར་མཁན་དེའི་རྩེ་ལ་དེ་ནི་སྙིང་པོའི་འབྲས་བུ་དེ་འདྲས་གའི་མེད་པ་སོང་ཙང་། དེ་འདྲས་ཀྱིས་རྦད་དེ་ཆུ་ཤིང་གི་རྩེ་མོར་སྙིང་པོའི་འབྲས་བུ་གང་ཡང་མེད་པ་ལྟ་བུ་ལ་ཆགས་པ་མཛད་དེ། ཟེར།
- ནོར་བྲང་ཨོ་རྒྱན།ཆོས་བཞིན་དུ་སྐྱོང་བའི་རྒྱལ་ཁྲིམས་དེ་ནི་ཆོས་བཞིན་དུ་སྐྱོང་བའི་དེ་ནི་རལ་པ་ཆེན་པོའི་དེ་ནི་མངའ་བདག་ཁྲི་རལ་པ་ཅན་གྱི་ཁྲིམས་བཞིན་དུ་སྐྱོང་བའི་བཀའ་ཁྲིམས་གསེར་གྱི་གཉའ་ཤིང་། འཛིན་རི་ལྟར་རབ་ཏུ་ལྕི་བའི་དེ་ནི་རྦད་དེ། ཨེ་དེ་ནི་ཁྲིམས་ཀྱི་གཉའ་ཤིང་དེ་ཡིན་ན་ད། རྒྱལ་སྲིད་རྒྱལ་སྲིད་ཀྱི་རིན་པོ་ཆེ། དེ་འདྲས་ལ་གཡོ་བ་མེད་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་སྲིད་ཀྱི་གདུགས་དཀར་པོ་ཤིན་ཏུ་ཡངས་པའི་བདེ་སྐྱིད་ཀྱི་གྲིབ་བསིལ་ལ་སྐྱེ་རྒུ་མཐའ་དག་ལ་ངལ་གསོའི་བདེ་བ་ལ་དགའ་མགུར་སྤྱོད་པའི་སྐབས།
- ནོར་བྲང་ཨོ་རྒྱན།ད་དེ་ལྟ་བུའི་དེ་ནི་ཁྲི་རལ་པ་ཅན་གྱིས་ཡིན་ན། རྦད་དེ་ད་རྒྱལ་སྲིད་རྦད་དེ་དཔེར་ན། གཉའ་ཤིང་གི་འཛིན་རི་ལྟར་གཉའ་བ་ཚང་མའི་གཉའ་བ་ལ་གནོན་པས་རྒྱལ་སྲིད་ཀྱི་རིན་པོ་ཆེ་དེ་ཁྲི་ལ་་གཡོ་བ་མེད་པའི་དེ་ནི་ཕྱོགས་ལས་རྣམ་པར་རྒྱལ་བའི་གཅིག་གི་ད་རང་དང་། དགའ་མགུར་དེ་འདྲས་སྤྱོད་པའི་སྐབས་ལ།
- ནོར་བྲང་ཨོ་རྒྱན།ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་སྲིད་ཀྱི་དེ་ནི་གདུགས་གང་ག་ཁོར་ཡུག་རྒྱལ་སྲིད་ཀྱི་ཡུག་གཅིག་ཏུ་སྐྱོང་བའི་དེ་ནི་བདེ་སྐྱིད་ཀྱི་དགེ་བ་ཐམས་ཅད་དེ་ནི། བདེ་སྐྱིད་ཀྱི་གྲིབ་བསིལ་ལས་སྐྱེ་རྒུ་མཐའ་དག་ངལ་གསོའི་བདེ་བ་ལ་དགའ་མགུར་སྤྱོད་པའི་སྐབས་ཟེར།
- ནོར་བྲང་ཨོ་རྒྱན།ད་ནག་པོའི་ཕྱོགས་བདུད་ཀྱིས་རང་གི་ཡིད་རྣམ་པར་བརླམས་པ་སྟེ། ཡིད་བསྒྱུར་བའི་སྡིག་བློན་རྣམས་ཆོས་ཁྲིམས་ཤིན་ཏུ་དམ་པར་མི་བཟོད་པའི་ཟུག་རྔུ་ཆེན་པོས་མནར་བར་གྱུར་ཏེ།
- ནོར་བྲང་ཨོ་རྒྱན།དེ་ལྟ་བུའི་དེ་ནི་རལ་པ་ཅན་གྱིས་ཡིན་ན་ད་དཀར་པོའི་ཆོས་བཞིན་དུ་བསྐྱང་ཡས་དང་ནག་པོའི་ཕྱོགས་དེ་ནི་བདུད་ཀྱིས་རང་གི་བརླམས་པའི་དེ་ནི། དེ་ཚོ་ལ་རྦད་དེ་གཅིག་གི་གཉའ་གནོན་པ་ཡིན་དུས་ཙམ་པ། ད་ཁོང་ཚོས་ཡིད་བསྒྱུར་བའི་དེ་ནི་སྡིག་བློན་རྣམས་ཀྱིས་དེ་ནི་ད། རལ་པ་ཅན་གྱི་དེ་ནི། མཛད་པ་དེ་དེ་ནི་ཆོས་ཁྲིམས་དེ་ཤིན་ཏུ་དམ་པ་ཡིན་དུས་ཙམ་པ། ད་དེས་ཁོང་རང་ཚོས་གང་བྱུང་མ་བྱུང་བྱེད་ཡས་ཐོག་ལ་ཡིན་ནའི་རྦད་དེ། སྐྱོན་བརྒྱབ་ཀྱི་ཡོད་པ་མི་བཟོད་པའི་དེ་ནི་འོང་། སྡུག་བསྔལ་ཆེན་པོས་མནར་ནས། ག་རེ་བྱས་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།རྒྱལ་པོས་བཅས་པ་འི་ཆོས་ཁྲིམས་དེ་དག་འཕྲལ་མར་འཇིག་པའི་གྲོས་བཤམས་པ་ལ། ད་རྒྱལ་པོ་རལ་པ་ཅན་དང་བཅས་པའི་དེ་ནི་ཆོས་ཁྲིམས་དེ་གྱད་དེ་ཡིན་ནའི་འཕྲལ་མར་དེ་ནི་འཇིག་པའི་གྲོས་བཤམས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།འོ་་་་འོང་། ཆོས་ཁྲིམས་དེ་གྱད་དེ་མེད་པར་བཟོ་ཡས་གྱི་དེ་ནི་གྲོས་འཆམ་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་ཡིན་ནའི་དེ་གྲོས་བྱེད་པའི་ཁ་གཏུག་ལ་རྒྱལ་པོ་མ་བཀྲོངས་ན། ཆོས་ཁྲིམས་བཤིག་མི་ནུས་ཟེར། དེ་ནི་རྦད་དེ་ཁྲི་རལ་པ་ཅན་བཀྲོངས་མ་ཐུབ་ན། དེ་ནི་ཆོས་ཁྲིམས་དེ་བཤིག་ཐུབ་ཀྱི་མ་རེད། ཟེར།
- ནོར་བྲང་ཨོ་རྒྱན།ལ་ལས་དེ་ནི་རྒྱལ་པོ་བཀྲོངས་ཀྱང་དེ་ནི་ལྷ་སྲས་གཙང་མ་དང་། བཙུན་མོ་ངང་ཚུལ་མ། བན་སྡེ་ཆེན་པོ། བན་སྡེ་ཆེན་པོ་རྣམས་ཞུགས་ཡོད་པ་ཡིན་་དུས་ཙམ་པ། དེ་ནི་བཤིག་མི་ནུས་ཟེར།
- ནོར་བྲང་ཨོ་རྒྱན།མ་རེད་ཟེར། དེ་ཡང་གྲོས་བྱེད་པའི་ཁ་གཏུག་ལ་དེ་ནི་བདུད་བློན་འགའ་ཤིག་ཡིན་ན། དེ་ནི་རྦད་དེ་རྒྱལ་པོ་བཀྲོངས་ནའི་འགྲིག་གི་རེད་དའི། རྒྱལ་པོ་བཀྲོངས་ནའི་དེ་ནི་ལྷ་སྲས་གཙང་མ་དང་། དེ་ནི་བཙུན་མོ་ངང་ཚུལ་མ། བན་ཆེན། བློན་ཆེན་པོ་ལ་སོགས་པ། ད་དེ་ཚོ་ཞུགས་ཡོད་དུས་ཙམ་པ་དེ་ནི་རྒྱལ་ཁྲིམས་བཤིག་ཐུབ་ཀྱི་མ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བྱས་ནས་ད་དེ་འདྲས་ཡིན་དུས་ཙམ་ནས་ད་སྦས་སྟག་སྣ་ཟེར་ཡས་ད། བདུད་བློན་ནང་ནས་ད་གཙོ་བོ་དེ་སྦས་སྟག་སྣ་ཟེར་ཡས་དེ་རེད། ཁོས་སྔོན་དུ་ལྷ་སྲས་སོགས་མེད་པར་བྱས་རྗེས་རྒྱལ་པོ་བཀྲོངས་ཟེར་བྱས་ནས། དང་པོ་ཡིན་ན་ལྷ་སྲས་དེ་ནི་ལྷ་སྲས་གཙང་མ་དེ་མེད་པར་བཟོས། དེའི་མཇུག་ལ་རྒྱལ་པོ་བཀྲོངས་ཟེར་བྱས་ནས་གང་འདྲས་བྱས་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།སྐབས་དེ་དུས་དེ་ནི་མོ་རྒྱག་མཁན་དང་རྩིས་རྒྱག་མཁན་ལ་སོགས་པ་དེ་འདྲས་ཀྱི་དེ་ནི་གླེང་ཕྱོགས་དེ་འདྲས་བཟོས་བྱས། གླེང་ཕྱོགས་དེ་འདྲས་བཟོས་བྱས། གང་འདྲས་ཅི་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནི་ལྷ་སྲས་གཙང་མ་དེ་ནི་མཐའ་མཚམས་ལ་མ་སྤྱུགས་ན་དེ་ནི་རྒྱལ་ཁྲིམས་དེ་རྦད་དེ། རྒྱལ་སྲིད་འཇིག་ལ་འགྲོ་ཡས་ཡོང་གི་རེད་ཟེར།
- ནོར་བྲང་ཨོ་རྒྱན།ལྷ་སྲས་གཙང་མ་དེ་མཐའ་ལ་མཐའ་མཚམས་ལ་ཕར་ཕྱིར་འབུད་མ་བཏང་ན། དེ་ནི་རྒྱལ་སྲིད་དེ་འཇིག་ལ་འགྲོ་གི་རེད་བྱས་ནས་དེ་འདྲས་ཀྱི་དཔེར་ན། ད་མོ་དང་རྩིས་པ་ལ་སོགས་པ་དེ་ཚོ་ལ་གྲོས་ངན་དེ་འདྲས་བཤམས་བྱས། གླེང་ཕྱོགས་དེ་འདྲས་མང་པོ་བཟོས།
- ནོར་བྲང་ཨོ་རྒྱན།གླེང་ཕྱོགས་མང་པོ་བཟོས་ནས། འོང་། ད་དེ་འདྲས་ཀྱི་མོ་དང་རྩིས་པ་མཁན་ལ་སོགས་པ་དེ་འདྲས་ལ་བརྔན་པ་མང་པོ་སྤྲད་བྱས། ཁོང་ཚོས་གླེང་ཕྱོགས་དེ་འདྲས་བཟོས་ནས། གླེང་ཕྱོགས་དེ་གང་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ལྷ་སྲས་གཙང་མ་མཐའ་ལ་མ་སྤྱུགས་ན་དེ་ནི། རྒྱལ་སྲིད་འཇིག་འགྲོ་གི་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་ཀྱི་དཔེར་ན་ལུང་ཚུལ་དུ་བསྟན། དེ་འདྲས་ཀྱི་དཔེར་ན་ལུང་བསྟན་དུ་བཅུག་པས། མོ་རྒྱག་མཁན་ཡིན་རེད། རྩིས་རྒྱག་མཁན་ཡིན་ནའི་རེད། ཁོང་ཚོས་ལུང་བསྟན་པ་དེ་གྱད་དེ་རྒྱལ་པོའི་སྙན་དུ་གསོལ་ནས། ད་དེ་ནི་མོ་མ་དང་རྩིས་པ་ལ་སོགས་པ་དེ་ཚོས་ཡིན་ན། ག་རེ་ཟེར་གྱི་འདུག་ཟེར་ན།
- ནོར་བྲང་ཨོ་རྒྱན།ད་རྒྱལ་སྲིད་དེ་གཙང་མ་ཆོས་བཞིན་དུ་སྐྱོང་དགོས་ཀྱི་ཡོད་ན། དེ་ནི་ངེས་པར་དུ་དཔེར་ན། ལྷ་སྲས་གཙང་མ་དེ་རྦད་དེ་མཐའ་ལ་མ་འབུད་ན། དེ་ནི་རྦད་དེ་རྒྱལ་སྲིད་དེ་མཐར་འཇིག་འགྲོ་ཡས་ཉེན་ཁ་ཡོའོ་རེད། ཟེར་ཡས་དེ་འདྲས་ཀྱི་དཔེར་ན་རྒྱལ་པོ་ལ་སྙན་གསོལ་ནས་རེད་པ།
- ནོར་བྲང་ཨོ་རྒྱན།སྙན་སྒྲ་དེ་འདྲས་གསོལ་ནས་དེ་ནི་ལྷ་སྲས་གཙང་མ་དེ་རྦད་དེ་མོན་ལ་སྤྱུགས་པ་རེད་ཟེར། ད་བོད་ཀྱི་ས་ཆ་མོན་ལ་སྤྱུགས། མོན་ལ་རྦད་དེ་ཕྱིན་བྱས།
- ནོར་བྲང་ཨོ་རྒྱན།དེ་བཞིན་བློན་པོ་སྦས་སྟག་སྣས་དེ་ནི་བློན་པོ་ཆེན་པོ་བྲན་ཁ་དཔལ་ཡོན་དང་། རྒྱལ་པོའི་བཙུན་མོ་ངང་ཚུལ་མ་གཉིས་མཐུན་སྡེབ་བྱས་ཤིང་།ཟེར། དེ་བཞིན་དེ་ནི་སྦས་སྟག་སྣས་ག་རེ་བཤད་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནི་རྒྱལ་པོའི་བློན་པོ་ཆེན་པོ། སྐབས་དེ་དུས་བློན་པོའོ་གཙོ་བོ་དེ་བློན་ཆེན་བྲན་ཁ་དཔལ་ཡོན་ཟེར་ཡས་དེ་རྦད་དེ་ཆོས་་བཞིན་སྐྱོང་བའི་རྒྱལ་པོའི་སྲིད་ཞུ་བསྒྲུབ་ཡས་ལ་ཆེས་མཆོག་ཏུ་གྱུར་པ་ཅིག་ཡོད་དུས་ཙམ་པ། དེ་དང་དེ་ནི་རྒྱལ་པོའི་བཙུན་མོ་ངང་ཚུལ་མ་གཉིས་དེ་ནི་མཐུན་སྡེབ་བྱས་ནས་གང་བྱུང་མ་བྱུང་བྱས་པ་རེད་ཟེར། དེ་འདྲས་ཀྱི་དཔེར་ན་རྒྱལ་པོའི་སྙན་སྒྲར་བཅུག སྙན་སྒྲར་བཅུག་དུས་ཙམ་པ་དེ་ནི།
- ནོར་བྲང་ཨོ་རྒྱན།རྒྱལ་པོས་ཡིན་ནའི་ད་དེ་ཚོ་ལ་བརྟག་པ་མ་གནང་པ་བྱས་བྱས་དེ་ནི་བཙུན་མོ་ངང་ཚུལ་མ་ཁྲིམས་ལ་སྦྱོར་ཅིག། ཅེས་གསུངས་བྱས་ད་དེ་འདྲས་ཟེར་དུས་ཙམ་པ་རྒྱལ་པོས་གསུངས་དུས་ཙམ་པ། དེ་ནི་བཙུན་མོ་ངང་ཚུལ་མ་རྦད་དེ་ད་ང་དང་བྲན་ཆེན་པོ་ལ་སོགས་པ་དེ་ཚོ་ལ་ཡིན་ན་འབྲེལ་བ་བྱས་པ་ལ་སོགས་པ། དེ་འདྲས་གནོངས་འགྱོད་པ་ཟེར་གའི་མེད་ཟེར།
- ནོར་བྲང་ཨོ་རྒྱན།ད་ཡིན་ནའི་རྒྱལ་པོས་ང་ཚོ་ལ་རྒྱལ་པོས་དེ་འདྲས་ང་ཚོ་ལ་དེ་འདྲས་ཀྱི་མ་ཉེས་ཁ་གཡོག་འདྲ་པོ་བསྐྱལ་གྱི་ཡོད་ན། འགྲིག་གི་མ་རེད་ཟེར། དེ་ནི་ཁོང་ཡིན་ན། དཔེར་ན་རང་ཤི་བརྒྱབ་བྱས་དེ་འདྲས་ཡིན་ནའི་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་སྐབས་དེ་དུས་བློན་ཆེན་པོ་བྲན་ཆེན་པོས་དེ་ནི་གང་འདྲས་རེད་ཟེར་ན། ད་སྦས་སྟག་སྣ་ལ་སོགས་པ་ཁོང་ཚོའི་མ་རུང་བའི་སྤྱོད་པ་དེ་གྱད་དེ་རིག་ནས་ད་ང་བསད་ནའི་བསད་པ་ལ་སྐྱོན་གའི་ཡོའོ་མ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ང་བསད་ནའི་བསད་པ་རེད་དའི་ཡིན་ནའི་ད་རྒྱལ་པོ་བཀྲོངས་ན་གང་མིན་ཚད་བྱེད་ཀྱི་རེད། རྒྱལ་པོ་བཀྲོངས་ན་གང་མིན་ཚད་བྱེད་ཀྱི་རེད། དེ་ནི་དེ་ནས་བྲན་ཆེན་པོས་ལྕགས་ཀྱི་སྲོག་རྩ་བསྒྲུབས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་ཆོས་ལུགས་ནང་ལ་བྱས་ན། ལྕགས་ཀྱི་སྲོག་རྩ་བསྒྲུབ་པ་ཟེར་མཁན་དེ། བསྒྲུབ་ཐུབ་པ་ཡིན་ན་དེ་ནི་དེ་ལ་རྦད་དེ་དེ་བྱེད་ཡས་ག་རེ་ཟེར་དགོས་རེད།
- ནོར་བྲང་ཨོ་རྒྱན།རང་ཤི་ཡས་མེད་པ་ལ་སོགས་པ་དེ་འདྲས་ཀྱི་གནས་ཚུལ་ཡོད་དུས་ཙམ་པ། དེ་ནི་དེ་འདྲས་བསྒྲུབ་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།འོང་། དེ་ཡང་གང་འདྲས་ཟེར་ན། བློན་ཆེན་པོ་བྲན་ཁ་དཔལ་ཡོན་གྱིས་དེ་ནི་རྒྱལ་པོའི་སྐུ་སྲོག་ལ་སྲུང་་སྐྱོབ་བྱེད་ཡས་ཀྱི་ཆེད་དུ། གང་བྱས་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ཁོང་རང་ཡིན་ནའི་བྱང་ལ་བྲོས་ཕྱིན་བྱས་རེད་པ། བྱང་ལ་བྲོས་ནས་ས་འོག་གཅིག་ཏུ་རྦད་དེ་བྲག་ཕུག་དེ་འདྲས་བཟོ་བྱས། སའི་འོག་ལ་སྒོམ་བྱེད་སའི་ཁང་པ་དེ་འདྲས་བཟོས་བྱས་རེད་པ། དེ་ནི་དེའི་ཐོག་ལ་ཡིན་ན་རྦད་དེ་ལྕགས་ཀྱི་སྲོག་རྩ་དེ་འདྲས་བསྒྲུབ་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ལྕགས་ཀྱི་སྲོག་རྩ་བསྒྲུབ་པ་ཡིན་ན་སོར་བཞི་ཙམ་ད་ལུས་པོ་ཡོངས་རྫོགས་ལ་དཔེར་ན་བསྒྲུབ་ཐུབ་པ་བྱས། སྟོད་ཀྱི་ཐོག་ཁར་ད་གང་ཟེར། མགོ་བོའི་ཁ་གཏུག་ལ་སོར་བཞི་ཙམ་མ་གྲུབ་པའི་ཁ་གཏུག་ལ་ཆ་བཞག་ན། དེ་ནི་ག་རེ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།སྐབས་དེ་དུས་བོད་ཁམས་ཀྱི་སྐྱེ་བོ་ཚང་མའི་བསོད་ནམས་ཀྱི་དབང་དམན་པ་ཟེར་ནའི་ག་རེ་ཟེར་ནའི་དེ། དེ་དེ་འདྲས་ཁ་གཏུག་དེ་ནི། ལོང་བ་གཅིག་ལོང་ཁྲིད་གཅིག་བྱས་པ་དེ་བྱས་ནས། དེ་འདྲས་བྱས་ལོང་བ། གཅིག་དེ་འདྲས་བྱས་བྱས་ཡོང་གི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ལོང་བ་ཡོང་དུས་ཙམ་ད། ད་དེ་ལོང་བ་ཡོང་དུས་ཕྱོགས་དེར་ཡོང་དུས་ཡུལ་དེ་ག་ནས་ཡིན་ཟེར་ན། ད་དེ་ལོང་བ་ལོང་ཁྲིད་པ་དེ་ལ། ལོང་ཁྲིད་པ་དེ་ལ་ད་རྦད་དེ། ག་པར་སླེབས་སོང་ཟེར་དུས་ཙམ་པ། ཡུལ་དེ་ད་ལུང་པ་ལུང་སྟོང་རེད་ཟེར། བཤད་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཡུལ་དེ་ལུང་པ་ལུང་སྟོང་་རེད་ཟེར་དུས་ཙམ་པ། ད་ལུང་པ་ལུང་སྟོང་མ་རེད། ད་ངས་དེ་ཁ་གི་འདུག་ཟེར། གང་ཟེར། དུ་བའི་དྲི་མ་ཁ་གི་འདུག་བྱས་ནས། དེ་འདྲས་བཤད་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དུ་བའི་དྲི་མ་ཁ་གི་འདུག་ཟེར་དུས་ཙམ་པ། དེ་ནི་དེ་ནས་ཕར་ཕར་ཕྱིན་ཕྱིན་ཕྱིན་བྱེད་དུས་ཙམ་པ། དེ་ནི་ས་ཆ་གཅིག་ལ་ལུང་པ་གཅིག་གི་བྲག་གཅིག་གི་སེར་ཁ་ནས་དེ་ནི། དུ་བའི་དྲི་མ་ཁ་བ་དེ་མཐོང་དུས་ཙམ་པ། ད་དེ་ནས་དེ་ནི་གཞི་ནས། ཁོང་ཚོས་དེ་ལ་ཕྱིན་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་བྱས་ནས་ད་ལོང་བ་དེ་ད་དེ་ནས་མི་ཡོའོ་རེད་ཟེར། ཡར་འགྲོ་དུས་ཙམ་པ་དེ་ནི་དེ་ནས་སྐབས་དེ་དུས་དེ་ནི། བྲན་ཆེན་པོས་ཡིན་ནའི་རྦད་གསལ་པོ་ད་ཁོང་ཚོ་ལ་རྦད་དེ་བྲན་ཆེན་པོ་དཔེར་ན་ང་ཚོ་ལ་རྦད་དེ་ལྟོ་ཆས་སྟེར་རོགས་གནང་། དུག་ལོག་སྤྲོད་རོགས་བྱེད་ཟེར་བྱས་ནས། དེ་འདྲས་ཟེར་དུས་ཙམ་པ།
- ནོར་བྲང་ཨོ་རྒྱན།བློན་ཆེན་པོས་ཡིན་ན་ཁོ་ལ་རྦད་དེ་དུག་ལོག་སྤྲད་དེ་ནི་ཟ་ཡས་དེ་འདྲས་ཡིན་ནའི་སྤྲད། དེ་འདྲས་བྱས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་དུག་ལོག་སྤྲོད་ཡས་ལ་ཆ་བཞག་ན། དུག་ལོག་ལ་འཇམ་རྩུབ་གཉིས་པ་ཡོད་པ་བྱས་ན། ད་འཇམ་པ་དེ་དེ་ནི་ལོང་ཁྲིད་་དེ་ལ་སྤྲད། དེ་ནི་ད་ལོང་བ་དེ་ལ་ད་དུག་ལོག་སྡུག་ག་འདྲ་པོ་རྩུབ་པ་འདྲ་པོ་དེ་ཚོ་སྤྲད་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་བྱས་བྱས་ད་སྤྲད་པའི་མཇུག་གུ་ལ་ཆ་བཞག་ན་དེ་ནི་གང་འདྲས་ཅིག་བྱས་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནི་རྦད་དེ་ད་ང་ཚོ་འདི་རུ་འདུག་ཟེར་། མི་སུ་གཅིག་ལ་མ་ཤོད་ཟེར་བྱས་ནས། དེ་འདྲས་ཕར་ལབ་ཟེར།
- ནོར་བྲང་ཨོ་རྒྱན།ཁོང་ཚོ་གཉིས་ལ་བཀའ་སློབ་གནང་བྱས་དེ་འདྲས་གནང་བ་རེད་ཟེར། དེ་འདྲས་རེད་དའི། འོང་དེ་འདྲས་ཡིན་དུས་ཙམ་པ་ད་ལོང་བས་ཕར་འགྲོ་དུས་ཙམ་པ་དེ་ནི་སོ་སོའི་གོས་དང་ད་རྦད་དེ་ལོང་ཁྲིད་པའི་གོས་ལ་བལྟ་དུས་ཙམ་པ་ལོང་ཁྲིད་པའི་གོས་དེ་འཇམ་པ་དང་ཡག་ག དེ་ནི་རང་ཉིད་ཀྱི་གོས་དེ་རྩུབ་པ་དང་སྡུག་ག་ཡོད་དུས་ཙམ་པ། སྡུག་ག་ལ་ཤེས་ནས་ག་རེ་བྱས་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནི་ཁོ་ར་ཡིན་ནའི་ཚིག་པ་བཟས་བྱས་དེ་ནི་རྦད་དེ། བློན་པོ་ཆེན་པོ་རྦད་དེ་བློན་ཆེན་པོ་སྦས་སྟག་སྣའི་ཁྲིས་ལ་ཕྱིན་བྱས། སྦས་སྟག་སྣའི་མདུན་ལ་ཕྱིན་བྱས་ག་རེ་བཤད་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ད་ང་ལ་ཡིན་ན་བྲན་ཆེན་པོ་ནང་ལྟར་གྱི་ཐོག་ནས་ང་ཚོ་ལ་ཟས་གོས་སྟེར་རོགས་བྱེད་ཟེར། དེ་འདྲས་ཟེར་བཤད་པ་རེད་ཟེར། དེ་འདྲས་བཤད་དུས་ཙམ་པ་ད། བྲན་ཆེན་པོ་ཡིན་ནའི་ད་རྦད་དེ་ས་འོག་ནས་ལྕགས་ཀྱི་སྲོག་རྩ་བསྒྲུབ་པ་དེ། གཞི་ནས་ཧ་གོ་དུས་ཙམ་པ། དེ་ནི་ས་འོག་དེ་ལ་ཕྱིན། ཕྱིན་དུས་ཙམ་པ་དེ་ནི།
- ནོར་བྲང་ཨོ་རྒྱན།བྲན་ཆེན་པོ་ལ་ཡིན་ན་རྦད་དེ་དེ་བྱས་ནས་གང་ཟེར་དགོས་རེད། འོང་ཤིན་ཏུ་སྡུག་བསྔལ་བཏང་བྱས་དེ་ནི་གཅིག་གི་ད་མཚོན་ཆ་མང་པོ་ལུས་ལ་འཕེན་པ་ལ་སོགས་པ། དེ་འདྲས་བྱས་བྱས། དེ་ནི་སྡུག་བསྔལ་ཡིན་ན་ཤིན་ཏུ་མི་བཟོད་པ་དེ་འདྲས་བྱུང་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་བྱུང་དུས་ཙམ་པ་དེ་ནི་བྲན་ཆེན་པོ་ཡིན་ནའི་རྦད་དེ་ད་གཅིག་གི་རྦད་དེ་དཀའ་ལས་འདྲ་པོ་ཁག་ཐག་ཆོད་བྱས། ད་དེ་བྱེད་ཟེར།
- ནོར་བྲང་ཨོ་རྒྱན།ད་དཀའ་ལས་ཁག་ཐག་ཆོད་ནས་ཁྱོན་ནས་ད་ཁྱེད་རང་ཚོས་ང་བསད་ནའི་གཞན་དག་ལྕགས་ཀྱི་སྲོག་རྩ་བསྒྲུབ་པ་ཡིན་དུས་ཙམ་པ། དེ་འདྲས་ཀྱི་དཔེར་ན། ང་ལམ་སང་གསོད་ཐུབ་ཀྱི་མ་རེད་ཟེར། གལ་སྲིད། ཡིན་གཅིག་མིན་གཅིག་ང་རང་གསད་དགོས་ཀྱི་ཡོད་ན།
- ནོར་བྲང་ཨོ་རྒྱན།དེ་ནི་ངའི་མགོ་ལ་དེ་ནི་དེ་ཡོའོ་རེད་ཟེར། དེ་ནི་ལྕགས་ཀྱི་སྲོག་རྩ་བསྒྲུབ་པ་དེ་ནི་སྤྱི་བོ་ལ་དེ་གཅིག་ཡོའོ་རེད་ཟེར། གང་ཟར༼ཟེར༽།
- ནོར་བྲང་ཨོ་རྒྱན།སོར་བཞི་ཙམ་མ་བསྒྲུབ་པ་བསྡད་ཡོའོ་རེད། བྱས་ཙང་། དེ་ལ་དེ་ནི་ཁབ་བཙུགས་ནས་བྱས་ན། དེ་ནི་ཁབ་བཙུགས་ན་གསད་ཐུབ་ཀྱི་རེད། ཁབ་བཙུགས་ལ་གསོད་ཅིག་ཟེར། དེ་འདྲས་བྱེད་དུས་ཙམ་པ། དེ་ནི་སྦས་སྟག་སྣས་དེ་ནི་བྲན་ཆེན་པོ་བསད་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བསད་པའི་མཇུག་གུ་ལ་ཡིན་ན་པགས་པ་དེ་ནི་ལུས་ཀྱི་པགས་པ་དེ་གའི་དེ་ནི་ཡིན་ན། རླུང་བུར་བཤུས་ལ་བཏང་། ཁོ་རང་རང་བཞིན་གྱིས་བཤུས་ནས། དེ་ལ་ཡིན་ནའི་གསོབ་ཏུ་བརྒྱངས། གསོབ་ཏུ་བརྒྱངས་ནས་ད་མི་ལ་བསྟན་ཡས་ཀྱི་ཆེད་དུ་དེ་འདྲས་གཅིག དེ་འདྲས་ཀྱི་གནས་ཚུལ་མཐོང་དུས་ཙམ་པ་ད། བྲན་ཆེན་པོའི་ཉེ་དུ་རྣམས་ཀྱིས་དེ་ནི་བྲན་ཆེན་པོའི་རོ་ལྷག་མ་རྣམས་བསྡུས་ཏེ།
- ནོར་བྲང་ཨོ་རྒྱན།ཡེར་པར་བསྲེགས་པས་དུ་བའི་ནང་ནས་དེ་ནི་འོད་དཀར་པོ་གཅིག་རྒྱང་ལ་བྱུང་པ་རེད་ཟེར། འོད་དཀར་པོ་གཅིག་སྔོན་མ་རྫ་མ་ཙམ་ཞིག་ནམ་མཁའ་ལ་ཡ་ཇེ་མཐོ་ཇེ་མཐོར་སོང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཇེ་མཐོར་ཇེ་མཐོར་འགྲོ་དུས་ཙམ་པ་དེ་ནི་ཁོང་གི་སྲིང་མོས་ཡིན་ན་ག་རེ་བྱས་པ་རེད་ཟེར་ན། ད་ཁྱོད་རང་ད་རྦད་དེ་བློན་ཆེན་པོ་རང་རྦད་དེ་ད། ཉེས་པ་མེད་པ་ལ་ཁོང་ཚོས་བསད་པ་རེད། བྱས་ཙང་དེ་དྲས་ཡིན་དུས་ཙམ་པ་ཁྱེད་རང་ག་པར་ཕེབས་ཀྱི་ཡིན་པས་ཟེར། དེ་ནི་དགྲས་ཉེས་མེད་ཁྱེད་རང་བསད་པ་ལ་ལན་མི་འཇལ་བར་ཡར་ད་ག་ཟེར་ཐད་ཀྱི་ཡིན་པས་ཟེར་བྱས་ནས། བཤད་དུས་ཙམ་པ།
- ནོར་བྲང་ཨོ་རྒྱན།དེ་ནི་འོད་དེ་ཡིན་ནའི་ཕར་རིམ་པས་རིམ་པས་དམའ་རུ་དམའ་རུ་ཕྱིན་བྱས་མཐའ་མ་དེ། འོ་དེ་ནི་སྐབས་དེ་དུས་དེ་ནི་འོད་དེ་ཡིན་ཡིན་ན། རླུང་དམར་པོ་ཆེན་པོ་གཅིག་ལ་གྱུར་བྱས་དེ་འདྲས་བྱས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།རླུང་དམར་ཆེན་པོ་གཅིག་ལ་ཕྱིན་ནས་དེ་ནི་ལུང་པ་དེ་ལ་ཡང་ས་ཡོམ་བརྒྱབ་པ་ནང་ལྟར་ས་རྡོ་རི་བྲག་ལྡེག་པ་ཙམ་དུ་གྱུར་ནས་རྦད་དེ། ཡམ་མེ་ཡོམ་མེ་དེ་འདྲས་བཟོས་བྱས། དེ་མ་ཐག་དེ་ནི་བྲན་ཆེན་པོ་ཡིན་ནའི་ལས་ཀྱི་གནོད་སྦྱིན་ཆེན་པོ་འཇིགས་སུ་རུང་བར་སྐྱེས་པ་ཟེར། དེ་ནི་གནོད་སྦྱིན་ཆེན་པོ་གཅིག་ལ་འཇིགས་སུ་རུང་བ་ལ་སྐྱེས་ནས། ནུས་ཤུགས་ཆེན་པོ་ཡོད་པ་དེ་འདྲས་ཡིན་ན། གནོད་སྦྱིན་འཇིགས་སུ་རུང་བ་གཅིག་ལ་སྐྱེས་པ་རེད་ཟེར། སྐྱེས་ནས་ད་སྐབས་དེ་དུས། དེ་ནི་དེ་ཚོ་གང་ཟེར་དགོས་རེད།
- ནོར་བྲང་ཨོ་རྒྱན།སྦས་སྟག་སྣ་ལ་སོགས་པ་དེ་ཚོ་བཞེད་ཐག་ཆོད་བྱས་དེ་འདྲས་རེད་ཟེར། གཅིག་ཙ་ན་ད་ལྟ་བྲན་ཆེན་པོ་གནོད་སྦྱིན་ཆེན་པོ་འཇིགས་སུ་རུང་བར་སྐྱེས་པ་དེ་དེ་ནི། གཅིག་ཡིན་ན་ཇོ་བོ་རྗེས་བཏུལ་ནས་ཡེར་པ་རྫི་ཁང་གི་སྲུང་མ་བྱེད་རུ་བཅུག་པ་རེད་ཟེར། གསོབ་ཀྱང་སྙེ་ཐང་རྒྱ་རིང་ན་དེ་ནི་འཕྱམ་ཟུར་ན་ཡོད་པ་དེ་འདྲས་གཅིག་ཡོད་པ། དེ་ནི་ཡུལ་དེའི་ཡུལ་ལྷ་ལ་བྱེད་ཀྱི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་བྱས་ནས་དེ་འདྲས་ཀྱི་གང་ལྟར་ཁྱོན་ད་བྲན་ཆེན་པོ་བསད་པའི་མཇུག་གུ་ལ་ཆ་བཞག་ན་དེ་ནི། བཙན་པོ་ད་དེ་རེད་པ་ཁྲི་རལ་པ་ཅན་ད་དགུང་ལོ་གསུམ་བཅུ་སོ་དྲུག་ལ་ཕེབས་པ་གཅིག་གི་ལྕགས་མོ་བྱའི་ལོ་ལ་དེ་ནི་སྦས་སྟག་སྣ་དང་། ཅོག་ར་ལྷ་ལོད་དང་། བློན་པོ་ལེག་སྡུག་ཅན་ལ་སོགས་པས་དེ་ནི་སྡིག་བློན་རྣམས་ཀྱིས་ག་རེ་བྱས་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ཞལ་ལྟག་པའི་ངོས་སུ་གཅུས་ཏེ། བཀྲོངས་བ་རེད་ཟེར། བཀྲོངས་ནས་ཁོང་གི་བང་སོ་དེ་དོན་མཁར་མདའི་གཡོན་ཕྱོགས་སུ་བརྩིགས་པ་རེད་ཟེར། ཁོང་གི་དེ་ནི་བང་སོ་དེ་ནི་དོན་མཁར་མདའི་ཟེར་ཡས་དེའི་དེ་ནི་གཡོན་གྱི་ཕྱོགས་སུ་བརྩིགས་པ་རེད། ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་ནས་རི་དྭགས་རི་བོང་མཚན་མའི་གཟུགས་ཀྱི་མཚན་མ་དཀྱིལ་འཁོར་ཀྱི་ངོས་སུ་འཛིན་པ་ཟེར་ན། དེ་ནས་རི་དྭགས་རི་བོང་གི་གཟུགས་ཀྱི་ཟེར་ན་། རི་དགས་དེ་ནི་རི་བོང་གི་གཟུགས་ཟླ་བའི་དཀྱིལ་འཁོར་གྱི་མཚ་ན་མར་ཡོད་པ་དེ་ནི། འཛིན་པ་ཅན་གྱི་དེ་ནི་ཟླ་བ་ལས་འཕྲོས་པའི་འོད་ཀྱི་དེ་ནི་ཀུ་མུད་ཏའི་འོད་དཀར་པོའི་འོད་སྣང་གི་་ཕྱོགས་བརྒྱད་དུ་ཁྱབ་པ་གང་ཞིག་དེ་ནི་ཚངས་པ་གདོང་བཞི་པ་རྣ་བ་བརྒྱད་ཡོད་པ་འཇིག་རྟེན་གྱི་བྱེད་པོས་གངས་ཅན་ས་ལའི་ནགས་ལྗོངས་ཀྱི་ཡུལ་གྲུ་ཀུན་ལ་ཁྱབ་པར་བྱས་པའི། གངས་ཅན་ས་ལའི་ནགས་ལྗོངས་ཀྱི་ཡུལ་གྲུ་ཀུན་ལ་ཁྱབ་པར་བྱེད་པའི་ཁོར་ཡུག་ཚར་དུ་དངར་བའི་སྤྲིན་དཀར་གྱི་སོ་ཅན་ཟེར་ན།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་ཀྱི་རྦད་གཅིག་གི་འཇིག་རྟེན་བྱེད་པོ་ཚངས་པས་བསྐྲུན་པ་ནང་ལྟར་གྱི་ཐོག་ནས་གངས་ཅན་གྱི་ས་ལའི་ལྗོངས་འདིར། ཡིན་ན་ཡུལ་གྲུ་ཀུན་ཁྱབ་པར་བྱེད་པའི་དེ་ནི་འཁོར་ཡུག་ཚར་དུ་དངར་བའི་སྤྲིན་དཀར་གྱི་སོ་ཅན་ཟེར་ན་རབ་ཏུ་དཀར་བ་དེ་ནི་སྤྲིན་དཀར་པོ། ཚར་དུ་མངར་བ་ཟེར་ན། ཕར་ལུག་གུ་རྒྱུད་ལ་རྦད་དེ་བང་སྒྲིག་ནས་བྱས། སྤྲིན་དཀར་གྱི་སོ་ཅན་ཟེར་ན་དེ་རི་རེད་རེད་པ།
- ནོར་བྲང་ཨོ་རྒྱན།གངས་དཀར་གྱི་རི་བོས་ཕྱོགས་ཀུན་བྲེས་པའི་ཞིང་ཁམས་དག་གི་གཞི་ལ་ཟེར། ཞིང་ཁམས་དག་གི་གཞི་ལ་ལོངས་སུ་སྤྱོད་པར་གྱུར་པའི་ཤེད་ལས་སྐྱས་པ་མཐའ་དག་གི་བསོད་ནམས་སྣུམ་ཟད་མར་མེའི་ངང་ཚལ་དུ་གྱུར་པའི་འཕྲལ་ཡུན་གྱི་བདེ་བ་དང་། ལེགས་པའི་སྟོབས་ཀྱི་མཐུ་ཤིན་ཏུ་ཕྲ་བར་གྱུར་པས། ཟེར་ན་ད་སྐབས་དེ་དུས་དེ་འདྲས་ཀྱི་རྦད་དེ་རྒྱལ་པོ་བཀྲོངས་ཡོད་དུས་ཙམ་པ་བོད་གངས་ཅན་ལྗོངས་ཀྱི་སྐྱེ་བོ་ཐམས་ཅད་ཡིན་ན།
- ནོར་བྲང་ཨོ་རྒྱན།རེད་པ། ཤེད་ལས་སྐྱེས་པ་ཟེར་ན་སྐྱེ་བོ་མིའི་མིང་རེད། ད་ཤེད་ལས་སྐྱེས་པ་མཐའ་དག་གི་དེ་ནི་བསོད་ནམས་དེ་ནི་ད་མར་ཟད་བྱས་རེད་པ། སྣུམ་ཟད་པའི་མར་མེ་ནང་ལྟར་གྱི་ཐོག་ནས་རྦད་དེ་རྒྱུ་ནས་དེ་ནི་འཕྲལ་དང་ཡུན་དུ་བདེ་བ་དེ་ནི་སྟོབས་ཤིན་ཏུ་ཕྲ་བར་གྱུར་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།གྱུར་པ་རེད་ཟེར། དེ་འདྲས་གྱུར་འགྲོ་དུས་ཙམ་པ་དཀར་མིན་ལས་ཀྱི་གྱ་གྱུའི་བྲོ་གར་རྩེ་བའི་མདུན་ན་འདོན་ཟེར་ན་ད་དེ་འདྲས་ཀྱི་གྱུར་བ་བྱས་ན། ཕྱོགས་གཅིག་ནས་ད་མང་ཚོགས་ཚོ་རྦད་དེ། རྒྱལ་པོའི་མངའ་འབངས་ཚོ་ཡིན་ན་ད་རྦད་དེ། ད་ཞེ་དྲག་གི་མཐུ་བསོད་ནམས་ཀྱི་མཐུ་ཟད་ནས་ཤིན་ཏུ་ཉམས་ཐག་པའི་རང་བཞིན་དུ་གྱུར་དུས་ཙམ་པ་ད།
- ནོར་བྲང་ཨོ་རྒྱན།ད་དཀར་མིན་ལས་ཀྱི་གྱ་གྱུའི་བྲོ་གར་རྩེད་བ་ཟེར་ན། དཀར་མིན་ཟེར་ན་ད་ནག་པོ་སྟེ། བདེ་བའི་ལས་ལ་དེ་ནི་དགའ་བའི་དེ་ནི། བདུད་བློན་ཚོ་རྣམས་ཡིན་ན། བྲོ་གར་རྩེ་བའི་གྱ་གྱུའི་བྲོ་གར་རྩེད་བའི་གང་བྱུང་མ་བྱུང་བྱེད་ཡས་ཀྱི་དེ་ནི། བྲོ་གར་རྩེད་བའི་དེ་ནི་མདུན་ན་འདོན། བདུད་བློན་རྣམས་ཀྱིས་ཁ་ལོ་བསྒྱུར་བ་བཟློག་ཏུ་མེད་པའི་ལས་ཀྱི་མཐུ་མི་ཟད་པ་ཟེར་ན།
- ནོར་བྲང་ཨོ་རྒྱན།བདུད་བློན་རྣམས་ཀྱིས་ཁ་ལོ་བསྒྱུར་བ་བཟློག་ཏུ་མེད་པའི་ལས་ཀྱི་མཐུ་མི་ཟད་པའི་ཆུ་འཛིན་གྱི་ཕྲེང་བ་སྟུག་པོས་ཞིང་ཁམས་འདིའི་ཁྱོན་རིམ་བཞིན་ཁྱབ་པར་བྱས་པ་ལས།ཟེར།
- ནོར་བྲང་ཨོ་རྒྱན།བྱས་ནས་དེ་དེ་འདྲས་ཀྱི་དཔེར་ན། མི་དགེ་བ་སྡིག་ལ་འཇུག་པའི་བདུད་བློན་གཉིས་པོ་དེ་རྦད་དེ། ཁ་ལོ་བསྒྱུར་བའི་དེ་ནི་བཟློག་ཏུ་མེད་པའི་ལས་ཀྱི་མཐུ་མི་ཟད་པའི་ཆུ་འཛིན་གྱི་ཕྲེང་བ་སྟུག་པོས་ཟེར་ན་ད། ད་ནམ་མཁའ་ཁྱབ་པ་ནང་ལྟར་གྱི་ཐོག་ནས་ཞིང་ཁམས་འདི་ཁྱོན་རིམ་བཞིན། ཁྱབ་པར་བྱས་པ་ལས། མི་དགེ་བ་བཅུ་ལ་བག་མེད་པར་སྤྱོད་པའི་སྐྱིན་ཐང་སྟེ་སེར་བ་དྲག་པོས་ལེགས་བྱས་དཔྱིད་ཀྱི་མ་མའི་མངལ་ཁུར་ལས་མངོན་པར་ཕགས་པའམ།
- ནོར་བྲང་ཨོ་རྒྱན།འདས་པའི་བསྟན་པ་རིན་པོ་ཆེས་ཆེར་འཕེལ་བའི་མྱུ་གུའི་འཁྲི་ཤིང་གསར་དུ་འབུས་པའི་མིང་གི་ལྷག་མ་ཙམ་དུ་གྱུར་པས། ཟེར་ན་ད་དེ། སྐབས་དེ་དུས་དེ་འདྲས་ད་རྒྱལ་པོ་རལ་པ་ཅན་དེ་བྱས་བཀྲོངས། བཀྲོངས་བའི་མཇུག་གུ་ལ་ཆ་བཞག་ན་དེ་ནི་དེ་རེད་པ།
- ནོར་བྲང་ཨོ་རྒྱན།ད་རྒྱལ་པོ་གླང་དར་མ་བསྐོས་བྱས་དེ་འདྲས་རེད། གླང་དར་མ་བསྐོས་དུས་ཙམ་པ་དེ་ནི་གཙོ་བོ་གཅིག་གི་ཆབ་སྲིད་ཀྱི་ཁ་ལོ་བསྒྱུར་དུས་སྡིག་བློན་རྣམས་ཀྱིས་བསྒྱུར་གྱི་ཡོད་པ་ཡིན་ཙང་། དེ་ནི་ད་དེ་འདྲས་ཀྱི་རྦད་དེ་ལས་ཀྱི་མཐུ་བོ་སྡིག་པའི་ལས་ཀྱི་མཐུ་བོ་མི་ཟད་པའི་དེ་ནི་གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ལས་ཀྱི་མཐུ་བོ་དེ་ནི་ཆུ་འཛིན་གྱི་འཕྲེང་བ་སྤྲིན་ནག་ནག་པོས་རྦད་དེ་ཞིང་ཁམས་སུ་བོད་ཀྱི་ཞིང་ཁམས་དེའི་ཁྱོན་ཡོངས་རིམ་པར་ཁྱབ་པ་ལས། ཟེར་དེ་ནི། མི་དགེ་བ་བཅུ་སྲོག་གཅོད་མ་བྱིན་ལེན་མི་ཚངས་་སྤྱོད་ལ་སོགས་པ་དེ་འདྲས་ཀྱི་མི་དགེ་བཅུ་ལ་བག་མེད་པར་སྤྱོད་པའི་སྐྱིན་ཐང་གི། སྐྱིན་ཐང་ཟེར་ན་སེར་བ་རེད་པ། སྐྱིན་ཐང་དེ་སེར་བ་དྲག་པོའི་དེ་ནི་ལེགས་བྱས་ཀྱི་ལེགས་པར་བྱས་པའི་དཔྱིད་ཀྱི་མ་མོའི་མངལ་ཁུར་ལས་ཐོན་པའི་དེ་ནི་སྔོན་མའི་དཔྱིད་ཀྱི་དགེ་མཚན་དེ་གྱད་གཅིག་ཡིན་ན།
- ནོར་བྲང་ཨོ་རྒྱན།ལེགས་བྱས་དཔྱིད་ཀྱི་མ་མོའི་མངལ་ཁུར་ལས་ཐོན་པའི་དཔྱིད་ཀྱི་ཉི་མའི་ས་གཞི་ལས་ཐོན་པའི་འཕགས་པའི། དེ་ནི་ཐུབ་པའི་བསྟན་པ་ཡིན་ན། འདས་པའི་བསྟན་པ་འདས་པའི་ཐུབ་པའི་བསྟན་པ་རིན་པོ་ཆེས་ཆེར་འཕེལ་བའི་མྱུ་གུ་དེ་གསར་དུ་འབུས་པ་མིང་གི་ལྷག་མ་ཙམ་སྐབས་དེ་དུས་དེ་ནི། རལ་པ་ཅན་ཁ་གཏུག་ལ་ཆ་བཞག་ན། ཐུབ་པའི་བསྟན་པ་ཡིན་ན།
- ནོར་བྲང་ཨོ་རྒྱན།ཆེས་ཆེར་འཕེལ་ཡས་ཀྱི་དཔེར་ན་མྱུ་གུ་འབུས་པ་དེ་འདྲས་གཅིག་རེད། བྱས་ཙང་ད་དེ་གྱད་དེ་མྱུ་གུ་འབུས་པའི་འཁྲི་ཤིང་དེ་གྱད་དེ་དཔེར་ན། མིང་གི་ལྷག་མ་ཙམ་དཔེར་ན། བཅོམ་ནས་རེད་པ།
- ནོར་བྲང་ཨོ་རྒྱན།ད་མིང་གི་སྔོན་ཆད་དེ་འདྲས་བྱུང་བ་རེད་ཟེར་ཡས་ཙམ་མ་གཏོགས་མེད་པ། དེ་ནི་མིང་གི་ལྷག་མ་ཙམ་ཏུ་གྱུར་པས་ཟེར། ཚངས་པར་སྤྱོད་པ་འཇོམས་ལ་སྤྲོ་བ་བདུད་སྡེ་དཔུང་དང་བཅས་པ་རྣམ་པར་དགེ་བའི་གཡུལ་ལས་རྒྱལ་བའི་ཀུ་ཅོ་དྲག་པོ་འདོན་བཞིན་དུ་གླང་དར་མ་འུ་དུམ་བཙན་རྒྱལ་སྲིད་དུ་དབང་བསྐུར། དེ་ལྟར་དེ་འདྲས་ཀྱི་རྦད་དེ་ཚངས་པར་སྤྱོད་པ་ཟེར་མཁན་དེ། དེ་རྦད་དེ་དགེ་བ་ཚངས་་པར་སྤྱོད་པ། དེ་ནི་ཐུབ་པའི་བསྟན་པ་འཛིན་ནས། ཚངས་པར་སྤྱོད་པ་དེ་གྱད་དེ་ཡིན་ན།
- ནོར་བྲང་ཨོ་རྒྱན།འཇོམ་ལ་སྤྲོ་བ་དེ་གྱད་དེ་མེད་པ་བཟོ་ཡས་ལ་སྤྲོ་བའི་དེ་ནི། བདུད་ཀྱི་དཔུང་དང་བཅས་པ་དེ་ནི། བདུད་བློན་གྱི་དཔུང་དང་བཅས་པ་རྣམས་ཀྱིས་རྣམ་པར་རྒྱལ་བའི་གཡུལ་ལས་རྣམ་པར་རྒྱལ་བས་ད་ཁོང་རང་ཚོ། ད་ང་ཚོ་རྦད་དེ་རྣམ་པར་རྒྱལ་སོང་ཟེར་ཡས་དེ་འདྲས་ཀྱི་གཡུལ་ལས་རྒྱལ་བའི་ཀུ་ཅོ་དྲག་པོ་འདོན་བཞིན་དུ་དེ་ནི་གླང་དར་མ་འུ་དུམ་བཙན་དེ་ནི་རྒྱལ་སྲིད་ལ་དབང་བསྐུར་བ་རེད་ཅེས། ཟེར། རྒྱལ་སྲིད་ལ་དབང་བསྐུར་ནས་ག་རེ་བྱས་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།རྒྱལ་སྲིད་དུ་དབང་བསྐུར། རྒྱལ་སྲིད་དབང་བསྐུར་ནས་སྔར་ཡིན་ན་དེ་ནི་རལ་པ་ཅན་གྱི་སྐབས་ལ་དེ་ནི་བློན་ཆེན་པོ་བྲན་ཆེན་པོ་ལ་སོགས་པ་དེ་འདྲས་ཡོད་དུས་ཙམ་པ་དེ་ནི། འུ་དུམ་བཙན་རྒྱལ་སྲིད་ལ་དབང་བསྐུར་བའི་རྗེས་ལ་དེ་ནི་སྦས་སྟག་སྣས་ཡིན་ན།
- ནོར་བྲང་ཨོ་རྒྱན།སྦས་སྟག་སྣས་ནང་བློན་བྱས་ཏེ་ཆོས་བསྣུབ་པར་བསམས་ཀྱང་། བསྙད་མ་རྙེད་པའི་སྐབས་སུ། སྐབས་དེ་དུས་དེ་ནི་སྦས་སྟག་སྣས་ནང་བློན་བྱས་རེད་པ།
- ནོར་བྲང་ཨོ་རྒྱན།བྱས་ནས་སངས་རྒྱས་བསྟན་པ་བསྣུབ་ཡས་ཀྱི་་བསམ་བློ་ཡིན་ནའི་སྐབས་དེ་དུས་རྦད་དེ་བསྙད་ཁ་འདྲ་པོ་ཅིག ཀླན་ཀ་འདྲ་པོ་གཅིག་འཚལ་དགོས་དུས་ཙམ་པ། ད་མ་རྙེད་པའི་སྐབས་སུ་དེ་ནི་གང་འདྲས་ཟེར་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།སྐབས་དེ་དུས་དེ་ནི་བོད་ལ་ཡིན་ན་ད་སངས་རྒྱས་བསྟན་པ་བསྣུབ་ཡས་དེ་འདྲས་ཀྱི་རྦད་དེ་བསམ་སྦྱོར་ངན་པར་བརྟེན་ནས། གང་ཟེར། སད་དང་སེར་བ་མུ་དགེ་དང་ནད་ཡམས་ལ་སོགས་པ་འགའ་ཞིག་བྱུང་པ་རེད་ཟེར། སྐབས་དེ་དུས། འགའ་ཞིག་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བྱུང་ཡོང་དུས་ཙམ་པ་དེ་ལ་བསྙད་བཏགས་པར་འདོད་དེ། འབངས་རྣམས་ལ་དེའི་རྒྱུ་མཚན་ཅི་ཡིན་དུས་དེ་ལ། ད་སྐབས་དེ་དུས་སད་དང་། སེར་བ་ལ་སོགས་པ་དེ་འདྲས་བྱུང་ཡོང་དུས་ཙམ་པ་དེ་ལ། དེ་ནི་རྒྱུ་མཚན་བྱས་བྱས་སངས་རྒྱས་བསྟན་པ་བསྣུབ་ཡས་ཀྱི་བསམ་སྦྱོར་ངན་པ་དེ་འདྲས་བཅངས་བྱས་དེ་ནི་དེ་འདྲས་ཀྱི་སད་དང་སེར་བ་ཡོང་ཡས་དེ་རྒྱུ་མཚན་གང་ལ་ཐུག་པ་རེད་བྱས་ནས། དེ་ནི་འབངས་རྣམས་ལ་དྲིས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།འོང་། རྒྱུ་མཚན་འདྲི་དུས་ཙམ་པ་དེ་ནི་འབངས་ཀྱིས་ད་དེ་གང་འདྲས་ཡིན་ནམ་ང་ཚོས་ཤེས་ཀྱི་མེད་ཟེར་དུས་ཙམ་པ། ཀུན་གྱིས་མ་ཤེས་ཟེར་བར། བློན་པོ་དེ་རྣམས་ཀྱིས་མ་རུང་ཁོག་ཏུ་བཅུག་སྟེ། དེ་ནི་དེའི་རྒྱུ་མཚན་དེ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བློན་པོ་དེ་རྣམས་ཀྱིས་མ་རུང་ཁོག་ཏུ་བཅུག དེ་ནི་མང་ཚོགས་ཚང་མས་སྐྱེ་བོ་ཐམས་ཅད་ཀྱི་ཐོག་ནས་ད་དེ་སད་སེར་བ་ཡོང་ཡས་ལ་སོགས་པ་དེ་འདྲས་ཀྱི་རྒྱུ་མཚན་ང་ཚོས་ཤེས་ཀྱི་མེད་བྱས་ནས་བཤད་དུས་ཙམ་པ། བློན་པོ་དེ་རྣམས་ཀྱིས་མ་རུང་ཁོག་བཅུག་གི་ཐོག་ནས་གང་འདྲས་བྱས་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ངས་བྱས་ན་དེའི་རྒྱུ་མཚན་གཞན་དག་གའི་ཡོའོ་མ་རེད་ཟེར། དེ་ནི་བཙན་པོ་རྒྱ་མོ་ཀོང་ཇོ་ཞེས་བྱ་བའི་གནོད་སྦྱིན་མོ་ཅིག་གིས་གནོད་སྦྱིན་གྱི་ལྷ་ཞིག་གིས་དེ་ནི་བཙན་པོ། དེ་ནི་སྲོང་བཙན་སྒམ་པོས་རྒྱ་མོ་ཀོང་ཇོ་ཟེར་ཡས་ཀྱི་དེ་ནི་གནོད་སྦྱིན་མོ་ཞིག་དེ་ནི་བོད་དུ་གདན་དྲངས་བོད་དུ་བསུས། བོད་དུ་བསུས་པའི་དེ་ནི་གནོད་སྦྱིན་ལྷ་ཤཱཀྱ་མུ་ནེ་ཟེར་ཡས་དེ། དེ་འདྲས་གཅིག་བྱ་བ་གཅིག་དེ་ནི།
- ནོར་བྲང་ཨོ་རྒྱན།རྦད་དེ་རྒྱ་བཟས་ཡིན་ན་བོད་དུ་འཁུར་ཡོང་བ་བྱས་བ་རེད་ཟེར། དེ་གང་འདྲས་རེད་ཟེར་ན། ཐོག་མར་ཡིན་ན་དེ་ནི་ལྷ་དེ་རྦད་དེ་དང་པོ་དེ་ནི་ལྷ་དེ་ནི་རི་རབ་ཀྱི་རྩེ་མོར་ཡོང་དུས་ཙམ་པ་ལྷ་རྣམས་ཀྱི་གཡུལ་ཕམ། དེ་ཡང་སྔ་མ་དང་པོ་ལྷ་དེ་ཤཱཀྱ་མུ་ནི་དེ་གང་འདྲས་རེད་ཟེར་ན། རི་རབ་ཀྱི་རྩེ་མོར་ཡོད་པ། ཆ་བཞག་ན་ལྷ་རྣམས་ཀྱི་གཡུལ་ཕམ། ལྷ་མིན་གྱི་གཡུལ་རྒྱལ་བ་ལ་སོགས་པ་དེ་འདྲས་ཡིན་ན་གནས་ཚུལ་བྱུང་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནས་ཨོ་རྒྱན་ཡུལ་དང་། མ་ག་དྷ། རྒྱ་ནག་སོགས་སུ་རིམ་གྱིས་འོངས་པས་དེ་ནི་ས་ཁུལ་གང་གང་ཡིན་རུང་མི་ཤིས་པ་དེ་འདྲས་མང་པོ་བྱུང་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་ཡིན་དུས་ཙམ་པ། བྱུང་བ་སོགས་ཡིད་ནག་པོའི་གདོན་གྱིས་སྐྱོང་བ་གཏམ་ཚུལ་དང་མ་མཐུན་པ་དེ་འདྲས་ཀྱི་དཔེར་ན། གང་བྱུང་མ་བྱུང་ཁུངས་ལུང་མེད་པའི་གཏམ་དེ་འདྲས་མང་པོ་གཅིག་བཤད་བྱས། གཏམ་ཚུལ་དང་མ་མཐུན་པའི་གཏམ་དུ་མ་སྨྲས་ཏེ་སངས་རྒྱས་ཀྱི་བསྟན་པ་བསྣུབ། དེ་འདྲས་ཀྱི་རྒྱུ་མཚན་མང་པོ་བྱས་ནས། ད་རྦད་དེ་མི་སེར་ཚོར་སད་དང་སེར་ན་ཡོང་ཡས་ནི་སངས་རྒྱས་ཀྱི་བསྟན་པ་སངས་རྒྱས་ཀྱི་ཆོས་བྱས་པ་ལ་བརྟེན་ནས་བྱུང་བ་རེད།
- ནོར་བྲང་ཨོ་རྒྱན།དེ་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནའི་བསྣུབ་པ་རེད་ཟེར། ལོ་པཎ་ཕལ་ཆེར་ཡུལ་གཞན་དུ་བྲོས་ཤིང་། ད་སྐབས་དེ་དུས་ལོ་ཙཱ་བ་དང་པཎྜི་ཏ་མང་ཆེ་བ་དེ་ཡུལ་གཞན་དག་ལ་ཕར་བྲོས་ཕེབས་པ་དེ་འདྲས་རེད་ཟེར། བྲོས་ཕེབས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།འོང་། མ་བྱོན་པ་འགའ་ཞིག་ཕྱི་ལོགས་ལ་བྲོས་མ་ཕེབས་པ་དེ་གྱད་དེ་འགའ་ཞིག་ཡིན་ན་རྦད་དེ་བཀྲོངས་བྱས་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་འགའ་ཤས་དེ་བྱས་པ་རེད་ཟེར། གང་ཟེར་དགོས་རེད་པས། རབ་བྱུང་ཕལ་ཆེ་བ་འདུལ་བའི་སྡེ་སྣོད་ལ་སོགས་པའི་དེ་ནི། རབ་ཏུ་བྱུང་བའི་དེ་ནི་རྟགས་ངུར་སྨྲིག་གི་གོས་དང་བྲལ་བ། དེ་ནི་གྲྭ་ཆས་གྱོན་ཡས་ལ་སོགས་པ་དེ་འདྲས་ཡིན་ན་རྩ་བ་ནས་བྱེད་མི་ཆོག་པའི་ཁྲིམ་དེ་འདྲས་བཟོས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་བཞིན་གྱི་དཔེར་ན་ཁོང་ཚོའི་བཀོད་པ་ལ་མི་ཉན་པའི་དེ་ནི་རབ་ཏུ་བྱུང་བ་ཚོ་ཟིན་པ་ལ་སོགས་པ་དེ་འདྲས་བྱུང་ན། ཁོང་ཚོའི་བཀོད་པ་ལ་མ་ཉན་པ་བྱས་ན། དེ་ནི་རྔོན་རྒྱག་མཁན་རི་དྭགས་རྒྱག་མཁན་ཀྱི་་དེ་ནི་གཡོག་རྒྱུགས་ཏུ་བཅུག་པ་ལ་སོགས་པ་དེ་འདྲས་ཡིན་ནའི་བྱས་པ་རེད་ཟེར། དེ་ནི་རྒྱལ་བའི་གསུང་རབ་ཐམས་ཅད་ཡིན་ན་གང་ཟེར་ཕལ་ཆེར་བ་དེ་ནི་བྲག་ལ་སྦས་ཤིང་བྲག་ལ་སྦས་པ་དང་འགའ་ཞིག་ཡིན་ན་མེ་དང་ཆུ་ལ་སྦྱངས་ནས་རྩ་མེད་དེ་འདྲས་བཟོས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་འགའ་ཞིག་ཡིན་ན་བྲག་ལ་སྦས་ཡས་དང་འགའ་ཞིག་ཡིན་ན་མེ་དང་ཆུ་ལ་སྦྱངས་ནས་དེ་ནི་རྦད་དེ་རྩ་མེད་དེ་འདྲས་བཟོས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་བོད་ཀྱི་དེ་ནི་གཙུག་ལག་ཁང་དེ་ནི་ལྷ་ཁང་ནང་ནས་འཇིག་པའི་ཐོག་མ་དེ་དེ་ནི་ར་ས་འཕྲུལ་སྣང་ནས་ར་ས་འཕྲུལ་སྣང་དེ་ནི་ལྷ་སའི་གཙུག་ལག་ཁང་ནས་མགོ་བཙུགས་ཡས་བྱ་བ་བརྩམས་ནས་གང་བྱས་ཡོའོ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ད་ནི་ཇོ་བོ་རྣམ་གཉིས་ཆུ་ལ་བསྐྱུར་བའི་གཏམ་སྨྲས་པ་དང་ཟེར། དེ་ནི་ཇོ་བོ་ཤཱཀྱ་མུ་ནེ་དང་ཇོ་བོ་མི་བསྐྱོད་་རྡོ་རྗེ་གཉིས་ཇོ་ཤཱཀ་རྣམ་གཉིས་ག་རེ་བྱས་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནི་ཆུ་ལ་བསྐྱུར་ཡས། ད་རྦད་དེ་ཇོ་བོ་དེ་ཚོས་མི་བཟོས་རྒུ་བཟོས་བཟོས་པ་རེད་ཟེར་བྱས་ནས་དེ་ཚོ་ཆུ་ལ་ཕར་བསྐྱུར་ཡས་ཀྱི་གཏམ་སྨྲས་པ་དང་། བློན་པོ་ཆོས་ལ་དགའ་བ་རྣམས་ཀྱིས་སྨྲས་དུས་ཙམ་པ་ད་དེ་འདྲས་ཀྱི་རྦད་དེ་ཆུ་ལ་བསྐྱུར་ཟེར་ཡས་བྱེད་དུས་ཙམ་པ། བློན་པོ་ཆོས་ལ་དགའ་བ་རྣམས་ཀྱིས་ག་རེ་ཟེར། ཟེར་ན།
- ནོར་བྲང་ཨོ་རྒྱན།ད་ཁོང་ཚོ་གཉིས་ཇོ་བོ་རྣམ་པ་གཉིས་དེ་ནི་སྐུ་གཟུགས་ནི་ཧ་ཅང་གི་ལྗིད་པོ་འདུག། བྱས་ཙང་ཕར་འགུལ་བསྐྱོད་ཁོ་ར་གཏོང་ཐུབ་ཀྱི་མི་འདུག་ཟེར་བྱས་བྱས། དེ་ནི་བྱེ་སྟོང་ནང་ལ་སྦས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བྱེ་སྟོང་ནང་ལ་སྦས། བྱམས་པ་ཆོས་འཁོར་དེ་ནི་བྱམས་པ་ཆོས་འཁོར་ཡིན་པ་ལྟར་བྱས་ནས་དེ་ནི་རྡོ་མཚོ་ལ་བསྐྱུར་ཏེ་ཀུ་སྒྲ་ཆེན་པོ་བཏོན། བྱམས་པ་ཆོས་འཁོར་གྱི་བཟོ་བལྟ་འདྲ་པོ་བྱས་པ་ཡིན་ན་རྡོ་ལ་བྱས་ནས་དེ་ནི་ཝ་ཡེ་ཟེར་བྱས་ནས་ཀུ་ཅོ་ཆེན་པོ་དེ་འདྲས་བཏོན་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་ར་ས་དང་བསམས་ཡས། ར་ས་འཕྲུལ་གྱི་ལྷ་ཁང་དང་བསམ་ཡས་དང་ད་ག་ནང་ལྟར་ར་མོ་ཆེ་རྣམས་ཀྱི་དེ་ནི་གཙུག་ལག་ཁང་གི་དེ་གྱད་དེ་ཡིན་ན་སྒོ་བརྒྱབ། སྒོ་བརྒྱབ་ནས་སྒོ་ལ་དེ་ནི་ཞལ་བ་འཐེན། ཞལ་བ་དེ་འདྲས་བརྒྱབ་ནས་དེ་ནི་སྒོའི་ལྡེབས་ལ་ཡིན་ན་རྒྱལ་པོ་དེ་རྦད་དེ་གླང་དར་མ་དགའ་པོ་ཡོང་ཡས་ཆེད་དུ་ག་རེ་བྱས་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནི་བཙུན་པ་ཆང་འཐུང་བ་ལ་སོགས་པ་དེ་འདྲས་ཀྱི་གཟུགས་བརྙན་བྲིས་པ་བཅས་ཟེར། ད་ཆོས་ལུགས་ནང་ལ་བྱས་པ་ཡིན་ན། ད་རབ་ཏུ་བྱུང་བས་ཡིན་ན་ཆང་འཐུང་ཡས། ཆང་བཏུང་མི་ཆོག་པ་ལ་སོགས་པ་བཅད་དེ་འདྲས་ཡིན་ནའི་ཡོའོ་རེད་པ།
- ནོར་བྲང་ཨོ་རྒྱན།བྱས་ཙང་དེ་འདྲས་ཡིན་དུས་ཙམ་པ་ད་རྦད་དེ་རལ་པ་ཅན་བཀྲོངས་པའི་མཇུག་ལ་དེ་ནི། དེ་ནི་ཁྲི་དར་མ་དགའ་བ་ཡོང་ཡས་ཀྱི་ཆེད་དུ། དེ་ནི་བཙུན་པ་ཆང་བཏུང་བའི་གང་བྱུང་མ་བྱུང་གི་དེ་ནི་གཟུགས་བརྙན་དེ་འདྲས་ཡིན་ནའི་བྱས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།འོན་ཀྱང་སྐབས་དེ་དུས་དེ་ནི་ཁྱིམ་པ་གོས་དཀར་གྱི་རྟེན་ལ་ཟེར་ན། ཁྱིམ་པ་གོས་དཀར་གྱི་རྟེན་ཟེར་ན་ད། རྟེན་ཟེར་ཡས་དེ་ལ་ད་ལྟ་རབ་ཏུ་བྱུང་བ་ལ་ཁྱིམ་པ་གོས་དཀར་གྱི་རྟེན་ཟེར་ཡས་དེ་རབ་ཏུ་མ་བྱུང་བའི་རྟེན་དེ་འདྲས་ཡོའོ་རེད་པ།
- ནོར་བྲང་ཨོ་རྒྱན།ཁྱིམ་པ་གོས་དཀར་གྱི་རྟེན་ལ་གནས་པ་ཚོ་གསང་སྔགས་སྒྲུབ་པ་ཉམས་ལེན་མཛད་པ་དག་གི་ཁོ་ན་སོ་ན་གནས་པའི་ནང་གི་དེ་ཉིད་རྒྱལ་བློན་གྱིས་མ་རྟོགས་ཤིང་། དེ་ནི་བཙུན་པ། ཁྱིམ་པ་གོས་དཀར་ཅན་གྱི་རྟེན་ལ་གསང་སྔགས་སྒྲུབ་པ་ཉམས་ལེན་མཛད་མཁན་རྣམས་ཀྱིས་དེ་ནི་རྦད་དེ་སོ་སོའི་སོ་ན་གནས་པའི་ཟེར་སོ་སོའི་རང་བཞིན་དུ་གནས་པའི་དེ་ནི་ནང་གི་དེ་ཉིད་དེ་དེ་ནི་རྒྱལ་བློན་རྣམས་ཀྱིས་དེ་ནི་ཁྱོན་ནས་ཤེས་ཀྱི་ཡོའོ་མ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཁོང་ཚོ་རྦད་གསང་སྔགས་ལ་གནས་པའི་ནང་གི་དེ་ཉིད་མ་ཤེས་པ་བྱས། དེ་ནི་དེ་ཚོ་ལ་ཆ་བཞག་ན། མ་རྟོགས་པ་དང་ད་ག་ནང་ལྟར་ཁོང་ཚོ་ལ་ཡིན་ན། ཁྱིམ་པའི་ཚུལ་བཟུང་དུས་ཙམ་པ་རབ་བྱུང་གི་རྟགས་མེད་པ་ཁོང་ཚོ་ལ་གནོད་པ་མ་བྱུང་བ། དེ་ནི་དེ་འདྲས་ཡིན་ན་མང་པོ་གཅིག་ལྷག་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེའི་ཕྱིར་ན་རྒྱུ་མཚན་དེའི་ཕྱིར་ན་དེ་ནི་ཀུན་མཁྱེན་ཡེ་བཟང་རྩེ་བ་ཟེར་ན་འགོས་ལོ་གཞོན་ནུ་དཔལ་གྱི་ཞལ་ནས་ཡིན་ན་གང་འདྲས་གསུངས་ཡོའོ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ལྟར་གླང་དར་མའི་བྱེད་པ་ལ་བརྟེན་ནས་འདུལ་བའི་བསྟན་པ་ལ་འཕེལ་འགྲིབ་བྱུང་ཡོད་མོད་ཀྱི་དེ་ནི་དེ་ལྟར་ཀུན་མཁྱེན་ཡེ་བཟང་རྩེ་མོས་དེ་ནི། ཞལ་ནས་གང་འདྲས་གསུངས་པ་རེད། དེ་ནི། རལ་པ་ཅན་བཀྲོངས། གླང་དར་མའི་བྱེད་པ་ལ་བརྟེན་ནས་དེ་ནི་གླང་དར་མ་དང་དེ་ནི་བདུད་བློན་རྣམས་ཀྱི་བྱེད་པ་ལ་བརྟེན་ནས། དེ་ནི་འདུལ་བའི་བསྟན་པ་ལ་ཡིན་ན་འཕེལ་འགྲིབ་བྱུང་མོད་ཟེར། འདུལ་བའི་བསྟན་པ་དེ་ནི་རྦད་རྩ་མེད་བཟོས། དེ་ནི་འདུལ་བའི་བསྟན་པའི་རྟགས་ཙམ་འཛིན་མི་ཆོག་པ་ལ་སོགས་པ་ད་དེ་འདྲས་ཀྱི་འཕེལ་འགྲིབ་ཡིན་ནའི་བྱུང་ཡོའོ་རེད། ཟེར།
- ནོར་བྲང་ཨོ་རྒྱན།ཡིན་ན་ཡང་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལུགས་ནི་དེང་སང་གི་བར་དུ་མ་ནུབ་པར། དེང་སང་གི་བར་དུ་ནུབ་མ་མྱོང་ཞེས་གསུང་པཡང་དོན་འདི་ལ་དགོངས་སོ།ཟེར། དེ་ནི་གསང་སྔགས་ནི་དེང་སང་གི་བར་དུ་ཡང་ནུབ་མ་མྱོང་ཞེས་གསུངས་ཡས་ཀྱི་རྒྱུ་མཚན་དེ་ག་ལ་རེད་ཟེར་ན། སྐབས་དེ་དུས་དེ་ནི་གང་ཟེར་དགོས་རེད་པས། ཁྱིམ་པ་གོས་དཀར་ཅན་ལས་དེ་ནི་གང་ཟེར། གླང་དར་མས་ཀྱང་འགུལ་བསྐྱོད་གཏོང་མ་ནུས་པ་བྱས་བྱས་དེ་འདྲས་ཀྱི་ད་གཅིག་བཤད་ས་འདྲ་པོ་སྐྱོན་འཛུགས་ས་འདྲ་པོ་ཁོ་མ་རྙེད་པ་བྱས། ལུས་པ་ཡིན་ཙང་རྒྱུ་མཚན་དེ་ལ་བརྟེན་ནས་གསུངས་པ་རེད། ཟེར།
- ནོར་བྲང་ཨོ་རྒྱན།སྐབས་དེ་དུས་ད་བོད་ལ་ཆ་བཞག་ན་ད་གང་ཟེར་དགོས་རེད་རྦད་དེ། སངས་རྒྱས་ཀྱི་བསྟན་པ་བསྣུབ་དེ་ནི་གང་ཟེར་དགོས་རེད། དགེ་འདུན་ཚོ་ཡིན་ནའི་དཔེར་ན། ལོ་པཎ་ཚོ་བྲོས། ད་ག་ནང་ལྟར་གྱི་དཔེར་ན་ཆོས་བྱེད་དགེ་འདུན་དེ་ཡང་མང་ཆེ་བ་བྲོས། འགའ་ཤས་ཡིན་ན་ད་། དེ་ནི་རྔོན་པ་བྱེད་ཡས་ལ་སོགས་པ་དེ་འདྲས་ཀྱི་དེ་ནི་ཐབས་སྐྱོ་པོའི་གནས་ཚུལ་དེ་འདྲས་བྱུང་བ་ཡིན་དུས་ཙམ་པ། དེ་ནི་ཡེར་པ་བྲག་ལྷར་ལྷ་ལུང་དཔལ་གྱི་རྡོ་རྗོ་དེ་ནི་ཏིང་ངེ་འཛིན་ལ་ཁོར་མོ་ཡུག་ཏུ་གནས་པའི་སྐབས།
- ནོར་བྲང་ཨོ་རྒྱན།ཡེར་པ་དཔལ་གྱི་རྡོ་རྗེ་ཞེས་ཞུ་མཁན་དེ་ཡིན་ན། ལྷ་ལུང་ཡེར་པ་ལ་ཡེར་པ་ལ་དེ་ནི་སྒོམ་གནང་ནས་བཞུགས་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཉིན་མཚན་ཁོར་མོ་ཡུག་ཏུ་སྒོམ་གནང་ནས་བཞུགས་དུས་ཙམ་པ་དེ་ནི་དེའི་སྐབས་ལ། སྐབས་དེ་དུས་དཔལ་ལྷ་མོས། དེ་ནི་རྦད་དེ་ཁོང་ལ་དེང་རིང་ཁ་སང་ཡིན་ན་དེ་ནི་བོད་ལ་གྲུབ་ཐོབ་ཁྱེད་རང་ལས་ཡོའོ་མ་རེད། ཟེར།
- ནོར་བྲང་ཨོ་རྒྱན།གྲུབ་ཐོབ་ཁྱེད་རང་ལས་མེད་པ་འགྲོ་དུས་ཙམ་པ་ད་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་ཕྱིར་དུ་དེ་ནི་རྒྱལ་པོ་སྡིག་ཅན་སྒྲོལ་ཤོག་ཞེས་གསུངས་ཡས། བརྡ་ཅིག་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་རིང་ཁ་སང་བོད་ལ་དེ་ནི་གྲུབ་ཐོབ་ནི་ཁྱེད་ཙམ་མ་གཏོགས་ལྷག་ཡོའོ་མ་རེད་བྱས་ཙང་དེ་རིང་ཁ་སང་སངས་རྒྱས་ཀྱི་བསྟན་པ་ལ་སྐྱོན་རྒྱག་གི་ཡོའོ་རེད། སངས་རྒྱས་བསྟན་པ་ལ་གནོད་པའི་དུས་དེ་འདྲས་བྱུང་བ་རེད། དེ་འདྲས་ཡིན་དུས་ཙམ་པ་དེ་ནི་རྒྱལ་པོ་སྡིག་ཅན་དེ་ནི། རྒྱལ་པོ་གླང་དར་མ་ཡིན་ན་དེ་ནི་རྦད་དེ་སྡིག་པའི་ལས་མཚམས་མི་ཆད་པ་དེ་འདྲས་བྱེད་ཀྱི་ཡོད་པ་ཡིན་ཙང་། དེ་གྱད་དེ་དེ་ནི་བསྒྲལ་རན་པའི་དུས། ཨ་ནི་བསྒྲལ་རན་པའི་བརྡ་ཞིག་བྱུང་བ་ཟེར་ན།
- ནོར་བྲང་ཨོ་རྒྱན།བསྒྲལ་རན་པ་ཟེར་ན་ད་དེ་མེད་པར་བཟོ་ཡས་གསོད་དགོས་ཡས་ཀྱི་དེ་ནི་དེ་ནི་བརྡ་ཞིག་བྱུང་བ་ཟེར་ན། བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།རྩ་མེད་བཟོ་དགོས་ཡས་དེ་ནི་བརྡ་ཞིག་བྱུང་པ་རེད་ཟེར། དེའི་ནང་པར་དེ་ནི་རང་གི་བྲན་ལ་སྐབས་དེའི་རྒྱུ་མཚན་གང་ཡིན་དྲིས་པས། དེའི་སང་ཉིན་དེ་ཁོང་རང་གི་མཚམས་གཡོག་ལ་ཡོད་པའི་གཡོག་པོ་ཚོ་ལ་དེ་ནི་དེ་བཀའ་འདྲི་གནང་ནས་དེ་རིང་ཁ་སང་གནས་ཚུལ་གང་འདྲས་འདུག་གས་ཟེར།
- ནོར་བྲང་ཨོ་རྒྱན།ཕྱི་ལོགས་ལ་གང་འདྲས་གང་འདྲས་ཟེར་གྱི་འདུག་གས་གསུངས་དུས་ཙམ་པ། དེ་ནི་གཅིག་གི་མཚམས་གཡོག་ལ་ཡོད་པའི་སོ་སོའི་ཁོང་གི་གཡོག་པོ་དེ་ཡིན་ནའི་བྲན་དེ་ཡིན་ན་གང་འདྲས་ཟེར། བཀའ་འདྲི་ཞུས་ནས་དེ་ནི་རྒྱལ་པོས་ཡིན་ན་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབ། རྦད་དེ་དེ་ནི་ལོ་རྒྱུས་ཞིབ་ཏུ་བཤད་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་དུས་རྒྱལ་པོ་གླང་དར་མ་གནས་པའི་གླང་དར་མས་དེ་ནི་བསྟན་པ་བསྣུབ་པའི་ལོ་རྒྱུས་དེ་ཞིབ་ཏུ་བཤད་པ་རེད། ཟེར། དེ་གང་ཡིན་ཟེར་ན། མཚམས་གཅོད་པའི་ཁ་གཏུག་ལ་ཡིན་ན། མཚམས་གཡོག་རེད། དེ་འདྲས་ཀྱི་ཐོག་ལ་སོ་སོའི་གང་བྱུང་མ་བྱུང་གི་ཡར་ཞུས་ཡས་དེ་འདྲས་འདྲ་པོ་ཡོའོ་མ་རེད། བྱས་ཙང་། དེ་ནི་ལྷ་ལུང་དཔལ་གྱི་རྡོ་རྗེས་བཀའ་དྲི་གནང་དུས་ཙམ་པ་དེ་ནི་མཚམས་གཡོག་གིས་དེ་ནི་བྲན་ཚོས་དེ་འདྲས་་སྙན་གསེང་ཞུས་བྱས། ཞིབ་ཏུ་བཤད་པས། ད་རྒྱལ་པོ་དེ་བསྒྲལ་བྱའི་ཞིང་དུ་དེ་རྒྱལ་པོ་དེ་རྦད་དེ་རྩ་མེད་བཟོ་ཡས་ཀྱི་ཞིང་དུ་དགོངས་ཏེ་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་ཁོང་གིས་ཐབས་ཤེས་གང་བྱས་པ་རེད་ཟེར་ན། རྟ་དཀར་པོ་ལ་སོལ་བ་བྱུགས་། རྟ་དཀར་པོ་དེ་འདྲས་རྟ་དཀར་པོ་དཀར་པོ་དཀར་རྐྱང་དེ་འདྲས་ལ་ཡིན་ན། དེ་ནི་ཕྱི་ལ་ཡིན་ན་སོལ་བ་ནག་པོ་དེ་འདྲས་བྱུགས། གོས་ཕྱི་ནང་སློག། གོས་དེ་ནི་ཕྱི་ནག་པོ་དང་ནང་དཀར་པོ་ཡོད་པ་ཅིག་གྱོན། ཁོང་རང་དཔེར་ན་གོས་ཕྱི་ནག་པོ་ཡིན་པ་ལ་ནང་དཀར་པོ་ཡིན་པ་ཅིག་གྱོན། རྒྱལ་པོ་སྒྲོལ་བའི་གྲ་སྒྲིག་ཆ་ཚང་བྱས་ཏེ་ཟེར་ན།
- ནོར་བྲང་ཨོ་རྒྱན།གྱོན་པ་ལ་སོགས་པ། ད་རྒྱལ་པོ་རྩ་མེད་བཟོ་ཡས་ཀྱི་དེ་ནི་གྲ་སྒྲིག་ཆ་ཚང་གནང་ནས། ཆ་ཚང་གནང་། གཞི་ནས་ཡ་རུ་རང་ལྷ་ལུང་རང་རུ་དཔེར་ན་བྲན་ལ་སོགས་པ། དེ་ཚོ་ལ་ཆ་བཞག་ན་ཁོང་རང་བཞུགས་པ་ནང་ལྟར་གྱི་དཔེར་ན་སྔ་མའི་གཅིག་གི་ཐུགས་དམ་ཏིང་འཛིན་གང་ཟེར་དགོས་རེད་པས་གཅིག་གི་རྔ་དཀྲོགས་ཡས་ལ་སོགས་པ་ཆ་ཚང་བྱེད་ཟེར་བྱས་ནས། དེ་ཚོ་ཡིན་ནའི་བཀའ་མངགས་དེ་ཚོ་གནང་བྱས། དེ་ནི་རྒྱལ་པོ་ཆ་ཚང་། རྒྱལ་པོ་གླང་དར་མ་གསོད་ཡས་ཀྱི་གྲ་སྒྲིག་ཆ་ཚང་གནང་ནས་དེ་ནི་ལྷ་ས་ལ་མར་ཡོང་པ་རེད།
- ནོར་བྲང་ཨོ་རྒྱན།ལྷ་ས་ལ་མར་ཕེབས་པ་རེད་ཟེར། ལྷ་སར་ཕེབས་དུས་ཙམ་པ། བཙན་པོ་གླང་དར་མ་དེ་ནི་རྡོ་རིང་གི་ཡི་གེ་ཀློགས་པའི་སྐབས་སུ་འགྲིག་པས་ཟེར་ན། བཙན་པོ་གླང་དར་མ་ཁོ་ག་རེ་བྱེད་ཀྱི་ཡོའོ་རེད་ཟེར་ན། དེ་ནི་ལྷ་སའི་རྡོ་རིང་གི་ཡི་གེ་དེར་བལྟས་བྱས། བསྡད་ཀྱི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།གླང་དར་མ་དེ་ལྷ་སའི་རྡོ་རིང་གི་ཡི་གེ་ཀློགས་པའི་སྐབས་སུ་འཁེལ་པ་རེད་ཟེར། ཡི་གེ་སྐབས་སུ་འགྲིག་པས། དེ་ནི་ཕྱག་བྱེད་པ་ལྟར་བྱས་ནས་དེ་ནི་གང་ཟེར་དགོས་རེད།
- ནོར་བྲང་ཨོ་རྒྱན།བྱས་སྟེ། ཕྱག་འཚལ་བ་ནང་ལྟར་བྱས་ནས་དེ་ནི་མཐེབ་སྟོང་སྦྱར། མཐེབ་སྟོང་སྦྱར་ཟེར་ན་དེ་ནི་མདའ་གཞུ་དེ་ཚོ་སྤྲད་བྱས་ནས་རེད་པ། མདའ་དང་གཞུ་ལག་པར་སྤྲད་བྱས་ཕྱག་འཚལ་བའི་བཟོ་འདྲས་གཅིག་བྱས་ནས། དེ་ནི་མདའ་དང་མཐེབ་སྟོང་སྤྲད་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བདེན་པ་བདར་ཏེ། དེ་ནི་སངས་རྒྱས་ཀྱི་བསྟན་པ་བསྣུབ་མཁན་དེ་ནི་གདུལ་བྱའི་ཞིང་ཁྱེད་རང་བསྒྲལ་བའི་ཞིང་ཁྱེད་རང་ཡིན་ཟེར་བྱས་ནས། ཨ་ནི་དེ་འདྲས་ཀྱི་དཔེར་ན་བདེན་པ་བདར་བྱས་ནས། མདའ་བརྒྱབ་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།མདའ་བརྒྱབ་དུས་ཙམ་པ་དེ་ནི་མདའ་དེ་གླང་དར་མའི། ལྷ་ལུང་དཔལ་རྡོར་གྱིས་མདའ་དེ་ཡིན་ན་ཁོའི་དེ་ནི་གླང་དར་མའི་བྲང་ཁ་ལ་ཕོག་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བྲང་ཁ་ལ་ཕོག་ནས་དེ་ནི་དེ་མ་ཐག་ཏུ་དེ་ནི་ཁོང་གིས་ང་ལམ་སང་དེ་ནི་ང་བདུད་ཡབ་བཞེར་ནག་པོ་བྱ་བ་དེ་ཡིན་ཟེར་བྱས་ནས། ང་ཡིན་ན་བདུད་ཡབ་གཞེར་ནག་པོ་བྱ་བ་དེ་ཡིན་ཟེར་བྱས་ནས། ཨ་ནི་ལམ་སང་བྲོས་ཐད་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བྲོས་ཕེབས་དུས་ཙམ་པ་དེ་ནི་གྲིབ་ཀྱི་མ་གདོང་གི་ཆུ་ལ་བཤན་པས་ཟེར་ན། གྲིབ་ཀྱི་དེ་ནི་མ་གདོང་གི་ཆུ་ལ། སྐྱིད་ཆུ་དེ་ནས་ཕར་འགྲོ་དུས་ཙམ་པ། དེ་ནི་ད་རྟ་་་་། རྟ་དེ་ལ་ཕྱི་ལོགས་ལ་སོལ་བ་ནག་པོ་བྱུགས་པ་དེ་སོལ་བ་དེ་གྱད་དེ་དག་ནས། རྟ་དཀར་པོར་ཕྱིན་པ་རེད་ཟེར། རྟ་དེ། དེ་ནས་དཀར་པོར་ཕྱིན་པ་རེད་ཟེར། སོལ་བ་དེ་དག་དུས་ཙམ་པ་དེ་ནི་རྟ་ནག་པོ་དེ་དཀར་པོར་ཕྱིན་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་ཁོང་རང་སྔོན་མ་གོས་ནག་པོ་གྱོན་པ་དེ་ཕྱི་ནང་བསྒྱུར་ཏེ། དེ་དུས་ཙམ་པ་དེ་ནི་གོས་དཀར་པོ་ཡིན་དུས་ཙམ་པ་ད་ང་གནམ་ཐེ་དཀར་པོ་ཡིན་བྱས་ནས། དེ་ནི་རྦད་དེ་། ཡིན་ཞེས་པས་མི་མ་ཡིན་པར་ཐེ་ཚོམ་སྐྱེ་བར་གྲགས་ཤིང་། དེ་འདྲས་ཡིན་ཟེར་བྲོས་འགྲོ་དུས་ཙམ་པ། དེ་ནི་ཚང་མས་མི་མ་ཡིན་པ་ལ་ཐེ་ཚོམ་སྐྱེ་བར་གྲགས་པ་རེད་ཟེར། སྐབས་དེ་དུས་ཐེ་ཚོམ་སྐྱེ་བར་གྲགས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་ཀྱི་དེ་མིན་པའི་ད་དུང་བཤད་སྲོལ་དེ་འདྲས་གཞན་པ་མང་པོ་ཡོའོ་རེད། རེད་པ། ཡིན་ནའི་ད་དོན་དུ་དེ་གྱད་དེ་མཆོག་གསུམ་དམ་པའི་ཐུགས་རྗེ། དེ་ནི་བླ་མ། དཀོན་མཆོག་གསུམ་གྱི་དེ་ནི་དམ་པའི་ཐུགས་རྗེ་དང་། རང་གི་གྲུབ་པའི་མཚན་མ་སོགས་ཀྱིས་མི་རྣམས་ལ་སྣ་ཚོགས་པའི་མཐོང་སྣང་བྱུང་བར་གྲགས་སོ་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་ཀྱི་ད་གཅིག་གི་ད་རྟ་དཀར་པོ་བྱུང་པ་དང་གཅིག་ཟེར་ཡས་དེ་འདྲས་ད་བཤད་སྲོལ་མང་པོ་བྱུང་པ་རེད། དེ་ཡིན་ན་བཤད་སྲོལ་དེ་གྱད་དེ་བསྡོམས་ནས་བཤད་ན་ག་རེ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ཁོང་རང་གི་དཔེར་ན། མཆོག་གསུམ་དམ་པའི་ཐུགས་རྗེ་དང་རང་རང་གི་གྲུབ་པའི་མཚན་མ་སོགས་ཀྱིས་དེ་ནི་མི་རྣམས་ལ་དེ་ནི་མཐོང་ཚུལ་དེ་འདྲས་སྣ་ཚོགས་བྱུང་བ་རེད་ཟེར། མཐོང་ཚུལ་སྣ་ཚོགས་བྱུང་བར་གྲུབ་བོ་ཟེར།
- ནོར་བྲང་ཨོ་རྒྱན།རྒྱལ་པོས་དེ་ནི་རྒྱལ་པོ་གླང་དར་མས་དེ་ནི་ལག་པ་གཉིས་ཀྱིས་མདའ་ལ་འཇུས་བྱས་མདའ་ལ་འཇུས་བྱས་ག་རེ་ལབ་པ་རེད་ཟེར་ན། ཡང་ན་ལོ་གསུམ་གྱིས་གསོད་པས་སྔས། ཡང་ན་ལོ་གསུམ་གྱིས་འཕྱིས་ཞེས་སྨྲས་ཟེར་ན། ད་ང་ཡང་གཅིག་མིན་ན་ང་བསད་ཡས་དེ་ལོ་གསུམ་གྱིས་སྔས་སོང་ཟེར། ལོ་གསུམ་གྱིས་སྔས་སོང་ཟེར་ཡས་དེ་གང་འདྲས་རེད། ཟེར་ན།
- ནོར་བྲང་ཨོ་རྒྱན།ལོ་གསུམ་སྔས་ན་གང་འདྲས་རེད་ཟེར་ན། ལོ་གསུམ་གྱིས་གསོད་པ་སྔས་སོང་ཟེར། བྱས་ནས་གསོད་པ་སྔས་ན་གང་འདྲས་རེད་ཟེར་ན་དེ་ནི་སངས་རྒྱས་བསྟན་པ་མ་བསྒྲིབ་པ་ལ་སོགས་པ་ཁོ་ནའི་རང་བཞིན་དུ་་བསྡད་ཀྱི་རེད་ཟེར། ཡང་ན་ལོ་གསུམ་གྱིས་འཕྱིས་ཟེར་ན། ད་ཡང་འཕྱིས་ཟེར་ཡས་དེ་གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།འགྱངས་དྲགས་དུས་ཙམ་པ་དེ་ཡང་། ཁོ་རང་རྦད་དེ་བྱ་བ་ངན་པ་དེ་མཐར་ཕྱིན་མ་སོང་ཟེར་ཡས་ཀྱི་དེ་འདྲས་ཀྱི་དོན་དག་རེད། ཟེར།
- ནོར་བྲང་ཨོ་རྒྱན།བྱས་ནས་དེ་འདྲས་ཀྱི་བཤད་པའི་མུ་ལ་དེ་ནི་རལ་པ་ཅན་ཟེར་ཡས་དེ་ནི་ལྕགས་བྱ། ཁྲི་རལ་པ་ཅན་ལྕགས་བྱར་གཤེགས་པ་ན། བརྩིས་པའི་ལོ་གསུམ་པ་ལྕགས་ཕག་ཆུ་ཕག་ལོ་སྤྱི་ལོ་༩༠༣ལོ་ལ་དེ་ནི་གླང་དར་མ་ལྔ་པའི་ལམ་ཡིན་ན། གྲོངས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ལྔ་ལམ་དུ་གྱུར་པ་རེད་ཟེར། གླང་དར་མའི། གླང་དར་མའི་བང་སོ་དེ་ནི་འཕྲུལ་དང་རྒྱལ་ཆེན་བར་དུ་བརྩིགས་པ་འཕྲོར་ལུས་སྐད་དོ། ད་གླང་དར་མའི་བང་སོ་དེ་ཡིན་ནའི་འཕྲུལ་དང་རྒྱལ་ཆེན་གྱི་བར་དུ་བརྩིགས་པ་དེ་ནི། འཕྲོར་ལུས་པ་རེད་བྱས་ནས་དེ་འདྲས་ཀྱི་བཤད་སྲོལ་དེ་འདྲས་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་སྐབས་དེ་དུས་ཆ་བཞག་ན་དུས་དེ་ལ་བཙན་པོ་གླང་དར་མའི་བཙུན་མོ་ཆུང་བ་ཚེ་སྤོང་བཟའ་བཙན་མོ་འཕན་ལ་ཡིན་ན། སྲས་གཅིག་འཁྲུངས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཆུང་བ་དེ་ནི་ཆུང་བ་ཚེ་སྤོང་བཟའ་བཙན་མོ་འཕན་ལ་དེ་ནི་སྲས་ཤིག་བཙའ་བར་ཉེ་དུས་ཙམ་པ། ད་འཁྲུངས་ཡས་ཀྱི་མངལ་གཅིག་ཆགས་ཡོང་དུས་ཙམ་པ། དེ་ནི་བཙུན་མོ་ཆེ་བ་སྣ་ནམ་བཟས་ཡིན་ནའི་ད་ཁོང་རང་རང་ལ་ཕྲུག་གུ་མེད་དུས་ཙམ་པ། ད་རྦད་དེ་བཙུན་མོ་ཆུང་བ་ལ་ད་ཆུང་བ་ལ་བཞེས་ཕྲུག་གུ་བྱུང་།
- ནོར་བྲང་ཨོ་རྒྱན།རྒན་པ་ལ་མ་བྱུང་ན་རྗེས་མ་ཀྱི་དཔེར་ན་སྲིད་དེ་ཡིན་ན་དཔེར་ན་ཆུང་བ་ལ་ཤོར་གྱི་རེད་བསམས་པའི་ཐོག་ནས་དེ་ནི། རང་གི་ལུས་ལ་ཡིན་ན་གོས་མང་པོ་དཀྲིས་ནས་དེ་ན་སྦྲུམ་མ་ལྟར་བཅོས་ནས། རང་གིས་མངལ་་ལ་སྐྱེ་རྒྱུ་ཡོད་པ་ནང་ལྟར་དེ་འདྲས་བཟོས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བཟོས་ནས་ག་རེ་བྱས་པ་རེད་ཟེར་ན། བཟོས་ནས་དེ་ནི་ཕྱི་ལོགས་ལ་བཤད་ཡས་ལ་དེ་ནི་ངའི་མངལ་ལ་ཡིན་ནའི་རྒྱལ་པོའི་སྲས་ཡོད་ཟེར། ད་ཁྱོན་བཙུན་མོ་ཆེ་ཆུང་གཉིས་ཀ་ལ་ཡོད་ཟེར། བཙུན་མོ་ཆུན་མ་་ལ་ད་རྒྱལ་པོའི་སྲས་དངོས་སུ་ཡོའོ་རེད་པ། འོང་། རྒྱལ་པོའི་ད་ལྟ་ཆེན་མ་ལ་ཡིན་ན་སྲས་ཆགས་པ་སྐད་བྱས་ནས་དེ་ནི་མི་རིང་བར་ཆུན་མ་ལ་ཟླ་དུས་ཐེམས་པ་དང་དེ་ནི་ཆུ་ཕག་སྤྱི་ལོ་༩༠༣ལོར་སྲས་འཁྲུངས་པ་ཤིན་ཏུ་གཅེས་པས་མཚན་མོར་མར་མེའི་འོད་ཀྱིས་བསྲུངས་པས་གནམ་ལྡེ་འོད་སྲུངས་སུ་གྲགས་སོང་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་དེ་ནས་བཙུན་མོ་ཆུན་མ་ལ་ཆ་བཞག་ན་ཆུན་མ་ལ་དེ་ནི་ཆུ་ཕག་ལོ་ལ་དེ་ནི་ཆུ་ཕག་ལོ་སྤྱི་ལོ་༩༠༣ལ་དེ་ནི་སྲས་འཁྲུངས་པ་དེ་ཤིན་ཏུ་གཅེས་པས། ཤིན་ཏུ་གཅེས་པས་དེ་ནི་མཚན་མོ་མར་མེའི་འོད་ཀྱིས་བསྲུངས་པ་ཟེར་ན། ད་གང་ཟེར་དགོས་རེད་པས།
- ནོར་བྲང་ཨོ་རྒྱན།གཅིག་གི་མཚན་མོ་ཡིན་ནའི་ཁོང་གི་རྦད་ཡུམ་གྱིས་དཔེར་ན་ཕྲུག་གུའི། སྲས་ཀྱི་དྲུང་དུ་་བཞུགས་བཞུགས་བྱས་ནས་དེ་ནི་མཚན་མོའི་དེ་ནི་ཉིན་མཚན་མེད་པར་བསྲུངས་བསྡད་མཚན་མོ་ཡིན་ནའི་དེ་ནི་མར་མེའི་འོད་ལ་བསྲུངས་བྱས་དེ་འདྲས་ཟེར་བཞུགས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བྱས་ཙང་། བསྲུངས་ནས་བཞུགས་པ་ཡིན་དུས་ཙམ་པ་དེའི་མཚན་ལ་ཡིན་ནའི་དེ་ནི་གནམ་ལྡེ་འོད་སྲུང་དུ་གྲགས་པ་རེད། ཟེར། གང་རེད་ཟེར་ན་གནམ་གྱི་ལྡེ་བཙུན་མོ་གནམ་གྱི་ལྡེས་མཚན་མོ་འོད་ཀྱིས་བསྲུངས་པ་དེ་འདྲས་ཡིན་དུས་མིང་ལ་འོད་སྲུངས་ཟེར་གྲགས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཆེན་མ་སྣ་ནམ་བཟས་ཀྱང་ཆེན་མ་སྣ་ནམ་བཟས་ཡིན་ན་གང་འདྲས་ཟེར་བྱས་པ་རེད། ཟེར་ན།
- ནོར་བྲང་ཨོ་རྒྱན།ད་སྤྲང་ཕྲུག་ཅིག་རིན་གྱིས་ཉོས་བྱས་རེད་པ། རིན་གྱིས་ཉོས་བྱས་རེད་པ། དེ་ནི་མདང་དགོངས་མདང་སྐྱེས་པ་ཡིན་ཟེར་བྱས་ནས། ད་མདང་དགོང་ང་ལའི་ཕྲུག་གུ་སྐྱེས་བྱུང་ཟེར་བྱས་ནས། བཤད་ནས། བློན་པོ་རྣམས་ལ་བསྟན་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བློན་པོ་རྣམས་ཀྱིས་བལྟ་དུས་ཙམ་པ་བློན་པོ་རྣམས་ཀྱིས་བལྟ་དུས་ཙམ་པ་དེ་ནི་སྤྲང་ཕྲུག་དེ་ལ་སོ་ཡོད་པ་མཐོང་དུས་ཙམ་པ་ད་མདང་དགོང་སྐྱེས་པའི་ཕྲུག་གུ་ལ་སོ་ཡོད་པ་དེ་ཁྱད་མཚར་རེད་ཟེར།
- ནོར་བྲང་ཨོ་རྒྱན།མདང་སྐྱེས་པའི་བུ་ལ་དེ་ནི་བུ་ཆུང་ལ་སོ་ཡོད་པ་ནི་ཁྱད་མཚར་རེད་ཟེར། འོན་ཀྱང་ཡུམ་གྱི་བཀའ་བརྟན་དུ་ཆུག་ཟེར་ནས། འོན་ཀྱང་དེ་ནི་རྦད་དེ་ཡུམ་གྱིས་གསུངས་པ་ནང་ལྟར་ད་ག་རང་ལ་ཆ་ཞོག་ཟེར་ཡས་དེ་འདྲས་བཤད་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ལ་བརྟེན་ནས་ཁྲི་ལྡེ་ཡུམ་བརྟན་དུ་མིང་ཆགས་པ་རེད་ཟེར། ཆེན་མོའི་སྲས་ལ་ཁྲི་ལྡེ་ཡུམ་བརྟན་དུ་མིང་ཆགས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།མིང་ཆགས་པ་ཡིན་དུས་ཙམ་པ་དེས་དེ་ནི་བཙན་པོའི་གདུང་རྒྱུད་། མིང་ཆགས་པ་བཙན་པོའི་གདུང་རྒྱུད་མ་ཡིན་པར་གྲགས་ཤིང་། འོན་ཀྱང་རྗེ་ཚན་དགུ། མ་ཡིན་པར་གྲགས་ཤིང་ཟེར། འོན་ཀྱང་དེ་ནི་རྗེ་ཚན་དགུ་དེ་ཕལ་ཆེར་ཡུམ་བརྟན་གྱི་རྒྱུད་པ་ཡིན་པས། གདུང་རྒྱུད་མེད་ན་རྗེའི་སོ་ཁ་སྟོར་བས་དེ་ནི་སོ་ཁ་གཏོར་བར་མི་འགྱུར་བས་ཆེན་ཆུན་གྱི་སྲས་གཉིས་ཀ་གདུང་རྒྱུད་ཁྱད་མེད་དུ་སྣང་ལ། སྐབས་དེ་དུས་ད་གདུང་རྒྱུད་མ་ཡིན་པའི་དེ་ནི་ད་ཡི་གེ་བཤད་སྲོལ་དེ་གྱད་དེ་ཡིན་ན། འོད་སྲུངས་ལ་ཞེན་པ་རྣམས་ཀྱིས་བྲིས་པ་རེད་ཟེར་བྱས་ནས་ད་དེ་འདྲས་ཀྱི་དེའི་གང་ཟེར་དགོས་རེད་པས། ལོ་རྒྱུས་ཀྱི་དེབ་ནང་ལ་བྱེད་དུས་ཙམ་པ་ད་ཅིག་སྤྲང་ཕྲུག་ཉོས་པ་རེད་ཟེར་ཡས་ད། དེ་འདྲས་ཀྱི་ད་ཡོད་ད་ཡོའོ་རེད་དའི་དེ་དངོས་གནས་དྲང་གནས་ད་གླང་དར་མ་རང་གི་སྲས་རེད་ཟེར། དེ་འདྲས་གསུངས་སྲོལ་དེ་འདྲས་ཡོའོ་རེད་ཟེར་བྱས་ནས། ད་འདི་དུམ་བུ་གཅིག་རེད།
- ནོར་བྲང་ཨོ་རྒྱན།དེ་ནས་མངའ་བདག་གཉིས་པོ་ལང་ཚོ་ཡར་ལྡན་དུ་གྱུར་པ་དང་། དེ་ནི་མངའ་བདག་དེ་ནི་འོད་སྲུངས་དང་ཡུམ་བརྟན་གཉིས་ད་ལང་ཚོ་ཡར་ཡིན་ན་རིམ་པས་ཡར་འཕེལ་བྱས་རེད་པ། ལང་ཚོ་ཡར་རིམ་པས་འཕེལ་བྱས། ཆོས་བློན་རྣམས་ཀྱིས་དུས་དེར། དེ་ནི་མངའ་བདག་སྲས་གཉིས་ཡང་རིམ་པས། དེ་ནི་དགུང་ལོ་ཡིན་ནའི་ཏོག་ཙམ་ཆེན་པོ་ལ་ཕེབས།
- ནོར་བྲང་ཨོ་རྒྱན།ཆེན་པོར་ཕེབས་དུས་ཙམ་པ་དེ་ནི་གང་ཟེར་ཆོས་བློན་རྣམས་ཀྱིས་ཡིན་ནའི་གང་ཟེར་དུས་སྐབས་དེ་དང་བསྟུན་པའི་ཐོག་ནས་ད་སྲས་གཉིས་ལ་དབང་ཆ་འདྲ་པོ་ཏོག་ཙམ་ཡོད་པ་ཡིན་དུས་ཙམ་པ་དེ་ནི་དེ་ནས། དུས་དེ་ལ་རྦད་དེ་བོད་ལ་བྱུང་བའི་མུ་གེ་དང་། ནད་ཡམས་དང་། ཆོས་བཤིག་མཁན་གྱི་བློན་པོ་རྣམས་ཀྱང་ཕྱོགས་གཅིག་ནས་དེ་ནི་སྐབས་དེ་དུས་དེ་ནི། བོད་ལ་བྱུང་བའི་དེ་ནི་མུ་གེ་དང་། ནད་ཡམས་དེ་འདྲས་ཡིན་ནའི་བྱུང་བ་ཡིན་པ་འདྲ།
- ནོར་བྲང་ཨོ་རྒྱན།གཉིས་ནས་ཆོས་བཤིག་མཁན་གྱི་བློན་པོ་ད་ལྟ་སྦས་སྟག་སྣ་ལ་སོགས་པ་དེ་ཚོ་ཡིན་ནའི་རིམ་པས་རིམ་པས་ཤི་ནས་རེད་པ། ཤི་ཚར་དུས། ཤི་འགྲོ་དུས་ཙམ་པ་དེ་གྱད་དེ་ད་རྒྱུ་མཚན་གང་ལ་ཐུག་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནི་བོད་ལ་རྦད་དེ་སངས་རྒྱས་ཀྱི་བསྟན་པ་བསྣུབ་པའི་རྒྱུ་མཚན་དེ་ལ་ཐུག་པ་རེད་ཟེར། དེའི་དེ་ནི་རྒྱུ་མཚན་དེ་ནི་སྲས་གཉིས་པོ་ལ་ཞུས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཞུ་དུས་ཙམ་པ་དེ་ནི་སྲས་གཉིས་ཀྱིས་ཡིན་ནའི་གང་འདྲས་གནང་ང་རེད་ཟེར་ན། དེ་ནི་ཇོ་བོ་རྣམ་གཉིས་དང་ཇོ་ཤཱཀ་རྣམ་གཉིས་རེད་པ། ཇོ་བོ་ཤཱཀྱ་མུ་ནེ་དང་ཇོ་བོ་མི་བསྐྱོད་རྡོ་རྗེ་རྣམ་གཉིས། རྣམ་གཉིས་ཡིན་ནའི་སྔར་སོར་གདན་འདྲེན་ཞུས།
- ནོར་བྲང་ཨོ་རྒྱན།བྱམས་མགོན་ཡིན་ནའི་སོ་སོའི་ཁྲི་ལ་བཞུགས་སོ་གསོལ་ཟེར། བྱམས་མགོན་ཡིན་ནའི་སོ་སོའི་ཁྲི་ལ་བཞུགས་སོ་གསོལ་བ་དེ་འདྲས་རེད། ཟེར།
- ནོར་བྲང་ཨོ་རྒྱན།གཙུག་ལག་ཁང་། ད་གཙུག་ལག་ཁང་ལྷ་ས་ཟེར་ཡས་རེད། ར་མོ་ཆེ་ཟེར་ཡས་རེད། ད་ལྟ་དེའི་བསམ་ཡས་ཟེར་ཡས་དེ་ཚོའི་གཙུག་ལག་ཁང་རྣམས་ཡིན་ནའི་མཆོད་པའི་རྒྱུན་དེ་ནི་སྔར་ནང་ལྟར་དེ་འདྲས་བཙུགས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བཙུགས་པའི་སྐབས་དེའི་ཁ་ཐུག་ལ་ཆ་བཞག་ན། ད་དུས་དེར་རྟགས་རང་གིས་བླངས་ནས་ཤམ་ཐབས་གོང་བ་ཅན་གྱོན། སྐྲ་གཞན་བྲེགས་གཙུག་ཕུད་བཞག་པ་དབྱར་ཟླ་གསུམ་དབྱར་གནས་བྱེད་ཟེར་ནས། གཙུག་ལག་ཁང་དུ་བསྡད་ནས་གཏན་ཁྲིམས་ལྔ་སྲུང་། བྱས་ནས་ད་སྐབས་དེ་དུས་ཆ་བཞག་ན་ད་སངས་རྒྱས་བསྟན་པ་བསྣུབ་ནས་ལོ་གང་ལ་གང་འཚམས་གཅིག་འགྲོ་དུས་ཙམ་པ། ད་སྐབས་དེ་དུས་དེ་ནི། རབ་བྱུང་བ་རྣལ་མ་དེ་འདྲས་ཡོའོ་མ་རེད་ཟེར།
- ནོར་བྲང་ཨོ་རྒྱན།མེད་པ་བྱས་ནས་ད་གང་འདྲས་རེད་ཟེར་ན། དེ་ནི་སོ་སོས་སོའི་རྟགས་རང་གིས་བླངས་ནས་གཅིག་སོ་སོས་སོ་སོའི་སྐྲ་བྲགས་༼བྲེགས་༽ནས་ད་ང་རབ་ཏུ་བྱུང་བ་ཡིན་ཟེར་ཡས། དེ་འདྲས་བྱས་བྱས་ཤམ་ཐབས་དེ་འདྲས་གོང་བ་ཅན་དེ་འདྲས་གྱོན། སྐྲ་གཞན་བྲེགས། གཙུག་ཕུད་བཞག་པ་སྐྲ་གཞན་དག་བྲེགས་དེ་ནི་དཀྱིལ་དེ་རུ་གཙུག་ཕུད་བཞག་ནས་སྐྲ་ཕུད་བཟོ་འདྲ་བཞག་ནས། དེ་ནི་དབྱར་གྱི་ཟླ་བ་གསུམ་གྱི་རིང་ལ་དེ་ནི་གཙུག་ལག་ཁང་དུ་ཟླ་བ་གསུམ་གྱི་རིང་དབྱར་གནས་བྱེད་ཟེར་ནས།
- ནོར་བྲང་ཨོ་རྒྱན།ཟླ་བ་གསུམ་ལ་དབྱར་གནས། ཟླ་བ་གསུམ་ལ་དབྱར་གནས་དབྱར་ཟླ་དབྱར་གྱི་། དཔེར་ན་ད་འདི་འདུལ་བའི་མཛད་པ་ལ་བྱས་ནས་དབྱར་ཟླ་གསུམ་ཡིན་ན་དེ་དབྱར་གནས་བྱེད་དགོས་ཡས། དབྱར་གནས་བྱེད་དགོས་ན་གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནི་དབྱར་ཁའི་དུས་སུ་དེ་ནི་དཔེར་ན་རྩི་ཤིང་ནགས་་ཚལ་ལ་སོགས་པ་ད་ག་ནང་ལྟར་སྤང་ལྗོངས་ལ་སོགས་པ་དེ་འདྲས་ལ་རྦད་དེ་འབུ་སྲིན་མང་པོ་ཡོད་འགྲོ་དུས་ཙམ་པ་དེ་གྱད་དེ་རྦད་དེ། འབུ་སྲིན་མ་ཤི་བའི་ཐབས་ལ་ཡིན་ན་དེ་ནི་རྦད་དེ་དབྱར་གནས་ཟིན་གྱི་ཡོའོ་རེད་བྱས་ནས། དགོན་པའི་ནང་ལ་བཞུགས་ནས། དགེ་འདུན་ཚོ་དབྱར་གནས་པ་གནང་ཡས་ཀྱི་དེ་འདྲས་ཀྱི་ཆོ་ག་ཡོའོ་རེད་པ། བྱས་ཙང་དེ་འདྲས་ཀྱི་དེ་དང་འདྲ་བར་བྱས་ཚེ།
- ནོར་བྲང་ཨོ་རྒྱན།བྱེད་ཀྱི་ཡིན་ཟེར། གཙུག་ལག་ཁང་དུ་གནས་ནས་གཏན་ཁྲིམས་ལྔ་སྲུང་བ་རེད་ཟེར། གཏན་ཁྲིམས་ལྔ་ཟེར་ན་དེ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། ལོག་གཡེམ་བྱེད་པ་དང་། རྫུན་དུ་སྨྲ་བ་དང་། ཆང་བཏུང་བ་ལ་སོགས་པ་དེ་འདྲས་མི་བྱེད་པའི་དེ་ནི། དེ་འདྲས་ཀྱི་དེ་ནི་གཏན་ཁྲིམས་ལྔ་ཡོའོ་རེད། ལྔ་ཡིན་ན་བསྲུངས།
- ནོར་བྲང་ཨོ་རྒྱན།དེ་ནས་དགག་དབྱེ་བྱེད་ཟེར་ཡས་དེ་ལ་ཆ་བཞག་ན་དེ་ནི་རབ་ཏུ་བྱུང་བ་ལ་ཡིན་ན་དེ་ནི་དབྱར་གནས་དགག་དབྱེ་གསོ་སྦྱོང་ཟེར་ཡས། གཞི་གསུམ་གྱི་ཆོ་ག་ཟེར་ཡས་དེ་འདྲས་གཅིག་ཡོད་པ་དེ་ཁོང་ཚོ་ཡིན་ནའི་སྐབས་དེ་དུས་གསོ་སྦྱོང་དེ་ཡོའོ་མ་རེད་དའི། དབྱར་གནས་ཟེར་ཡས་ཁོ་བྱས། དེ་ནས་དགག་དབྱེ་ཟེར་ཡས་ཁོ་བྱས་སོང་ན། དེ་ནི་གྲོང་ལ་ཕར་་ཕྱིན་བྱས་དེ་ནི་སོ་སོ་སོའི་ཁྱིམ་ཐབས་དེ་འདྲས་བརྟེན་བྱས་དེ་འདྲས་ཡིན་ནའི་བྱེད་ཀྱི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།མིང་ལ་དེའི་ཚོའི་མིང་ལ་གང་ཟེར་ན། དགྲ་བཅོམ་གཙུག་ཕུད་ཅན་ཟེར་བ་མང་པོ་བྱུང་ནས་ཟེར། དེ་ནི་དེའི་ཁ་ཐུག་ལ་ཆ་བཞག་ན་དེ་ནི་དེའི་ཚོའི་གྲྭ་པའི་བཟོ་ལྟ་དེ་ཚོ་ལ་བྱས་ན་དགྲ་བཅོམ་གཙུག་ཕུད་ཅན་ཟེར་མཁན་གཅིག་བྱས། མང་པོ་བྱུང་ནས་གང་བྱེད་ཀྱི་ཡོའོ་རེད་ཟེར་ན། དེ་ནི་སྐྱེ་བོ་རྣམས་ཀྱི་མཆོད་གནས་ཡིན་ན་བྱེད་ཀྱི་ཡོའོ་རེད།ཟེར།
- ནོར་བྲང་ཨོ་རྒྱན།སྐྱེ་བོ་རྣམས་ཀྱི་མཆོད་གནས་བྱས་ནས་མི་དར་མ་ཤི་ན་ཨ་ནི་འབུམ་འདོན་གྱི་ཡོའོ་རེད་ཟེར། མི་དར་མ་དེ་ནི། མི་དར་མ་དེ་འདྲས་ཤི་སོང་ན། དེ་ནི་རྦད་དེ་རྗེས་འཇུག་གི་ཆེད་དུ་དེ་ནི་འབུམ་འདོན་གྱི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་མི་གཞོན་པ་དེ་འདྲས་ཤི་ན་ནི་ཉི་ཁྲི་འདོན་གྱི་ཡོའོ་རེད། ཡང་ཉི་ཁྲི་ཟེར་ཡས་བཀའ་འགྱུར་ནང་ལོགས་ལ་ཡོའོ་རེད་པ། ཉི་ཁྲི་འདོན་གྱི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བྱིས་པ་ལ་དེ་ནི་བརྒྱད་སྟོང་པ་འདོན་གྱི་ཡོའོ་རེད་ཟེར། ད་དེ་འདྲས་ཀྱི་དཔེར་ན། ད་འབུམ་དང་ཉི་ཁྲི་དང་བརྒྱད་སྟོང་པ་ཟེར་ཡས་ད་དེ་འདྲས་ཀྱི་དེ་ཚོ་སྒང་ག་བཀའ་འགྱུར་ནང་ལ་ཡོད་པ་དེ་འདྲས་རེད། འབུམ་ཟེར་ཡས་དེ་དེ་ནི་མང་པོ་རེད་པ། ཉི་ཁྲི་ཉུང་གི་རེད། དེ་ནས་དེ་ལས་བརྒྱད་སྟོང་པ་ཉུང་གི་རེད། བྱས་ཙང་དེ་ནི་མི་དར་མ་དང་གཞོན་པ་ཤི་པ་ལ་སོགས་པ་དེ་ཚོ་ལ་ཆ་བཞག་ན། དེ་འདྲས་འདོན་གྱི་ཡོད་པ་དང་།
- ནོར་བྲང་ཨོ་རྒྱན།ཀློག་མཁན་དེ་འདྲས་ཀྱི་ཆོས་བྱེད་མཁན་ཤེས་རབ་ཆེ་བ་འགའ་ཤིག་གིས་ཟེར་ན། གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ཌཱིཀ་བཀླགས་ནས་ཟེར་ནས། འགྲེལ་བ་བཀླགས་ནས་ཟེར་གྱི་ཡོའོ་རེད། འགྲེལ་བ་བཀླགས་ནས་དམར་པོ་དེ་དེ་ནི་དོན་བསྡུས་པ་དེ་ཡིན་པ་དང་། དེ་ནི་ཡི་གེ་དམར་པོ་བྱས་པ་དེ་དོན་བསྡུས་པ་དེ་ཡིན་པ་འདྲ་ཟེར། ནག་པོ་དེ་དེ་ནི་དེ་གྱད་དེ་རྒྱས་པར་བཤད་པ་ཡིན་པ་འདྲ་འདུག་ཟེར།
- ནོར་བྲང་ཨོ་རྒྱན།ད་ག་ནང་ལྟར་ཡིག་ཆུང་དེ་ག་རེ་རེད་ཟེར་ན། ད་དོན་དག་དེ་གྱད་དེ་དཔེར་ན། དོན་དག་དེ་གྱད་ལ་དོགས་པ་དཔྱད་པར་འདུག་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་འདྲས་ཀྱི་དེ་ནི་ད་གང་ཟེར་དགོས་རེད་པས་གཅིག་གི་གཅིག་གི་ད་གང་ཟེར་དགོས་རེད། འགྲེལ་བཤད་འདྲ་པོ་བྱེད་མཁན་དེ་འདྲས་ཡིན་ནའི་གང་་ལ་གང་འཚམས་འདྲ་བྱུང་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ཚོ་མིའི་དོན་མཐུན་པ་ད་མ་རེད་དའི་ཡིན་ནའི་སྐབས་དེ་དུས་ནས་ཆ་བཞག་ན་དེའི་ཚོའི་ནང་ནས་གཅིག་གི་དགྲ་བཅོམ་གཙུག་ཕུད་ཅན་ཟེར་ཡས་དེའི་ནང་གི་གཅིག་བཤད་པ་འདྲ་པོ་ཆེ་བ་དེ་ཡིན་ན་དེ་ནི་དེ་འདྲས་དེ་འདྲས་ཡིན་ནའི་བཤད་ཀྱི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།སྔགས་པ་ཕལ་ཆེར་ཡང་སྒྲུབ་ཐབས་འཆད་པ་དང་སྒོམ་པ་མེད་པར་དེ་ནི་སྔགས་པ་ཟེར་མཁན་དེ་ཡིན་ན། གཅིག་གི་སྐྱབས་འགྲོ་ལ་སོགས་པ། དེ་འདྲས་དེ་མི་ཁོང་རང་ཆོ་ག་ཆ་རྐྱེན་འགྲོ་དགོས་རེད་པ།
- ནོར་བྲང་ཨོ་རྒྱན།བྱས་ཙང་དེ་འདྲས་མེད་པར་སྒྲུབ་ཐབས་ཆད་པ་དང་སྒོམ་པ་མེད་པ་ཟེར་ན་ད་སྔགས་པ་ཟེར་མཁན་དེ་དེ་ནི་སྒོམ་རྒྱག་ཡས་ལ་སོགས་པ་དེ་འདྲས་མེད་པར་དེ་ནི་བོན་པོའི་ཆོ་ག་ལ་མིག་ལྟོས་བྱས་ནས། ག་རེ་བྱེད་ཀྱི་ཡོའོ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།གཞུང་ངག་འདོན་དུ་བྱས་ནས་དེ་ནི་གཞུང་ངག་འདོན་བྱས་ནས་གྲོང་ཆོག་འགྲིམ་པ། གྲོང་ཆོག་ལ་འགྲོ་གི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།སྦྱོར་དགྲོལ་དང་བམ་སྒྲུབ་དར་བས་མི་ལ་གསོན་དགྲོལ་བྱེད་པ་ཞིག་བྱུང་བས། བམ་སྒྲུབ་དང་སྦྱོར་དགྲོལ་་ཟེར་ཡས་ད་དེ་འདྲས་ཀྱི་ཡང་བོན་པོའི་བྱེད་སྟངས་ནང་ལྟར་གྱི་ཐོག་ནས། གཅིག་མི་ལ་གསོན་དགྲོལ་བྱེད་ཡས་དེ་འདྲས་ཡིན་ན་བྱུང་བ་སྐད་དོ་ཟེར།
- ནོར་བྲང་ཨོ་རྒྱན།འོན་ཀྱང་ཟེར་བཙན་པོ་གཉིས་མངའ་རིས་ལ་མ་འཆམས་པར་འོད་སྲུངས་ཀྱིས། ཡིན་ནའི་སྐབས་དེ་དུས་ད་དེ་འདྲས་ཀྱི་མིའི་སངས་རྒྱས་ཀྱི་བསྟན་པ་ཡིན་ན་གླང་དར་མའི་ཐོག་ནས་རྦད་དེ་བསྣུབ་བྱས་དེ་འདྲས་རེད་དའི་ཡིན་ནའི་སྲས་གཉིས་ཀྱི་ཐོག་ལ། འོད་སྲུངས་དང་ཡུམ་བརྟན་གཉིས་ཀྱི་དུས་ལ་ཆ་བཞག་ན་ཐོག་མའི་དུས་ལ་ཆ་བཞག་པ་ཡིན་ན་ཁོང་རང་གཉིས་ཀྱིས་ཡིན་ན་སངས་རྒྱས་བསྟན་པ་ཡིན་ན་ཕྲ་ལ་ཕྲན་བུ་ཡར་སྤེལ་ཐུབ་པ་ལ་སོགས་པ་དེ་འདྲས་ཀྱི་མི་ཆོས་ལུགས་ཀྱི་བྱ་བ་ལ་སོགས་པ་དེ་འདྲས་ཡིན་ན་བྱེད་ཐུབ་པ་དེ་འདྲས་བྱུང་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཡིན་ནའི་ཡང་བཙན་པོ་གཉིས་མངའ་རིས་ལ་མ་འཆམས་པར་ད་སོ་སོའི་གཅིག་གི་དབང་ཆ་ལ་མ་འཆམས་པ་བྱས་བྱས། གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།འོད་སྲུངས་མ་འཆམས་པ་བྱས་བྱས་དེ་ནི་རྦད་དེ་སྲས་གཉིས་རང་འཁྲུག་པ་བརྒྱབ་བྱས་དབུ་གཡོ་འཁྲུག་པ་ཟེར་ཡས་དེ་འདྲས་ཡིན་ནའི་བྱུང་ཡོའོ་རེད་པ།
- ནོར་བྲང་ཨོ་རྒྱན།དེ་ནི་འོད་སྲུངས་ཀྱིས་དེ་ནི་གཡོན་རུ་བཟུང་བ་དང་། ཡུམ་བརྟན་གྱིས་དེ་ནི་དབུ་རུ་བཟུང་ནས་དེ་ནི་རྦད་དེ་དེ་འདྲས་ཀྱི་དབུ་གཡོ་ཡི་འཁྲུང་ལོང་དེ་འདྲས་ཡིན་ན་མང་པོ་བྱུང་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བྱུང་བ་ཡིན་དུས་ཙམ་པ་དེ་ནི་བཙན་པོའི་དབང་བསྒྱུར་གཅིག་ཏུ་བསྒྲིལ་མ་ཐུབ་པ་་དེ་དག་ནས་བཟུང་སྟེ་ཟེར་ན། དེ་འདྲས་ཀྱི་དཔེར་ན་སྲས་གཉིས་རང་ཡང་དབང་བསྒྱུར་གཅིག་ཏུ་བསྒྲིལ་མ་ཐུབ་པ་བྱས། གཅིག་གི་གཡོ་རུ་བཟུང་། གཅིག་གིས་དབུ་རུ་བཟུང་དེ་འདྲས་ཀྱི་དཔེར་ན་འཁྲུག་པ་ཡིན་ན་རྒྱ་ཆེན་པོ་མང་པོ་བྱུང་བྱས་དེ་འདྲས་ཀྱི་བྱེད་དུས་ཙམ་པ་དེ་དག་ནས་བཟུང།
- ནོར་བྲང་ཨོ་རྒྱན།དེ་ནི་རྗེ་གཉན་ཁྲི་བཙན་པོའི་གདུང་རྒྱུད་ཀྱིས་རྗེ་གཉའ་ཁྲི་བཙན་པོའི་གདུང་རྒྱུད་ཀྱིས་བོད་ཀྱི་ཡུལ་ཁམས་སྤྱི་ལ་དབང་མ་བསྒྱུར་སྐད་དོ།
- ནོར་བྲང་ཨོ་རྒྱན།ད་བོད་ཀྱི་ཡུལ་ཁམས་སྤྱི་ལ་ཡིན་ན་དབང་བསྒྱུར་བའི་རྒྱལ་པོ་དེ་འདྲས་གཅིག་མ་བྱུང་བའི་དེ་འདྲས་བཤད་སྲོལ་དེ་འདྲས་ཡོའོ་རེད་ཟེར།བཤད་སྲོལ་དེ་འདྲས་ཡོའོ་རེད་གསུངས་པ་རེད།
- ནོར་བྲང་ཨོ་རྒྱན།དེ་ནས་མི་རིང་བར་བོད་དུ་འབངས་གྱེན་ལོག་བྱུང་སྟེ། ད་དེ་ནས་དུས་མི་རིང་བའི་ཐོག་ནས་དེ་ནི་བོད་ལ་ཡིན་ན་འབངས་གྱེན་ལོག་དེ་འདྲས་བྱུང་བྱས། དེ་ཡང་དེ་གྱེན་ལོག་བཙན་པོ། གྱེན་ལོག་ནི་བཙན་པོ་གཉིས་དགུང་ལོ་ཉེར་གསུམ་རེ་སོན་པའི་ཐོག་ནས་ཟེར། ལྷ་བཙན་པོ་གཉིས་དགུང་ལོ་ཉེར་ཤུ་རྩ་གསུམ་དུ་མ་ཕེབས་པའི་གོང་ལ་སངས་རྒྱས་བསྟན་པ་ཡིན་ན་ཕྲ་ལ་ཕྲན་བུ་ཡར་སྤེལ་ཐུབ་པ། ཆོས་ལུགས་བྱ་བ་དེ་འདྲས་ཡིན་ནའི་བྱེད་ཐུབ་པ་ལ་སོགས་པ་དེ་འདྲས་ཀྱི་ཐོག་ནས་ཡག་པོ་དེ་འདྲས་བྱུང་ཡོའོ་རེད།
- ནོར་བྲང་ཨོ་རྒྱན།ད་དེ་ནས་དབུ་གཡོ་འཁྲུགས་པ་ལ་སོགས་པ་དེ་འདྲས་ཀྱི་རྐྱེན་པས། དགུང་ཉེར་གསུམ་བར་ལ་སོན་དུས་ཙམ་པ་དེ་ནི་ཟེར། ས་གླང་ནས་བཟུང་སྟེ། དེ་ནི་བོད་ལ་འབངས་ལོག་དེ་འདྲས་བྱུང་པ་རེད།
- ནོར་བྲང་ཨོ་རྒྱན།འབངས་གྱེན་ལོག་དེ་འདྲས་ཡིན་ན་བྱུང་པ་རེད་ཟེར། འབངས་གྱེན་ལོག་བྱུང་ཡས་དེ་གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དང་པོའི་དཔེ་དེ་་བྱ་གཅིག་འཕུར་བར་བྱ་གཞན་མང་པོས་གནོད་པ་སྐྱེལ་བར་དཔེ་བྱས། ཐོག་མ་ཡིན་ན་ནམ་མཁའ་ལ་བྱ་གཅིག་འཕུར་དུས་ཙམ་པ་དེ་ནི་བྱ་མང་པོ་དེ་ལ་གཞན་དག་རུབ་རུབ། རུབ་རྒྱག་བརྒྱབ་བ་དེ་འདྲས་ལ་དཔེ་བྱས་ནས།
- ནོར་བྲང་ཨོ་རྒྱན།ཐོག་མར་ལ་དབས་ཁོ་བཞེར་ལེགས་སྟེང་གིས་ལག་དཔོན་བྱས་ཏེ་མདོ་ཁམས་ནས་གྱེན་ལོག་བྱས། ཐོག་མར་གྱེན་ལོག། གྱེན་ལོག་དེ་ཐོག་མར་ནས་དེ་ནི་དབས་ཁོ་བཞེར་ལེགས་སྟེང་གིས་ལག་དཔོན་བྱས་ནས་དེ་ནི་མདོ་ཁམས་ནས་ཡར་ཐོག་མ་ལ་གྱེན་ལོག་བྱས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནས་དབུ་རུར་འབྲོ་དང་སྦས་གཉིས་འཁྲུགས་པ་ལ་བརྟེན་ནས་དེ་ནི་དབས་ལོ་ཕོ་ལོ་ཆུང་གིས་ལག་དཔོན་བྱས་ཏེ་གྱེན་ལོག་བྱས། དེ་ནི་སྐབས་དེ་དུས་དབུ་རུ་དང་གཡོ་རུར་འབྲོ་དང་སྦས་གཉིས་འཁྲུགས་པ་ལ་བརྟེན་ནས་དེ་ནི་གང་བྱས་པ་རེད་ཟེར་ན། དབས་ལོ་ཕོ་ལོ་ཆུང་གིས་ལག་དཔོན་བྱས་ནས་དེ་ནི་གྱེན་ལོག་བྱས། དེ་ནས་གཡོ་རུར་ཞང་རྗེ་གསས་སྣེ་བཙན་གྱིས་དབོན་གཡུ་སྣེ་བསད། གཡོ་རུར་དེ་ནི་སྲས་ཞང་རྗེ་གསས་སྣེ་བཙན་གྱིས་དབོན་གཡུ་སྣེ་བསད།
- ནོར་བྲང་ཨོ་རྒྱན།རི་མགུལ་ལ་ཡུར་བ་བཅོས། དེ་ནི་ཡུར་བ་དེ་འདྲས་ཆུ་འདྲེན་ཡས་ཀྱི་ཡུ་བ་དེ་འདྲས་བཅོས། འབེ་བཟའ་འ་མོ་སྐྱིད་བཙུན་མོར་མ་བསུས་པས་དེ་ནི་སྐབས་དེ་དུས་ཀོང་པོ་ནས་ཡིན་པའི་ཀོང་ཡུལ་ནས་ཡིན་པའི་འབེ་བཟའ་འ་མོ་སྐྱིད་ཟེར་ཡས་དེ་ཡིན་ན་བཙུན་མོར་མ་བསུས་པའི་དེའི་སྐུལ་སློང་གི་ཐོག་ནས་ཟེར་ན་ད་དཔེར་ན།
- ནོར་བྲང་ཨོ་རྒྱན།རིའི་མགོ་ལ་རྦད་དེ་ཆུ་འདྲེན་ཡས་དེ་ཞེ་དྲག་གི་དཀའ་ལས་ཁག་པོ་ཡོའོ་རེད། ད་དེ་དེ་ཡིས་དེ་འདྲས་ཁྲིད་ཐུབ་ཀྱི་མ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ལས་དེ་ནི་མིའི་སྐེ་བཅད་ན་དགའ་གི་རེད་ཟེར་དེ་ནི་ལས་སླ་གི་རེད་ཟེར་བྱས་ནས་དེ་འདྲས་ཀྱི་དཔེར་ན་ཇུས་ངན་བཏོན་བྱས་མཆིམས་དང་ཀོང་དང་། དེ་འདྲས་ཀྱི་མི་དྲུག་གི་ལས་དཔོན་བྱས་ནས་སྟར་ཁའི་མེ་ཏོག་སྲོད་ལ་འཆར་བ་ལ་བལྟ་ལ་བསྙད་ནས་དེ་ནི་སྟར་ཁའི་མེ་ཏོག་དེ་ནི་སྲོད་ལ་བལྟ་ཡས་ལ་དེ་ནི་ང་ཚོ་འཛོམས་འཛོམས་བྱེད་ཀྱི་ཡིན་བྱས་ནས།
- ནོར་བྲང་ཨོ་རྒྱན།དེ་ནི་དེ་འདྲས་ལ་བསྙད་བཏགས་ནས་ཁོང་ཚོས་གང་འདྲས་བྱས་པ་རེད་ཟེར་ན། དེ་ནི་སྟར་ཁའི་མེ་ཏོག་འོག་ལ་བསྡད་ནས་རོལ་བའི་ཆ་ནས། འོད་འབར་གྱེན་ལོག་ཏུ་གྲགས་པ་བྱས་པ་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།དེའི་ཐོག་ལ་ཆ་བཞག་ན་ད་ཚོགས་ས་དེ་སྟར་ཁའི་མེ་ཏོག་སྲོད་ལ་འཆར་བ་ལ་བལྟ་བ་འགྲོ་གི་ཡིན་བྱས་ནས། དེ་དྲས་ཀྱི་དཔེར་ན་འཛོམས་འཛོམས་བྱས་ནས་འཛོམས་འཛོམས་བྱས་ནས་དེ་ནི་གྱེན་ལོག་བྱས་པ་དེ་ལ་འོད་འབར་གྱེན་ལོག་ཏུ་གྲགས་པ་དེ་ཡིན།ཟེར།
- ནོར་བྲང་ཨོ་རྒྱན།དེ་ནས་ཀོང་ཡུལ་བྲེས་སྣ་འབེ་མོའི་གཡོ་སྒྱུས་ཕབ་པའོ། ཟེར། དེ་ནི་ད་གཙོ་བོ་ཀོང་ཡུལ་བྲེས་སྣ་འབེ་མོའི་དེ་ནི་གཡོ་སྒྱུས་ཕབ་པ་དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ལྟར་གྱེན་ལོག་ཡོང་བའི་རྒྱུ་མཚན་ཡང་ཐོག་མའི་རྐྱེན་ནི་དེ་ཡང་གྱེན་ལོག་ཡོང་ཡས་རྐྱེན་དེ་གང་འདྲས་རེད་ཟེར་ན། ཐོག་མའི་རྐྱེན་ནི་གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།བློན་ཆེན་པོ་བྲན་ཁ་དཔལ་ཡོན་དེ་ནི་ཉེས་མེད་དུ་ཁྲིམས་ལ་སྦྱར་བའི་རྐྱེན་གྱིས་ཟེར། ཤི་བ་གནོད་སྦྱིན་དུ་སྐྱེས་ནས་ཟེར། ད་བསྐུལ་བ་པོ་བྱས་ཏེ། བྱས་ཟེར་ཡས་དེ་དང་པོ་ཡིན་ན་གྱེན་ལོག་བྱེད་པའི་རྐྱེན་གཙོ་བོ་དེ་གང་འདྲས་ཟེར་བྱུང་བ་རེད་ཟེར་ན། དེ་ནི་བློན་པོ་བྲན་ཁ་དཔལ་ཡོན་དེ་དེ་ནི་ཉེས་མེད་དུ་ཁྲིམས་ལ་སྦྱར་བ་བྱས་བྱས་དེ་འདྲས་རེད་པ།
- ནོར་བྲང་ཨོ་རྒྱན།ཁྲིམས་ལ་་སྦྱར་བ་ཡིན་དུས་ཙམ་པ་ཁོང་དཔེར་ན་ད་གང་ཟེར་དགོས་རེད། སེམས་ལ་ཕོག་ཐུག་ཆེན་པོ་བྱུང་། བྱེད་དུས་ཙམ་པ་དེ་ནི་གནོད་སྦྱིན་ལ་སྐྱེས། གནོད་སྦྱིན་ལ་སྐྱེས་དུས་ཙམ་པ་དེ་ནི་རྦད་དེ་བྱས་ནས་གནོད་སྦྱིན་སྐྱེས་དུས་ཙམ་པ་གནོད་སྦྱིན་ཟེར་ཡས་དེ་ཁོ་རྦད་དེ། གཟུགས་མེད་ནང་ནས་ཤུགས་ཆེན་པོ་གཅིག་ཡོའོ་རེད་པ།
- ནོར་བྲང་ཨོ་རྒྱན།བྱས་ཙང་ཁོས་བསྐུལ་བ་པོ་བྱས་ནས་ལྷ་འདྲེ་གདུག་པ་ཅན་གཞན་མང་པོ་ལ་དེ་ནི་སྐུལ་སློངས་བྱས་བྱས། བློན་པོ་མང་པོ་ལ་རྦད་མིའི་ལམ་ལ་ལྷ་བཞུགས་པ་ལ་སོགས་པ་དེ་འདྲས་བྱས་ནས་དེ་ནི་རྦད་དེ། དེ་བྱས་གང་ཟེར།
- ནོར་བྲང་ཨོ་རྒྱན།ཨེ། ག་རེ་ཟེར་དགོས་རེད་གྱེན་ལོགས་བྱེད་ཡས་དང་དེ་ནི་ལུང་པ་སོ་སོའི་གྱེན་ལོག་དེ་གང་འདྲས་གང་འདྲས་བྱེད་ཡས་ལ་སོགས་པ་དེས་དེ་ནི་ལུང་བསྟན་པ་ལ་སོགས་པ་དེ་འདྲས་ཀྱི་གནས་ཚུལ་ཡིན་ན་དཔེར་ན། ཁུ་སྟོན་གྱིས་མཛད་པའི་བསྟན་བཅོས་རིན་ཆེན་བང་མཛོད་དུ་བཤད་པ་ལས།
- ནོར་བྲང་ཨོ་རྒྱན།མཁས་པའི་དགའ་སྟོན་ནང་ཅུང་ཞིབ་པར་འཁོད་ཅིང་། དེ་ནི་དེ་བཤད་པ་ལས། བཤད་པ་མཁས་པའི་དགའ་སྟོན་ལས་དེ་ནི་ཁུ་སྟོན་གྱིས་མཛད་པའི་བསྟན་བཅོས་རིན་ཆེན་བང་མཛོད་ནང་ལ་བཤད་པ་དེ། དེ་ནི་མཁས་པའི་དགའ་སྟོན་ནང་ལ་ཅུང་ཞིབ་པར་འཁོད་ཅིང་། ད་དེ་རྦད་དེ་མཁས་པའི་དགའ་སྟོན་དེ་ཞིབ་ཆ་ཡིན་ན་འཁོད་ཤག ལུང་པ་ག་རུ་ག་རུ་གྱེན་ལོག་གང་འདྲས་གང་འདྲས་ཐོག་མར་གང་འདྲས་གང་འདྲས་བྱས་ཡོད་མེད། འཆར་གཞི་གང་འདྲས་གང་འདྲས་བཏིང་ཡོད་མེད། ད་ག་ནང་ལྟར་དཔེར་ན་ལག་དཔོན་དེ་སུས་སུས་བྱས། དེ་ཚོ་རྦད་དེ་མཁས་པའི་དགའ་སྟོན་ནང་ལ་ཞིབ་ཆ་ཡིན་ནའི་བྱུང་ཡོའོ་རེད། ཞིབ་ཆ་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།གྱེན་ལོག་རྗེས་བོད་དུ་བཙན་པོའི་གདུང་རབས་ཀྱི་རྗེ་དཔོན་ཚན་པ་དགུའམ་བཅུ་ཆགས་ལུགས་སྐོར་གྱི་ཞིབ་འཇུག་ལ་དེ་དག ད་དེ་འདྲས་ལ་དཔེར་ན་གྱེན་ལོག་བྱུང་བའི་རྗེས་ལ་དེ་ནི་བོད་ལ་བཙན་པོའི་གདུང་རྒྱུད་ཡིན་ན་གདུང་རབས་རྗེ་དཔོན་ཚན་པ་དགུའམ་ཡང་ན། བཅུ་ཆགས་ལུགས་སྐོར་ལ་དེ་དབྱེ་ཞིབ་བྱེད་ཡས་ཐོག་ལ་ཡིན་ན་ད་ལྟ་མཁས་པའི་དགའ་སྟོན་ནང་ནས་གསུངས་ཡས་དེ་ནང་བཞིན་ཞིབ་འཇུག་བྱེད་ཡས་དེ་ཤིན་ཏུ་གལ་ཆེན་པོ་དེ་འདྲས་ཡོའོ་རེད། དེ་ངས་པར་དུ་གཟིགས་དགོས་ཡས་དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།གྱེན་ལོག་གྱི་རྗེས་སུ་སྟེ་གྱེན་ལོག་བྱུང་ནས་ལོ་དགུ་བ་མེ་བྱ་ལ་ཤུད་པུ་སྟག་རྩེ་སོགས་མི་བཞིས། ད་གྱེན་ལོག་བྱུང་ནས་རྗེས་ནས་ལོ་དགུ་བ་ལ། གྱེན་ལོག་བྱུང་ནས་ལོ་དགུ་མེ་བྱ་ལ་དེ་ནི་ཤུད་པུ་སྟག་རྩེ་ལ་སོགས་པ་དེ་ནི་མི་བཞིས་ཡང་གྱེན་ལོག་ལངས་ནས། བྱེད་མཁན་གྱི་མི་ཤུད་པུ་སྟག་རྩེ་ལ་སོགས་པ་མི་བཞི་གྲོས་བྱས་ནས། དེ་ནི་བཙན་པོའི་བང་སོ་ཡིན་ནའི་བགོ་བཤའ་བརྒྱབ་ནས་བྲུས་ཏེ་བཤིག་གོ་ཟེར། དེ་ནི་བཙན་པོའི་བང་སོ་དེ་ནི་སྔར་བཙན་པོའི་བང་སོ་དེ་གྱད་དེ་དཔེར་ན། ཕར་ཚུར་ལག་དཔོན་སོ་སོས་བགོ་བཤའ་བྱས་བྱས་དེ་ནི་ཕལ་ཆེར་ཡང་བྲུས་ནས་བཤིག་གོ་ཟེར། ཕལ་ཆེར་མང་ཆེ་བ། ཕལ་ཆེར་ཟེར་ཡས་དེའི་ནང་ལ་བྱས་པ་ཡིན་ན་སྐབས་དེ་དུས་ད་སྲོང་བཙན་པོའི་བང་སོ་ཡིན་ན་བྲུས་མ་ཐུབ་པ་བྱས་བྱས་ལས་༼ལུས་༽ཡོའོ་རེད་པ། དེ་མ་གཏོགས་མང་ཆེ་བ་བྲུས་ནས་བཤིག་པ་དེ་འདྲས་རེད་ཟེར། བྲུས་ཏེ་བཤིག་གོ་ཟེར།