Skip to main content Skip to search
15 Dec 2011
38 min 30 sec
Video Overview
Creators: 
Unknown

In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.

བརྙན་ཐུང་༢༠ལྷག་གི་ནང་དུ་མཁས་པ་འགའ་ཤས་ཀྱིས་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལ་བཀློག་ནས་འགྲེལ་བཤད་བྱེད་པ།

该片中较为详细地介绍了吐蕃王朝赤热巴坚在位期间,在公元823年大昭寺大门前立了唐蕃会盟碑,至今仍保存完好。与此同时在长安交界处立了一个碑现已不存,总之他在藏汉两民族构成和谐等方面做了很大的贡献。 该课主要讲述了诺章伍金教授,根据西藏王臣记中所陈述的内容为依据,将木迪赞普和赤热巴坚的历史事迹讲得较为细致。

Transcript search
No results found for this search
0 of 0
  • ནོར་བྲང་ཨོ་རྒྱན།
    ད་ང་ཞུ་གི་ད་ལྟ་འདིའི་མུ་ཏིག་བཙན་པོ་ལ་ཡིན་ན། མུ་ཏིག་བཙན་པོ་ལ་ཡིན་ན་སྲས་གཙང་མ། ལྷ་བྱེད་། ལྷུན་གྲུབ་དར་མ། རལ་པ་ཅན་དང་དེ་ནི་ལྔ་བྱུང་བ་དེ་འདྲས་རེད་ཟེར།
    da nga zhu gi da lta 'di'i mu tig btsan po la yin na/_mu tig btsan po la yin na sras gtsang ma/_lha byed /_lhun grub dar ma/_ral pa can dang de ni lnga byung ba de 'dras red zer/
  • ནོར་བྲང་ཨོ་རྒྱན།
    རེད་ད་དེའི་ནང་གི་གཙང་མ་ནི་སྲས་ཆེ་ཤོས་གཙང་མ་ནི་དེ་གང་འདྲས་རེད་ཟེར་ན།
    red da de'i nang gi gtsang ma ni sras che shos gtsang ma ni de gang 'dras red zer na/
  • ནོར་བྲང་ཨོ་རྒྱན།
    སྲས་གཙང་མ་བྱོན་ནས་སྲིད་པའི་ཕུན་ཚོགས་ཀྱི་དགའ་སྟོན་མཐའ་དག་ལྷ་ལམ་ལུས་ཕྲའི་བཞིན་རས་ཀྱི་ངོས་སུ་འདྲེན་བྱེད་ཡུད་ཙམ་ཡང་མི་གནས་པར་རླུང་གི་རྒྱལ་མཚན་འཁྲུག་པ་ལྟར་མི་བརྟན་ཞིང་།
    sras gtsang ma byon nas srid pa'i phun tshogs kyi dga' ston mtha' dag lha lam lus phra'i bzhin ras kyi ngos su 'dren byed yud tsam yang mi gnas par rlung gi rgyal mtshan 'khrug pa ltar mi brtan zhing /
  • ནོར་བྲང་ཨོ་རྒྱན།
    སྲིད་པའི་ཕུན་ཚོགས་ད་ཁོང་རྦད་དེ། སྲིད་པའི་བྱ་བ་ལ་ཁྱོན་ནས་ཡིད་བསུན་རེད་པ། སྲིད་པའི་ཕུན་ཚོགས་ཀྱི་དགའ་སྟོན་མཐའ་དག་ལ་ཡིན་ན་ལྷ་ལམ་གྱི་ལུས་ཕྲའི་བཞིན་ཟེར་ན།
    srid pa'i phun tshogs da khong rbad de/_srid pa'i bya ba la khyon nas yid bsun red pa/_srid pa'i phun tshogs kyi dga' ston mtha' dag la yin na lha lam gyi lus phra'i bzhin zer na/
  • ནོར་བྲང་ཨོ་རྒྱན།
    ལྷ་ལམ་ལུས་ཕྲའི་ཟེར་ན། དེ་ནི་ནམ་མཁའ་ངོས་སུ་དེ་ནི། ལུས་ཕྲའི་བཞིན་རས་ངོས་ཀྱི་འདྲེན་བྱེད་ཡུད་ཙམ་ཡང་མི་གནས་པ་བཞིན་དུ་དེ་་ནི་ཨེ་ནམ་མཁའི་ལུས་ཕྲའི་བཞིན་རས་ངོས་སུ། འདྲེན་བྱེད་ཟེར་ན་མིག མིག་ཡིན་ན་བཙུམ་བཙུམ་བྱེད་ཀྱི་ཡོའོ་རེད་པ། ད་ག་ནང་ལྟར་གྱི་ཡུད་ཙམ་ཡང་མི་སྡོད་པར།
    lha lam lus phra'i zer na/_de ni nam mkha' ngos su de ni/_lus phra'i bzhin ras ngos kyi 'dren byed yud tsam yang mi gnas pa bzhin du de ni e nam mkha'i lus phra'i bzhin ras ngos su/_'dren byed zer na mig_mig yin na btsum btsum byed kyi yo'o red pa/_da ga nang ltar gyi yud tsam yang mi sdod par/
  • ནོར་བྲང་ཨོ་རྒྱན།
    རླུང་གི་རྒྱལ་མཚན་ལྟ་བུ་དེ་ནི་འཇའ་ཁྱུགས་པ་ལྟ་བུ་རེད་པ། འཇའ་ཁྱུགས་པ་ལྟ་བུ་དེ་འདྲས་ཡིན་ན་མི་བརྟན་ཞིང་། གཡོ་བའི་ཆོས་ཉིད་ཅན་འདོད་ཆགས་ཞེ་སྡང་ལ་སོགས་པ། ཉེས་པ་དང་དེ་ནི་ཆོས་ཉིད་བྱས།
    rlung gi rgyal mtshan lta bu de ni 'ja' khyugs pa lta bu red pa/_'ja' khyugs pa lta bu de 'dras yin na mi brtan zhing /_g.yo ba'i chos nyid can 'dod chags zhe sdang la sogs pa/_nyes pa dang de ni chos nyid byas/
  • ནོར་བྲང་ཨོ་རྒྱན།
    སྲིད་པའི་ཕུན་ཚོགས་ནི་གཡོ་བའི་ཆོས་ཉིད་ཅན་ཡིན་དུས་ཙམ་པ་དེ་ནི་འདོད་ཆགས། ཞེ་སྡང་། གཏི་མུག་ལ་སོགས་པ། དེ་འདྲས་ཀྱི་དེ་ནི་ཉེས་པ་དང་། 
    srid pa'i phun tshogs ni g.yo ba'i chos nyid can yin dus tsam pa de ni 'dod chags/_zhe sdang /_gti mug la sogs pa/_de 'dras kyi de ni nyes pa dang /_
  • ནོར་བྲང་ཨོ་རྒྱན།
    སྡུག་བསྔལ་བརྒྱ་ཕྲག་སྐྱེད་པའི་རྩ་བར་གཟིགས་ནས་དེ་ནི་གང་བྱས་པ་རེད་ཟེར་ན་དེ་ནི། ཞི་བ་མྱ་ངན་ལས་འདས་པའི་བསམ་མཆོག་གིས་ཟིན་ནས་དེ་ནི་ཁོང་རྦད་དེ་ད་སྲིད་པ་ལ་མྱ་ངན་་མེད་པ་ཞི་བ་ལས་མྱ་ངན་ལས་འདས་པའི་བསམ་པ་མཆོག་གིས་ཟིན་པས། སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཞུགས་ཞིང་ཟེར།
    sdug bsngal brgya phrag skyed pa'i rtsa bar gzigs nas de ni gang byas pa red zer na de ni/_zhi ba mya ngan las 'das pa'i bsam mchog gis zin nas de ni khong rbad de da srid pa la mya ngan med pa zhi ba las mya ngan las 'das pa'i bsam pa mchog gis zin pas/_sgo nas rgyal ba'i bstan pa rin po che la zhugs zhing zer/
  • ནོར་བྲང་ཨོ་རྒྱན།
    དེ་ནི་རྦད་དེ་ད། ང་རང་ཚོ་ངེས་བྱུང་དང་ལྟ་བའི་སྒོ་ནས་དེ་ནི་རྒྱལ་བའི་བསྟན་པ་ལ་རིན་པོ་ཆེ་ལ་ཞུགས་པ་རེད་ཟེར། 
    de ni rbad de da/_nga rang tsho nges byung dang lta ba'i sgo nas de ni rgyal ba'i bstan pa la rin po che la zhugs pa red zer/_
  • ནོར་བྲང་ཨོ་རྒྱན།
    རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་བཞུགས་ནས་ད་ཨེ། བཞུགས་ནས་ཞུགས་བྱས་དེ་འདྲས་རེད་ཟེར།
    rgyal ba'i bstan pa rin po che la bzhugs nas da e/_bzhugs nas zhugs byas de 'dras red zer/
  • ནོར་བྲང་ཨོ་རྒྱན།
    དེའི་འོག་མ་དེ་ནི་གླང་དར་མ་འུ་དུམ་བཙན་ནི་ཟེར་ན་ད་དེའི་འོག་མ་གླང་དར་མ་འུ་དུམ་བཙན་ནི་གང་འདྲས་རེད་ཟེར་ན།
    de'i 'og ma de ni glang dar ma 'u dum btsan ni zer na da de'i 'og ma glang dar ma 'u dum btsan ni gang 'dras red zer na/
  • ནོར་བྲང་ཨོ་རྒྱན།
    རྣམ་པར་དཀར་བའི་དགེ་ཚོགས་བསྒྲུབ་པའི་བསམ་པ་ལས་ཕྱི་རོལ་དུ་འགྱུར་ཏེ་ཟེར་ན་ད།  སྲས་དེའི་འོག་གི་དེ་ནི་ཨེ་འུ་དུམ་བཙན་ཡིན་ན་ནི་གང་འདྲས་གཅིག་ཡོའོ་རེད་ཟེར་ན། དེ་ནི་སྲས་གཙང་མ་ལས་ཨེ་རྦད་དེ་ལོགས་སུ་འགྱུར་པ་བྱས་བྱས། ཨེ་གཙང་མི་ནི་གང་འདྲས་རེད་ཟེར་ན།
    rnam par dkar ba'i dge tshogs bsgrub pa'i bsam pa las phyi rol du 'gyur te zer na da/__sras de'i 'og gi de ni e 'u dum btsan yin na ni gang 'dras gcig yo'o red zer na/_de ni sras gtsang ma las e rbad de logs su 'gyur pa byas byas/_e gtsang mi ni gang 'dras red zer na/
  • ནོར་བྲང་ཨོ་རྒྱན།
    རྣམ་པར་དཀར་བ་ལ་ཤིན་ཏུ་དད་པ་བྱས་དེ་འདྲས་གཅིག་རེད་ཟེར། ད་དར་མ་ནི་གང་འདྲས་རེད་ཟེར་ན། དེ་ནི་རྣམ་པར་དཀར་བའི་དགེ་ཚོགས་བསྒྲུབ་པའི་བསམ་པ་ལས་ཕྱི་རོལ་འགྱུར་བ་ཟེར་ན།
    rnam par dkar ba la shin tu dad pa byas de 'dras gcig red zer/_da dar ma ni gang 'dras red zer na/_de ni rnam par dkar ba'i dge tshogs bsgrub pa'i bsam pa las phyi rol 'gyur ba zer na/
  • ནོར་བྲང་ཨོ་རྒྱན།
    དེ་ནི་དེ་ལ་ལྡོག་ཕྱོགས་སུ་འགྱུར་པ་དེ་འདྲས་གཅིག་རེད་ཟེར། དེ་ནི་མི་དགེ་བ་ལས་མི་དགེ་བའི་ལས་ལ་ངམ་ངམ་ཤུགས་ཤུགས་ཀྱི་འཇུག་པ་དེ་ནི་བདུད་ཀྱི་དེ་ཆུ་སྲིན་རྒྱལ་མཚན་ཅན་གྱི་རྗེས་སུ་འཇུག་པ། ཆུ་སྲིན་རྒྱལ་མཚན་ཟེར་ན་དེ་ནི་བདུད་ཀྱི་དེ་རེད་པ་དེའི་རྗེས་སུ་འཇུག་པ། དེ་ནི་ད་ཕན་བདེའི་འགྲོ་བ་ཁོ་ལ་དེ་ནི་སྲོག་འཕྲོག་པའི་འོང་།
    de ni de la ldog phyogs su 'gyur pa de 'dras gcig red zer/_de ni mi dge ba las mi dge ba'i las la ngam ngam shugs shugs kyi 'jug pa de ni bdud kyi de chu srin rgyal mtshan can gyi rjes su 'jug pa/_chu srin rgyal mtshan zer na de ni bdud kyi de red pa de'i rjes su 'jug pa/_de ni da phan bde'i 'gro ba kho la de ni srog 'phrog pa'i 'ong /
  • ནོར་བྲང་ཨོ་རྒྱན།
    ཅེ་སྤྱང་ལ་དེ་ནི་ད་ཅི་སྤྱང་ལྟ་བུ། སྤྱང་ཀི་ལྟ་བུ་དེ་འདྲས་གཅིག་ལས་ཡིན་ན་ཨ་ནི་རྒྱལ་ཁྲིམས་སྐྱོང་བའི་དེ་ནི་རྒྱལ་ཁྲིམས་དམ་པའི་ཆོས་ཀྱི་སྐྱོངས་བའི་དེ་ནི། ཨེ་རྗེ་བོ་དེ་ན་དགོས་པ་དེ་འདྲས་ཡོའོ་མ་རེད་ཟེར།
    ce spyang la de ni da ci spyang lta bu/_spyang ki lta bu de 'dras gcig las yin na a ni rgyal khrims skyong ba'i de ni rgyal khrims dam pa'i chos kyi skyongs ba'i de ni/_e rje bo de na dgos pa de 'dras yo'o ma red zer/
  • ནོར་བྲང་ཨོ་རྒྱན།
    རྗེ་བོ་གདོང་ལྔའི་དབང་པོ་འཁོད་པའི་གདན་ཁྲི་མངའ་གསོལ་བ་གཙུག་ལག་དེ་འདྲས་གཅིག་གི་ད། དར་མ་དེ་ནི་སྲས་ལས་བསྐྱངས་སོང་ན་དེ་ནི།  དེ་ནི་དངོས་གནས་དྲང་གནས་ཆོས་བཞིན་སྐྱོང་བའི་རྒྱལ་པོ་ཡོང་ཡས་མེད་པ།
    rje bo gdong lnga'i dbang po 'khod pa'i gdan khri mnga' gsol ba gtsug lag de 'dras gcig gi da/_dar ma de ni sras las bskyangs song na de ni/__de ni dngos gnas drang gnas chos bzhin skyong ba'i rgyal po yong yas med pa/
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་ཀྱི་ཐོག་ལ་བྱེད་དུས་ཙམ་པ། སྐབས་དེ་དུས་ད་དེ་ནི་འཕྲུལ་ལྡན་གྱི་བློན་པོ་རེད་པ། ད་བཀའ་ཡི་བློན་པོ་ཚོས་དེ་ནི་བལྟ་དུས་ཙམ་པ་རྦད་དེ། རིག་པའི་སྲབ་ཀྱི་ཁྲིམས་ཀྱི་ཅང་ཤེས་ཁ་ལོ་བསྒྱུར་བ་རྣམས་ཀྱི་ཨེ་་་་ཨེ། བློན་པོ་རྣམས་ཀྱིས་བཀའ་ཡི་བློན་པོ་དེ་རྣམས་ཀྱིས་དེ་གས་དེ་ཡིན་ན་གང་ཟེར་དགོས་རེད་དའི།
    de 'dras kyi thog la byed dus tsam pa/_skabs de dus da de ni 'phrul ldan gyi blon po red pa/_da bka' yi blon po tshos de ni blta dus tsam pa rbad de/_rig pa'i srab kyi khrims kyi cang shes kha lo bsgyur ba rnams kyi e e/_blon po rnams kyis bka' yi blon po de rnams kyis de gas de yin na gang zer dgos red da'i/
  • ནོར་བྲང་ཨོ་རྒྱན།
    དེ་ནི་དར་མ་ལ་དེ་ནི་ཨེ་རྒྱལ་པོ་ལ་བསྐོས་ཡས་དེ་ད་རྦད་དེ་འགྱུར་ལྡོགས་བཏང་བྱས་རེད་པ།  འགྱུར་ལྡོགས་བཏང་ནས་རྦད་དེ་ཨ་ནི་མཐའ་མ་ལ་རྒྱལ་པོ་བསྐོས་ཡོའོ་མ་རེད་ཟེར། བཏང་སྙོམས་སུ་བྱས་ནས་ཟེར།
    de ni dar ma la de ni e rgyal po la bskos yas de da rbad de 'gyur ldogs btang byas red pa/__'gyur ldogs btang nas rbad de a ni mtha' ma la rgyal po bskos yo'o ma red zer/_btang snyoms su byas nas zer/
  • ནོར་བྲང་ཨོ་རྒྱན།
    རྒྱལ་སྲིད་རིན་པོ་ཆེའི་ཁྲི་ལ་ཞབས་སེན་མངོན་པར་འགོད་འོས་པའི་མཆོག་གི་གཅིག་པུ་ནི་མཐུ་སྟོབས་དབང་ཕྱུག་གསང་བའི་བདག་པོ་ཉིད་ཀྱིས་སྔར་འདས་པའི་དུས་ན་རྗེ་བཙུན་ཕྱག་ན་པད་མོ་དང་། ད་དེ་རྒྱལ་སྲིད་ལ་བསྐོས་འོས་པ་དེ་ག་གི་རེད་ཟེར་ན།
    rgyal srid rin po che'i khri la zhabs sen mngon par 'god 'os pa'i mchog gi gcig pu ni mthu stobs dbang phyug gsang ba'i bdag po nyid kyis sngar 'das pa'i dus na rje btsun phyag na pad mo dang /_da de rgyal srid la bskos 'os pa de ga gi red zer na/
  • ནོར་བྲང་ཨོ་རྒྱན།
    ད་སྲས་གསུམ་པ་དེ་ནི་དེ། རལ་བ་ཅན་རེད་པ། རལ་པ་ཅན་དེ་ཡིན་ན་ད་འོང་། རལ་པ་ཅན་འདི། ད་དར་མ་བྱས། རལ་པ་ཅན་འདི་ཡིན་ན་ད་གང་འདྲས་རེད།ཟེར་ན།
    da sras gsum pa de ni de/_ral ba can red pa/_ral pa can de yin na da 'ong /_ral pa can 'di/_da dar ma byas/_ral pa can 'di yin na da gang 'dras red/zer na/
  • ནོར་བྲང་ཨོ་རྒྱན།
    ད་དངོས་གནས་དྲང་གནས་རྒྱལ་སྲིད་རིན་པོ་ཆེ་གི་ཁྲི་ལ་ཡིན་ན་མངོན་པར་འགོད་འོས་པ།  མཆོག་གཅིག་པུ་མཐུ་སྟོབས་དབང་ཕྱུགས་གསང་བའི་བདག་པོ་ཉིད་ཀྱིས་ཟེར་ན། དེ་ནི་མཐུ་སྟོབས་ཀྱི་དབག་པོ་གསང་བའི་ཕྱུག་ཟེར་ན་ད་ཕྱག་ན་རྡོ་རྗེའི་སྤྲུལ་པ། དེ་འདྲས་ཅིག་རེད་ཟེར།
    da dngos gnas drang gnas rgyal srid rin po che gi khri la yin na mngon par 'god 'os pa/__mchog gcig pu mthu stobs dbang phyugs gsang ba'i bdag po nyid kyis zer na/_de ni mthu stobs kyi dbag po gsang ba'i phyug zer na da phyag na rdo rje'i sprul pa/_de 'dras cig red zer/
  • ནོར་བྲང་ཨོ་རྒྱན།
    སྔར་འདས་པའི་དུས་ན་ཡང་རྗེ་བཙུན་ཕྱག་ན་པད་མོ་སྤྱན་རས་གཟིགས་དང་། ཟུར་ཕུད་ལྔ་པ་མིའི་སྲིད་པ་བཟུང་་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། བྱས་ནས་ད་གཙོ་བོ་སྔར་འདས་པའི་དུས་ན་བྱས་ན་རྗེ་བཙུན་ཕྱག་ན་པད་མོ་དེ་ནི་ཕྱག་དང་། སྤྱན་རས་གཟིགས་ཀྱི་དེ་ནི་སྤྲུལ་པ་སྲོང་བཙན་སྒམ་པོ་དང་། ཟུར་ཕུད་པ་ལྔ་པ་མིའི་རྗེ་པོར་གྱུར་པ། དེ་ནི་དེ་གང་ཟེར་དགོས་རེད་པས།
    sngar 'das pa'i dus na yang rje btsun phyag na pad mo spyan ras gzigs dang /_zur phud lnga pa mi'i srid pa bzung chos rgyal srong btsan sgam po dang /_byas nas da gtso bo sngar 'das pa'i dus na byas na rje btsun phyag na pad mo de ni phyag dang /_spyan ras gzigs kyi de ni sprul pa srong btsan sgam po dang /_zur phud pa lnga pa mi'i rje por gyur pa/_de ni de gang zer dgos red pas/
  • ནོར་བྲང་ཨོ་རྒྱན།
    འོང་ཁྲི་སྲོང་ལྡེ་བཙན་ནས་གཉིས་ཀྱི་རིམ་པ་བྱས་བརྒྱུད་པ་བརྒྱུད་བྱས་དེ་འདྲས་རེད་ཟེར། དེ་གཉིས་ཀྱིས་བརྒྱུད་ནས་བརླབས་པོ་ཆེའི་མཛད་འཕྲིན་ལ་བརྟེན་ནས་ཁ་བའི་ལྗོངས་འདིའི་ནང་ལ་སྐྱེ་འགྲོ་མཐའ་དག་ལ་མངོན་པར་མཐོ་བ་དང་ངེས་ལེགས་ཀྱི་དེ་ནི་ལས་ལ་བརྩོན་པ་དེ་ནི་དགེ་ལེགས་ཀྱི་ད་ནི་བསམ་པ་མཆོག་ཏུ་དྭངས་པའི་རི་མོའི་སྣང་བརྙན་ཆོས་ཉིད་ལུགས་ཟུང་ཕྱག་བཞེད་བཟང་པོར་བསྔགས་པར་འོས་འོང་།
    'ong khri srong lde btsan nas gnyis kyi rim pa byas brgyud pa brgyud byas de 'dras red zer/_de gnyis kyis brgyud nas brlabs po che'i mdzad 'phrin la brten nas kha ba'i ljongs 'di'i nang la skye 'gro mtha' dag la mngon par mtho ba dang nges legs kyi de ni las la brtson pa de ni dge legs kyi da ni bsam pa mchog tu dwangs pa'i ri mo'i snang brnyan chos nyid lugs zung phyag bzhed bzang por bsngags par 'os 'ong /
  • ནོར་བྲང་ཨོ་རྒྱན།
    བསྔགས་པར་འོས་པ་སྔར་ཡིན་ན་དེ་ནི་རྦད་དེ་སྲོང་བཙན་སྒམ་པོའི་སྐུ་དུས་ལ་རེད། ད་ག་ནང་ལྟར་ཁྲི་སྲོང་ལྡེ་བཙན་སྐུ་དུས་ལ་ཆ་བཞག་ན་་དེ་ནི་ཆོས་སྲིད་ལུགས་བཟུང་གིས་སྐྱོངས་དེ་ནི་བསམས་ཀྱིས་མི་ཁྱབ་པ་ཡག་པོ་ཡོད་པ་དེ་ནི། དེ་གྱད་དེ་བར་སྐབས་ལ་ཡིན་ན་ཏིག་ཙམ་གཅིག་ཉམས་ཆགས་དེ་འདྲས་བྱུང་བ་རེད་ཟེར།
    bsngags par 'os pa sngar yin na de ni rbad de srong btsan sgam po'i sku dus la red/_da ga nang ltar khri srong lde btsan sku dus la cha bzhag na de ni chos srid lugs bzung gis skyongs de ni bsams kyis mi khyab pa yag po yod pa de ni/_de gyad de bar skabs la yin na tig tsam gcig nyams chags de 'dras byung ba red zer/
  • ནོར་བྲང་ཨོ་རྒྱན།
    ཉམས་ཆགས་དེ་འདྲས་འགྲོ་དུས་ཙམ་པ་སླར་ཡང་། གཅིག་མངོན་སུམ་དང་རྗེས་དཔགས་ལ་སོགས་པ་དེ་ནི་ད་འདྲས་ཀྱི་དཔྱད་པ་གསུམ་གྱི་དེ་ནི་སྔར་མའི་རྒྱུན་ར་རིའི་དྲི་མ་ཙམ། སྔར་མའི་སྐྱོན་དེ་ཚང་མ་རྦད་དེ་མཐའ་དག་རྩ་བ་ནས་བསད་ནས་རེད་པ།
    nyams chags de 'dras 'gro dus tsam pa slar yang /_gcig mngon sum dang rjes dpags la sogs pa de ni da 'dras kyi dpyad pa gsum gyi de ni sngar ma'i rgyun ra ri'i dri ma tsam/_sngar ma'i skyon de tshang ma rbad de mtha' dag rtsa ba nas bsad nas red pa/
  • ནོར་བྲང་ཨོ་རྒྱན།
    སྔར་མའི་སྐྱོན་དེ་གས་དེ་མཐའ་དག་རྩ་བ་ནས་བསད། རྣམ་པར་དཀར་བའི་མཛད་པ་བླ་་ལྷག་ཏུ་སྟོན་པའི་ཆེད་དུ་དེ་ནི་འོང་གང་ཟེར་དགོས་རེད་པས། རྣམ་པར་དཀར་བའི་དེ་ནི་མཛད་པ་ལྷག་པར་དུ་སྟོན་པའི་ཆེད་དུ་དེ་ནི་འཇིག་རྟེན་ཀུན་གྱི་ཅོད་པན་དུ་ཞབས་སེན་ཅོད་པན་བཞིན་དེ་འདྲས་ཀྱི་ཆེད་དུ་དེ་ནི།
    sngar ma'i skyon de gas de mtha' dag rtsa ba nas bsad/_rnam par dkar ba'i mdzad pa bla lhag tu ston pa'i ched du de ni 'ong gang zer dgos red pas/_rnam par dkar ba'i de ni mdzad pa lhag par du ston pa'i ched du de ni 'jig rten kun gyi cod pan du zhabs sen cod pan bzhin de 'dras kyi ched du de ni/
  • ནོར་བྲང་ཨོ་རྒྱན།
    འཇིག་རྟེན་ཀུན་གྱི་སྐྱེ་བོ་ཐམས་ཅད་ཀྱི་དེ་ནི་རྒྱལ་པོ་ལ་དབང་བསྐུར་བ་དེ་འདྲས་རེད་ཟེར། ཁྱད་པར་དུ་འཕགས་པའི་སྐུ་དང་ཟ་མ་ཏོག གསུང་། ཐུགས། རྫུ་འཕྲུལ། ཀུན་འགྲོ། ཅོ་འདོད། འཕྲིན་ལས། ཡོན་ཏན་བཅས་དབང་ཕྱུག་གི་ཡོན་ཏན་ཕུན་སུམ་ཚོགས་པ་དེ་ནི་སྐུ་ལ་ཡིན་ན་ཁོང་ལ་ཡིན་ན་ཚང་བ་གཅིག་དང་། དེ་འདྲས་རེད་ཟེར།
    'jig rten kun gyi skye bo thams cad kyi de ni rgyal po la dbang bskur ba de 'dras red zer/_khyad par du 'phags pa'i sku dang za ma tog_gsung /_thugs/_rdzu 'phrul/_kun 'gro/_co 'dod/_'phrin las/_yon tan bcas dbang phyug gi yon tan phun sum tshogs pa de ni sku la yin na khong la yin na tshang ba gcig dang /_de 'dras red zer/
  • ནོར་བྲང་ཨོ་རྒྱན།
    ཕྱུར་བུར་གཏམས་པའི་མངའ་བདག་ཁྲི་ལྡེ་སྲོང་བཙན་རལ་པ་ཅན། རལ་པ་ཅན་དེ་ཡང་དེ་ནི་གང་ཟེར་དགོས་རེད་པས།
    phyur bur gtams pa'i mnga' bdag khri lde srong btsan ral pa can/_ral pa can de yang de ni gang zer dgos red pas/
  • ནོར་བྲང་ཨོ་རྒྱན།
    དེ་ནི་རལ་པ་ཅན་དེ་བོད་འབངས་ཡོངས་ཀྱི་རྗེ་བོར། བོད་ཁམས་ཡོངས་ཀྱི་དེ་ནི་སྤྱི་བོའི་དེ་ནི་རལ་པའི་གཙུག་ལ་རྣམ་པར་བསྐོས་པའི་སེང་གེ་རྐང་པ་བརྒྱད་པའི་ཁྲི་ལ་མངའ་གསོལ་ལོ། ཟེར་བྱས་ནས་སྐབས་དེ་དུས་དེ་ནི་བོད་འབངས་ཡོངས་ཀྱི་དེ་ནི་སྐྱེ་བོ་རྣམས་ཀྱི་སྤྱི་བོ་གཙུག་ཏུ་དེ་ནི་དེ་ལ། ཆ་བཞག་སྤྱི་བོའི་གཙུག་ཏུ་ལན་བུ་དེ་སྐྲ་དེ་ཡིན་ན་དེ་ནི་འོང་སེང་གེའི་ཁྲི་ལ་ཆ་བཞག་བསྐོས་པའི་དེ་ནི་ཚང་མས་གུས་འདུད་བྱེད་ཡས་ཀྱི་སེང་གེའི་ཁྲི་ལ་ཆ་བཞག
    de ni ral pa can de bod khams yongs kyi rje bor/_bod khams yongs kyi de ni spyi bo'i de ni ral pa'i gtsug la rnam par bskos pa'i seng ge rkang pa brgyad pa'i khri la mnga' gsol lo/_zer byas nas skabs de dus de ni bod khams yongs kyi de ni skye bo rnams kyi spyi bo gtsug tu de ni de la/_cha bzhag spyi bo'i gtsug tu lan bu de skra de yin na de ni 'ong seng ge'i khri la cha bzhag bskos pa'i de ni tshang mas gus 'dud byed yas kyi seng ge'i khri la cha bzhag
  • ནོར་བྲང་ཨོ་རྒྱན།
    དེའི་དེ་ན་རྐང་པ་བརྒྱད་པའི་དེ་ནི་སེང་གེའི་ཁྲི་དེ་ལ་ཡིན་ན། དེ་ནི་ཁྲི་རལ་པ་ཅན་དེ་ནི་ཁྲི་ལ་མངའ་གསོལ། མངའ་གསོལ་ལོ་ཟེར།
    de'i de na rkang pa brgyad pa'i de ni seng ge'i khri de la yin na/_de ni khri ral pa can de ni khri la mnga' gsol/_mnga' gsol lo zer/
  • ནོར་བྲང་ཨོ་རྒྱན།
    དེ་ནི་ཁྲི་ལ་རྒྱལ་པོར་བསྐོས་པ་རེད་ཟེར། དེ་ཡང་མངའ་བདག་འདི་མི་ཟད་པ་ཞེས་པ་མེ་པོ་ཁྱིའི་ལོ། དེ་ཡང་དེ་མངའ་བདག་ཁྲི་རལ་པ་དེ་ཡིན་ན།
    de ni khri la rgyal por bskos pa red zer/_de yang mnga' bdag 'di mi zad pa zhes pa me po khyi'i lo/_de yang de mnga' bdag khri ral pa de yin na/
  • ནོར་བྲང་ཨོ་རྒྱན།
    མི་ཟད་པ་ཞེས་པ་མེ་པོ་ཁྱིའི་ལོ་ལ་སྤྱི་ལོ་བརྒྱད་བརྒྱ་དྲུག་ཅུ་རེ་དྲུག་ལོ་ལ། འཁྲུངས་པ་ནས་བཟུང་སྟེ་ཟེར། ད་སྤྱི་ལོ་བརྒྱད་བརྒྱ་དྲུག་ཅུ་རེ་དྲུག་ལོ་ལ་འཁྲུངས་པ་ནས་བཟུང་སྟེ། ལང་ཚོ་འཕེལ་བ་སྐུ་གཞོན་ནུའི་དུས་ཉིད་ནས་སྔོན་གྱི་བགས་ཆགས་བཟང་པོ་ཞེས་པའི་རྣམ་འགྱུར་ཅི་ཡང་མཛད་ཅིང་།
    mi zad pa zhes pa me po khyi'i lo la spyi lo brgyad brgya drug cu re drug lo la/_'khrungs pa nas bzung ste zer/_da spyi lo brgyad brgya drug cu re drug lo la 'khrungs pa nas bzung ste/_lang tsho 'phel ba sku gzhon nu'i dus nyid nas sngon gyi bags chags bzang po zhes pa'i rnam 'gyur ci yang mdzad cing /
  • ནོར་བྲང་ཨོ་རྒྱན།
    ད་དགུང་ལོ་ཆུང་ངུའི་ཐོག་ན་བྱས་ན་གཞོན་ནུའི་དུས་ནས་ཡིན་ན་རྦད་དེ་སྔོན་གྱི་བགས་ཆགས་ད་དངོས་གནས་དྲང་གནས་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་དུས་ཙམ་པ་སྔོན་གྱི་བགས་ཆགས་བཟང་པོ་བསད་པའི་རྣམ་འགྱུར་ཅི་ཡང་མཛད་ནས།  ཁྱད་པར་གྱི་མཆོག ཁྱད་པར་ཁྲི་ཐོག་ཏུ་ཕེབས་ནས། རྒྱལ་ཐབས་ཀྱི་བྱ་བ་ལེགས་བྱས་ཀྱི་རྒྱུར་བསྒྲུབས་ནས་ད་ཁྱད་དུ་རྒྱལ་པོའི་ཁྲི་ལ་ཕེབས་པའི་མཇུག་གུ་ལ་ཆ་བཞག་ན།
    da dgung lo chung ngu'i thog na byas na gzhon nu'i dus nas yin na rbad de sngon gyi bags chags da dngos gnas drang gnas phyag na rdo rje'i sprul pa yin dus tsam pa sngon gyi bags chags bzang po bsad pa'i rnam 'gyur ci yang mdzad nas/__khyad par gyi mchog_khyad par khri thog tu phebs nas/_rgyal thabs kyi bya ba legs byas kyi rgyur bsgrubs nas da khyad du rgyal po'i khri la phebs pa'i mjug gu la cha bzhag na/
  • ནོར་བྲང་ཨོ་རྒྱན།
    རྒྱལ་ཐབས་ཀྱི་བྱ་བ་དེ་གས་དེ་རྦད་དེ་ལེགས་བྱས་ལེགས་བྱས་ཀྱི་དཔེར་ན་སྐལ་བ་བཟང་པོ་དང་ལྡན་པའི་རྒྱུར་བསྒྲུབ་ནས་ཟེར། འབྲས་བུའི་དགའ་སྟོན་ལ་སྤྱོད་པར་རབ་ཏུ་ཆས་པར་ཆོས་བློན་བྲན་ཁ་དཔལ་གྱི་ཡོན་ཏན་གྱིས་བྱས། ཟེར། སྐབས་དེ་དུས་དེ་ནི་རྒྱལ་པོའི་གཅིག་གི་དེ་ནི་ཆོས་སྲིད་ཀྱི་བྱ་བ་བསྒྲུབས་ཡས་ཀྱི་དེའི་ནང་ལ་ཡིན་ན་ནི། རྦད་དེ་རྒྱལ་པོའི་དེ་ནི་ཆོས་བཞིན་སྐྱོངས་བའི་རྒྱལ་པོ་དེ་ནི་ཆོས་བློན་བྲན་ཁ་དཔལ་གྱིས་ཡོན་ཡན་གྱིས་བྱས་པ་རེད། ཟེར།
    rgyal thabs kyi bya ba de gas de rbad de legs byas legs byas kyi dper na skal ba bzang po dang ldan pa'i rgyur bsgrub nas zer/_'bras bu'i dga' ston la spyod par rab tu chas par chos blon bran kha dpal gyi yon tan gyis byas/_zer/_skabs de dus de ni rgyal po'i gcig gi de ni chos srid kyi bya ba bsgrubs yas kyi de'i nang la yin na ni/_rbad de rgyal po'i de ni chos bzhin skyongs ba'i rgyal po de ni chos blon bran kha dpal gyis yon yan gyis byas pa red/_zer/
  • ནོར་བྲང་ཨོ་རྒྱན།
    དེ་བྱེད་དུས་ཙམ་པ་དེ་ནི་སྒྲ་སྦྱོར་བམ་གཉིས་ཟེར་ཡས་དེ་ཡིན་ན་བསྟན་འགྱུར་ནང་ལ་བཞུགས་པ་ཅིག་རེད། དེའི་ནང་ལ་གང་འདྲས་གཅིག་གསལ་ཡོའོ་རེད། ཟེར་ན།
    de byed dus tsam pa de ni sgra sbyor bam gnyis zer yas de yin na bstan 'gyur nang la bzhugs pa cig red/_de'i nang la gang 'dras gcig gsal yo'o red/_zer na/
  • ནོར་བྲང་ཨོ་རྒྱན།
    རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་འོན་ཅང་མདོ་ན་བཞུགས། ཟེར། བཙན་པོ་ཁྲི་ལྡེ་སྲོང་བཙན་རལ་པ་ཅན་ནི་འོན་ཅང་མདོ་ན་བཞུགས་ཡོད་ཟེར།
    rta'i lo la btsan po khri lde srong btsan pho brang 'on cang mdo na bzhugs/_zer/_btsan po khri lde srong btsan ral pa can ni 'on cang mdo na bzhugs yod zer/
  • ནོར་བྲང་ཨོ་རྒྱན།
    སྟོད་སྨད་ཀྱི་དམག་རྗེ་དང་རྐུན་ཆེན་བཏུལ་ཟེར། གར་ལོག་གིས་ཕོ་ཉས་ཕྱག་འཚལ་ཟེར། ད་དེ་ཚོ་ད་ལྟ་སྒྲ་སྦྱོར་བམ་གཉིས་ལས་གསལ་བ་དེ་འདྲས་རེད།
    stod smad kyi dmag rje dang rkun chen btul zer/_gar log gis pho nyas phyag 'tshal zer/_da de tsho da lta sgra sbyor bam gnyis las gsal ba de 'dras red/
  • ནོར་བྲང་ཨོ་རྒྱན།
    བློན་ཆེན་པོ་ཞང་ཁྲི་ཟུར་རམ་ཤགས་དང་། བློན་ཆེན་པོ་བཀའ་བློན་ཆེན་པོ་ཁྲི་ཟུར་རམ་ཤགས་དང་། བློན་མང་རྗེ་ལྷ་ལོད་ལ་སོགས་པས་བྱ་ལས་གནངས་མང་པོ་བཅད་དེ། ཟེར། ཨེ། རྔ་རྟ་དང་བ་མར་ཕལ་མོ་ཆེ་ཕྱག་ཏུ་ཕུལ། འོང་རྔ་རྟ་དང་རྔ་མོང་དང་རྟ་དང་བ་མ་ལ་སོགས་པ་ཕལ་མོ་ཆེ་ཕྱག་དུ་ཕུལ། ཞང་བློན་མན་ཆད་སོ་སོར་བྱས། དེ་ནས་དགའ་བའི་ལན་ལ་ཉི་འོག་གི་མཁན་པོ་ཤཱཀྱ། ཉི་འོག་གི་མཁན་པོ་ཨཱ་ཙཱརྱ་ཛི་ན་མི་ཏྲ་དང་ཟེར།
    blon chen po zhang khri zur ram shags dang /_blon chen po bka' blon chen po khri zur ram shags dang /_blon mang rje lha lod la sogs pas bya las gnangs mang po bcad de/_zer/_e/_rnga rta dang ba mar phal mo che phyag tu phul/_'ong rnga rta dang rnga mong dang rta dang ba ma la sogs pa phal mo che phyag du phul/_zhang blon man chad so sor byas/_de nas dga' ba'i lan la nyi 'og gi mkhan po shAky/_nyi 'og gi mkhan po A tsAr+y dzi na mi tra dang zer/
  • ནོར་བྲང་ཨོ་རྒྱན།
    ཛི་ན་མི་ཏྲ་དང་ཟེར། སུ་རནྡྲ་བོ་དྷི་དང་། ཤཱི་ལེནྡྲ་བོ་དྷི་དང་། དཱ་ན་ཤི་ལ་དང་། བོ་དྷིམི་ཏྲ་དང་། བོད་ཀྱི་མཁན་པོ་ཤཱི་ལེནྡྲ་རརྣ་ར་ཀྵ་ཏ་དང་། དྷརྨ་ཏཱ་ཤི་ལ་དང་། ལོ་ཙཱ་བ་མཁས་པར་ཚུད་པ་ཛྙཱ་ན་སེ་ན་དང་། ཛ་ཡ་རཀྵི་ཏ་དང་། མཉྫུ་ཤྲཱི་ཝརྨ། རྣ་ནེ་ཤཱི་ལ་ལ་སོགས་པ་པས་ཐེག་པའི་ཆེ་ཆུང་གིས་གཞུང་ལས་བྱུང་བའི་རྒྱ་གར་གྱི་སྐད་ལས། དེ་ནི་བོད་ཀྱི་སྐད་དུ།
    dzi na mi tra dang zer/_su ran+d+ra bo d+hi dang /_shI len+d+r bo d+hi dang /_dA na shi la dang /_bo d+himi tra dang /_bod kyi mkhan po shI len+d+r rarna ra k+Sha ta dang /_d+harma tA shi la dang /_lo tsA ba mkhas par tshud pa dz+nyA na se na dang /_dza ya rk+Shi ta dang /_mny+dzu shrI warma/_rna ne shI la la sogs pa pas theg pa'i che chung gis gzhung las byung ba'i rgya gar gyi skad las/_de ni bod kyi skad du/
  • ནོར་བྲང་ཨོ་རྒྱན།
    རྒྱ་གར་གྱི་སྐད་ལས་དེ་ནི་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆགས་ཆག་ཏུ་བྲིས་ཏེ། ད་སྔ་མ་གོང་དུ་ཞུས་པའི་ད་གིན་དེ་གས་དེ་ད་གང་ཟེར་དགོས་རེད་པས།
    rgya gar gyi skad las de ni bod kyi skad du bsgyur zhing ming du btags pa rnams dkar chags chag tu bris te/_da snga ma gong du zhus pa'i da gin de gas de da gang zer dgos red pas/
  • ནོར་བྲང་ཨོ་རྒྱན།
    པཎྜི་ཏ་དེ་གས་དེ་ཡིན་ན་ཨ་ནི་རྒྱ་གར་སྐད་ལས་རྦད་དེ་བདག་ཅག་གི་སྟོན་པའི་གསུང་ཀྱི་ནང་ནས་དཔེར་ན། གཅིག་གི་ཨེ་བོད་ཀྱི་སྐད་དུ་རྒྱ་གར་སྐད་ལས་དེ་ནི་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཟེར།  ཨེ་དེ་ཡང་དཀར་ཆག་ཏུ་བྲིས་ཡས་དེ། གང་འདྲས་རེད་ཟེར་ན།
    pN+Di ta de gas de yin na a ni rgya gar skad las rbad de bdag cag gi ston pa'i gsung kyi nang nas dper na/_gcig gi e bod kyi skad du rgya gar skad las de ni bod kyi skad du bsgyur zhing ming du btags pa rnams dkar chag tu bris zer/__e de yang dkar chag tu bris yas de/_gang 'dras red zer na/
  • ནོར་བྲང་ཨོ་རྒྱན།
    དངོས་གནས་དྲང་གནས་རྒྱལ་བའི་བཀའ་དེ་གས་དེ། ཡིན་ན་དཀར་ཆག་ལ། ཕྱོགས་གཅིག་ནས་བསྒྱུར། བསྒྱུར་བ་དེ་གས་དེ་ནི་དཀར་ཆག་ལ་བྲིས། ནམ་དུའང་གཞུང་ལུགས་དེ་ལས་མི་བསྒྱུར་བའི་ཞིང་། བྱས་ནས་ནམ་དུ་ཡང་གཞུང་ལུགས་དེ་དག་ལས་ནམ་ཡང་མི་འགྱུར་བ་བྱས་བྱས། དེ་གས་དེ་ལག་ལེན་མཐའ་གཅིག་ཏུ་བལྟ་དགོས་ཡས། མི་འགྱུར་ཞིང་། 
    dngos gnas drang gnas rgyal ba'i bka' de gas de/_yin na dkar chag la/_phyogs gcig nas bsgyur/_bsgyur ba de gas de ni dkar chag la bris/_nam du'ang gzhung lugs de las mi bsgyur ba'i zhing /_byas nas nam du yang gzhung lugs de dag las nam yang mi 'gyur ba byas byas/_de gas de lag len mtha' gcig tu blta dgos yas/_mi 'gyur zhing /_
  • ནོར་བྲང་ཨོ་རྒྱན།
    ཀུན་གྱིས་སློབ་ཏུ་རུང་བར་གྱིས་ཤིག་ཅེས་བའ་བསྩལ་ནས། ཟེར་ན་ད་དེ་དེ་འདྲས་ཀྱི་ཐོག་ནས་བཀའ་བཅད་དང་པོ་གཉིས་པ་གསུམ་པ།ཟེར་ཡས་གཅིག་ཡོའོ་རེད། བྱས་ཙང་། དེ་ཡིན་ན་དང་པོ་བཀའ་བཅད་དང་པོ་དེ་ཟེར། 
    kun gyis slob tu rung bar gyis shig ces ba' bstsal nas/_zer na da de de 'dras kyi thog nas bka' bcad dang po gnyis pa gsum pa/zer yas gcig yo'o red/_byas tsang /_de yin na dang po bka' bcad dang po de zer/_
  • ནོར་བྲང་ཨོ་རྒྱན།
    ཀུན་གྱིས་སློབ་ཏུ་རུང་བ་གྱིས་ཤིག་ཅེས། བཀའ་སྩལ་ནས་ཟེར། བཀའ་བཅད་དང་པོ་དེ་བྱས།
    kun gyis slob tu rung ba gyis shig ces/_bka' stsal nas zer/_bka' bcad dang po de byas/
  • ནོར་བྲང་ཨོ་རྒྱན།
    སྔོན་གྱི་ཡབ་མེས་ཀྱི་རིང་ལ་ཨཱ་ཙཱརྱ་བོ་དྷི་ས་ཏཱ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་ཉེན་བཟང་དང་། བློན་ཁྲི་ཤེར་སང་ཤི་དང་། ལོ་ཙཱ་བ་སྙིང་དེ་ཝ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨ་ནནྟ་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་རྣམས། བྲིས་པའི་ནང་ནས་ཁ་ཅིག་ནི་ཆོས་ཀྱི་གཞུང་དང་བྱཱ་ཀ་ར་ནའི་ལུགས་དང་མི་མཐུན་ཞིང་།
    sngon gyi yab sras kyi ring la A tsAr+y bo d+hi sa tA dang /_ye shes dbang po dang /_zhang rgyal nyen bzang dang /_blon khri sher sang shi dang /_lo tsA ba snying de wa ko Sha dang /_lce khyi 'brug dang /_bram ze a nan+ta la sogs pas chos kyi skad bod la ma grags pa las ming du btags pa rnams/_bris pa'i nang nas kha cig ni chos kyi gzhung dang byA ka ra na'i lugs dang mi mthun zhing /
  • ནོར་བྲང་ཨོ་རྒྱན།
    དེ་ནི་དེ་འདྲ་སྔ་མ་བསྒྱུར་ར་དེ་འདྲས་ཨེ་གང་ཟེར་དགོས་རེད། ལོ་ཙཱ་བས་བསྒྱུར་ར་དེ་གས་དེ་ཡིན་ན་འགའ་ཤས་ཡིན་ན་བྱཱ་ཀ་ར་ནའི་ལུགས་ཟེར་ན། དེ་ནི་སྒྲ་སྦྱོར་གྱི་བསྟན་བཅོས་དག་ཀྱི་ལུགས་དང་དེ་ནི་མི་མཐུན་པ།  དེ་ནི་ལུགས་དང་མི་མཐུན་པ་དང་། ད་ག་ནང་ལྟར་ཡང་རྦད་དེ་མི་བཅོས་སུ་རུང་བ་རྣམས་ཀྱང་བཅོས་ཟེར། ད་ངེས་པར་དུ་དེ་གས་དེ་དཔེར་ན།
    de ni de 'dra snga ma bsgyur ra de 'dras e gang zer dgos red/_lo tsA bas bsgyur ra de gas de yin na 'ga' shas yin na byA ka ra na'i lugs zer na/_de ni sgra sbyor gyi bstan bcos dag kyi lugs dang de ni mi mthun pa/__de ni lugs dang mi mthun pa dang /_da ga nang ltar yang rbad de mi bcos su rung ba rnams kyang bcos zer/_da nges par du de gas de dper na/
  • ནོར་བྲང་ཨོ་རྒྱན།
    མི་བཅོས་མ་ཆགས་པ་འདུག་བཟོ་བཞག་ན་འགྲིག་གི་མེད་པ། དེ་གས་དེ་ཡིན་ན་ངེས་པར་དུ་དཔེར་ན་བཅོས། སྐད་ཀྱི་མིང་གཅེས་སོ་འཚལ་གྱིས་ཀྱང་བསྣན་ནས་དེ་ནི་ཐེག་པ་ཆེ་ཆུང་གི་གཞུང་མཐའ་དག་ལས་ཇི་སྐད་བྱུང་བ་དང་། གནའི་མཁན་པོ་ཆེན་པོ་ནཱ་འགར་ཛུ་ན་དང་། བ་སུ་བནྟུ་ལ་སོགས་པའི་ཇི་ལྟར་བཤད་པ་དང་། བྱཱི་ཀ་ར་ནའི་ལུགས་ལས། ཇི་སྐད་དུ་འདྲེན་པ་དང་།
    mi bcos ma chags pa 'dug bzo bzhag na 'grig gi med pa/_de gas de yin na nges par du dper na bcos/_skad kyi ming gces so 'tshal gyis kyang bsnan nas de ni theg pa che chung gi gzhung mtha' dag las ji skad byung ba dang /_gan'i mkhan po chen po nA 'gar dzu na dang /_ba su bn+Dtu la sogs pa'i ji ltar bshad pa dang /_byI ka ra na'i lugs las/_ji skad du 'dren pa dang /
  • ནོར་བྲང་ཨོ་རྒྱན།
    ཡང་བསྟུན་ཏེ་ཟེར། དེ་ནི་བྱཱ་ཀ་ར་ན་ཟེར་ན་ད་དེ་རེད་པ། སྒྲའི་བསྟན་བཅོས་ལ་སོགས་པ་དེ་ཚོ་ལ་ག་རེ་བྱུང་བ་དེ་གས་དང་བསྟུན་ནས། འཇལ་དཀའ་བ་རྣམས་ཀྱང་ཚོགས་སོ་སོར་ཁྲལ་ནས་གཏན་ཚིགས་ཀྱིས་བཤད་དེ་གཞུང་དུ་བྲིས། ཟེར།
    yang bstun te zer/_de ni byA ka ra na zer na da de red pa/_sgra'i bstan bcos la sogs pa de tsho la ga re byung ba de gas dang bstun nas/_'jal dka' ba rnams kyang tshogs so sor khral nas gtan tshigs kyis bshad de gzhung du bris/_zer/
  • ནོར་བྲང་ཨོ་རྒྱན།
    སྒྲ་སྦྱོར་བམ་གཉིས་པའི་ནང་ལ་འདུག་བཟོ་གསུངས་ཡོའོ་རེད། གཏན་ཚིགས་ཀྱི་བཤད་ཏེ་གཞུང་དུ་བྲིས། ཨེ་སྐད་རྐྱང་པ་བཤད་ཀྱི་མི་འཚལ་བ་སྒྲ་བཞིན་སྒྲ་བཞིན་དུ་བསྒྱུར་བའི་རིགས་པ་རྣམས་ཀྱང་སྒྲ་བཙན་པར་བགྱིས་ཏེ་མིང་དུ་བཏགས། སྒྲ་སྦྱོར་བམ་གཉིས་ཐོག་ལ་འདུག་བཟོ་གསུངས་ཡོའོ་རེད།
    sgra sbyor bam gnyis pa'i nang la 'dug bzo gsungs yo'o red/_gtan tshigs kyi bshad te gzhung du bris/_e skad rkyang pa bshad kyi mi 'tshal ba sgra bzhin sgra bzhin du bsgyur ba'i rigs pa rnams kyang sgra btsan par bgyis te ming du btags/_sgra sbyor bam gnyis thog la 'dug bzo gsungs yo'o red/
  • ནོར་བྲང་ཨོ་རྒྱན།
    སྐད་ཁག་ཅིག་གི་དོན་བཞིན་དུ་གདགས་པའི་རིགས་པ་རྣམས་ཀྱང་དོན་བཙན་པོར་བགྱིས་ཏེ་མིང་དུ་བཏགས་ནས་བཙན་པོའི་སྤྱན་སྔར་བནྡེ་ཆེན་པོ་ཡོན་ཏན་དང་། བནྡེ་ཆེན་པོ་ཏིང་ངེ་འཛིན་ལ་སྒོས་པའང་ཚོགས་ཏེ། རྗེ་བློན་གདན་འཛོམས་པ་ལ་ཞུས་ནས་དྷརྨ་བསྒྱུར་བའི་ཐབས་དང་། དྷརྨ་བསྒྱུར་བའི་ཟེར་ན་རྗེ་གདན་འཛོམས་པའི་ཁ་གཏུག་ལ་དྷརྨ་ཟེར་ན་ཆོས་བསྒྱུར་བའི་ཐབས་དང་།
    skad khag cig gi don bzhin du gdags pa'i rigs pa rnams kyang don btsan por bgyis te ming du btags nas btsan po'i spyan sngar bn+de chen po yon tan dang /_bn+de chen po ting nge 'dzin la sgos pa'ang tshogs te/_rje blon gdan 'dzoms pa la zhus nas d+harma bsgyur ba'i thabs dang /_d+harma bsgyur ba'i zer na rje gdan 'dzoms pa'i kha gtug la d+harma zer na chos bsgyur ba'i thabs dang /
  • ནོར་བྲང་ཨོ་རྒྱན།
    དྷརྨ་ཟེར་ཡས་དེ་རྒྱ་གར་གྱི་སྐད་རེད་པ། ཆོས་བསྒྱུར་བའི་ཐབས་དང་། རྒྱ་གར་གྱི་སྐད་ལས་བོད་ཀྱི་མིང་དུ་བཏགས་པའི་རྣམ་གཞག་གཏན་ལ་ཕབ་སྟེ་བཀས་བཅད་གཉིས་པ། བཀས་བཅད་གཉིས་པ་དེ་གནང་བ་ཡིན་ཟེར།
    d+harma zer yas de rgya gar gyi skad red pa/_chos bsgyur ba'i thabs dang /_rgya gar gyi skad las bod kyi ming du btags pa'i rnam gzhag gtan la phab ste bkas bcad gnyis pa/_bkas bcad gnyis pa de gnang ba yin zer/
  • ནོར་བྲང་ཨོ་རྒྱན།
    དམ་པའི་ཆོས་བསྒྱུར་བའི་ལུགས་ནི་སྒྲ་དང་མཐུན་ལ། དམ་པའི་ཆོས་བསྒྱུར་བ་དེ་ནི་གཙོ་བོ་སྒྲའི་གཞུང་དང་མཐུན་པ་དང་། དོན་དང་ཡང་མི་འགལ་བ། བོད་སྐད་ལ་ཡང་བོད་སྐད་ལ་ཡང་ག་རེ་བདེ་བར་གྱིས་ཤིག ད་དེ་གས་དཔེར་ན། བསྒྱུར་ཡས་དེ་དམ་པའི་ཆོས་བསྒྱུར་ཡས་དེ་ཡིན་ན་སྒྲ་དང་མཐུན་པ་དང་། དེ་ནི་དོན་དང་ཡང་མི་འགལ་བ།
    dam pa'i chos bsgyur ba'i lugs ni sgra dang mthun la/_dam pa'i chos bsgyur ba de ni gtso bo sgra'i gzhung dang mthun pa dang /_don dang yang mi 'gal ba/_bod skad la yang bod skad la yang ga re bde bar gyis shig_da de gas dper na/_bsgyur yas de dam pa'i chos bsgyur yas de yin na sgra dang mthun pa dang /_de ni don dang yang mi 'gal ba/
  • ནོར་བྲང་ཨོ་རྒྱན།
    བོད་སྐད་ལ་དེ་ནི་གང་བདེ་བདེ་ལྟར་བསྒྱུར་ཤིག་ཟེར། དྷརྨ་བསྒྱུར་བ་ནི་ཆོས་བསྒྱུར་བ་ནི། དྷརྨ་བསྒྱུར་བ་རྣམས་ལས་རྒྱ་གར་གྱི་སྐད་ཀྱི་གོ་རིམ་ལས་མི་ནོར་བར་བོད་ཀྱི་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་མི་འགྲེལ་བ་རྣམས་མ་ནོར་བར་བསྒྱུར་ཤིག་ཟེར་ན།
    bod skad la de ni gang bde bde ltar bsgyur shig zer/_d+harma bsgyur ba ni chos bsgyur ba ni/_d+harma bsgyur ba rnams las rgya gar gyi skad kyi go rim las mi nor bar bod kyi skad du bsgyur na don dang tshig tu mi 'grel ba rnams ma nor bar bsgyur shig zer na/
  • ནོར་བྲང་ཨོ་རྒྱན།
    ད་ག་གི་དྷརྨ་ཆོས་བསྒྱུར་ཡས་དེ་གས་དེ་རྒྱ་གར་གྱི་སྐད་བསྒྱུར་ལས་སྐད་ཀྱི་གོ་རིམ་ལས་མི་ནོར་བ་ཟེར་ན་མ་ནོར་བར་དེ་འདྲས་བོད་ཀྱི་སྐད་དུ་བསྒྱུར་ནས།  དོན་དང་ཚིག་ཏུ་འགྲེལ་ཞིང་། དེ་ནི་མ་ནོར་བར་བསྒྱུར་ཤིག་ཟེར།
    da ga gi d+harma chos bsgyur yas de gas de rgya gar gyi skad bsgyur las skad kyi go rim las mi nor ba zer na ma nor bar de 'dras bod kyi skad du bsgyur nas/__don dang tshig tu 'grel zhing /_de ni ma nor bar bsgyur shig zer/
  • ནོར་བྲང་ཨོ་རྒྱན།
    བསྣོར་ན་བདེ་ཞིང་གོ་བའི་སྐྱེད་ཅིག་ཡོད་ན། ཟེར། ཚིགས་བཅད་ལ་རྩ་བ་འོང་བསྣོར་ན་བདེ་ཞིང་གོ་བའི་སྐྱེད་ཅིག་ཡོད་ན། ཚོགས་བཅད་ལ་ནི་རྩ་བ་བཞི་པའམ་དྲུག་པའང་རུང་སྟེ། ཚིགས་སུ་བཅད་པ་གཅིག་གི་ནང་གར་བདེ་བར་བསྣོར་ཅིང་སྒྱུར་ཅིག ད་དེ་དུས་ཕན་ཚུན་བསྣོར་ཡོད་མེད། བསྣོར་ནི་བསྒྱུར་ཅིག་ཟེར།
    bsnor na bde zhing go ba'i skyed cig yod na/_zer/_tshigs bcad la rtsa ba 'ong bsnor na bde zhing go ba'i skyed cig yod na/_tshogs bcad la ni rtsa ba bzhi pa'am drug pa'ang rung ste/_tshigs su bcad pa gcig gi nang gar bde bar bsnor cing sgyur cig_da de dus phan tshun bsnor yod med/_bsnor ni bsgyur cig zer/
  • ནོར་བྲང་ཨོ་རྒྱན།
    རྐྱང་པ་ལ་ནི་དོན་གར་བསྙེགས་པ་ཡན་ཆད་ཀྱི་ཚིག་དང་དོན་གཉིས་ཀ་ལ་གར་བདེ། དེ་ནི་རྐྱང་པ་ཡིན་ན་ཚིགས་བཅད་མ་ཡིན་པའི་ཚིགས་རྐྱང་པ་ཡིན་ན། རྐྱང་པ་ལ་ནི་དོན་ག་རེ་བསྙེགས་པ། དེ་ནི་དོན་ག་རེ་གནས་ཀྱི་ཡོད་ནའི་དེ་ནི་དེ། དེ་ཡན་ཆད་ཀྱི་ཚིག་དང་དོན་གཉིས་ཀ་ལ་གར་བདེ་བར་བསྒྱུར་ཤིག བསྣོར་ཅིང་སྒྱུར་ཅིག་ཟེར།
    rkyang pa la ni don gar bsnyegs pa yan chad kyi tshig dang don gnyis ka la gar bde/_de ni rkyang pa yin na tshigs bcad ma yin pa'i tshigs rkyang pa yin na/_rkyang pa la ni don ga re bsnyegs pa/_de ni don ga re gnas kyi yod na'i de ni de/_de yan chad kyi tshig dang don gnyis ka la gar bde bar bsgyur shig_bsnor cing sgyur cig zer/
  • ནོར་བྲང་ཨོ་རྒྱན།
    སྐད་ཅིག་ལ་མིང་དུ་མར་འདྲེན་པ་ནི་ལྟག་འོག་དང་བསྟུན་མ་གར་སྙེགས་པ་ཡན་ཆད་བཞིན་དུ་མིང་ཐོགས་ཅིག སྐད་ཅིག་ལ་མིང་དུ་མ་ཡང་། དུ་མ་འགྲེལ་བ་དེ་འདྲས་ཡང་ཡོད་པ། ཡོའོ་རེད་པ། བྱས་ཙང་དེ་ནི་དེའི་ཚིགས་ཀྱི་གོང་དང་འོག་དེ་ཚོ་ལ་བསྟུན་ནས་དེ་ནི་གང་བདེ་བ་ལ་འདྲེན་གྱུར་ཅིག་ཟེར།
    skad cig la ming du mar 'dren pa ni ltag 'og dang bstun ma gar snyegs pa yan chad bzhin du ming thogs cig_skad cig la ming du ma yang /_du ma 'grel ba de 'dras yang yod pa/_yo'o red pa/_byas tsang de ni de'i tshigs kyi gong dang 'og de tsho la bstun nas de ni gang bde ba la 'dren gyur cig zer/
  • ནོར་བྲང་ཨོ་རྒྱན།
    གོ་ཏ་མ་ལྟ་བུ་དང་། གོའི་སྒྲ་ལས་ཚིག་དང་། ཕྱོགས་དང་ས་དང་འོད་དང་། རྡོ་རྗེ་དང་བ་ལང་དང་། མཐོ་རིས་ལ་སོགས་པ་རྣམས་དུ་མར་བསྙེགས་པ་དང་། དཔེར་ན་གོ་ཏ་མ་ལྟ་བུར་ཆ་བཞག་ན། དེ་ནི་གོ་སྒྲ་དེ་ལ་ཚིག་དང་ཕྱོགས་དང་དེ་ནི། ས་དང་འོད་དང་རྡོ་རྗེ་དང་བ་ལང་དང་། མཐོ་རིས་ལ་སོགས་པ་དེ་འདྲས་མང་པོ་གཅིག་ལ་འཇུག་གི་ཡོའོ་རེད་ཟེར།
    go ta ma lta bu dang /_go'i sgra las tshig dang /_phyogs dang sa dang 'od dang /_rdo rje dang ba lang dang /_mtho ris la sogs pa rnams du mar bsnyegs pa dang /_dper na go ta ma lta bur cha bzhag na/_de ni go sgra de la tshig dang phyogs dang de ni/_sa dang 'od dang rdo rje dang ba lang dang /_mtho ris la sogs pa de 'dras mang po gcig la 'jug gi yo'o red zer/
  • ནོར་བྲང་ཨོ་རྒྱན།
    དུ་མར་འཇུག་པ་བྱས་ཙང་དེ་ཚོ་ཡིན་ན། གོ་ཤི་ཀ་ལྟ་བུ། བསྙེགས་པ་དང་ད་ག་ནང་ལྟར་གོ་ཤི་ཀ་ལྟ་བུ་ཟེར་ན་རྩྭ་ཀུ་ཤ་ཐོགས་པ་ལྟ་བུ།
    du mar 'jug pa byas tsang de tsho yin na/_go shi ka lta bu/_bsnyegs pa dang da ga nang ltar go shi ka lta bu zer na rtswa ku sha thogs pa lta bu/
  • ནོར་བྲང་ཨོ་རྒྱན།
    མཁས་པ་དང་པད་མ་ལ་དགའ་བ་ལྟ་བུ་དང་། ཤུག་པ་དང་མཛོད་ལྡན་ལ་སོགས་པ། སྒྲའི་ལུགས་ལས་དྲངས་ཤིང་བསྒྱུར་ན། རྣམ་གྲངས་མང་པོ་ཞིག་ལ་སྙེགས་ལ། སྙེགས་ན་མང་གྲངས་མང་པོ་ཞིག་ལ་ད་དེ་འདྲས་ཀྱི་བྱས་ནས་གོ་ཤི་ཀ་ཟེར་ཡས་དེ་ལ་ཆ་བཞག་ན། རྩྭ་ཀུ་ཤ་ཐོགས་པ་དང་། མཁས་པ་དང་། པད་་མ་ལ་དགའ་བ། འུག་པ་དང་། མཛོད་ལྡན་ལ་སོགས་པ། དེ་ནི་སྒྲའི་ལུགས་ལ་མང་པོ་ལ་བསྒྱུར་བ་རྣམ་གྲངས་མང་པོ་ཞིག་ཏུ་ཡོང་གི་ཡོའོ་རེད། ཟེར།
    mkhas pa dang pad ma la dga' ba lta bu dang /_shug pa dang mdzod ldan la sogs pa/_sgra'i lugs las drangs shing bsgyur na/_rnam grangs mang po zhig la snyegs la/_snyegs na mang grangs mang po zhig la da de 'dras kyi byas nas go shi ka zer yas de la cha bzhag na/_rtswa ku sha thogs pa dang /_mkhas pa dang /_pad ma la dga' ba/_'ug pa dang /_mdzod ldan la sogs pa/_de ni sgra'i lugs la mang po la bsgyur ba rnam grangs mang po zhig tu yong gi yo'o red/_zer/
  • ནོར་བྲང་ཨོ་རྒྱན།
    བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་རྣམ་གྲངས་དེ་ཀུན་འདུར་ཡང་མི་བཏུབ་སྟེ། དེ་ནི་བསྒྱུར་དུས་ཙམ་པ་མིང་གཅིག་གི་ནང་དུ་རྣམ་གྲངས་དེ་གས་དེ་ཡིན་ན་ཚང་མ་འདུར་ཡང་ཐུབ་ཀྱི་མ་རེད་ཟེར།
    bsgyur ba rnams gcig gi nang du ni rnam grangs de kun 'dur yang mi btub ste/_de ni bsgyur dus tsam pa ming gcig gi nang du rnam grangs de gas de yin na tshang ma 'dur yang thub kyi ma red zer/
  • ནོར་བྲང་ཨོ་རྒྱན།
    གཅིག་ཏུ་ཆད་པ་བྱང་ཡང་གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་ཡང་རྒྱ་གར་གྱི་སྐད་སོ་ན་ཞོག་ཅིག་ཟེར། ད་དེ་གས་དེ་ཡིན་ན་ད་། གོ་ཤི་ཀ་ལ་ཟེར་ཡས་ལ་སོགས་པ་དེ་ཚོ་དེ་ནི་མ་འགྱུར་བྱས་ནས་སྐད་སོ་ན་ཞོག་ཅིག་ཟེར། གང་ཡིན་ཟེར་ན་སྐད་གཅིག་ལ་དོན་མང་པོ་ཡོད་པ་ལ་སོགས་པ། དོན་གཅིག་ལ་གོ་རྒྱུ་མང་པོ་ཡོད་པ་ལ་སོགས་པ། དེ་གས་དེ་དཔེར་ན།
    gcig tu chad pa byang yang gtan tshigs chen po med pa rnams ni mi bsgyur yang rgya gar gyi skad so na zhog cig zer/_da de gas de yin na da /_go shi ka la zer yas la sogs pa de tsho de ni ma 'gyur byas nas skad so na zhog cig zer/_gang yin zer na skad gcig la don mang po yod pa la sogs pa/_don gcig la go rgyu mang po yod pa la sogs pa/_de gas de dper na/
  • ནོར་བྲང་ཨོ་རྒྱན།
    ཨེ་བོད་སྐད་ལ་བསྒྱུར་ན་དེ་ནི། དོན་ཆེ་བ་་མེད་དུས་ཙམ་པ་དེ་ནི་དེ་གས་དེ་རྒྱ་གར་གྱི་སྐད་སོ་ན་ཞོག་ཅིག་ཟེར།
    e bod skad la bsgyur na de ni/_don che ba med dus tsam pa de ni de gas de rgya gar gyi skad so na zhog cig zer/
  • ནོར་བྲང་ཨོ་རྒྱན།
    གར་ཡང་དྲང་དུ་རུང་བ་ཚིག་གཅིག་བྱུང་བ་ཕྱོགས་གཅིག་ཏུ་ཆད་པར་མི་བསྒྱུར་བར་སྙེགས་སུ་རུང་བར་གྱིས་ཤིག ཟེར།
    gar yang drang du rung ba tshig gcig byung ba phyogs gcig tu chad par mi bsgyur bar snyegs su rung bar gyis shig_zer/
  • ནོར་བྲང་ཨོ་རྒྱན།
    ཡུལ་དང་སེམས་ཅན་དང་མེ་ཏོག རྩི་ཤིང་ལ་སོགས་པའི་མིང་བསྒྱུར་བ་མི་གོ་ཞིང་ཚིག་མི་བདེ་བ་དང་། འོལ་སྤྱིར་བསྒྱུར་དུ་རུང་ཡང་། དོན་དུ་དེ་ལྟར་ཡིན་ནམ་མིན་གཏོལ་མེད་པ་རྣམས་ནི་འགོ་ལ་ཡུལ་ཞེས་སམ། མེ་ཏོག་ཅེས་བྱ། ད་དེ་འདྲས་ཀྱི་དཔེར་ན།
    yul dang sems can dang me tog_rtsi shing la sogs pa'i ming bsgyur ba mi go zhing tshig mi bde ba dang /_'ol spyir bsgyur du rung yang /_don du de ltar yin nam min gtol med pa rnams ni 'go la yul zhes sam/_me tog ces bya/_da de 'dras kyi dper na/
  • ནོར་བྲང་ཨོ་རྒྱན།
    དཔེར་ན་ཡུལ་དང་སེམས་ཅན་དང་དང་ཟེར་ཡས། དེ་གས་དེ་དེ་འདྲས་ཀྱི་ཐོག་ནས་ངེས་བཟུང་བྱེད་ཡས་དེ་འདྲས་མེད་ན། ཨ་ནི་དེ་ཚོ་ལ་ཐོགས་ནས་གང་བྱུང་མ་བྱས་ནས། དོན་ལ་ཡུལ་དང་ད་ག་ནང་ལྟར་མེ་ཏོག་ལ་གང་བྱ་བ་ལ་སོགས་པ་དོན་ཏུ་ཡིན་ན། ཚིག་གི་བླ་ཐབས་སུ་སྣོན་ལ་རྒྱ་གར་གྱི་སྐད་སོ་ན་ཞོག་ཅིག
    dper na yul dang sems can dang dang zer yas/_de gas de de 'dras kyi thog nas nges bzung byed yas de 'dras med na/_a ni de tsho la thogs nas gang byung ma byas nas/_don la yul dang da ga nang ltar me tog la gang bya ba la sogs pa don tu yin na/_tshig gi bla thabs su snon la rgya gar gyi skad so na zhog cig
  • ནོར་བྲང་ཨོ་རྒྱན།
    ཨ་ནི་མདུན་ལ་ཡིན་ན། ད་ཨེནི་བོད་ཀྱི་སྐད་སྣོན་པ་གཅིག་བརྒྱབ་ནས་དེ་ནི་རྒྱ་གར་གྱི་སྐད་སོ་ན་ཞོག་ཅིག ཟེར།
    a ni mdun la yin na/_da eni bod kyi skad snon pa gcig brgyab nas de ni rgya gar gyi skad so na zhog cig_zer/
  • ནོར་བྲང་ཨོ་རྒྱན།
    གྲངས་ལ་རྒྱ་གར་གྱི་སྐད་བཞིན་དུ་བསྒྱུར་ན། དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ།དཔེར་ན་གྲངས་ལ་བསྒྱུར་བ། བསྒྱུར་སོང་ན་དེ་ནི་བཀའ་འགྱུར་ནང་ལ་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཟེར་ཡས་དེ་འདྲས་ཡིན་ན་ཡོང་གི་ཡོའོ་རེད། དགེ་སློང་བརྒྱ་ཕྲག་ཟེར་ན། བརྒྱ་རང་བྱས། ཕྱེད་དང་བཅུ་གསུམ་ཟེར་སོང་ན། ཕྱེད་ལྔ་བཅུ་ཐམས་པའི་དོན་རེད། བཅུ་གསུམ་ཟེར་དུས་ཙམ་པ།ཕྱེད་དང་བཅུ་གཉིས་ལ་དེ་ནི་ ཕྱེད་དང་བཅུ་གསུམ་ཟེར་ཡས་དེ། དེ་འདྲས་ཡིན་ན་བྱུང་བ་ལ་སོགས་པ། དགེ་སློང་སྟོང་གཉིས་བརྒྱ་ལྔ་བཅུ་ཞེས། ཐ་མ་བ་ལ་བོད་ཀྱི་སྐད་ལས་ལུགས་བཞིན་དུ་བསྒྱུར་ན་དོན་དང་མི་འགལ་ལ།
    grangs la rgya gar gyi skad bzhin du bsgyur na/_dge slong brgya phrag phyed dang bcu gsum zhes 'byung ba/dper na grangs la bsgyur ba/_bsgyur song na de ni bka' 'gyur nang la dge slong brgya phrag phyed dang bcu gsum zer yas de 'dras yin na yong gi yo'o red/_dge slong brgya phrag zer na/_brgya rang byas/_phyed dang bcu gsum zer song na/_phyed lnga bcu thams pa'i don red/_bcu gsum zer dus tsam pa/phyed dang bcu gnyis la de ni _phyed dang bcu gsum zer yas de/_de 'dras yin na byung ba la sogs pa/_dge slong stong gnyis brgya lnga bcu zhes/_tha ma ba la bod kyi skad las lugs bzhin du bsgyur na don dang mi 'gal la/
  • ནོར་བྲང་ཨོ་རྒྱན།
    འོང་ད་ག་ནང་ལྟར་ཕྱེད་དང་བཅུ་གསུམ་ཟེར་ཡས་དེ་ལ་ཡིན་ན་སྟོང་དང་གཉིས་བརྒྱ་ལྔ་བཅུ་ཟེར་མཁན་དེ་འདྲས་གཅིག་བརྒྱབ་སོང་ན། བོད་ཀྱི་སྐད་ལ་ལུགས་དང་མཐུན་པ། ལུགས་དང་མི་འགལ་བ་ལ།  བོད་ཀྱི་སྐད་ལ་ཡང་གྲངས་བདེ་བས་བསྡོམས་སུ་རུང་བ་རྣམས་བོད་ཀྱི་སྐད་ལ་ཀྱི་ལུགས་བཞིན་དུ་ཐོགས་ཤིག ཟེར།
    'ong da ga nang ltar phyed dang bcu gsum zer yas de la yin na stong dang gnyis brgya lnga bcu zer mkhan de 'dras gcig brgyab song na/_bod kyi skad la lugs dang mthun pa/_lugs dang mi 'gal ba la/__bod kyi skad la yang grangs bde bas bsdoms su rung ba rnams bod kyi skad la kyi lugs bzhin du thogs shig_zer/
  • ནོར་བྲང་ཨོ་རྒྱན།
    ས་རི་དང་། སམ་དང་། ཨུ་པ་ལྟ་བུ་ལ་སོགས་ཏེ། ཚིག་གི་ཕྲད་དང་རྒྱན་ལར་བུར་བྱུང་བ་རྣམས་བསྒྱུར་ན་དོན་མཐུན་ཞིང་། བརྗོད་པའི་ཐབས་ནི་ཡོངས་སུ་ཞེས་འམ། ཡང་དག་པ་ཞེས་པའམ། ཉེ་བ་བཞིན་སྒྲ་བཞིན་དུ་བསྒྱུར་ཅིག ཟེར།
    sa ri dang /_sam dang /_u pa lta bu la sogs te/_tshig gi phrad dang rgyan lar bur byung ba rnams bsgyur na don mthun zhing /_brjod pa'i thabs ni yongs su zhes 'am/_yang dag pa zhes pa'am/_nye ba bzhin sgra bzhin du bsgyur cig_zer/
  • ནོར་བྲང་ཨོ་རྒྱན།
    དོན་ལྷག་པར་སྙེགས་ས་མེད་པ་རྣམས་ནི་ཚིག་གི་ལྷད་ཀྱི་བསྣན་མི་དགོས་ཀྱི་དོན་བཞིན་དུ་ཐོགས་ཤིག དོན་ལྷག་པར་སྙེགས་ས་མེད་པ་རྣམས་ནི་ཚིག་གི་ལྷད་ཀྱི་བསྣན་དགོས་ཀྱི་དོན་བཞིན་ཏུ་ཐོགས་ཤིག རྣམ་གྲངས་སུ་གཏོགས་པའི་ཚིགས་རྣམས་ནི་ཨེ་མ་འདོམ་ན་མིང་གང་བོད་སྐད་དུ་སྤྱིར་གདགས་ཤིང་། ཚིག་ཏུ་གང་བདེ་བར་གདགས་སོ། ཟེར།
    don lhag par snyegs sa med pa rnams ni tshig gi lhad kyi bsnan mi dgos kyi don bzhin du thogs shig_don lhag par snyegs sa med pa rnams ni tshig gi lhad kyi bsnan dgos kyi don bzhin tu thogs shig_rnam grangs su gtogs pa'i tshigs rnams ni e ma 'dom na ming gang bod skad du spyir gdags shing /_tshig tu gang bde bar gdags so/_zer/
  • ནོར་བྲང་ཨོ་རྒྱན།
    འདོམ་ན་སོ་སོར་གདགས་པ་བཞིན་དུ་ཐོགས་ཤིག་ཟེར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་པ་དང་ཉན་ཐོས་ལ་སོགས་པ་ཞེ་ས་དང་། ཀོ་ལོང་གི་ཚིག་རིམ་པ་ནི།ཟེར། ད་གཅིག་དཔེར་ན་ཞེ་ས་བྱེད་དགོས་ཡས་དེ་ཞེ་ས་བྱེད་དགོས་ཡས། ཞེ་ས་བྱེད་མི་དགོས་པ་ལ་སོགས་པ་སྤྱི་བཏང་གི་གནས་ཚུལ་དེ་གས་དེ་ཡིན་ན། སངས་རྒྱས་ལ་ནི་ཞེ་སའི་ཚིག་ཏུ་བསྒྱུར་ཅིག་ཟེར།
    'dom na so sor gdags pa bzhin du thogs shig zer/_sangs rgyas dang byang chub sems dpa' pa dang nyan thos la sogs pa zhe sa dang /_ko long gi tshig rim pa ni/zer/_da gcig dper na zhe sa byed dgos yas de zhe sa byed dgos yas/_zhe sa byed mi dgos pa la sogs pa spyi btang gi gnas tshul de gas de yin na/_sangs rgyas la ni zhe sa'i tshig tu bsgyur cig zer/
  • ནོར་བྲང་ཨོ་རྒྱན།
    གཞན་ལ་ཚིག་འབྲིང་པོ་མན་ཆད་ཙམ་དུ་བྱ་སྟེ། ད་གཅིག་གི་མི་གཞན་དག་ལ་་སངས་རྒྱས་ལ། སངས་རྒྱས་མིན་པའི་དེ་ཚོ་ལ་་གཅིག་གི་ཚིག་འབྲིང་པོ་མན་ཆད་དུ་ཨ་ནི་སྐབས་དེ་དུས་བསྒྱུར་ཅིག་ཟེར།
    gzhan la tshig 'bring po man chad tsam du bya ste/_da gcig gi mi gzhan dag la sangs rgyas la/_sangs rgyas min pa'i de tsho la gcig gi tshig 'bring po man chad du a ni skabs de dus bsgyur cig zer/
  • ནོར་བྲང་ཨོ་རྒྱན།
    སྔོན་ལྷ་སྲས་ཀྱི་ཡབ་ལ་སྤྱན་དྲངས་པའི་སྤྱན་སྔར་མཁན་པོ་དང་། ལོ་ཙཱ་བ་མཁས་པ་ཚོགས་པས། དྷརྨ་དཀོན་མཆོག་སྤྲིན་དང་། ལངྐར་གཤེགས་པ་བསྒྱུར་ཏེ། གཏན་ལ་ཕབ་པའི་ལུགས་བཞིན་ཏུ་བསྒྱུར་ཅིག ཟེར། ད་ཨེ་ནི་སྔར་ལྷ་སྲས་ཡབ་ཀྱི་སྤྱན་སྔར་མཁན་པོ་དེ་དང་ལོ་ཙཱ་རྣམས་ཀྱི་དྷརྨ་དཀོན་མཆོག་ཚོགས་པའི། སངས་རྒྱས་དཀོན་མཆོག་འོང་། དྷརྨ་དཀོན་མཆོག་སྤྲིན་དང་ལངྐར་གཤེགས་པ་བསྒྱུར་ཏེ་གཏན་ལ་ཕབ་པའི་བཀའ་འགྱུར་ནང་ལ་དཀོན་མཆོག་སྤྲིན་དང་ལངྐར་གཤེགས་པའི་མདོ་ཟེར་ཡས་དེ་འདྲས་ཡོའོ་རེད་པ། 
    sngon lha sras kyi yab la spyan drangs pa'i spyan sngar mkhan po dang /_lo tsA ba mkhas pa tshogs pas/_d+harma dkon mchog sprin dang /_lang+kara gshegs pa bsgyur te/_gtan la phab pa'i lugs bzhin tu bsgyur cig_zer/_da e ni sngar lha sras yab kyi spyan sngar mkhan po de dang lo tsA rnams kyi d+harma dkon mchog tshogs pa'i/_sangs rgyas dkon mchog 'ong /_d+harma dkon mchog sprin dang lang+kara gshegs pa bsgyur te gtan la phab pa'i bka' 'gyur nang la dkon mchog sprin dang lang+kara gshegs pa'i mdo zer yas de 'dras yo'o red pa/_
  • ནོར་བྲང་ཨོ་རྒྱན།
    ཨེ་བསྒྱུར་ཏེ་གཏན་ལ་ཕབ་པའི་ལུགས་བཞིན་ཏུ་བསྒྱུར་ཅིག་ཟེར། སྐད་ཀྱི་ལུགས་དེ་ལྟར་བཀས་བཅད་པ་ལས་སོ་སོ་ནས་ཀྱང་སུའང་། འཆོས་ཤིང་། འོག་ཏུ་མིང་གསར་དུ་འདོགས་སུ་མི་གནང་གི་བསྒྱུར་བ་དང་། འཆད་པའི་སྒྲ་སོ་སོ་ནས་སྐད་དུ་མིང་གདགས་དགོས་པ་ཞིག་ན། སོ་སོའི་སྒྲ་བསྒྱུར་མིང་ཆད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་འབྱུང་བའི་གཏན་ཚིགས་དང་། ཆོས་ལ་ཇི་སྐད་གདགས་པར་དཔྱད་དེ།
    e bsgyur te gtan la phab pa'i lugs bzhin tu bsgyur cig zer/_skad kyi lugs de ltar bkas bcad pa las so so nas kyang su'ang /_'chos shing /_'og tu ming gsar du 'dogs su mi gnang gi bsgyur ba dang /_'chad pa'i sgra so so nas skad du ming gdags dgos pa zhig na/_so so'i sgra bsgyur ming chad par ma gdags par chos kyi gzhung dang sgra'i lugs las ji skad 'byung ba'i gtan tshigs dang /_chos la ji skad gdags par dpyad de/
  • ནོར་བྲང་ཨོ་རྒྱན།
    ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་པ་དང་། ཟེར། ད་ཨེ་ནི་རྒྱལ་པོའི་ཕོ་བྲང་ནང་ལ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་པ་དང་། དྷརྨ་ཞུ་ཆེན་འཚལ་བའི་གྲར་ཕུལ་ལ་སྙན་དུ་ཞུས་ཏེ། དེ་ནི་དེ་གས་དེ་དཔེར་ན། རྒྱལ་པོའི་འདུན་ས་དང་ད་ག་ནང་ལྟར་གྱི་ཞུ་ཆེན་ཚོ་ཚོགས་པའི་སྙན་དུ་ཞུས་ནས་དེ་ནི་བཀས་བཅད་ཀྱི་ཀྱི་དཀར་ཆག་གི་དབུས་སུ་བསྣན་ནོ། ཟེར།
    pho brang du bcom ldan 'das kyi ring lugs kyi 'dun pa dang /_zer/_da e ni rgyal po'i pho brang nang la bcom ldan 'das kyi ring lugs kyi 'dun pa dang /_d+harma zhu chen 'tshal ba'i grar phul la snyan du zhus te/_de ni de gas de dper na/_rgyal po'i 'dun sa dang da ga nang ltar gyi zhu chen tsho tshogs pa'i snyan du zhus nas de ni bkas bcad kyi kyi dkar chag gi dbus su bsnan no/_zer/
  • ནོར་བྲང་ཨོ་རྒྱན།
    གསང་སྔགས་ཀྱི་རྒྱུད་རྣམས་གཞུང་གི་གསང་བར་བྱ་བ་ཡིན་ཏེ། གསང་སྔགས་ཀྱི་རྒྱུད་རྣམས་ཟེར་མཁན་དེ། དེ་གང་ཟེར་དགོས་རེད་པས་གང་བྱུང་མ་བྱུང་གི་བསྒྱུར་སོང་ན། གསང་སྔགས་ཀྱི་དེ་ཡིན་དུས་ཙམ་པ། གསང་བ་ནང་ལྟར་གྱི་སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་དུའང་མི་རུང་བ།  དེ་ནི་གསང་སྔགས་རྒྱུད་ཟེར་མཁན་དེ། སྣོད་དུ་མ་གྱུར་པ་རྣམས་ཀྱི་གནས་ཚུལ་དེ་འདྲས་ཡིན་ནའི་ཡོད་པ་རེད་ཟེར།
    gsang sngags kyi rgyud rnams gzhung gi gsang bar bya ba yin te/_gsang sngags kyi rgyud rnams zer mkhan de/_de gang zer dgos red pas gang byung ma byung gi bsgyur song na/_gsang sngags kyi de yin dus tsam pa/_gsang ba nang ltar gyi snod du ma gyur pa rnams la bshad cing bstan du'ang mi rung ba/__de ni gsang sngags rgyud zer mkhan de/_snod du ma gyur pa rnams kyi gnas tshul de 'dras yin na'i yod pa red zer/
  • ནོར་བྲང་ཨོ་རྒྱན།
    གསང་སྔགས་རྒྱུད་དེ་སྣོད་དུ་ལྡན་པ་ཡིན་ན། བསྟན་དགོས་ཡས་དང་། སྣོད་དུ་མི་ལྡན་ན་དེ་ཚོ་ལ་་ཡིན་ན་གསང་བ་བྱེད་དགོས་ཡས། གནན་ཚུལ་ཡིན་དུས་ཙམ་པ། དེ་ཚོ་བར་དུ་བསྒྱུར་ཞིང་སྤྱོད་དུ་གནང་་གིས་ཀྱང་། ལྡེམ་པོའི་ངག་གི་བཤད་པ་མ་ཁྲོལ་ནས་སྒྲ་ཇི་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་འབྱུང་། ཡོང་གི་རེད་ཟེར། བྱས་ཙང་། 
    gsang sngags rgyud de snod du ldan pa yin na/_bstan dgos yas dang /_snod du mi ldan na de tsho la yin na gsang ba byed dgos yas/_gnan tshul yin dus tsam pa/_de tsho bar du bsgyur zhing spyod du gnang gis kyang /_ldem po'i ngag gi bshad pa ma khrol nas sgra ji bzhin du 'dzin cing log par spyod pa dag 'byung /_yong gi red zer/_byas tsang /_
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་སྔགས་རྒྱུད་ཀྱི་ནང་ནས་འཐུ་ཞིང་བོད་སྐད་ལ་བསྒྱུར་བ་དག་བྱུང་ཞིང་། འདས་ཀྱི་ཕྱིན་ཆད་གཟུངས་སྔགས་དང་བླ་ནས་བཀས་སྩལ་ཏེ། བསྒྱུར་ཏུ་བཅུག་པ་མ་གཏོགས་པ་སྔགས་ཀྱི་རྒྱུད་དང་། སྔར་ཆད་ཡིན་ན་ད་རྒྱལ་པོ་དང་ད་ཨ་ནི་རྦད་དེ་གོང་ནས་བཀའ་སྩལ་བ་དེ་ཕུད་པའི་བསྒྱུར་དུ་བཅུག་པ་མ་གཏོགས་པ། དེ་ནི་སྔགས་ཀྱི་རྒྱུད་དང་སྔགས་ཀྱི་ཚིག་འཐུ་ཞིང་། འཐུ་བ་དེ་གས་དེ་ཨ་ནི། སྔགས་ཀྱི་ཚིག་འཐུ་ཞིང་ཟེར་ན།
    byas tsang sngags rgyud kyi nang nas 'thu zhing bod skad la bsgyur ba dag byung zhing /_'das kyi phyin chad gzungs sngags dang bla nas bkas stsal te/_bsgyur tu bcug pa ma gtogs pa sngags kyi rgyud dang /_sngar chad yin na da rgyal po dang da a ni rbad de gong nas bka' stsal ba de phud pa'i bsgyur du bcug pa ma gtogs pa/_de ni sngags kyi rgyud dang sngags kyi tshig 'thu zhing /_'thu ba de gas de a ni/_sngags kyi tshig 'thu zhing zer na/
  • ནོར་བྲང་ཨོ་རྒྱན།
    སྔགས་ཀྱི་ཚིག་གལ་ཆེ་བ་དེ་ནི། ཨེ་དེ་ནི་བོད་སྐད་དུ་བསྒྱུར་བའི་ཐོག་ནན་དེ་ནི་བཀའ་གནང་། འོང་ཆོག་མཆན་གནང་ཡོའོ་མ་རེད་ཟེར།
    sngags kyi tshig gal che ba de ni/_e de ni bod skad du bsgyur ba'i thog nan de ni bka' gnang /_'ong chog mchan gnang yo'o ma red zer/
  • ནོར་བྲང་ཨོ་རྒྱན།
    ཞེས་སོགས་འཁོད་པ་ལྟར་ཉི་འོག་གི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེཎྡྲ་བོདྷི། དྷ་ན་ཤཱི་ལ་སྒོས་པ་པཎྜི་ཏ་དུ་མ་དང་། ལོ་ཙཱ་བ་སྐ་ཅོག་སོགས་གདན་དྲངས་འཛོམས་པར་བྱས་ཏེ། ཟེར།
    zhes sogs 'khod pa ltar nyi 'og gi mkhan po dzi na mi tra dang /_su reN+d+r bod+hi/_d+ha na shI la sgos pa pN+Di ta du ma dang /_lo tsA ba ska cog sogs gdan drangs 'dzoms par byas te/_zer/
  • ནོར་བྲང་ཨོ་རྒྱན།
    ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་ལ་སོགས་པ་དེ་འདྲས་སྐ་ཅོག་ལ་སོགས་གདན་འཛོམས་པར་གནང་སྔོན་ཡང་ཡབ་མེས་ཀྱི་རིང་ལ་མདོ་སྔགས་ཀྱི་ཆོས་ཕལ་ཆེ་བ་བསྒྱུར་ཟིན་ནའང་། ཡུལ་དབུས་འགྱུར། ཨོ་རྒྱན། བལ་ཡུལ། རྒྱ་ནག་སོགས་སྐད་དུ་མ་ལ་བརྟེན་ནས་བསྒྱུར་བའི་བོད་སྐད་ལ་བསྒྱུར་དུ་མ་བཏུབ་པ་འགའ་ཞིག་སོ་སོའི་རང་སྐད་དུ་བཞག་པས་གོ་དཀའ་ཞིང་།
    lo tsA ba ska ba dpal brtsegs dang cog ro klu'i rgyal mtshan la sogs pa de 'dras ska cog la sogs gdan 'dzoms par gnang sngon yang yab mes kyi ring la mdo sngags kyi chos phal che ba bsgyur zin na'ang /_yul dbus 'gyur/_o rgyan/_bal yul/_rgya nag sogs skad du ma la brten nas bsgyur ba'i bod skad la bsgyur du ma btub pa 'ga' zhig so so'i rang skad du bzhag pas go dka' zhing /
  • ནོར་བྲང་ཨོ་རྒྱན།
    ད་སྔར་ཆད་ཡིན་ན་དེ་འདྲས་ཀྱི་ཡབ་མེས་རིང་ལ་མདོ་སྔགས་ཀྱི་ཆོས་ཕལ་ཆེ་བ་བསྒྱུར་ཟིན་ནའང་། དེ་ནི་འགའ་ཤས་ནང་ལ་ཡུལ་དབུར་འགྱུར་གྱི་སྐད་དང་། འགའ་ཤས་ཡིན་ན་ཨོ་རྒྱན་གྱི་སྐད། འགའ་ཤས་ཡིན་ན་བལ་ཡུལ་གྱི་སྐད་དང་། འགའ་ཤས་རྒྱ་ནག་གི་སྐད་ལ་སོགས་པ་དེ་འདྲས་ཡིན་ན། དེ་ནི་སྐད་དུ་མ་ལ་བསྒྱུར་བའི་ཆོས་རྣམས་བསྒྱུར་དུ་མ་བཏུབ་པ་རྣམས་དེ་ཚོ་ཡིན་ན།
    da sngar chad yin na de 'dras kyi yab mes ring la mdo sngags kyi chos phal che ba bsgyur zin na'ang /_de ni 'ga' shas nang la yul dbur 'gyur gyi skad dang /_'ga' shas yin na o rgyan gyi skad/_'ga' shas yin na bal yul gyi skad dang /_'ga' shas rgya nag gi skad la sogs pa de 'dras yin na/_de ni skad du ma la bsgyur ba'i chos rnams bsgyur du ma btub pa rnams de tsho yin na/
  • ནོར་བྲང་ཨོ་རྒྱན།
    སོ་སོའི་རང་སྐད་དུ་བཞག་པའི་གོ་དཀའ་བ་ཞིང་བརྡ་རྙིང་དང་དེབ་འགའ་ཞིག་ལ་བརྟེན་ནས་འགྱུར་མི་བདེ་བ་དང་བཀླག་དཀའ་ཞིང་ལེགས་སྦྱུར་གྱི་སྐད་དང་མི་མཐུན་པ་རྣམས་དབུས་འགྱུར་གྱི་རྒྱ་དཔེ་སམ་སྐྲྀ་ཏའི་ལུགས་གཞིར་བྱས་པ་རྣམས་དང་སྒོ་བསྟུན་ནས། རྒྱ་དཔེའི་བཅད་ལྷུག་སྤེལ་མའི་སྡེབ་སྦྱོར་ལ་སོགས་བོད་ཀྱི་སྐད་ལ་ཇི་བཞིན་མི་འབྱུང་ཞིང་།ཟེར།
    so so'i rang skad du bzhag pa'i go dka' ba zhing brda rnying dang deb 'ga' zhig la brten nas 'gyur mi bde ba dang bklag dka' zhing legs sbyur gyi skad dang mi mthun pa rnams dbus 'gyur gyi rgya dpe sam skr-i ta'i lugs gzhir byas pa rnams dang sgo bstun nas/_rgya dpe'i bcad lhug spel ma'i sdeb sbyor la sogs bod kyi skad la ji bzhin mi 'byung zhing /zer/
  • ནོར་བྲང་ཨོ་རྒྱན།
    རྒྱ་དཔེའི་ནང་གི་དེ་ནི་ཚིགས་བཅད་དང་དེ་ནི་ལྷུག་མ་དང་། དེ་ནི་སྤེལ་མ་སྡེབ་སྦྱོར་ལ་སོགས་པ། དེ་ཚོ་ཡིན་ན་བོད་སྐད་ལ་ཇི་མ་ཇི་བཞིན་ཡོང་ཐུབ་ཀྱི་མ་རེད་ཟེར།
    rgya dpe'i nang gi de ni tshigs bcad dang de ni lhug ma dang /_de ni spel ma sdeb sbyor la sogs pa/_de tsho yin na bod skad la ji ma ji bzhin yong thub kyi ma red zer/
  • ནོར་བྲང་ཨོ་རྒྱན།
    ཡིན་ན་ཡག་དེ་བསྟུན་ནས་གོ་མི་བདེ་བའི་དོན། གོ་མི་བདེ་བས་དོན་རྟོགས་སླ་བ་གཙོ་བོར་བྱས། ད་གཙོ་བོ་དོན་རྟོགས་སླ་བ་གཙོ་བོ་བྱས། 
    yin na yag de bstun nas go mi bde ba'i don/_go mi bde bas don rtogs sla ba gtso bor byas/_da gtso bo don rtogs sla ba gtso bo byas/_
  • ནོར་བྲང་ཨོ་རྒྱན།
    རྒྱ་སྐད་དུ་ཚིག་བསྡོམས་པ་རྣམས་དེ་ལྟར་བསྒྱུར་ན་གངས་ཅན་ལྗོངས་ཀྱི་སྐད་དུ་འཕྱུགས་འགྲོ་བ་དག་ཕྲལ་ཏེ། རྒྱ་གར་སྐད་ལ་གཅིག་གི་སྡོམས་ཚིག་ཆེན་པོ་ཡོད་པ་དེ་གས་དེ་དཔེར་ན། དེ་ལྟར་བསྒྱུར་ན་གངས་ཅན་ལྗོངས་སུ་སྐད་ལ་ལ་ཡིན་ན་འཕྱུགས་འགྲོ་གི་རེད་ཟེར།
    rgya skad du tshig bsdoms pa rnams de ltar bsgyur na gangs can ljongs kyi skad du 'phyugs 'gro ba dag phral te/_rgya gar skad la gcig gi sdoms tshig chen po yod pa de gas de dper na/_de ltar bsgyur na gangs can ljongs su skad la la yin na 'phyugs 'gro gi red zer/
  • ནོར་བྲང་ཨོ་རྒྱན།
    འཕྱུགས་འགྲོ་གིས་ཟེར་དེ་གས་དེ་དཔེར་ན། ཕྲལ་ནས་དེ་ནི་ཨེ་བསྒྱུར་ན་ཡག་པོ་ཡོའོ་རེད་ཟེར། ཀུ་ཤ་ལ་ཨི་ག་ཎ་གྱི་རྐྱེན་བྱིན་པའི་ཀོ་ཤི་ཀ་་སྒྲ་གཅིག་དོན་མང་གཅིག་ཏུ་འཆད་པར་གཏན་ཚིགས་ཀྱིས་བསྒྲུབ་དཀའ་བ་ཀུན་རང་སོར་བཞག ཀོ་ཤི་ཀ་ཟེར་ན་གོ་རྒྱུ་མང་པོ་ཡོད་པ།
    'phyugs 'gro gis zer de gas de dper na/_phral nas de ni e bsgyur na yag po yo'o red zer/_ku sha la i ga Na gyi rkyen byin pa'i ko shi ka sgra gcig don mang gcig tu 'chad par gtan tshigs kyis bsgrub dka' ba kun rang sor bzhag_ko shi ka zer na go rgyu mang po yod pa/
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་དེ་གས་དེ་ཡིན་ན་སྔ་མའི་ད་གར་རང་ལ་ཀོ་ཤི་ཀ་ཟེར་ཡས་ད་ག་རང་ལ་ཞོག་ཅིག་ཟེར།
    byas tsang de gas de yin na snga ma'i da gar rang la ko shi ka zer yas da ga rang la zhog cig zer/
  • ནོར་བྲང་ཨོ་རྒྱན།
    མདོར་ན་བྱིངས་ལས་མིང་དང་ཚིག་གིས་བསྒྲུབས་ཤིང་། རྣམ་དབྱེ་དེ་ཕན་ཉེ་སྒྱུར་ཚིག་ཕྲད་སོགས་མཐའ་དག་ལ་ཞིབ་མོར་དཔྱད། ད་དེ་ད་ལྟ་སྒྲོ་མདོའི་ནང་གི་གནས་ཚུལ་གཅིག་རེད།  ད་དེ་གང་ཟེར་གྱི་ཡོད་ནམ་མིང་ལས་ཚིག་དུ་བསྒྲུབས་པ་དང་། རྣམ་དབྱེ་དང་དེ་ཕན་ཉེ་སྒྱུར་ཚིག་ཕྲད་ལ་སོགས་པ་ལས་མཐའ་དག་ཞིམ་མོར་དཔྱད།
    mdor na byings las ming dang tshig gis bsgrubs shing /_rnam dbye de phan nye sgyur tshig phrad sogs mtha' dag la zhib mor dpyad/_da de da lta sgro mdo'i nang gi gnas tshul gcig red/__da de gang zer gyi yod nam ming las tshig du bsgrubs pa dang /_rnam dbye dang de phan nye sgyur tshig phrad la sogs pa las mtha' dag zhim mor dpyad/
  • ནོར་བྲང་ཨོ་རྒྱན།
    རང་ཉིད་ཀྱི་བོད་སྐད་ལ་དོན་བསྒྱུར་གཙོ་བོ་བྱས་ཏེ་གཏན་ལ་ཕབ་བོ་ཞེས། དེ་ནི་རང་ཉིད་ཀྱི་སྐད་བསྒྱུར་ཡས་དེ་ཡིན་ན་དོན་བསྒྱུར་དེ་གཙོ་བོ་བྱས་ནས་་གཏན་ལ་ཕབ་བོ་ཞེས་གསུངས་ཟེར།
    rang nyid kyi bod skad la don bsgyur gtso bo byas te gtan la phab bo zhes/_de ni rang nyid kyi skad bsgyur yas de yin na don bsgyur de gtso bo byas nas gtan la phab bo zhes gsungs zer/
  • ནོར་བྲང་ཨོ་རྒྱན།
    གསུངས་པ་སྤྱིར་གནའི་བརྡ་གོ་དཀའ་བ་རྣམས་དོར་ནས་ཡུལ་དུས་དང་མཐུན་པའི་སྒོ་ནས་གོ་སླ་ཞིང་འདོན་བདེ་བར་བྱས། ཡི་གེ་ཉུང་བའི་ཆེད་དུ་དེ་ནི་མ་མྱ་ད་དྲག་རྐྱང་པའི་འ་ཡིག་ལ་སོགས་པ་དོར་ཏེ། གཞུང་ཚད་རྣམས་ཀྱང་བམ་གྲངས་སོགས་ངེས་པར་དཀར་ཆག་ཏུ་བསྣན་ཏེ། དེ་ནི་གཞུང་གི་ཚད་མ་རྣམས་ཀྱང་དེ་ནི་བམ་པོའི་གྲངས་ཀ་ལ་སོགས་པ་ངེས་པར་དཀར་ཆག་ཏུ་བསྣན་ཏེ། སྤྱིར་ཁྲི་སྲོང་གི་དུས་ཀྱི་དཀར་ཆག་ཕོ་བྲང་དཀར་ཆག་ལ་ཆ་བཞག་ན་སྔོན་མའི་བཀའ་འགྱུར་དཀར་ཆག་ལ་ཆ་བཞག་ན་ཕོ་བྲང་ལྡན་དཀར་མ་དང་། ཕྱིས་མཆིམས་ཕུ་མ་དང་། འཕང་ཐང་མ་དང་ཟེར་ཡས་གསུམ་ཙམ་བྱུང་བ་རེད།
    gsungs pa spyir gan'i brda go dka' ba rnams dor nas yul dus dang mthun pa'i sgo nas go sla zhing 'don bde bar byas/_yi ge nyung ba'i ched du de ni ma mya da drag rkyang pa'i 'a yig la sogs pa dor te/_gzhung tshad rnams kyang bam grangs sogs nges par dkar chag tu bsnan te/_de ni gzhung gi tshad ma rnams kyang de ni bam po'i grangs ka la sogs pa nges par dkar chag tu bsnan te/_spyir khri srong gi dus kyi dkar chag pho brang dkar chag la cha bzhag na sngon ma'i bka' 'gyur dkar chag la cha bzhag na pho brang ldan dkar ma dang /_phyis mchims phu ma dang /_'phang thang ma dang zer yas gsum tsam byung ba red/
  • ནོར་བྲང་ཨོ་རྒྱན།
    དཀོར་མཛོད་དུ་དེ་ནི་རྒྱལ་པོའི་དཀོར་མཛོད་དུ་རྟེན། དེ་ནི་རྒྱལ་པོའི་དཀོར་མཛོད་དུ་བཞག་པ་རེད་ཟེར། ཨོའོ་དེ་གས་དེ་གས་དེ་བརྩིགས་ཀྱི་ཟླ་ལ་གཅེས་སྤྲས་སུ་བཞག་ཟེར། རྒྱལ་པོས་བཀས། འོང་།རྒྱལ་པོས་བཀས་དེ་འདྲས་ཀྱི་བརྟེན་ནས་སྔ་རྟིང་དུ་བསྡོམས་པས། སྐད་བཀས་བཅད་རྣམ་པ་གསུམ་གནང་པ་ཡིན་ཟེར། 
    dkor mdzod du de ni rgyal po'i dkor mdzod du rten/_de ni rgyal po'i dkor mdzod du bzhag pa red zer/_o'o de gas de gas de brtsigs kyi zla la gces spras su bzhag zer/_rgyal pos bkas/_'ong /rgyal pos bkas de 'dras kyi brten nas snga rting du bsdoms pas/_skad bkas bcad rnam pa gsum gnang pa yin zer/_
  • ནོར་བྲང་ཨོ་རྒྱན།
    དེ་ནི་ཉན་ཐོས་ཀྱི་རྩ་བའི་སྡེ་པ་བཞི་ལས། ཨ་ནི་གཅིག་གི་ཕལ་ཆེར་གྱི་སྡེ་པ། གནས་བརྟན་གྱི་སྡེ་པ། འོང་མང་བཀུར་བའི་སྡེ་པ་ཟེར་ཡས། དེ་གས་དེ་བོད་ལ་དེ་ནི་འོང་། གང་ཟེར་དགོས་རེད་པས་། སྐབས་དེ་དུས་རྦད་དེ་ད་་ཡག་པོ་མེད་ཙང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་གཞན། མི་གཟུགས་ཤིང་དེ་དག་གི་སྣོད་མི་བསྒྱུར་ཟེར་ན།
    de ni nyan thos kyi rtsa ba'i sde pa bzhi las/_a ni gcig gi phal cher gyi sde pa/_gnas brtan gyi sde pa/_'ong mang bkur ba'i sde pa zer yas/_de gas de bod la de ni 'ong /_gang zer dgos red pas /_skabs de dus rbad de da yag po med tsang gzhi thams cad yod par smra ba'i sde pa las gzhan/_mi gzugs shing de dag gi snod mi bsgyur zer na/
  • ནོར་བྲང་ཨོ་རྒྱན།
    འཕྲོས་པ་དེ་གས་དེ་གཞི་ཐམས་ཅད་ཡོད་པར་སྨྲ་བ་ནི། ཡོད་པར་སྨྲ་བའི་སྡེ་པ་ལས་གཞན་དག་ནི་དེ་གས་དེ། སྡེ་པ་གསུམ་པ་དེ་གས་དེ་མི་བསྒྱུར་ཞིང་། སྔགས་མ་རྒྱུད་རྣམས་མ་སྒྱུར་ཅིག་བཀའ་སྩལ། སྔགས་ཀྱི་ནང་ནས་སྔགས་མ་རྒྱུད་པ་རྣམས་མ་བསྒྱུར་ཅིག་ཟེར་བཀའ་སྩལ་ཟེར།
    'phros pa de gas de gzhi thams cad yod par smra ba ni/_yod par smra ba'i sde pa las gzhan dag ni de gas de/_sde pa gsum pa de gas de mi bsgyur zhing /_sngags ma rgyud rnams ma sgyur cig bka' stsal/_sngags kyi nang nas sngags ma rgyud pa rnams ma bsgyur cig zer bka' stsal zer/
  • ནོར་བྲང་ཨོ་རྒྱན།
    ཆོས་ཀྱི་རྒྱལ་པོ་མེ་དབོན་གྱི་རིང་ལ་མཆོག་དམན་མཐའ་དག་གི་སེམས་ཀྱི་རི་དྭགས་རང་ཉམས་སུ་ཁྱམས་པར་མི་ནུས་པའི་ཞགས་པ་དམ་པོས་ཡངས་པའི་རྒྱལ་ཁམས་མཐའ་དག་རང་སར་བདེ་བའི་ཁྲིམས་ཀྱི་བྱ་བ་མཐའ་ཀླས་པར་མཛད་པས། ཟེར།
    chos kyi rgyal po me dbon gyi ring la mchog dman mtha' dag gi sems kyi ri dwags rang nyams su khyams par mi nus pa'i zhags pa dam pos yangs pa'i rgyal khams mtha' dag rang sar bde ba'i khrims kyi bya ba mtha' klas par mdzad pas/_zer/
  • ནོར་བྲང་ཨོ་རྒྱན།
    འོང་། དེ་འདྲས་ཀྱི་དེ་ནི་ཆོས་ཀྱི་རྒྱལ་པོ་མེ་དབོན་གྱི་རིང་ལ་ཆོས་ཀྱི་རྒྱལ་པོ་མེས་དབོན་སྣ་གསུམ། ད་མེས་དབོན་སྣ་གསུམ་ཟེར་ཡསད་ཆོས་ཀྱི་རྒྱལ་པོ་དེ་ནི། སྲོང་བཙན་སྒམ་པོ་བྱས་ཁྲི་སྲོང་ལྡེ་བཙན་བྱས། དེ་ནི་མངའ་བདག་ཁྲི་རལ་པ་ཅན་བྱས་དེ་གས་དེ་བོད་ལ་ཆ་བཞག་ན་མེས་དབོན་སྣ་གསུམ་བྱས།
    'ong /_de 'dras kyi de ni chos kyi rgyal po me dbon gyi ring la chos kyi rgyal po mes dbon sna gsum/_da mes dbon sna gsum zer yas.d chos kyi rgyal po de ni/_srong btsan sgam po byas khri srong lde btsan byas/_de ni mnga' bdag khri ral pa can byas de gas de bod la cha bzhag na mes dbon sna gsum byas/
  • ནོར་བྲང་ཨོ་རྒྱན།
    མེས་དབོན་སྣ་གསུམ་ཡིན་ནའི་ཟེར་གྱི་ཡོའོ་རེད་པ། བྱས་ཙང་། མཆོག་དམན་མཐའ་དག་ལ་སེམས་ཀྱི་རི་དྭགས་རང་ཉམས་སུ་འཁྱམས་པར་མི་ནུས་པ་སེམས་ཀྱི་རི་དྭགས་གང་བྱུང་མ་བྱུང་དཔེར་ན། ཆོས་དང་མི་འགལ་བའི་རྦད་དེ་དེ་འདྲས་ཀྱི་ཚུལ་མིན་བྱ་བ་དེ་འདྲས་ཀྱི་རྦད་དེ། རང་ཉམས་འཁྱམས་པར་མི་ནུས་པའི་ཞགས་པ་དམ་པོས་ཨ་ནི་ཡངས་པའི་རྒྱལ་ཁམས་ཐམས་ཅད་ལ་ཆོས་བཞིན་དུ་སྐྱོངས་བའི་དེ་ནི།
    mes dbon sna gsum yin na'i zer gyi yo'o red pa/_byas tsang /_mchog dman mtha' dag la sems kyi ri dwags rang nyams su 'khyams par mi nus pa sems kyi ri dwags gang byung ma byung dper na/_chos dang mi 'gal ba'i rbad de de 'dras kyi tshul min bya ba de 'dras kyi rbad de/_rang nyams 'khyams par mi nus pa'i zhags pa dam pos a ni yangs pa'i rgyal khams thams cad la chos bzhin du skyongs ba'i de ni/
  • ནོར་བྲང་ཨོ་རྒྱན།
    རྒྱལ་ཁམས་ཐམས་ཅད་ལས་རང་སར་བདེ་བའི་ཁྲིམས་ཀྱི་བྱ་བ་མཐའ་ཀླས་པ། དེ་ནི་ཁྲིམ་ཀྱིས་སྐྱངས་བྱས་དེ་འདྲས་རེད། ཟེར།
    rgyal khams thams cad las rang sar bde ba'i khrims kyi bya ba mtha' klas pa/_de ni khrim kyis skyangs byas de 'dras red/_zer/
  • ནོར་བྲང་ཨོ་རྒྱན།
    དེ་ལ་ཡིན་ན་ཡིད་འཕྲོག་མའི་གཏམ་རྒྱུད་ཆོས་ཀྱི་རྒྱལ་པོ་ནོར་བཟང་གི་བྱུང་བ་བརྗོད་པ་ལས། ནོར་བཟང་ཟེར་ཡས་དེ་ནི་རྒྱ་གར་གྱི་རྒྱ་གར་ལ་བྱུང་བ་ད་ལྟ་རྟོགས་བརྗོད་དཔག་བསམ་ཁྲི་ཤིང་ནང་ལ་ཡོད་པ། དེ་འདྲས་ཅིག་རེད་པ་བྱས་ཙང་། དེའི་ནང་ལ་ཡིན་ནའི་ཆ་བཞག་ན།
    de la yin na yid 'phrog ma'i gtam rgyud chos kyi rgyal po nor bzang gi byung ba brjod pa las/_nor bzang zer yas de ni rgya gar gyi rgya gar la byung ba da lta rtogs brjod dpag bsam khri shing nang la yod pa/_de 'dras cig red pa byas tsang /_de'i nang la yin na'i cha bzhag na/
  • ནོར་བྲང་ཨོ་རྒྱན།
    བྱང་ཕྱོགས་ལྔ་ལྡན་སྐྱིད་ཅིང་རྒྱལ་བ་དེ། རྒྱལ་པོ་དེ་ཡི་རྒྱལ་ཁྲིམས་ཆོས་བཞིན་སྤྱད་པ་དང་ཟེར། དེ་ནི་འབངས་འཁོར་གཡོག་རྣམས་ཀྱིས་རྒྱལ་པོའི་བཀའ་ལ་་ཉན་པས་སྐྱིད་པ་ཡིན་ཞེས་དོན་དང་མཐུན་པར་གྱུར་ཅིང་། བྱང་ཕྱོགས་ལྔ་ལྡན་ཟེར་ཡས་དེ་སྐྱིད་ཅིང་རྒྱག་པ་དེ་ནི་གང་ལ་བརྟེན་ནས་བྱུང་པ་ཟེར་ན། རྒྱལ་པོ་དེ། དེ་ནི་རྒྱལ་ཁྲིམས་ཆོས་བཞིན་དུ་སྤྱད་པ་དང་། འབངས་འཁོར་གཡོག་རྣམས་ཀྱིས་ཀྱང་། ཨ་ནི་རྒྱལ་པོའི་བཀའ་ལ་ཉན་པའི་སྐྱིད་པ་ཡིན་ཞེས་པའི་དོན་དང་། མཐུན་པར་གྱུར་ཅིང་།
    byang phyogs lnga ldan skyid cing rgyal ba de/_rgyal po de yi rgyal khrims chos bzhin spyad pa dang zer/_de ni 'bangs 'khor g.yog rnams kyis rgyal po'i bka' la nyan pas skyid pa yin zhes don dang mthun par gyur cing /_byang phyogs lnga ldan zer yas de skyid cing rgyag pa de ni gang la brten nas byung pa zer na/_rgyal po de/_de ni rgyal khrims chos bzhin du spyad pa dang /_'bangs 'khor g.yog rnams kyis kyang /_a ni rgyal po'i bka' la nyan pa'i skyid pa yin zhes pa'i don dang /_mthun par gyur cing /
  • ནོར་བྲང་ཨོ་རྒྱན།
    དེ་ཡང་ཁྲིམས་ནི། བོད་རྒན་པོ་ཡ་རབས་རྣམས་ཀྱིས་གླེང་བའི་སྲིད་པའི་ཁོག་རུབ་ཆེན་པོ་དོན་་སུམ་ཅུ་སོ་གཉིས་། ད་ཡང་ཁྲིམས་ལ་ཆ་བཞག་ན་ད་ཆོས་ཀྱི་གནས་ཚུལ་ལ་ཆ་བཞག་ན་འདི་འདྲས་གཅིག་རེད་ཟེར།
    de yang khrims ni/_bod rgan po ya rabs rnams kyis gleng ba'i srid pa'i khog rub chen po don sum cu so gnyis /_da yang khrims la cha bzhag na da chos kyi gnas tshul la cha bzhag na 'di 'dras gcig red zer/
  • ནོར་བྲང་ཨོ་རྒྱན།
    དེ་ཡང་ཁྲིམས་ཀྱི་གནས་ཚུལ་ཆ་བཞག་ན། བོད་ཀྱི་རྒན་པོ་ཡ་རབས་རྣམས་ཀྱིས་གླེང་བའི་སྲིད་པའི་ཁོག་རུབ་ཆེན་པོ་ལ་དོན་སུམ་ཅུ་རྩ་གཉིས། སུམ་ཅུ་རྩ་གཉིས་དེ་ད་ཕལ་ཆེར། སུམ་ཅུ་སོ་གཉིས་སུ་གྲགས་པའི་བཅུ་དགུ་པ་ཁྲིམས་ཆེན་པོ་ཁོད་སོ་དྲུག་ཚན་དྲུག་གི་དང་པོ་བཀའ་ཡི་ཁྲིམས་ཆེན་པོ་དྲུག་གི་དང་པོ་ལ། ད་ཡིན་ན་དང་པོ་ལ། བོད་ལ་ཆ་བཞག་ན་སྲོང་བཙན་གྱི་དེ་ནི་སྐབས་མཛད་པའི་ཁ་གཏུག་ཡིན་ནའི་རེད།
    de yang khrims kyi gnas tshul cha bzhag na/_bod kyi rgan po ya rabs rnams kyis gleng ba'i srid pa'i khog rub chen po la don sum cu rtsa gnyis/_sum cu rtsa gnyis de da phal cher/_sum cu so gnyis su grags pa'i bcu dgu pa khrims chen po khod so drug tshan drug gi dang po bka' yi khrims chen po drug gi dang po la/_da yin na dang po la/_bod la cha bzhag na srong btsan gyi de ni skabs mdzad pa'i kha gtug yin na'i red/
  • ནོར་བྲང་ཨོ་རྒྱན།
    ཁྲིམས་བཟོས་པ་དེ་འདྲས་གཅིག་ཁོད་སོ་ཅུ་སོ་དྲུག་ཟེར་ཡས་གཅིག་ཡོའོ་རེད་པ། བཀའ་ཡི་ཁྲིམས་ཆེན་པོ་དྲུག་གི་དང་པོ་ལ། ཁྲི་རྩེ་འབུམ་གཞེར་གྱི་ཁྲིམས་དེ་ནས་སྲིད་པ་དང་། ཁོད་སྟོན་པ་དེ་ཡང་དབྱེབ་དྲུག་ཡོད་པ་ནི། ཟེར།
    khrims bzos pa de 'dras gcig khod so cu so drug zer yas gcig yo'o red pa/_bka' yi khrims chen po drug gi dang po la/_khri rtse 'bum gzher gyi khrims de nas srid pa dang /_khod ston pa de yang dbyeb drug yod pa ni/_zer/
  • ནོར་བྲང་ཨོ་རྒྱན།
    བོད་ཀྱི་རུ་ཆེན་ལྔ་་ཏུ་ཕྱེ་བ། ཡུལ་གྱི་གཉིས་པ། བོད་ཀྱི་ཡུལ་ཆེན་ལྔ་རུ་ཕྱེ་བ། ཡུལ་གྱི་དབར་རིས་རྣམ་པ་བཅོ་བརྒྱད་དུ་བཅད་པ། གསུམ་པ། རྒོད་ཀྱི་སྟེང་སྡེ་དྲུག་ཅུ་རྩ་གཅིག་རུ་ཕྱེ་བ། བཞི་པ། གཡུང་གི་མི་སྡེ་དང་ཡང་ 
    bod kyi ru chen lnga tu phye ba/_yul gyi gnyis pa/_bod kyi yul chen lnga ru phye ba/_yul gyi dbar ris rnam pa bco brgyad du bcad pa/_gsum pa/_rgod kyi steng sde drug cu rtsa gcig ru phye ba/_bzhi pa/_g.yung gi mi sde dang yang _
  • ནོར་བྲང་ཨོ་རྒྱན།
    ལྔ་པ་ཞང་གསུམ་བློན་བཅས་ཀྱིས་དབུས་ཀྱི་འདུན་ས་འཛིན་པ། དྲུག་པ། དཔའ་སྡེ་གསུམ་གྱིས་མཐའི་སོ་ཁ་སྲུང་བ་བཅས་ཁྲིམས་ལུགས་འདི་སྲིད་འཛིན་གྱི་སྒྲིག་གཞི་་ལ་སོགས་པའི་གནད་དོན་སྐོར་གྱི་ཁྲིམས་ལུགས་ཡིན། དེ་ཚང་མ་སྐབས་དེ་དུས་ཨ་ནི། སྔ་མ་གཏན་འབེབས་གནང་པ། སྲིད་འཛིན་གྱི་སྒྲིག་གཞི་ལ་སོགས་པ་ཁྲིམས་ལུགས་ཀྱི་གནད་དོན་རྐྱང་རྐྱང་རེད།
    lnga pa zhang gsum blon bcas kyis dbus kyi 'dun sa 'dzin pa/_drug pa/_dpa' sde gsum gyis mtha'i so kha srung ba bcas khrims lugs 'di srid 'dzin gyi sgrig gzhi la sogs pa'i gnad don skor gyi khrims lugs yin/_de tshang ma skabs de dus a ni/_snga ma gtan 'bebs gnang pa/_srid 'dzin gyi sgrig gzhi la sogs pa khrims lugs kyi gnad don rkyang rkyang red/
  • ནོར་བྲང་ཨོ་རྒྱན།
    གཉིས་པ་ལ། གསེར་ཐང་ཤ་བ་ཅན་གྱི་ཁྲིམས་ཟེར་ཡས་དེ་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་གཏན་ལ་ཕབ་པའི་ཁྲིམས་ཡིན། འབོ་ལ་ཤར་ཡས་རེད། ཉ་ག་བཏེགས་ཡས་རེད། འཇལ་གཤོར་འདེགས་གསུམ་གྱི་འོང་། ཚད་གཞི་གཏན་ལ་ཕབ་ཡས་ཀྱི་ཁྲིམས་ཡིན་པ། གསེར་ཐང་ཤ་བ་ཅན་གྱི་ཁྲིམས་ཟེར་ཡས་དེ།
    gnyis pa la/_gser thang sha ba can gyi khrims zer yas de 'jal gshor 'degs gsum gyi tshad gzhi gtan la phab pa'i khrims yin/_'bo la shar yas red/_nya ga btegs yas red/_'jal gshor 'degs gsum gyi 'ong /_tshad gzhi gtan la phab yas kyi khrims yin pa/_gser thang sha ba can gyi khrims zer yas de/
  • ནོར་བྲང་ཨོ་རྒྱན།
    གསུམ་པ་དེ་རྒྱལ་ཁམས་དཔེ་བླངས་ཀྱི་ཁྲིམས་ཟེར། སྤྱི་ཚོགས་ནང་ཡོངས་ཁྱབ་ཏུ་གནས་པའི་སྤྱོད་ཚུལ་སྣ་ཚོགས་དཔེར་བླངས་ཏེ། ལེགས་ད་ག་ནང་ལྟར་བཀག་དགོས་ཡས་ལ་སོགས་པ། དེ་འདྲས་ཀྱི་ཁྲིམས་དེ་ལ་ནང་གསེས་དབྱེ་བ་རྒྱལ་ཁྲིམས་བཅོ་ལྔ་དང་། ཁྲིམས་ཆེན་བདུན། མི་ཆོས་གཙང་མ་བཅུ་དྲུག་བཅས་ཁྲིམས་སུམ་ཅུ་སོ་དྲུག སུམ་བཅུ་སོ་བརྒྱད་བསྡུས་ཡོད་བྱས་ནས་དེ་འདྲས་གསུངས་ཀྱི་ཡོད།
    gsum pa de rgyal khams dpe blangs kyi khrims zer/_spyi tshogs nang yongs khyab tu gnas pa'i spyod tshul sna tshogs dper blangs te/_legs da ga nang ltar bkag dgos yas la sogs pa/_de 'dras kyi khrims de la nang gses dbye ba rgyal khrims bco lnga dang /_khrims chen bdun/_mi chos gtsang ma bcu drug bcas khrims sum cu so drug_sum bcu so brgyad bsdus yod byas nas de 'dras gsungs kyi yod/
  • ནོར་བྲང་ཨོ་རྒྱན།
    བཞི་པ་དེ་ཡིན་ན་མདོ་ལོན་ཞུས་བཅད་ཀྱི་ཁྲིམས་ཏེ་ཉེས་དོན་ཁྲིམས་སར་ཞུ་གཏུགས་བྱེད་མཁན་གཉིས་ཞུ་དོན་ལ་བདེན་བརྫུན་བརྟགས་པའི་མཐར་ཁ་དྲག་པའི་མི་ཁ་མ་སྐྱེངས་ཙམ་དང་། ད་དེ་འདྲས་ཀྱི་བདེན་བརྫུན་བརྟགས་པའི་མདོ་ལོན་ཞུས་བཅད་ཀྱི་ཁྲིམས་ལ་ཡིན་ན། གཅིག་གི་ཁྲིམས་ས་ལ་གཏུགས་པའི་མིའི་ཁ། ཁ་དྲག་པའི་མིའི་ཁ་མི་གཅིག་གི་བཞེད་སྣང་ཚ་དེ་གས་དེ། དེ་གས་དེ་ཡིན་ན་དཔའ་བོ་ལ་སོགས་པ། ཁ་སྐྱེངས་ཙམ་ཟེར་ན། དེ་ཡང་ཉམས་ཆུང་གི་སྐྱོ་པོ་དེ་གས་དེ་ཡིན་ན་ཁྲིམས་ཐག་བཅད་ལུགས་གནད་དོན་སྐོར་གྱི་ཁྲིམས་ཡིན་ཟེར།
    bzhi pa de yin na mdo lon zhus bcad kyi khrims te nyes don khrims sar zhu gtugs byed mkhan gnyis zhu don la bden brdzun brtags pa'i mthar kha drag pa'i mi kha ma skyengs tsam dang /_da de 'dras kyi bden brdzun brtags pa'i mdo lon zhus bcad kyi khrims la yin na/_gcig gi khrims sa la gtugs pa'i mi'i kha/_kha drag pa'i mi'i kha mi gcig gi bzhed snang tsha de gas de/_de gas de yin na dpa' bo la sogs pa/_kha skyengs tsam zer na/_de yang nyams chung gi skyo po de gas de yin na khrims thag bcad lugs gnad don skor gyi khrims yin zer/
  • ནོར་བྲང་ཨོ་རྒྱན།
    ལྔ་པ་དཀོན་མཆོག་གི་ཆོས་ཁྲིམས་ནི་དགེ་བ་དང་དུ་ལེན་དགོས་པ་དང་བཅས་པའི་སོགས་པའི་ཁྲིམས་ལ་གསུངས་པ་ཡིན་པ་འདྲ་ཟེར། ད་དཀོན་མཆོག་ཁྲིམས་དེ་ནི་དགེ་བ་དང་དུ་ལེན་པའི་དེ་ནི་ཁྲིམས་དེ་ནི་དགེ་སློང་གི་དགེ་བ་བསྲུང་བ་ལ་སོགས་པ་དེ་ཚོས་ཁྲིམས་གསུངས་པ་ཡིན་པ་འདྲ་ཟེར། 
    lnga pa dkon mchog gi chos khrims ni dge ba dang du len dgos pa dang bcas pa'i sogs pa'i khrims la gsungs pa yin pa 'dra zer/_da dkon mchog khrims de ni dge ba dang du len pa'i de ni khrims de ni dge slong gi dge ba bsrung ba la sogs pa de tshos khrims gsungs pa yin pa 'dra zer/_
  • ནོར་བྲང་ཨོ་རྒྱན།
    དྲུག་པ་ནི་ཇོ་མོ་མངའ་བདག་གི་ཁྲིམས་ཏེ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་རབ་ཏུ་བྱུང་བའི་མཚན་ཇོ་མོ་བྱང་ཆུབ་ཀྱིས་བཅས་པའི་ཁྲིམས་དང་བཅས་དྲུག་ཏུ་ཕྱེ་བས། བྱ་བ་ངན་པར་བཞུགས་པ་ལ་ཆད་པ་གཅོད་ཅིང་། བཟང་པོ་བྱེད་མཁན་བྱ་དགའ་སྟེར་བས། ད་བྱ་བ་ངན་པ་བྱེད་མཁན་ལ་ཆད་པ་བྱེད་ཡས་དང་བཟང་པོ་བྱེད་མཁན་ལ་ཡིན་ན་ད་བྱ་དགའ་སྟེར་ཡས། མི་དྲེགས་པ་ཅན་ལ་མཐོ་བའི་དེ་ནི་མི་དྲེགས་པ་ཅན་ལ་དེ་ཚོའི་རྦད་དེ་གཉའ་ནས་གནོན་ཡས། ཉམ་ཆུང་ཉིད་ཀྱི་དཔེར་ན་དམའ་བའི་ཐབས་ཀྱིས་སྐྱོང་བའི་དེ་ནི་བཀའ་ཁྲིམས་ཀྱི་སྲོལ་བཟང་པོའི་འོད་སྣང་གིས་སྲིད་རྩེའི་བར་དུ་ཁྱབ་པའི་བདེ་སྐྱིད་ཀྱི་པུཎྜ་རི་ཀ་པདྨ་དཀར་པོ་ཆེས་ཆེར་རྒྱས་པ་བར་སྐབས་སུ་འོང་ད་དེ་འདྲས་ཀྱིས། དམའ་བ་རྣམས་ཀྱི་དེ་ནི་བདེ་སྐྱིད་པདྨ་དཀར་པོའི། པུཎྜ་རི་ཀ་ཟེར་ཡས་དེ་ནི་པདྨའི་དོན་དག་རེད་པ།
    drug pa ni jo mo mnga' bdag gi khrims te khri srong lde btsan gyi btsun mo 'bro bza' khri rgyal mo btsun rab tu byung ba'i mtshan jo mo byang chub kyis bcas pa'i khrims dang bcas drug tu phye bas/_bya ba ngan par bzhugs pa la chad pa gcod cing /_bzang po byed mkhan bya dga' ster bas/_da bya ba ngan pa byed mkhan la chad pa byed yas dang bzang po byed mkhan la yin na da bya dga' ster yas/_mi dregs pa can la mtho ba'i de ni mi dregs pa can la de tsho'i rbad de gnya' nas gnon yas/_nyam chung nyid kyi dper na dma' ba'i thabs kyis skyong ba'i de ni bka' khrims kyi srol bzang po'i 'od snang gis srid rtse'i bar du khyab pa'i bde skyid kyi puN+D ri ka pad+ma dkar po ches cher rgyas pa bar skabs su 'ong da de 'dras kyis/_dma' ba rnams kyi de ni bde skyid pad+ma dkar po'i/_puN+D ri ka zer yas de ni pad+ma'i don dag red pa/
  • ནོར་བྲང་ཨོ་རྒྱན།
    གཅིག་གི་དེ་འདྲས་ཀྱི་ད་རྒྱལ་པོའི་ཆོས་སྲིད་གཉིས་ཀྱི་དེ་ནི་ད་ཁྲིམས་དེ་ཉི་མ་ཤར་ར་ལྟ་བུ་ཡོད་དུས་ཙམ་པ་དེ་ནི། གཅིག་གི་ད་དེ་ནི། དམངས་ཚོགས་ཀྱི་བདེ་སྐྱིད་དེ་ཡིན་ན།  དེ་ནི་པདྨ་དཀར་པོ་ཆེས་ཆེར་རྒྱས་པའི་སྐབས་སུ་ལྟ་བུ་ལ།  འོང་། 
    gcig gi de 'dras kyi da rgyal po'i chos srid gnyis kyi de ni da khrims de nyi ma shar ra lta bu yod dus tsam pa de ni/_gcig gi da de ni/_dmangs tshogs kyi bde skyid de yin na/__de ni pad+ma dkar po ches cher rgyas pa'i skabs su lta bu la/__'ong /_
  • ནོར་བྲང་ཨོ་རྒྱན།
    བར་སྐབས་ལ་ཆ་བཞག་ན་བོན་གྱི་ལུགས་ལ་ཞེན་པ་དེ་ནི། སྡིག་བློན་མི་གཙང་བའི་འདམ་གྱི་དྲི་མས་ཅུང་ཟད་སྦགས་པ་རྣམས་ལྷག་མ་ཙམ་ཡང་མ་ལུས་པར་སླར་ཡང་། ཡང་དག་པར་བྱི་དོར་མཛད་དེ་ད་དེ་གས་དེ་བར་སྐབས་ཡིན་ན་ད་དེ་ཁྲི་སྲོང་དང་ད་ག་ནང་ལྟར་འོང་སྲོང་བཙན་སྐུ་དུས། རྗེས་ལ་ད་ཁྲི་སྲོང་དང་ལ་སོགས་པ་དེ་འདྲས་ཀྱི་ཐོག་ལ་ད་ཡིན་ན།
    bar skabs la cha bzhag na bon gyi lugs la zhen pa de ni/_sdig blon mi gtsang ba'i 'dam gyi dri mas cung zad sbags pa rnams lhag ma tsam yang ma lus par slar yang /_yang dag par byi dor mdzad de da de gas de bar skabs yin na da de khri srong dang da ga nang ltar 'ong srong btsan sku dus/_rjes la da khri srong dang la sogs pa de 'dras kyi thog la da yin na/
  • ནོར་བྲང་ཨོ་རྒྱན།
    སྡིག་བློན་གྱི་དེ། སྡིག་བློན་མི་གཙང་བའི་བོན་པོའི་ལུགས་ལ་ཞེན་པའི་དེ་ནི་སྡིག་བློན་མི་གཙང་བ་རྣམས་ཀྱིས་ཅུང་ཟད་སྐྱོན་ཤོར་ར་དེ་གས་དེ། ཡིན་ནའི་ལྷག་མ་མ་ལུས་པར་ཟེར། ཡང་དག་པར་བྱི་དོར་མཛད་ནས་ད་ཡང་དག་པ་རྦད་དེ་བཟོས་ནས་རེད་པ།
    sdig blon gyi de/_sdig blon mi gtsang ba'i bon po'i lugs la zhen pa'i de ni sdig blon mi gtsang ba rnams kyis cung zad skyon shor ra de gas de/_yin na'i lhag ma ma lus par zer/_yang dag par byi dor mdzad nas da yang dag pa rbad de bzos nas red pa/
  • ནོར་བྲང་ཨོ་རྒྱན།
    ཡང་པའི་ནོར་འཛིན་གྱི་ཁྱོན་ཀུན་ཏུ་ཆོས་དང་མཐུན་པའི་དེ་ནི་ཨེ་་། ཆོས་དང་མཐུན་པའི་ཡུག་་གཅིག་གི་དེ་ནི་ཁྱབ་པར་དྲིལ་བསྒྲགས་པ་ཟེར། ད་རྒྱལ་ཡོངས་ཀུན་ལ་དེ་ནི་རྦད་དེ་དམ་པའི་ཆོས་དང་མཐུན་པར་ཡུག་གཅིག་ཏུ་ཁྲབ་པར་དྲིལ་བསྒྲགས་པ་ལྟ་བུ། ཡིན་ཟེར།
    yang pa'i nor 'dzin gyi khyon kun tu chos dang mthun pa'i de ni e /_chos dang mthun pa'i yug gcig gi de ni khyab par dril bsgrags pa zer/_da rgyal yongs kun la de ni rbad de dam pa'i chos dang mthun par yug gcig tu khrab par dril bsgrags pa lta bu/_yin zer/
  • ནོར་བྲང་ཨོ་རྒྱན།
    གཞན་ཡང་སྨན་གྱི་བཅོས་ལུགས་བཞི་སྟེ་ཟེར་ན། ད་དེ་ཙམ་མ་ཡིན་པ་ཡང་། ད་དེ་ཁྲིམས་ལུགས་གནད་དོན་གཅིག་ད་ཡང་སྨན་གྱི་བཅོས་ལུགས་བཞི་ཟེར། ཟས་དང་སྤྱོད་པ་དང་སྨན་དང་། དཔྱད་པ་བཞིའི་སྒོ་ནས་ནད་གཞི་བཅོས་ལུགས་དང་། ལྐོག་གྱུར་གྱི་དཔྱད་མཁན་གྱི་གབ་རྩེ་ལྔ། ཟེར་ན།
    gzhan yang sman gyi bcos lugs bzhi ste zer na/_da de tsam ma yin pa yang /_da de khrims lugs gnad don gcig da yang sman gyi bcos lugs bzhi zer/_zas dang spyod pa dang sman dang /_dpyad pa bzhi'i sgo nas nad gzhi bcos lugs dang /_lkog gyur gyi dpyad mkhan gyi gab rtse lnga/_zer na/
  • ནོར་བྲང་ཨོ་རྒྱན།
    ད་གཙུག་ལག་གི་གབ་རྩེ་ལྔ་ཟེར་ཡས་དེ་ཡིན་ན། གཙུག་ལག་འབྱུང་རྩིས་ཀྱི་ནང་ལ་ཆ་བཞག་ན། དེ་ནི་གལ་སྲིད་དཔྱད་བྱར་ཡིན་ན། སྡོང་པོ་ཀུན་བཏུས་ཤིང་གི་རྒྱུད། སྣང་གསལ་སྒྲོན་མེའི་རྒྱུད། རིན་ཆེན་ཀུན་བཏུས་སའི་རྒྱུད། པ་ལ་པ་ཌ་ལྕགས་ཀྱི་རྒྱུད། བདུད་རྩི་བུམ་པ་ཆུའི་རྒྱུད། ཟེར་མཁན་དེ་འདྲས་ཡིན་ན་ཡོའོ་རེད་པ།
    da gtsug lag gi gab rtse lnga zer yas de yin na/_gtsug lag 'byung rtsis kyi nang la cha bzhag na/_de ni gal srid dpyad byar yin na/_sdong po kun btus shing gi rgyud/_snang gsal sgron me'i rgyud/_rin chen kun btus sa'i rgyud/_pa la pa Da lcags kyi rgyud/_bdud rtsi bum pa chu'i rgyud/_zer mkhan de 'dras yin na yo'o red pa/
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་གཙུག་ལག་གབ་རྩེ་ལྔ་དང་ད་ག་ནང་ལྟར་ཡ་རབས་ཀྱི་རྐྱེན་བདུན། རྐྱེན་བདུན་ཟེར་ཡས་དེ་ད་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ནང་ལ་ཡ་རབས་ཀྱི་རྐྱེན་བདུན་ཅེས་པ་ལ།
    byas tsang gtsug lag gab rtse lnga dang da ga nang ltar ya rabs kyi rkyen bdun/_rkyen bdun zer yas de da dpyid kyi rgyal mo'i glu dbyangs nang la ya rabs kyi rkyen bdun ces pa la/
  • ནོར་བྲང་ཨོ་རྒྱན།
    མཁས་པ་དེ་ནི་མཁས་པ། མཁས་ལ་བྱ་དགོས་པ་བདུན་རུ་གོ་དགོས་རུང་། ལྟ་བུ་དང་།
    mkhas pa de ni mkhas pa/_mkhas la bya dgos pa bdun ru go dgos rung /_lta bu dang /
  • ནོར་བྲང་ཨོ་རྒྱན།
    རྐྱེན་གྱི་ཡ་རབས་འབྱུང་བའི་རྐྱེན་ནམ་ཐབས་ལྟ་བུ་ལ་གོ་དགོས་པ། གང་ལྟར་ཡང་ཡ་རབས་ཀྱི་ལ་སྤྱོད་པ་མཁས་པའམ་ཡང་ན་དེའི་རྐྱེན་ལ་འབད་དགོས་པ་བདུན་ནི། གང་ཡིན་ངེས་པ་རྙེད་པ་ཞིག་ཞུ་མི་འཚལ་ཡང་། རེ་ཞིག་དཔྱད་གཞིའི་ཚུལ་དུ་ཁྲིམས་ཆེན་བདུན་ཞེས་པར་ངོས་འཛིན་པ་ཡིན།
    rkyen gyi ya rabs 'byung ba'i rkyen nam thabs lta bu la go dgos pa/_gang ltar yang ya rabs kyi la spyod pa mkhas pa'am yang na de'i rkyen la 'bad dgos pa bdun ni/_gang yin nges pa rnyed pa zhig zhu mi 'tshal yang /_re zhig dpyad gzhi'i tshul du khrims chen bdun zhes par ngos 'dzin pa yin/
  • ནོར་བྲང་ཨོ་རྒྱན།
    ཁྲིམས་ཆེན་བདུན་ཟེར་ན། གང་འདྲས་རེད་ཟེར་ན། རྒྱལ་ཁམས་དཔེ་བླངས་ཁྲིམས་ཀྱི་ནང་གསེས་གཉིས་པ་ཁྲིམས་ཆེན་བདུན་ནི། ཟེར།
    khrims chen bdun zer na/_gang 'dras red zer na/_rgyal khams dpe blangs khrims kyi nang gses gnyis pa khrims chen bdun ni/_zer/
  • ནོར་བྲང་ཨོ་རྒྱན།
    སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ། མིའི་སྲོག་གཅོད་པ་དང་ད་ག་ནང་ལྟར་གྱི་དཔེར་ན་རྐུ་མ་རྒྱག་པ་སོག་པ་མ་བྱིན་པ་ལེན་པ། དེ་ཡང་ལོག་པར་གཡེམ་བྱེད་པ།  ད་ག་ནང་ལྟར་བརྫུན་དུ་སྨྲ་བ། དེ་ནི་རྩ་བ་བཞིའི་སྒང་ལ་དེ་ནི་ཆང་བསྣན་པ་དང་། འོང་དེ་ནི། འབངས་འབངས་ཀྱིས་དེ་ནི་རྒྱལ་པོ་ལ་གྱེན་ལོག་མི་ཆོག་པ་དང་།  བང་སོ་མི་འདྲུ་བ་དང་། དེ་ནི་བཙན་པོའི་བང་ཙོ་མི་འདྲུ་བ་དང་གཅིག་བྱས་དེ་འདྲས་ཀྱི་ཁྲིམས་དང་། ཀུན་སྤྱོད་ལ་གཏོགས་པའི་ཁྲིམས་སྲོལ་བདུན་གྱི་བླང་དོར་ལ་ཚུལ་བཞིན་སྤྱོད་པ་ནི་ཡ་རབས་ཀྱི་དྲ་མ་འབྱུང་བའི་རྐྱེན་དུ་ངོས་འཛིན་ཟེར།
    srog gcod pa dang /_ma byin pa len pa/_mi'i srog gcod pa dang da ga nang ltar gyi dper na rku ma rgyag pa sog pa ma byin pa len pa/_de yang log par g.yem byed pa/__da ga nang ltar brdzun du smra ba/_de ni rtsa ba bzhi'i sgang la de ni chang bsnan pa dang /_'ong de ni/_'bangs 'bangs kyis de ni rgyal po la gyen log mi chog pa dang /__bang so mi 'dru ba dang /_de ni btsan po'i bang tso mi 'dru ba dang gcig byas de 'dras kyi khrims dang /_kun spyod la gtogs pa'i khrims srol bdun gyi blang dor la tshul bzhin spyod pa ni ya rabs kyi dra ma 'byung ba'i rkyen du ngos 'dzin zer/
  • ནོར་བྲང་ཨོ་རྒྱན།
    དེ་ནི་མཛངས་པའི་མི་བཅུ་གཉིས་ཟེར་ཡས་དེ་ཡང་ད་དེ་མཛངས་པའི་མི་བཅུ་གཉིས་ཟེར་ཡས་དེ་ཡིན་ན་མཛངས་པའི་ཨེ་དེ་ནི་དེ་གཅིག་རེད།
    de ni mdzangs pa'i mi bcu gnyis zer yas de yang da de mdzangs pa'i mi bcu gnyis zer yas de yin na mdzangs pa'i e de ni de gcig red/
  • ནོར་བྲང་ཨོ་རྒྱན།
    མཛངས་ལ་ཡིག་ཚང་མ་བསྟོད་ན། ཕྱིན་ཆད་མཛངས་ངན་ཤན་མི་ཕྱེད། ཞེས་གསུང་པའི་སྤྱི་འགྲོས་ལྟར་ཁོད་སོ་དྲུག་གི་ནང་གསེས་ཀྱི་ཡིག་ཚང་དགུ་ཅེས་པ་ལ་རབ་ལ་གཡུ་ཡིག་དང་། གསེར་ཡིག འབྲིང་ལ་དངུལ་ཡིག་དང་ཕྲ་མེན་གྱི་ཡི་གེ། ཐ་མར་ཟངས་ཡིག་དང་། ལྕགས་ཡིག་བཅས་དེ་དག་རེ་རེ་ལའང་ཆེ་བ་དང་། ཆུང་བའི་ཁྱད་པར་གཉིས་གཉིས་ཡོད་པས་ཕྱེ་བ་མཛངས་པའི་མཚོན་རྟགས་ཡི་གེ་བཅུ་གཉིས་བྱུང་བ་དེ་ཡིན་ཟེར།
    mdzangs la yig tshang ma bstod na/_phyin chad mdzangs ngan shan mi phyed/_zhes gsung pa'i spyi 'gros ltar khod so drug gi nang gses kyi yig tshang dgu ces pa la rab la g.yu yig dang /_gser yig_'bring la dngul yig dang phra men gyi yi ge/_tha mar zangs yig dang /_lcags yig bcas de dag re re la'ang che ba dang /_chung ba'i khyad par gnyis gnyis yod pas phye ba mdzangs pa'i mtshon rtags yi ge bcu gnyis byung ba de yin zer/
  • ནོར་བྲང་ཨོ་རྒྱན།
    མཛངས་པའི་མི་བཅུ་གཉིས་ཟེར་ཡས་དེ། དེས་མཛངས་པའི་མི་བཅུ་གཉིས་སམ། ཡང་ན་ཡི་གེ་མ་དག་པས་མཛངས་པའི་མི་བཅུ་གཉིས་གསུངས་པ་གང་ཡིན་དཔྱད་གཞིའི་ཚུལ་དུ་བཀོད་པ་ལགས། ཟེར།
    mdzangs pa'i mi bcu gnyis zer yas de/_des mdzangs pa'i mi bcu gnyis sam/_yang na yi ge ma dag pas mdzangs pa'i mi bcu gnyis gsungs pa gang yin dpyad gzhi'i tshul du bkod pa lags/_zer/
  • ནོར་བྲང་ཨོ་རྒྱན།
    ཕོ་ཏང་གི་ཉེར་བརྒྱད་དང་མོ་ཏང་གི་ཉེར་བཅུ་གཉིས། འདི་གཉིས་དེ་ནི་ད། ད་ཕོ་ཏང་གི་ཉེར་བརྒྱད་དང་མོ་ཏང་གི་ཉེར་བཅུ་གཉིས། ད་ག་ནང་ལྟར་ཁོད་སོ་དྲུག་གི་ནང་གསེས་བཞི་བ་ཕྱག་རྒྱ་དྲུག་ནི་རྒྱལ་པོས་ཆབ་སྲིད་སྐྱོང་བའི་སྐབས་མཛད་རྗེས་སུབ་ཏུ་མེད་པ་རྣམས་ཀྱི་ནང་གཙོ་བོ་མཚོན་བྱེད་ཀྱི་རྟགས་མཚན་དེ་ལ་ཕྱག་རག་ཞེས་བྱ་བ་གྲགས་པ་ཡིན།
    pho tang gi nyer brgyad dang mo tang gi nyer bcu gnyis/_'di gnyis de ni da/_da pho tang gi nyer brgyad dang mo tang gi nyer bcu gnyis/_da ga nang ltar khod so drug gi nang gses bzhi ba phyag rgya drug ni rgyal pos chab srid skyong ba'i skabs mdzad rjes sub tu med pa rnams kyi nang gtso bo mtshon byed kyi rtags mtshan de la phyag rag zhes bya ba grags pa yin/
  • ནོར་བྲང་ཨོ་རྒྱན།
    དེ་ཡང་དེ་ནི་རྒྱལ་པོས་བཀའ་རྟགས་ཀྱི་ཕྱག་རྒྱ་སྟེ་བཀའ་ཡིག་མཚོན་བྱེད་ཀྱི་ཕྱག་རྒྱ་ནི་བཀའ་ཤོག་གི་སྒྲོམ་བུ་ཡིན། བཀའ་ཤོག་རྒྱལ་པོའི་བཀའ་ཤོག་གི་སྒྲོམ་བུ་ཡིན། ཁྲོམ་རྟགས་ཀྱི་ཕྱག་རྒྱ་ནི་ག་རེ་ཟེར་ན།
    de yang de ni rgyal pos bka' rtags kyi phyag rgya ste bka' yig mtshon byed kyi phyag rgya ni bka' shog gi sgrom bu yin/_bka' shog rgyal po'i bka' shog gi sgrom bu yin/_khrom rtags kyi phyag rgya ni ga re zer na/
  • ནོར་བྲང་ཨོ་རྒྱན།
    བཙན་པོའི་དམག་དཔུང་དེ་འདྲས་ཆེན་པོ་དེ་འདྲས་ཕར་ལ་འགྲོ་དུས་ཙམ་པ་མཚོན་བྱེད་ཀྱི་ཕྱག་རྒྱ་ནི་རུ་མཚོན་ལྟ་བུ་ཡིན་ཟེར། ད་ང་རང་ཚོ་དེ་རིང་ཁ་སང་གི་དར་ཆའི་ཚོད་འདྲ་པོ་དེ། མཐོན་པོར་སྒྲེང་བ་ན་དེ་ཡིན།ཟེར།
    btsan po'i dmag dpung de 'dras chen po de 'dras phar la 'gro dus tsam pa mtshon byed kyi phyag rgya ni ru mtshon lta bu yin zer/_da nga rang tsho de ring kha sang gi dar cha'i tshod 'dra po de/_mthon por sgreng ba na de yin/zer/
  • ནོར་བྲང་ཨོ་རྒྱན།
    རྒྱལ་པོ་གང་དུ་བཞུགས་པ་ཡུལ་གྱི་ཕྱག་རྒྱའམ་མཚོན་བྱེད་ནི་རྒྱལ་པོའི་སྐུ་མཁར་བཙན་པོ་རྣམས་ཡིན། ཟེར། རྒྱལ་པོ་གང་དུ་ཞུགས་པ་དེ་ནི་ཡུལ་གྱི་ཕྱག་རྒྱ་ཡིན་ན་མཚོན་བྱེད་ཡིན་ན་ནི། རྒྱལ་པོའི་སྐུ་མཁར་བཙན་པོ་དེ་་ཡིན་ཟེར།
    rgyal po gang du bzhugs pa yul gyi phyag rgya'am mtshon byed ni rgyal po'i sku mkhar btsan po rnams yin/_zer/_rgyal po gang du zhugs pa de ni yul gyi phyag rgya yin na mtshon byed yin na ni/_rgyal po'i sku mkhar btsan po de yin zer/
  • ནོར་བྲང་ཨོ་རྒྱན།
    རྒྱལ་པོས་དམ་པའི་ཆོས་སྤེལ་བར་མཛད་པའི་མཚོན་རྟགས་ཀྱི་ཕྱག་རྒྱ་ནི་གཙུག་ལག་ཁང་ལ་སོགས་པའི་ལྷ་ཁང་གསར་དུ་བཞེངས་པ་རྣམས་ཡིན། ཟེར།
    rgyal pos dam pa'i chos spel bar mdzad pa'i mtshon rtags kyi phyag rgya ni gtsug lag khang la sogs pa'i lha khang gsar du bzhengs pa rnams yin/_zer/
  • ནོར་བྲང་ཨོ་རྒྱན།
    དགྲ་བོ་དཔའ་བཀོང་བའི་དཔའ་རྟགས་ཀྱི་ཕྱག་རྒྱ་ནི་གང་ཟེར་ན། དཔའ་བོ་རྣམས་ལ་སྟག་སློག་བཀོན་ཏེ་གཟེངས་སུ་བསྟོད་པ་དང་། རྒྱལ་སྲིད་ཀྱི་བྱ་བ་མཁས་ཤིང་ཤེས་ཡོན་ལྡན་པའམ་མཛངས་རྟགས་ཀྱི་ཕྱག་རྒྱ་ནི་བློན་་པོ་ཆེ་དགུ་ལ་སོགས་པར་གཡུ་དང་གསེར་གྱི་ཡིག་ཚང་གིས་གཟེངས་བསྟོད་རྣམས་ཡིན་ཟེར།
    dgra bo dpa' bkong ba'i dpa' rtags kyi phyag rgya ni gang zer na/_dpa' bo rnams la stag slog bkon te gzengs su bstod pa dang /_rgyal srid kyi bya ba mkhas shing shes yon ldan pa'am mdzangs rtags kyi phyag rgya ni blon po che dgu la sogs par g.yu dang gser gyi yig tshang gis gzengs bstod rnams yin zer/
  • ནོར་བྲང་ཨོ་རྒྱན།
    རྒྱལ་པོའི་གདན་བཞི་ཟེར་ན་ད་སྐབས་དེ་དུས་དེ་ནི་རྒྱལ་ཕྲན་དེ་འདྲས་བཞི་འདུག་ག ནམ་པ་ལྡེ་རྒྱལ་དང་། བལ་པོ་ལི་རྒྱལ་དང་། སུམ་པ་ལྕགས་རྒྱལ་དང་། མོན་རྩེ་རྒྱལ་ཞེས་ཕྱོགས་ཀྱི་རྒྱལ་པོ་བཞིས་དཔྱ་བསྡུས་ནས་འབུལ་བས་། ཟེར་ན་སྐབས་དེ་དུས་ད་ནི་བཙན་པོའི་དུས་སྐབས་ལ་ཆ་བཞག་ན། ཕྱོགས་ཀྱི་རྒྱལ་པོ་བཞིའམ་དེ་ནི་བཙན་པོའི་ཁོངས་སུ་གཏོགས་པ།  དེ་ལ་ཆ་བཞག་ན་ནམ་པ་ལྡེ་རྒྱལ། བལ་པོ་ལི་རྒྱལ། སུམ་པ་ལྕགས་རྒྱལ། མོན་རྩེ་རྒྱལ་ཞེས་ཕྱོགས་ཀྱི་རྒྱལ་པོ་བཞིས་་དཔྱ་བསྡུས་ནས་འབུལ་བའི་འབངས་ལ་གཏོགས་རུང་། རང་རང་གནས་པའི་དེ་ནི་རྒྱལ་པོའི་གདན་ཐོབ་སྔར་བཞིན་གནས་པའི་ད་སྐབས་དེ་དུས། ཆ་བཞག་ནའི་མ་གཞི་ཁྲལ་དགོས་ཡས་དེ། འབངས་ལ་གཏོགས་པ་དེ་འདྲས་གཅིག་རེད་དའི་ཡིན་ནའི་ད་སོ་སོར་གནས་པའི་རྒྱལ་པོའི་གདན་ཐོབ་ལ་སྔར་བཞིན་གནས་པ་ཡིན་དུས་ཙམ་པ་དེ་ནི་རྒྱལ་པོ་གདན་བཞི་ཟེར་ཡས་འདུག་བཟོ་གསུངས་ཡིན་ཟེར། 
    rgyal po'i gdan bzhi zer na da skabs de dus de ni rgyal phran de 'dras bzhi 'dug ga_nam pa lde rgyal dang /_bal po li rgyal dang /_sum pa lcags rgyal dang /_mon rtse rgyal zhes phyogs kyi rgyal po bzhis dpya bsdus nas 'bul bas /_zer na skabs de dus da nibtsn po'i dus skabs la cha bzhag na/_phyogs kyi rgyal po bzhi'am de ni btsan po'i khongs su gtogs pa/__de la cha bzhag na nam pa lde rgyal/_bal po li rgyal/_sum pa lcags rgyal/_mon rtse rgyal zhes phyogs kyi rgyal po bzhis dpya bsdus nas 'bul ba'i 'bangs la gtogs rung /_rang rang gnas pa'i de ni rgyal po'i gdan thob sngar bzhin gnas pa'i da skabs de dus/_cha bzhag na'i ma gzhi khral dgos yas de/_'bangs la gtogs pa de 'dras gcig red da'i yin na'i da so sor gnas pa'i rgyal po'i gdan thob la sngar bzhin gnas pa yin dus tsam pa de ni rgyal po gdan bzhi zer yas 'dug bzo gsungs yin zer/_
  • ནོར་བྲང་ཨོ་རྒྱན།
    རྒྱལ་པོའི་གྲལ་བརྒྱད་ཟེར་ན། སྲོང་བཙན་སྒམ་པོའི་སྐུ་དུས་ལ་བློན་པོ་ཆེ་དགུ་ཞེས་དགུང་བློན་ཆེ་འབྲིང་ཆུང་གསུམ་དང་། ནང་བློན་ཆེ་འབྲིང་ཆུང་གསུམ། བཀའ་བློན་ཆེ་འབྲིང་ཆུང་གསུམ་ཡོད་པ་བཞེད་ཅིང་། ཐང་ཡིག་ནང་ལ་འཕྲུལ་བློན་བཅུ་དྲུག་ཅེས་གསུངས་བ་རྣམས་དཔྱད་གཞིའི་ཚུལ་དུ་བཀོད་པ་བློན་པོ་གྲལ་བརྒྱད་ཅི་ལ་་ངོས་འཛིན་དེ་དག་ལ་ང་ཚོས་ཞུ་ཡས་དེ་འདྲས་མི་འདུག་ཟེར།
    rgyal po'i gral brgyad zer na/_srong btsan sgam po'i sku dus la blon po che dgu zhes dgung blon che 'bring chung gsum dang /_nang blon che 'bring chung gsum/_bka' blon che 'bring chung gsum yod pa bzhed cing /_thang yig nang la 'phrul blon bcu drug ces gsungs ba rnams dpyad gzhi'i tshul du bkod pa blon po gral brgyad ci la ngos 'dzin de dag la nga tshos zhu yas de 'dras mi 'dug zer/
  • ནོར་བྲང་ཨོ་རྒྱན།
    ཕྱག་རྒྱ་རྩ་བུ་བརྒྱད། མཛའ་སྡུམ་བཞི་སྟེ་ཟེར། རྒྱ་བོད། རྒྱ་དང་བོད། ཧོར་དང་ལྗང་ཕན་ཚུན་མཛའ་བའི་སྡུམ་པ་སོགས་བོད་འབངས་ཀྱི་གཏམ་དང་ཡིག་ཚང་། བོད་འབངས་ཀྱི་གཏམ་དང་ཡིག་ཚང་དུ་གྲགས་ཤིང་ཟེར།
    phyag rgya rtsa bu brgyad/_mdza' sdum bzhi ste zer/_rgya bod/_rgya dang bod/_hor dang ljang phan tshun mdza' ba'i sdum pa sogs bod 'bangs kyi gtam dang yig tshang /_bod 'bangs kyi gtam dang yig tshang du grags shing zer/
  • ནོར་བྲང་ཨོ་རྒྱན།
    དེ་ཡིན་ན་ལྔ་བ་ཆེན་པོས་གཏམ་དང་ཡིག་ཚང་སོགས་མང་པོ་ལ་ཞིབ་དཔྱད་ཀྱི་སྐབས་དེར་གནད་དོན་དགོས་པ། དེའི་ཕྱོགས་ཀྱིས་ཡིན་ནམ་སྙམ་པ་དངདཔྱད་གཞིའི་ས་བོན་དུ་བཀོད་པ་འདི་དག་ཞིབ་པར་མཁྱེན་འདོད་ན། བོད་ཀྱི་ལོ་རྒྱུས་གཡུ་ཡི་འཕྲེང་བའི་ནང་ལ་ཡིན་ན་གསལ་པོ་དེ་འདྲས་བཀོད་ཡོད། ཟེར།
    de yin na lnga ba chen pos gtam dang yig tshang sogs mang po la zhib dpyad kyi skabs der gnad don dgos pa/_de'i phyogs kyis yin nam snyam pa dangadapyada gzhi'i sa bon du bkod pa 'di dag zhib par mkhyen 'dod na/_bod kyi lo rgyus g.yu yi 'phreng ba'i nang la yin na gsal po de 'dras bkod yod/_zer/
  • ནོར་བྲང་ཨོ་རྒྱན།
    དེ་ནས་གྲགས་ཤིང་། ལག་ཏུ་སྟེར་འོས་པ་རྣམས་ལེན་པའི་སྲོལ་ཆོས་ཀྱི་རྒྱལ་པོ་འདི་ཡན་དུ་མ་ཉམས་པར་གནས་པ་ཡིན་ནོ། ཟེར།
    de nas grags shing /_lag tu ster 'os pa rnams len pa'i srol chos kyi rgyal po 'di yan du ma nyams par gnas pa yin no/_zer/
  • ནོར་བྲང་ཨོ་རྒྱན།
    དཔའ་བོ་གཙུག་ལག་འཕྲེང་བས། གསང་སྔགས་རྫོགས་པ་འཚང་རྒྱ་བའི་རྒྱུ། ནོར་དུ་མི་བཙོང་སྙིང་ལ་བཅང་། ཞེས་པའི་ཁྲིམས།
    dpa' bo gtsug lag 'phreng bas/_gsang sngags rdzogs pa 'tshang rgya ba'i rgyu/_nor du mi btsong snying la bcang /_zhes pa'i khrims/
  • ནོར་བྲང་ཨོ་རྒྱན།
    ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བྱུང་བར་སྨྲ་བ་ནི་བླུན་ཚིག་སྟེ། ཟེར། ད་དེ་ལྔ་པ་ཆེན་པོས་དཔའ་བོ་གཙུག་ལག་འཕྲེང་བ་ལ་ཏིག་ཙ་གཅིག་གནད་དོན་གང་གི་ཐད་ལ་ཡིན་ནའི་ཟུར་ཟ་དེ་འདྲས་གནང་གི་ཡོའོ་རེད། གང་ཟར༼ཟེར༽བཀའ་བསྐྱོན་དེ་འདྲས་གནང་ཡོའོ་རེད་པཱ། གསང་སྔགས་རྫོགས་པ་འཚང་རྒྱ་བའི་རྒྱུ། ནོར་དུ་མི་བཙོང་སྙིང་ལ་བཅང་། ཟེར་ཡས་དེ་དཔའ་བོ་གཙུག་ལག་འཕྲེང་བས་མཁས་པའི་དགའ་སྟོན་གྱི་ནང་ནས་དེ་འདྲས་གསུངས་ཡོའོ་རེད་དའི། ཡིན་ནའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བྱུང་བ་དེ་སྨྲ་བ་དེ་ནི་དེ་བླུན་ཚིག་རེད་ཟེར། 
    chos rgyal srong btsan sgam po'i skabs byung bar smra ba ni blun tshig ste/_zer/_da de lnga pa chen pos dpa' bo gtsug lag 'phreng ba la tig tsa gcig gnad don gang gi thad la yin na'i zur za de 'dras gnang gi yo'o red/_gang zar(zer)bka' bskyon de 'dras gnang yo'o red pA/_gsang sngags rdzogs pa 'tshang rgya ba'i rgyu/_nor du mi btsong snying la bcang /_zer yas de dpa' bo gtsug lag 'phreng bas mkhas pa'i dga' ston gyi nang nas de 'dras gsungs yo'o red da'i/_yin na'i chos rgyal srong btsan sgam po'i byung ba de smra ba de ni de blun tshig red zer/_
  • ནོར་བྲང་ཨོ་རྒྱན།
    མ་འགྲིག་པ་གཅིག་རེད་ཟེར། གང་ཟེར་ན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ལ་སྣོད་ལྡན་འགའ་ཞིག་ལ་བཙན་པོ་རང་གིས་ཐུགས་རྗེ་ཆེན་པོ་ཞི་ཁྲོ་སོགས་པ་དེ་ནི། གསང་བའི་སྒོ་ནས་དེ་ནི། བཀའ་ཆོས་གནང་བ་ལས་གཞན་དག་གི་དེ་ནི་གསང་སྔགས་ཀྱི་དེ་ནི་རྒྱ་ཆེན་པོ་དེ་འདྲས་དར་མ་གཏོགས། གསང་སྔགས་ཀྱི་ཆོས་ནོར་གྱི་ཕྱིར་དུ་བཙོང་བ་ལྟ་བུའི་ཁྱབ་གདལ་དུ་གྲགས་པ་ནི་མེད་ཟེར།
    ma 'grig pa gcig red zer/_gang zer na chso rgyal srong btsan sgam po'i sku dus la snod ldan 'ga' zhig la btsan po rang gis thugs rje chen po zhi khro sogs pa de ni/_gsang ba'i sgo nas de ni/_bka' chos gnang ba las gzhan dag gi de ni gsang sngags kyi de ni rgya chen po de 'dras dar ma gtogs/_gsang sngags kyi chso nor gyi phyir du btsong ba lta bu'i khyab gdal du grags pa ni med zer/
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་མེད་པ་བྱེད་དུས་ཙམ་པ། ཁྱད་གཞི་མེད་པའི་ཁྱད་ཆོས་དང་། དགེ་བཅུའི་ཁྲིམས་ཀྱི་སྟེང་དུ་མི་ཆོས་གཙང་མ་བཅུ་དྲུག་དེ་ནི་གང་ཟར༼ཟེར༽གསང་སྔགས་རྫོགས་འཚང་རྒྱ་བའི་རྒྱུ། ནོར་དུ་མི་བཙོང་སྙིང་ལ་བཅང་ཟེར་ཡས་དེ། ཁྱད་གཞི་མེད་པའི་ཁྱད་ཆོས་རེད་ཟེར།
    de 'dras med pa byed dus tsam pa/_khyad gzhi med pa'i khyad chos dang /_dge bcu'i khrims kyi steng du mi chos gtsang ma bcu drug de ni gang zar(zer)gsang sngags rdzogs 'tshang rgya ba'i rgyu/_nor du mi btsong snying la bcang zer yas de/_khyad gzhi med pa'i khyad chos red zer/
  • ནོར་བྲང་ཨོ་རྒྱན།
    དེ་བཞིན་དེ་ནི་དགེ་བཅུའི་ཁྲིམས་ཀྱི་སྟེང་དུ་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་མཛད་པ་བྱས་ན་ད་དེ། དེ་གཉིས་དྲིལ་བས་བཅུ་དྲུག་ཡིན་པ་ལྟར། སྨྲ་བ་སོགས་ནི་གཏམ་འཆལ་ཤིན་ཏུ། ད་དགེ་བཅུའི་ཁྲིམས་ཀྱི་སྟེང་དུ་མི་ཆོས་གཙང་མ་བཅུ་དྲུག་བྱས་ནས་དེ་ནི་ཉི་ཤུ་རྩ་དྲུག་ཡོང་གི་ཡོའོ་རེད་པ།
    de bzhin de ni dge bcu'i khrims kyi steng du mi chos gtsang ma bcu drug gi khrims mdzad pa byas na da de/_de gnyis dril bas bcu drug yin pa ltar/_smra ba sogs ni gtam 'chal shin tu/_da dge bcu'i khrims kyi steng du mi chos gtsang ma bcu drug byas nas de ni nyi shu rtsa drug yong gi yo'o red pa/
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་ད་དེའི་ནང་ལ་བྱས་པ་ཡིན་ན་ད་ཁྲིམས་གཉིས་དྲིལ་བས་བཅུ་དྲུག་ཡིན་པ་ལྟར་སྨྲ་བ་སོགས་ནི། གཏམ་འཆལ་ཤིན་ཏུ་མང་ངོ་། ད་དེ་འདྲས་ཀྱི་དེ་ནི་འོང་འཆལ་གཏམ་དེ་འདྲས་ཤི་ཏུ་མང་པོ་འདུག་བྱས་ནས་དེ་འདྲས་གསུངས་རེད།
    byas tsang da de'i nang la byas pa yin na da khrims gnyis dril bas bcu drug yin pa ltar smra ba sogs ni/_gtam 'chal shin tu mang ngo /_da de 'dras kyi de ni 'ong 'chal gtam de 'dras shi tu mang po 'dug byas nas de 'dras gsungs red/
  • ནོར་བྲང་ཨོ་རྒྱན།
    ད་རྒྱལ་པོ་ཆོས་ཀྱི་རྒྱལ་པོ་དེའི་སྐུ་དུས་དེ་ནི་རྒྱ་བོད་གཉིས་འདུམ་བྱ་བར་མ་མཐུན་པར་བོད་ཀྱི་རུ་སྡེ་རེ་རེ་ནས་གཏུམ་དྲག་རྔམ་བརྗིད་དང་ལྡན་པའི་དམག་སྟོང་སྡེ་བཅོ་བརྒྱད་རེ། སྔ་ཕྱི་བསྡོམས་པས་དམག་སྟོང་ཕྲག་བཅོ་བརྒྱད་བཏང་། དར་ཚན་ཁྲིག་གེ་བའི་དཔུང་ཚོགས་ཆེན་པོ་རྒྱ་ནག་པོའི་ཡུལ་དུ་བཏང་ནས་གཡུལ་བཤམས་ཏེ།
    da rgyal po chos kyi rgyal po de'i sku dus de ni rgya bod gnyis 'dum bya bar ma mthun par bod kyi ru sde re re nas gtum drag rngam brjid dang ldan pa'i dmag stong sde bco brgyad re/_snga phyi bsdoms pas dmag stong phrag bco brgyad btang /_dar tshan khrig ge ba'i dpung tshogs chen po rgya nag po'i yul du btang nas g.yul bshams te/
  • ནོར་བྲང་ཨོ་རྒྱན།
    ཙི་ནའི་རྒྱལ་ཁམས་དུ་མ་བཅོམ་ཞིང་། ད་སྐབས་དེ་དུས་དེ་ནི་རྒྱལ་པོ་དེ་ནི་རལ་བ་ཅན་ཁ་གཏུག་ལ་ཆ་བཞག་ན། དེ་ནི་རྦད་དེ་རྒྱལ་པོ། རྒྱ་བོད་གཉིས་མཐུན་ལམ་མ་བྱུང་བའི་རྐྱེན་པས་དེ་ནི་ཨེ་སྟོང་དམག་མང་པོ་ཡིན་ན་བཏང་བྱས། དེ་ནི་རྒྱ་ནག་གི་རྒྱལ་ཁམས་དུ་མ་གཅིག་ཡིན་ན་བཅོམ་པ་རེད་ཟེར།
    tsi na'i rgyal khams du ma bcom zhing /_da skabs de dus de ni rgyal po de ni ral ba can kha gtug la cha bzhag na/_de ni rbad de rgyal po/_rgya bod gnyis mthun lam ma byung ba'i rkyen pas de ni e stong dmag mang po yin na btang byas/_de ni rgya nag gi rgyal khams du ma gcig yin na bcom pa red zer/
  • ནོར་བྲང་ཨོ་རྒྱན།
    ད་ག་ནང་ལྟར་མི་དཔོན་དང་དཔའ་བོ་སྟག་ཤར་མང་དུ་བསད་དེ་ཆལ་ཕབ། དེ་བཞིན་གྱི་དེ་ནི་རྒྱ་ནག་གི་མི་དཔོན་དང་། དཔའ་བོ་དེ་ནི་སྟག་ཤར་མང་པོ་དེ་ནི་བསད་ནས་དེ་ནི། ཆམ་ལ་ཕབ་པ་རེད་ཟེར། ཆམ་ལ་ཕབ་པ་ཟེར་ན་་དེ་ནི་རྦད་དེ་ཕམ་ཁ་བཏང་བ་རེད་ཟེར།
    da ga nang ltar mi dpon dang dpa' bo stag shar mang du bsad de chal phab/_de bzhin gyi de ni rgya nag gi mi dpon dang /_dpa' bo de ni stag shar mang po de ni bsad nas de ni/_cham la phab pa red zer/_cham la phab pa zer na de ni rbad de pham kha btang ba red zer/
  • ནོར་བྲང་ཨོ་རྒྱན།
    དེ་ནས་རྒྱའི་ཧྭ་ཤང་དང་བོད་ཀྱི་ལོ་པཎ་རྣམས་ཀྱིས་རྒྱ་བོད་གཉིས་ཀྱི་བར་དུ་ཞུགས་ཏེ། ཚིག་གི་སྦྱངས་བཤད་ཀྱིས་དབོན་ཞང་མཐུན་པར་མཛད། ད་སྐབས་དེ་སུས་དེ་འདྲས་ཀྱི་དེ་ནི་རྒྱ་བོད་གཉིས་མ་མཐུན་པ་དེ་འདྲས་ཀྱི་དམག་དེ་འདྲས་བརྒྱབ་པ་ཡིན་ཙང་། དེ་ནི་རྒྱའི་ཧྭ་ཤང་དང་བོད་ཀྱི་ལོ་པཎ་རྣམས་ཀྱི་དེ་ནི་རྦད་དེ་རྒྱ་བོད་གཉིས་ཀྱི་བར་ལ་དེ་ནི་རྦད་དེ། ད་མང་ཚོགས་ལ་དེ་འདྲས་དཀའ་ངལ་བྱུང་གི་དོགས་ནས། དེ་ནི་ཚིག་སྦྱངས་བཤད་ཀྱི་་ཐོག་ནས་དེ་ནི་དབོན་ཞང་འདུམ་པར་མཛད། དེ་ནི་བར་འདུམ་དེ་འདྲས་གནང་ང་ཡིན་ཟེར།
    de nas rgya'i hwa shang dang bod kyi lo paNa rnams kyis rgya bod gnyis kyi bar du zhugs te/_tshig gi sbyangs bshad kyis dbon zhang mthun par mdzad/_da skabs de sus de 'dras kyi de ni rgya bod gnyis ma mthun pa de 'dras kyi dmag de 'dras brgyab pa yin tsang /_de ni rgya'i hwa shang dang bod kyi lo paNa rnams kyi de ni rbad de rgya bod gnyis kyi bar la de ni rbad de/_da mang tshogs la de 'dras dka' ngal byung gi dogs nas/_de ni tshig sbyangs bshad kyi thog nas de ni dbon zhang 'dum par mdzad/_de ni bar 'dum de 'dras gnang nga yin zer/
  • ནོར་བྲང་ཨོ་རྒྱན།
    རྒྱའི་གུང་གུ་རྨི་རུར་ས་མཚམས་ཀྱི་རྡོ་རིང་བཙུགས་པ་ཟེར་ན། སྐབས་དེ་དུས། དེ་ནི་རྒྱའི་གུང་གུ་རྨི་རུ་ཟེར་ཡས་དེ་ལ་ས་མཚམས་ཀྱི་རྒྱ་བོད་གཉིས་ཀྱི་ས་མཚམས་ཀྱི་རྡོ་རིང་བཙུགས་པ་་དང་། 
    rgya'i gung gu rmi rur sa mtshams kyi rdo ring btsugs pa zer na/_skabs de dus/_de ni rgya'i gung gu rmi ru zer yas de la sa mtshams kyi rgya bod gnyis kyi sa mtshams kyi rdo ring btsugs pa dang /_
  • ནོར་བྲང་ཨོ་རྒྱན།
    བོད་བཙན་པོ་གཙུག་ལག་ཁང་ཞིག་དང་། རྒྱ་རྗེའི་གཙུ་ལག་ཁང་ཞིག་བརྩིགས་ཏེ། ཟེར། དེ་ནི་སྐབས་དེ་དུས་དེ་ནི་གུང་གུ་རྨོ་རུ་ཟེར་ཡས་དེ་ས་མཚམས་བྱས་ནས་དེའི་ཁ་གཏུག་ལ་བོད་བཙན་པོའི་གཙུག་ལག་ཁང་གཅིག་དང་། རྒྱ་རྗེའི་གཙུག་ལག་ཁང་བརྩིགས་ནས། རྒྱ་བོད་ཀྱི་ས་མཚསམ་སུ་བཅད་ནས་ཕན་ཚུན་གཉིས་ཀས་མཚམས་ལས་ཕྱི་རོལ་ཏུ་བསྒྲལ་བའི་དམག་གིས་འོང་།
    bod btsan po gtsug lag khang zhig dang /_rgya rje'i gtsu lag khang zhig brtsigs te/_zer/_de ni skabs de dus de ni gung gu rmo ru zer yas de sa mtshams byas nas de'i kha gtug la bod btsan po'i gtsug lag khang gcig dang /_rgya rje'i gtsug lag khang brtsigs nas/_rgya bod kyi sa matshasama su bcad nas phan tshun gnyis kas mtshams las phyi rol tu bsgral ba'i dmag gis 'ong /
  • ནོར་བྲང་ཨོ་རྒྱན།
    གཡུལ་གཤམས་པ་སོགས་མི་བྱེད་པ་ཕྱིན་ཆད་བོད་བོད་ཡུལ་ན་བདེ། སྐབས་དེ་དུས་དེ་ནི། བོད་བཙན་པོའི་གཙུག་ལག་དང་དེ་འདྲས་ཀྱི་དཔེར་ན་རྒྱ་བོད་གཉིས་ཀྱི་ས་མཚམས་དེ་དེ་ཡིན་ན། གུང་གུ་རྨི་རུ་ལ་བཅད་ནས་དེ་ནི། དེ་ནི་ཕན་ཚུན་གཉིས་ཀས་དེའི་ས་་མཚམས་ལ་མ་བསྡད་པ་བྱས་བྱས་དེ་ནི། དེ་ནི་བསྒྲལ་བའི་ཕན་ཚུན་གཉིས་དམག་བརྒྱབ་རྒྱུ་མེད་པ་བྱས། མི་བྱེད་ཕྱིན་ཆད་དེ་ནི་བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་བདེ། ས་མཚམས་རྨི་རུའི་མན་ལ་བོད་ཀྱི་དམག་མི་དྲང་།
    g.yul gshams pa sogs mi byed pa phyin chad bod bod yul na bde/_skabs de dus de ni/_bod btsan po'i gtsug lag dang de 'dras kyi dper na rgya bod gnyis kyi sa mtshams de de yin na/_gung gu rmi ru la bcad nas de ni/_de ni phan tshun gnyis kas de'i sa mtshams la ma bsdad pa byas byas de ni/_de ni bsgral ba'i phan tshun gnyis dmag brgyab rgyu med pa byas/_mi byed phyin chad de ni bod bod yul na skyid/_rgya rgya yul na bde/_sa mtshams rmi ru'i man la bod kyi dmag mi drang /
  • ནོར་བྲང་ཨོ་རྒྱན།
    ད་ད་ལྟ་ས་མཚམས་རྨི་རུ་ཟེར་ཡས་དེ་བརྒལ་ནས་རྒྱ་ན་ཡོད་པའི་ས་མཚམས་རྨི་རུ་ཟེར་ཡས་དེ་མན་ཆད་ཡིན་ན་བོད་ཀྱི་དམག་མི་དྲང་པ་དང་། གལ་ཏེ་དྲངས་ན་རྒྱ་རྗེའི་ཕོ་བྲང་མདུན་གྱི་རྡོ་རིང་གི་ཡི་གེ་ལན་གསུམ་ཀློག་པས།  བོད་ཐམས་ཅད་འཕུང་བར་འགྱུར་ཟེར།
    da da lta sa mtshams rmi ru zer yas de brgal nas rgya na yod pa'i sa mtshams rmi ru zer yas de man chad yin na bod kyi dmag mi drang pa dang /_gal te drangs na rgya rje'i pho brang mdun gyi rdo ring gi yi ge lan gsum klog pas/__bod thams cad 'phung bar 'gyur zer/
  • ནོར་བྲང་ཨོ་རྒྱན།
    གལ་ཏེ་དེ་འདྲས་ཀྱི་དཔེར་ན་བོད་ཀྱི་དམག་དྲངས་པ་ཡིན་ན་རྒྱ་རྗེའི་ཕོ་བྲང་གི་མདུན་དུ་དེ་ནི་རྡོ་རིང་གི་ཡི་གེ་ཨེ་དབོན་ཞང་རྡོ་རིང་གི་ཡི་གེ་འབྲི་དུས་ཙམ་པ་དེ་ནི་དེའི་ནང་ནས། དེ་ནི་རྡོ་རིང་གི་ཡི་གེ་ལན་གསུམ་ཀློག་པས། དེ་ནི་བོད་ཐམས་ཅད་འཕུང་བར་འགྱུར་གྱི་རེད། ཟེར།
    gal te de 'dras kyi dper na bod kyi dmag drangs pa yin na rgya rje'i pho brang gi mdun du de ni rdo ring gi yi ge e dbon zhang rdo ring gi yi ge 'bri dus tsam pa de ni de'i nang nas/_de ni rdo ring gi yi ge lan gsum klog pas/_de ni bod thams cad 'phung bar 'gyur gyi red/_zer/
  • ནོར་བྲང་ཨོ་རྒྱན།
    རྨི་རུ་ཡན་ལ་རྒྱའི་དམག་མི་དྲང་། ར་ནི་རྨི་རུའི་ཡན་འདབས་ལ་རྒྱའི་དམག་དྲང་ན་འགྲིག་གི་མ་རེད་ཟེར།
    rmi ru yan la rgya'i dmag mi drang /_ra ni rmi ru'i yan 'dabs la rgya'i dmag drang na 'grig gi ma red zer/
  • ནོར་བྲང་ཨོ་རྒྱན།
    གལ་ཏེ་དྲངས་ན་ལྷ་སའི་རྡོ་རིང་གི་ཡི་གེ་ལན་གསུམ་ཀློག་པས་རྒྱ་ཐམས་ཅད་འཕུང་བར་འགྱུར་ཅིག བྱས་ནས་ད་ལྟ་གཙུག་ལག་ཁང་སོ་སོའི་མདུན་ལ་ཡིན་ན། རྡོ་རིང་རེ་རེ་བཙུགས་ཡོའོ་རེད་པ། བྱས་ནས་ལན་གསུམ་ཀློག་པས་རྒྱ་ཐམས་ཅད་འཕུང་བར་འགྱུར་ཅིག་ཅེས་པའི་དེ་ནི་དཔང་དུ་བྱས་ནས་དེ་འདྲས་ཀྱི་དཔེར་ན་ད།
    gal te drangs na lha sa'i rdo ring gi yi ge lan gsum klog pas rgya thams cad 'phung bar 'gyur cig_byas nas da lta gtsug lag khang so so'i mdun la yin na/_rdo ring re re btsugs yo'o red pa/_byas nas lan gsum klog pas rgya thams cad 'phung bar 'gyur cig ces pa'i de ni dpang du byas nas de 'dras kyi dper na da/
  • ནོར་བྲང་ཨོ་རྒྱན།
    མནའ་བསྐྱལ་མནའ་བསྐྱལ་གྱི་དམ་ཚིག་བྱས་ནས། དེ་འདྲས་རེད་པ། དཔང་དུ་ལྷ་ཀླུ་བཙན་པོ་བཞག་ཏེ། བྲོ་བོར་བའི་ཡི་གེ་ལྷ་ས་གཙུག་ལག་ཁང་གི་མདུན་དང་། རྒྱ་རྗེའི་ཕོ་བྲང་ཀེ་རུའི་མདུན་བྱས་བྱས་དེ་ནི་སྐབས་དེ་དུས། དེ་ནི་དབོན་ཞང་གི་རྡོ་རིང་ཟེར་ཡས་དེ་ལ།
    mna' bskyal mna' bskyal gyi dam tshig byas nas/_de 'dras red pa/_dpang du lha klu btsan po bzhag te/_bro bor ba'i yi ge lha sa gtsug lag khang gi mdun dang /_rgya rje'i pho brang ke ru'i mdun byas byas de ni skabs de dus/_de ni dbon zhang gi rdo ring zer yas de la/
  • ནོར་བྲང་ཨོ་རྒྱན།
    ལྷ་སའི་གཙུག་ལག་ཁང་ལ་དེ་རིང་ཁ་སང་ཡིན་ནའི་ཡོད་པ་དེ་འདྲས་རེད། རྒྱ་རྗེའི་ཕོ་བྲང་ཀེ་རུའི་མདུན། ད་ག་ནང་ལྟར་གུང་གུ་རྨི་རུ་གསུམ། གུང་གུ་རྨི་རུ་ཟེར་ཡས་དེ་ཡིན་ན། ཨེ་སྐབས་དེ་དུས་རྒྱ་བོད་གཉིས་ཀྱི་ས་མཚམས་རེད་བྱས་ཙང་། རྡོ་རིང་ཡིན་ན་བཙུགས་པས་རྡོ་རིང་གི་ངོས་ལ་ངོས་ཆེ་བ་ལ་གཉིས་ལ་བཙན་པོ་དང་དབོན་ཞང་གཉིས་ཀྱི་གཙིགས་ཡིག་དང་དེ་ནི།
    lha sa'i gtsug lag khang la de ring kha sang yin na'i yod pa de 'dras red/_rgya rje'i pho brang ke ru'i mdun/_da ga nang ltar gung gu rmi ru gsum/_gung gu rmi ru zer yas de yin na/_e skabs de dus rgya bod gnyis kyi sa mtshams red byas tsang /_rdo ring yin na btsugs pas rdo ring gi ngos la ngos che ba la gnyis la btsan po dang dbon zhang gnyis kyi gtsigs yig dang de ni/
  • ནོར་བྲང་ཨོ་རྒྱན།
    རྡོ་རིང་གི་ངོས་གཉིས་ལ་དེ་ནི་བཙན་པོ་དང་ད་ག་ནང་ལྟར་དབོན་ཞང་གི་གཙིགས་ཡིག་དང་། འོང་བྲི་ཚིག བྲོ་ཚིག་ཟེར་ན་ད་གང་ཟེར་དགོས་རས་༼རེད༽ང་ཚོས་མནའ་བསྐྱལ་བའི་སྐད་ཆ། ཨེ་ཚིག 
    rdo ring gi ngos gnyis la de ni btsan po dang da ga nang ltar dbon zhang gi gtsigs yig dang /_'ong bri tshig_bro tshig zer na da gang zer dgos ras (red)nga tshos mna' bskyal ba'i skad cha/_e tshig_
  • ནོར་བྲང་ཨོ་རྒྱན།
    ངོས་ཆུང་གཉིས་ལ་བོད་རྒྱའི་བློན་པོའི་བཀའ་ལ་གཏོགས་པ་རྣམས་ཀྱི། ད་རྡོ་རིང་གི་ངོས་ཆེ་བ་དེ་ལ་དབོན་ཞང་གཉིས་ཀྱི་གཙིགས་ཡིག་དང་། བཀའ་བཅད་བྱས་པའི་ཡི་གེ་དང་། མནའ་བསྐྱལ་བའི་ཚིག
    ngos chung gnyis la bod rgya'i blon po'i bka' la gtogs pa rnams kyi/_da rdo ring gi ngos che ba de la dbon zhang gnyis kyi gtsigs yig dang /_bka' bcad byas pa'i yi ge dang /_mna' bskyal ba'i tshig
  • ནོར་བྲང་ཨོ་རྒྱན།
    ད་ངོས་ཆུང་ཆུང་གཉིས་ལ་ད་བོད་ཀྱི་བོད་དང་རྒྱའི་བློན་པོ་བཀའ་ལ་གཏོགས་པ་རྣམས་ཀྱི་དེ་ནི་གཙིགས་དང་གཙིགས་ཡིག་དང་། བྲོ་ཚིག་དེ་དག་བཙན་པོ་དང་། དབོན་ཞང་གི་དབུ་སྙུང་མཛད་ཟེར།
    da ngos chung chung gnyis la da bod kyi bod dang rgya'i blon po bka' la gtogs pa rnams kyi de ni gtsigs dang gtsigs yig dang /_bro tshig de dag btsan po dang /_dbon zhang gi dbu snyung mdzad zer/
  • ནོར་བྲང་ཨོ་རྒྱན།
    དེ་ཡང་དེའི་སྐབས་ལ་དེ་ནི། བཙན་པོས་ལོ་བཅུ་བདུན་བཞེས་ཤིང་། རྒྱ་རྗེ་མུ་ཛུང་གི་རྒྱལ་ས་བྱས་ནས་ལོ་བཅུ་བཞི་པ་ཆུ་མོཨོ་སྟག་གི་ལོ་ལ། ཟེར། དེ་ཡང་དེ་ནི་དེའི་ཁ་གཏུགས་ལ་ཆ་བཞག་ན་རྒྱ་རྗེ་ཡིན་ན་ག་གི་རེད། མུ་ཛུང་ཟེར་ཡས་དེ་རེད།
    de yang de'i skabs la de ni/_btsan pos lo bcu bdun bzhes shing /_rgya rje mu dzung gi rgyal sa byas nas lo bcu bzhi pa chu moo stag gi lo la/_zer/_de yang de ni de'i kha gtugs la cha bzhag na rgya rje yin na ga gi red/_mu dzung zer yas de red/
  • ནོར་བྲང་ཨོ་རྒྱན།
    རྒྱ་རྗེ་མུ་ཛུང་པ་ཟེར་ཡས་དེ། བྱས་ནས་དེ་ནི་རྒྱལ་ས་བྱས་ནས་དེ་ནི་ལོ་བཅུ་བཞི་ལ་ཆུ་ཕོ་སྟག་གི་ལོ་ཟེར།
    rgya rje mu dzung pa zer yas de/_byas nas de ni rgyal sa byas nas de ni lo bcu bzhi la chu pho stag gi lo zer/
  • ནོར་བྲང་ཨོ་རྒྱན།
    ལོ་དེ་ཆ་བཞག་ན་སྤྱི་སྟོང་བརྒྱད་བརྒྱ་མ་རེད། བརྒྱད་བརྒྱ་བཅུ་བརྒྱ་གཉིས་ལོ་ལ། དབོན་ཞང་རྡོ་རིང་དེ་བཙུགས་པ་ཡིན་ཟེར།
    lo de cha bzhag na spyi stong brgyad brgya ma red/_brgyad brgya bcu brgya gnyis lo la/_dbon zhang rdo ring de btsugs pa yin zer/
  • ནོར་བྲང་ཨོ་རྒྱན།
    ཆད་མོལ་བྲོ་བོར་རྣམས་བྱས་ཤིང་བོད་ཀྱི་མནའ་ཆད་ནི་ཆུ་ཕོ་སྟག་གི་ལོའི་དབྱར་ཟླ་བ་འབྲིང་པོའི་ཚེས་དྲུག་ལ་དཀྱིལ་འཁོར་ལ་འཛེགས་ཏེ། བོད་ཀྱི་གཙིགས་བཟུང་བས། དུས་དེར་རྒྱ་བོད་གཉིས་མཐུན་ཞིང་འབྲེལ་བཟང་བར་བྱུང་བས། གནམ་ལ་ཉི་ཟླ་ཟུང་གཅིག་དང་ས་ལ་བཙན་པོ་དབོན་ཞང་བཟུང་ཅེས་ཟེར་ཡས་ཀྱི་དེ་འདྲས་ཀྱི་ཡིན་ན་དེ།
    chad mol bro bor rnams byas shing bod kyi mna' chad ni chu pho stag gi lo'i dbyar zla ba 'bring po'i tshes drug la dkyil 'khor la 'dzegs te/_bod kyi gtsigs bzung bas/_dus der rgya bod gnyis mthun zhing 'brel bzang bar byung bas/_gnam la nyi zla zung gcig dang sa la btsan po dbon zhang bzung ces zer yas kyi de 'dras kyi yin na de/
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་སྐད་ཆ་ཡིན་ན་བྱུང་བ་རེད་ཟེར། ད་དེ་འབྱུང་བ་རེད་ཟེར། དེ་འདྲས་ཡིན་དུས་ཙམ་པ་དེ་ཡོང་བཙན་པོའི་ཐུགས་སུ་འགྲོ་བ་ཀུན་ལ་ཕན་པ་དང་བདེ་བ་མ་ལུས་འབྱུང་བའི་སྒོ་དམ་པ་ནི། ལུང་དང་རྟོགས་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་རག་ལས་པ་རེད་ཟེར།
    de 'dras skad cha yin na byung ba red zer/_da de 'byung ba red zer/_de 'dras yin dus tsam pa de yong btsan po'i thugs su 'gro ba kun la phan pa dang bde ba ma lus 'byung ba'i sgo dam pa ni/_lung dang rtogs pa'i rgyal ba'i bstan pa rin po che la rag las pa red zer/
  • ནོར་བྲང་ཨོ་རྒྱན།
    ད་གཅིག་གི་ད་འོང་། འགྲོ་བ་ཀུན་ལ་བདེ་བ་དང་ཕན་པ་མ་ལུས་པ་བྱུང་བ་ཡིན་ན། དེ་ནི་རྒྱུ་མཚན་ག་ལ་ཐུག་པ་རེད་ཟེར་ན། རྒྱལ་བའི་བསྟན་པ་ལུང་དང་རྟོགས་པའི་བསྟན་པ་རྒྱལ་བའི་བསྟན་པ་ལ་རག་ལས་པ་རེད་ཟེར།
    da gcig gi da 'ong /_'gro ba kun la bde ba dang phan pa ma lus pa byung ba yin na/_de ni rgyu mtshan ga la thug pa red zer na/_rgyal ba'i bstan pa lung dang rtogs pa'i bstan pa rgyal ba'i bstan pa la rag las pa red zer/
  • ནོར་བྲང་ཨོ་རྒྱན།
    ལུང་རྟོགས་ཀྱི་བསྟན་པ་དེ་ཡང་ག་ལ་རག་ལས་པ་རེད། འཛིན་ཞིང་སྤེལ་བར་བྱེད་པ་ནི་འཕགས་པའི་དགེ་འདུན་ལ་ལྟོས་པར་དགོངས་ནས། རྒྱལ་པོས་དེ་ནི་དགུང་ལ་བཞུགས།
    lung rtogs kyi bstan pa de yang ga la rag las pa red/_'dzin zhing spel bar byed pa ni 'phags pa'i dge 'dun la ltos par dgongs nas/_rgyal pos de ni dgung la bzhugs/
  • ནོར་བྲང་ཨོ་རྒྱན།
    རྒྱལ་པོ་ཡིན་ན་གཙོ་བོར་བཞུགས་ནས་ད་ཨེནི། རྒྱལ་པོ་གཙོ་བར་དགུང་ལ་བཞུགས་གཡས་གཡོན་ལ་དེ་ནི་དགེ་འདུན་གྱི་སྟན་མང་པོ་བཞེངས། ད་རིམ་པར་རྒྱལ་པོ་ཆེན་པོ་དགུང་ལ་བཞུགས་དེ་ན་དེའི་གཡས་གཡོན་ལ་ཡིན་ན་དགེ་འདུན་གྱི་ཞུགས་གདན་ཡིན་ན་མང་པོ་བཞག
    rgyal po yin na gtso bor bzhugs nas da eni/_rgyal po gtso bar dgung la bzhugs g.yas g.yon la de ni dge 'dun gyi stan mang po bzhengs/_da rim par rgyal po chen po dgung la bzhugs de na de'i g.yas g.yon la yin na dge 'dun gyi zhugs gdan yin na mang po bzhag
  • ནོར་བྲང་ཨོ་རྒྱན།
    བཞག་པའི་དེ་ནི་དབུ་སྐྲའི་དེ་ནི་རལ་པ་དེ་ནི་ཕྱོགས་གཅིག་ལ་དེ་ནི་རལ་པ་དེ་ནས་བྱས། ཕྱོགས་གཅིག་ལ་དེ་ནི་རལ་པ་དར་ཡུག་བྱས་ནས། དེ་ནས་རལ་བ་གཉིས་ལ། དེ་ནི་རྦད་དེ་དར་ཡུག་དང་དར་ཡུག་བཏགས་པའི་སྒང་ལ་ཨ་ནི་དགེ་འདུན་ཚོ་དེ་ནི། གདན་གྱི་ཐོག་ཏུ་དེ་ནི་རལ་པ་བཀྲམ་རལ་པའི་གདན་བཀྲམ་པའི་སྟེང་ལ་དེ་ནི་ཞུགས་སུ་བཅུག་པས་ཨེ།
    bzhag pa'i de ni dbu skra'i de ni ral pa de ni phyogs gcig la de ni ral pa de nas byas/_phyogs gcig la de ni ral pa dar yug byas nas/_de nas ral ba gnyis la/_de ni rbad de dar yug dang dar yug btags pa'i sgang la a ni dge 'dun tsho de ni/_gdan gyi thog tu de ni ral pa bkram ral pa'i gdan bkram pa'i steng la de ni zhugs su bcug pas e/
  • ནོར་བྲང་ཨོ་རྒྱན།
    ཞུགས་སུ་བཅུག་པས་དགེ་འདུན་གྱི་དབུ་སྡེ་གཉིས་ཞེས་སུ་གྲགས་པ་བྱུང་བ་དང་། སྐབས་དེ་དུས་དགེ་འདུན་དབུ་སྡེ་གཉིས་སུ་གྲགས་པ་བྱུང་བ་རེད།ཟེར།
    zhugs su bcug pas dge 'dun gyi dbu sde gnyis zhes su grags pa byung ba dang /_skabs de dus dge 'dun dbu sde gnyis su grags pa byung ba red/zer/
  • ནོར་བྲང་ཨོ་རྒྱན།
    དགེ་འདུན་མི་རེ་རེ་ལ་མི་རེ་རེ་ལ་འབངས་ཁྱིམ་འབངས་མི་ཁྱིམ་བདུན་དུ་བཅས་ཏེ་ཕུལ་བ་སོགས། སྐབས་དེ་དུས་དེ་ནི་དགེ་འདུན་གྱི་ད་འཚོ་བའི་ཐོག་ལ་ཆ་བཞག་པ་ཡིན་ན། དེ་ནི་དགེ་འདུན་རེ་རེ་ལ་དེ་ནི་འབངས་མི་ཡིན་ན་ཁྱིམ་བདུན་དུ་ཕུལ་བྱས་དེ་འདྲས་ཡིན་ན། བྱུང་ཡོའོ་རེད་ཟེར།
    dge 'dun mi re re la mi re re la 'bangs khyim 'bangs mi khyim bdun du bcas te phul ba sogs/_skabs de dus de ni dge 'dun gyi da 'tsho ba'i thog la cha bzhag pa yin na/_de ni dge 'dun re re la de ni 'bangs mi yin na khyim bdun du phul byas de 'dras yin na/_byung yo'o red zer/
  • ནོར་བྲང་ཨོ་རྒྱན།
    གཞན་ལས་དེ་ནི་ཁྱད་པར་དུ་འཕགས་པའི་ཕུལ་དུ་བྱུང་བ་ཆོས་ཀྱི་རྒྱལ་པོ་རྣམས་ཀྱིས་མཛད་པ་ལས། དེ་ནི་སྔར་གྱི་བྱུང་བ་དེ་ནི། ཆོས་ཀྱི་མཛད་པ་ལས་བླ་ལྷག་ཏུ་གྱུར་པའི་མཛད་པ་དང་། བཟང་པོའི་གཏམ་ཀུན་གསལ་གྱི་མཐའ་ཀླས་པ་ཁྱབ་པ་མཛད་དོ་ཟེར། ད་དེ་འདྲས་ཀྱི་དཔེར་ན་མཛད་པ་ཡིན་ན།  ད་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་རེད། དེ་ཚོ་ལས་ལྷག་པའི་དེ་ནི་རྦད་དེ་གཅིག་གི་རྒྱལ་བའི་བསྟན་པ་དང་ད་ག་ནང་བཞིན་གྱི་བསྟན་འཛིན་དགེ་འདུན་སྡེ་དང་བཅས་པ་ལ་སོགས་པ་དེ་ཚོ་ལ་ཆ་བཞག་ན།
    gzhan las de ni khyad par du 'phags pa'i phul du byung ba chos kyi rgyal po rnams kyis mdzad pa las/_de ni sngar gyi byung ba de ni/_chos kyi mdzad pa las bla lhag tu gyur pa'i mdzad pa dang /_bzang po'i gtam kun gsal gyi mtha' klas pa khyab pa mdzad do zer/_da de 'dras kyi dper na mdzad pa yin na/__da chos rgyal srong btsan sgam po'i sku dus red/_de tsho las lhag pa'i de ni rbad de gcig gi rgyal ba'i bstan pa dang da ga nang bzhin gyi bstan 'dzin dge 'dun sde dang bcas pa la sogs pa de tsho la cha bzhag na/
  • ནོར་བྲང་ཨོ་རྒྱན།
    སྲི་ཞུ་དཔག་མེད་གནང་དུས་ཙམ་པ་དེ་ནི་དེའི་མཛད་པ་དེ་ནི་རྦད་དེ་འཛམ་བུ་གླིང་ལ་ཡོངས་ལ་ཁྱབ་ནས་རེད་པ། ཆོས་ཀྱི་རྒྱལ་པོ་རྣམས་ཀྱི་མཛད་པ་བླ་ལྷག་ཏུ་འགྱུར་པའི་མཛད་པ་ཀུན་གསལ་གྱི་མཐའ་ཀླས་པ་ཁྱབ་ཟེར་ན།
    sri zhu dpag med gnang dus tsam pa de ni de'i mdzad pa de ni rbad de 'dzam bu gling la yongs la khyab nas red pa/_chos kyi rgyal po rnams kyi mdzad pa bla lhag tu 'gyur pa'i mdzad pa kun gsal gyi mtha' klas pa khyab zer na/
  • ནོར་བྲང་ཨོ་རྒྱན།
    དེ་ནི་ནམ་མཁས་གར་ཁྱབ་ས་ལ་ཡིན་ན། ཁོང་གི་མཛད་པ་དེ་གས་དེས་ཁྱབ་སོང་ཟེར་བྱས་ནས། ད་དེ་རིང་ཨ་ལས་ཞུ་ཡས་དེ་འདྲས་གཅིག་ཡིན།
    de ni nam mkhas gar khyab sa la yin na/_khong gi mdzad pa de gas des khyab song zer byas nas/_da de ring a las zhu yas de 'dras gcig yin/