Video Overview
In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.
- Tibet
- India
- ནོར་བྲང་ཨོ་རྒྱན།ལགས་སོ། ད་ད་ལྟ་འདི་རེད།
- ནོར་བྲང་ཨོ་རྒྱན།ད་ལྟ་ལྔ་བ་ཆེན་པོས་བཀའ་རྩོམ་གནང་བ། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཟེར་ཡས་དེའི་ནང་ལ་ད།
- ནོར་བྲང་ཨོ་རྒྱན།དོན་དག་ཡིན་ན་མང་པོ་ཡོད་པ་དེ་འདྲས་ཅིག་རེད། ད་དེའི་ནང་ནས་སྐབས་སུ་བབས་པ་བརྗོད་ཡས་དེ།
- ནོར་བྲང་ཨོ་རྒྱན།དེབ་དེ་ནས། དཔེར་ན་་ང་རང་ཚོ་བོད་ཀྱི་རྒྱལ་རབས་དེ་དེ་ཅིག་རེད།
- ནོར་བྲང་ཨོ་རྒྱན།བོད་ཀྱི་རྒྱལ་རབས་དེ་ཡིན་ན། དེའི་བསྟན་བྱ་སྙིང་པོ་སྐབས་སུ་བབས་པའི་ཞུ་ཡས་དེ་ཡིན་རྦད་དེ། ང་རང་ཚོ་བོད་ཀྱི་རྒྱལ་རབས་ནང་བརྩིས་ན།
- ནོར་བྲང་ཨོ་རྒྱན།ཐོག་མ་དེ་བོད་ཀྱི་ཡུལ་ཁམས་དང་མིའི་འགྲོ་བ། གང་འདྲས་ཟེར་བྱས་ནས་བྱུང་བ་རེད་ཟེར་ཡས་གྱི་གནད་དོན་དེ་འདྲས་གཅིག་རེད།
- ནོར་བྲང་ཨོ་རྒྱན།བྱས་ཙང་དེ་ལ་ཆ་བཞག་ན་སྐབས་སུ་བབས་པ། ད་ང་རང་ཚོ་བོད་ལ་གནས་པའི་རི་བོ་དེ་ནི་གངས་རིས་བསྐོར་བའི་ལྗོངས་ཟེར་བྱས་ནས།
- ནོར་བྲང་ཨོ་རྒྱན།གངས་རིས་བསྐོར་བ་ཟེར་ཡས་དེ་ནི་ད་བོད་ཀྱི་མཐའ་བཞི་ཡོངས་རྫོགས་དཔེར་ན་གངས་རིས་བསྐོར་ནས། བསྡད་བྱས་དེ་འདྲས་རེད།
- ནོར་བྲང་ཨོ་རྒྱན།གངས་རི། གངས་ཅན་ལྗོངས་ཟེར་ཡས། གངས་རིས་བསྐོར་བ་ཟེར་ཡས། གངས་རི་རྭ་བས་བསྐོར་བ་ལ་ཟེར་ཡས་ལ་སོགས་པ།
- ནོར་བྲང་ཨོ་རྒྱན།འོ་དེ་འདྲས་ཀྱི་གནས་ཚུལ་མང་པོ་ཡོའོ་རེད། བྱས་ཙང་ད་སྡོམས་ནས་བྱས་ན་ང་རང་ཚོ་བོད་ཀྱི་མཐའ་སྐོར་དུ་མཐའ་རྩེ་དེ་གྱད༼དེ་རྣམས༽དེ་སྒང་ག་གངས་རིས་བསྐོར་བྱས།
- ནོར་བྲང་ཨོ་རྒྱན།དེ་འདྲས་རེད། བྱས་ཙང་དེ་འདྲས་ཡིན་དུས་ཙམ་པ། གངས་རིས་བསྐོར་བའི་ལྗོངས་བོད་ཅེས་གྲགས་པ་འདིར་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་གངས་བསྐོར་བའི་ལྗོངས་ཨ་ནི་བོད་ཀྱི་འདིར་རྒྱལ་བ་བུ་རམ་ཤིང་པའི་མཛད་པའམ་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་རྒྱལ་བ་བུ་རམ་ཤིང་པ་ཟེར་མཁན་དེ། དེ་ནི་ང་རང་ཚོ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་མཚན་ལ། རྒྱལ་བ་བུ་རམ་ཤིང་པའམ། ཉི་མའི་གཉེན། ཟེར་ཡས་ལ་སོགས་པ་དེ་འདྲས་ཀྱི་གནས་ཚུལ་ཅིག་ཡོའོ་རེད།
- ནོར་བྲང་ཨོ་རྒྱན།བྱས་ཙང་དེ་ཡིན་དུས་ཙམ་པ། མཛད་པའམ་འཕྲིན་ལས་ཀྱི་འཇུག་པ། དེ་ནི་བཅོམ་ལྡན་འདས་ཀྱི་མཛད་པའམ་འཕྲིན་ལས་ཀྱི་འཇུག་པ་དེ།
- ནོར་བྲང་ཨོ་རྒྱན།དེ་ནི་གང་དང་གང་ཤར་བའི་ཚུལ་ནི་ཅི་ཞིག་རེད། དེ་ནི་ད་བཅོམ་ལྡན་འདས་ཀྱི་མཛད་པ་གང་འདྲས་གང་འདྲས་བྱས་ནས་བྱུང་བ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེའི་ཚུལ་དེ་ནི་ཅི་རེད་ཟེར་ན། ཟེར།
- ནོར་བྲང་ཨོ་རྒྱན།ད། དེ་ཡང་ཟླ་བ་གཞོན་ནུ་ལན་བརྒྱར་བཞུས་པའི་ཁུ་བ་རབ་ཏུ་བྱུགས་པའི་མན་ཤེལ་གྱི་ལྷུན་པོའི་ཕྲེང་བ་ཚར་དུ་དངར་བ།
- ནོར་བྲང་ཨོ་རྒྱན།དེ་ཡང་ཟེར་ན། ད་ཡང་ཟླ་བ་གཞོན་ནུ་ཟེར་ན༎ ཟླ་བ་ཟེར་ན་དཀར་པོ་དེ་རེད་པ།
- ནོར་བྲང་ཨོ་རྒྱན།ཟླ་བ་གཞོན་ནུ་དཀར་པོ་དེ་ཡི་གེ་དེ་དཔེར་ན། ད་བཞུར་བ་ནང་ལྟར་བྱས་ནས།
- ནོར་བྲང་ཨོ་རྒྱན།བཞུ་བའི་ཁུ་བ་ནང་ལྟར་གི་དཀར་པོ་དེ་ཡི། དེ་ནི་གསེར་གྱི་དེ་ནི་བཞུ་བའི་རབ་ཏུ་དཀར་བས་བྱུགས་པའི་དེ་ནི་ཤེལ་གྱི་ཕྲེང་བ་ལྟ་བུ།
- ནོར་བྲང་ཨོ་རྒྱན།དེ་འདྲས་ཀྱི་དཔེར་ན་རི། སྒང་ག་སྐྱ་ཐིང་ཐིང་ཡོད་པ་རེད་པ།
- ནོར་བྲང་ཨོ་རྒྱན།དེ་འདྲས་ཀྱི་ཕྲེང་བ། ཨ་ནི་ཕྲེང་བས་རབ་ཏུ་མངའ་བ་ཟེར་ན། རབ་ཏུ་མངའ་བ་དེ་ནི་ཕྲེང་བ་སྒང་ག་གཅིག་ནས་གཅིག་དུ་འདྲེས་ཡོད་པ།
- ནོར་བྲང་ཨོ་རྒྱན།དེ་གངས་རིའི་འདབ་མས་ཁོར་མོ་ཡུག་ཏུ་བསྐོར་བ་དེ་འདྲས་ཀྱི་ཨ་ནི་གཅིག་གི་ད། ལྗོངས་འདི་ཡིན་ན་ད།
- ནོར་བྲང་ཨོ་རྒྱན།ཨ་ནི་རྦད་དེ་ད་གངས་ཀྱི་འདབ་མ་ལྷུག་ལྷུག་ཏུ་གཡོ་བ་ནང་ལྟར་གྱི་ཨ་ནི་ད་ཡོངས་སུ་བསྐོར་བའི།
- ནོར་བྲང་ཨོ་རྒྱན།འཁྲིགས་པའི་ཡུལ་ལྗོངས་འདིར་ཐོག་མར་མིའི་འགྲོ་བ་དེ་ནི། མིའི་འགྲོ་བ་དེ་གང་འདྲས་ཟེར་བྱས་ནས་བྱུང་བ་རེད།ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་ཟེར་བྱས་ནས་ཐོག་མར་བྱས་ན་མིའི་འགྲོ་བ་དེ་གང་འདྲས་ཟེར་བྱས་ནས་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེའི་སྐབས་སུ་ལོ་རྒྱུས་སྨྲ་བ་མཁས་པ་རྣམས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱི་བཞེད་ཚུལ་གཅིག་ཏུ་མ་ངེས་པ་ཡོའོ་རེད། གསུངས་རེད།
- ནོར་བྲང་ཨོ་རྒྱན།ད་དེ་ལོ་རྒྱུས་ནང་ལ་བོད་ཀྱི་དཔེར་ན། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ལ་གསུངས་ཡས་ཡིན་ན་མཁས་པ་མང་པོའི་བཞེད་ཚུལ་འདྲ་མི་འདྲ་དེ་འདྲས་མང་པོ་ཡོའོ་རེད། ཟེར།
- ནོར་བྲང་ཨོ་རྒྱན།ཨ་ནི་དེ་ལ་ཡིན་ན་གཅིག་ཏུ་ངེས་པ་དེ་འདྲས་ཡོའོ་མ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཡིན་ནའི་ད་མཁས་པ་འགའ་ཤིག་གིས་དེ་ནི་རང་ཉིད། ད་སོ་སོ་སོ་སོའི་མིའི་བཞེད་ཚུལ་ཁོ་ར་རང་འཛིན་བྱས་རེད་པ།
- ནོར་བྲང་ཨོ་རྒྱན།བཞེད་ཚུལ་ཁོ་ར་རང་འཛིན་བྱས་དེ་ནི་རྦད་དེ། འཛིན་པ་ལས་དེ་ནི་གཅིག་ཏུ་ཞེན་པའི་ཨ་འཐས་ལས།
- ནོར་བྲང་ཨོ་རྒྱན།དེ་ནི་རྦད་དེ་ད་སོ་སོའི་གཅིག་གི་དགོངས་པ་ཁོ་ར་འདྲ་ཅིག་གཞིར་བཞག་མ་གཏོགས། ད་ཡང་ཁུངས་ལུང་ཀྱི་ལུང་དང་ཅིག་གི་གཏན་ཚིགས་ལ་སོགས་པ་དེ་འདྲས་ཀྱི་ཁུངས་ལུང་དེ་འདྲས་གའི་འདྲེན་པ་གནང་གི་ཡོའོ་མ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཨ་ནི་གཅིག་ཏུ་ཞེན་པའི་ཨ་འཐས་ལས། ཁུངས་ལུང་དང་། གཏན་ཚིགས་རིགས་པའི་སྒོ་ནས་དགག་སྒྲུབ་ཀྱི་དཔྱད་པ་མེད་པར། དེ་ནི་དཔེར་ན་ད་དེ་འདྲས་ཀྱི་ལུང་དང་།
- ནོར་བྲང་ཨོ་རྒྱན།རིགས་པའི་ཨ་ནི་གཏན་ཚིགས་ཀྱི་ཁུངས་ལུང་དང་དེ་འདྲས་ཀྱི་་དགག་སྒྲུབ་ཀྱི་དཔྱད་པ་མེད་པ་ལུགས་གཞན་དག་རྣམས་ཚད་ལྡན་མ་ཡིན་པ་ཁོ་ནར་སྨྲ་བ་། ཟེར་ན།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་ཀྱི་དཔེར་ན་སོ་སོའི་འདོད་ཚུལ་ཁོ་ར་རང་མ་གཏོགས་དེ་ནི་གཞན་དག་གི་དཔེར་ན་ལུགས་དེ་གྱད་དེ་ཚད་ལྡན་མ་ཡིན་པ།
- ནོར་བྲང་ཨོ་རྒྱན།ཚད་དང་ལྡན་པ་མ་རེད་ཟེར་ཡས་ཀྱི་དེ་འདྲས་ཀྱི་དཔེར་ན། བཤད་ཚུལ་དེ་འདྲས་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།འོང་། ཁོ་ནར་སྨྲ་བའི་གཏམ་གྱི་འབྲུག་སྒྲས་ཚུལ་བཞིན་མ་ཡིན་པ། ཟེར་ན།
- ནོར་བྲང་ཨོ་རྒྱན།ད་གཏམ་གྱི་འབྲུག་སྒྲ་ཟེར་ན་དེ་འདྲས་ཀྱི། དཔེར་ན་གཏམ་དེ་འབྲུག་སྒྲའི་དེ་ནི་འབྲུག་གི་སྒྲའི་ངོ་བོ་ལ་བཀོད།
- ནོར་བྲང་ཨོ་རྒྱན།འབྲུག་གི་སྒྲའི་ངོ་བོ་ལ་བཀོད་ནས། ལོག་པར་སྨྲ་བ་ཆོས་སྤོང་གི་རྨ་བྱ་རང་དབང་མེད་པ་དགའ་བའི་ལས་ཀྱིས་སྒྲིབ་པའི་སྒྲོ་གཤོག་ཕྱོགས་བཅུར་རྐྱོང་བ་འགའ་ཞིག་མཆིས་ན། ཟེར་ན།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་ཀྱི་དཔེར་ན་འབྲུག་སྒྲ་ལྡིར་པ་ན། ལོག་པར་སྨྲ་བའི་འབྲུག་གི་སྒྲ་དེ་སྒྲོག་དུས་ཙམ་པ། འབྲུག་སྒྲ་སྒྲོག་སོང་ན་རྨ་བྱ་དེ་དེ་ནི་དགའ་པོ་ཡོང་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བྱས་ཙང་དེ་འདྲས་ཡིན་དུས་ཙམ་པ། དེ་ནི་ཆོས་སྤོང་པ་ཁུངས་ལྡན་མ་ཡིན་པའི་ཆོས་སྤོང་རྨ་བྱ་དེ་གྱད་དེ་ནི་དགའ་ཐག་མགུ་ཐག་འདྲ་པོ་ཆོད་བྱས་དེ་ནི་སོ་སོའི་སྒྲོ་གཤོག་དེ་འདྲས་ཕར་བསྟན་གྱི་ཡོའོ་རེད། ཟེར།
- ནོར་བྲང་ཨོ་རྒྱན།འོང་། འགའ་ཞིག་དེ་འདྲས་ཡིན་ནའི་ཡོའོ་རེད་། ཟེར།
- ནོར་བྲང་ཨོ་རྒྱན།ཡིན་ནའི་ད་དེ་ཚོ་རྦད་དེ། དེ་ཚོར་ཚད་དང་འཛིན་ཡས་འདྲ་པོ་དེ་འདྲས་གའི་ཡོའོ་མ་རེད། ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་གྲུབ་པའི་མཐའ་འདི་དང་། ཟེར་ན། ད་རྦད་དེ་གྲུབ་པའི་མཐའ་ཆོས་ལུགས་ཀྱི་གྲུབ་མཐའ་གང་ཡིན་ནམ་མིན་ནམ། དེ་དང་དེའི་ཐོག་ལ་ཨ་ནི་རིས་སུ་མ་ཆད་པའི་གསུང་རབ་ཀྱི་རྒྱ་མཚོ་ཆེན་པོའི་འཇིང་ངམ། ཟེར་ན།
- ནོར་བྲང་ཨོ་རྒྱན།ད་དེ་ནི་དམ་པའི་གསུང་རབ་ཀྱི་རིས་སུ་མ་ཆད་པ་རྒྱ་མཚོ་ཆེན་པོའི་འཇིང་ངམ། ཟེར་ན།
- ནོར་བྲང་ཨོ་རྒྱན།ད་གཏིང་མཐའ་དཔོག་པར་དཀའ་བ། དེ་འདྲས་ཀྱི་ནང་ལ་རང་གི་རྣམ་པར་དཔྱོད་པའི་ཤེས་རབ་ཀྱི་གྲུ་གཟིངས་ཀྱིས་རང་དབང་དུ་སྤྱོད་པའི་ལོ་རྒྱུས་སྨྲ་བ་མཁས་པའི་དབང་པོ་འགོས་ལོ་གཞོན་ནུ་དཔལ་ཟེར་ན།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་ཀྱི་གནས་ཚུལ་ཡོའོ་རེད་ཡིན་ནའི་ད་སོ་སོའི་རྣམ་དཔྱོད་ཀྱི་མཁྱེན་རབ་དེ་བསམ་གྱིས་མི་ཁྱབ་པའི་གཏིང་གཟབ་པོ་ཡོད་པ་ལ་བརྟེན་ནས་།
- ནོར་བྲང་ཨོ་རྒྱན།རྣམ་པར་དཔྱོད་པའི་དེ་ནི་ཤེས་རབ་ཀྱི་གྲུ་གཟིངས་ལ་བརྟེན་ནས། ཤེས་རབ་ཀྱི་གྲུ་གཟིངས་དེ་ནི་རྒྱ་མཚོ་ཆེན་པོའི་ནང་ལ་ག་ལ་གང་ཐུབ་བཏང་གི་ཡོད་ནའི། ཨ་ནི་རང་དབང་སྤྱོད་པ་ལ་ལོ་རྒྱུས་སྨྲ་བའི་དབང་པོ་མཁས་པའི་དབང་པོ་འགོས་ལོ་གཞོན་ནུ་དཔལ་བས།
- ནོར་བྲང་ཨོ་རྒྱན།དེབ་ཐེར་སྔོན་པོ་དང་ཟེར། འགོས་ལོ་གཞོན་ནུ་སྨྲ་བ་ཟེར་ཡས་དང་དེབ་ཐེར་སྔོན་པོ་ཟེར་ཡས་དེ་ང་རང་ཚོ་བོད་ཀྱི། བོད་ཀྱི་རྒྱལ་རབས་ནང་ནས་དེབ་ཐེར་ཚད་མ་དང་ཤིན་ཏུ་གལ་ཆེན་པོ་ཡོད་པ་དེ་འདྲས་ཅིག་རེད། ཟེར།
- ནོར་བྲང་ཨོ་རྒྱན།བྱས་ན་དེབ་ཐེར་སྔོན་པོའི་ནང་ལ་ག་རེ་གསུངས་ཡོའོ་རེད། ཟེར་ན།
- ནོར་བྲང་ཨོ་རྒྱན།དེབ་ཐེར་སྔོན་པོའི་ནང་ལ་དེ་ནི་བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་བ་ནས་བྱུང་བར་བྱས་ན་ཡང་། ཟེར།
- ནོར་བྲང་ཨོ་རྒྱན།ལུང་དང་རིགས་པའི་གནོད་པ་མེད་ཅིང་ཞེས་སྤྱི་ཁྱབ་ཏུ་གསུངས་ནས། ཟེར་།
- ནོར་བྲང་ཨོ་རྒྱན།དེ་ནི། དེབ་ཐེར་སྔོན་པོའི་ནང་ལ་གསུངས་ཡས་ཆ་བཞག་ན། ཨ་ནི་བོད་ཀྱི་ཡུལ་འདི་ཡང་རྦད་དེ་བསྐལ་པ་གནས་པའི་དུས་སྐབས་ལ་བྱུང་བ་དེ་འདྲས་རེད། ཟེར་ད།
- ནོར་བྲང་ཨོ་རྒྱན།འཇིག་རྟེན་ཁོ་ར་རང་ལ་ཆ་བཞག་ན་ད་ལྟ་རྦད་དེ། བསྐལ་བ་ལ་ཆ་བཞག་ན། དཔེར་ན། ཆགས་པའི་བསྐལ་བ། གནས་པའི་བསྐལ་བ། འོང་། འཇིག་པའི་བསྐལ་བ། སྟོངས་པའི་བསྐལ་བ། ཟེར་ན། འཇིག་རྟེན་ཁོ་ར་རང་ལ་ཁྱོན་ཡོངས་ནས་བྱེད་དུས་ཙམ་པ།
- ནོར་བྲང་ཨོ་རྒྱན།དེ་འདྲས་ཀྱི་བསྐལ་བ་ལ་བརྩིས་ན་ཆགས་འཇིག་གནས་སྟོངས་བཞིའི་རིམ་པ་འདྲ་པོ་ཡོད་འགྲོ་དུས་ཙམ་པ། ང་ཚོའི་བོད་ཀྱི། བོད་ཀྱི་དེ་ནི་ཡུལ་དེ་ཡང་རྦད་དེ། གཅིག་གི་དུས་ཚོད་ཡིན་ན་ཐུང་ཐུང་མ་ཡིན་པ། སྔ་མ་ཐོག་མ་ད་ལོ་དུང་ཕྱུར་མང་པོའི་སྔོན་ནས།
- ནོར་བྲང་ཨོ་རྒྱན།བསྐལ་བ་ཆགས་པའི། བསྐལ་བ་གནས་པའི། བསྐལ་བ་ཆགས་པའི་རིམ་པར་བརྒྱུད་བྱས་བྱས་ཨ་ནི། བསྐལ་བ་གནས་པའི་དུས་སྐབས་ལ་བྱུང་བ་དེ་འདྲས་རེད། ཟེར།
- ནོར་བྲང་ཨོ་རྒྱན།བྱུང་བ་དེ་ཡང་། དེ་ནི་རྒྱ་གར་དང་འདྲ་བ་ནི་རྒྱ་གར་གྱི་ལོ་རྒྱུས་ནི་ཞེ་དྲག་མང་པོ་ཡོད་པ་དེ་འདྲས་ཅིག་རེད་པ། དེ་དང་འདྲ་བ།
- ནོར་བྲང་ཨོ་རྒྱན།དེ་དང་འདྲ་བ་རྦད་དེ་བྱས་ནའི་དེ་ནི་རྦད་དེ་གཅིག་པ་རེད་བྱས་ནའི་འགལ་བ་ཡོའོ་མ་རེད། ཟེར། འགལ་བ་དེ་འདྲས་ཡོའོ་མ་རེད། ཟེར།
- ནོར་བྲང་ཨོ་རྒྱན།ད་ཡིན་ནའི་དེ་འདྲས། མཁས་པའི་ལུགས་གཞན་པ་ཡང་རྒྱུ་མཚན་དུ་འདྲེན་པར་མཛད་པའི་ལོ་རྒྱུས་དེ་དག་མཁས་པའི་ལུགས་གཞན་པ་ཡང་རྒྱུ་མཚན་དུ་འདྲེན་པར་མཛད་པའི་ལོ་རྒྱུས་དེ་དག་དཀྱུས་གཅིག་ཏུ།
- ནོར་བྲང་ཨོ་རྒྱན།ད་ཡང་མཁས་པའི་གཞན་དག་ལུགས་གཞན་དག་ལ་ཆ་བཞག་ན་ཡང་འགའ་ཞིག་གི་ད་ལྟ་དེ་ལྔ་པ་ཆེན་པོས་ཐོག་མ་དེ་དགོངས་བཞེད་དེ་རེད།
- ནོར་བྲང་ཨོ་རྒྱན།ད་དེའི་ཐོག་ནས་ཡང་དགོངས་བཞེད་དེ་དང་མ་མཐུན་པའི་དགོངས་བཞེད་གཞན་དག་གང་ཡོའོ་རེད། ཟེར་ན།
- ནོར་བྲང་ཨོ་རྒྱན།སྔ་མ་ཡང་མཁས་པ་འགའ་ཤས་ཀྱིས་གསུངས་ཡས་ལ་ཆ་བཞག་ན། དམ་པ་སངས་རྒྱས་དེ་ནི་རྦད་དེ། བོད་ལ་སྔོན་མ་ཐེངས་མ་བཅུ་གསུམ་བཅུ་བདུན་ཕེབས་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཕེབས་ཡོད་དུས་ཙམ་པ་དེ་ནི་ཐེངས་མ་དང་པོའི་སྐབས་དུས་ཆ་བཞག་པ་ཡིན་ན། ཨ་ནི་རྦད་དེ་བོད་ཀྱི་ཡུལ་དེ་དེ་ནི་དེའི་སྒང་དེར་རེད་ཟེར།
- ནོར་བྲང་ཨོ་རྒྱན།གང་ཟར༼ཟེར༽། བོད་ཀྱི་ཡུལ་ལྗོངས་ཡོངས་རྫོགས་ཆུས་གང་བ་དང་། དེ་ནས་ཐེངས་མ་གཉིས་ལ་ཡ་ཕེབས་དུས་ཙམ་པ། ཤྭ་བ་དང་རྐྱང་ལ་སོགས་པ་གང་བའི་དེ་འདྲས་ཀྱི་གསུང་རྒྱུན་ཡིན་ནའི་ཡོའོ་རེད། ཟེར།
- ནོར་བྲང་ཨོ་རྒྱན།དེ་དེ་ཡིན་ན། དེ་ཚོ་རྦད་དེ་གསུང་རྒྱུན་ལ་ཆ་བཞག་ན་རྦད་དེ་ད་དུས་ཚོད་དེ་འདྲས་ཅིག་ཐག་དེ་བྱས་དྲག་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།གང་ཟར༼ཟེར༽ཐག་ཉེ་ཐག་ཆོད་ནས་ཨ་ནི་དེ་རེད། ཟེར།
- ནོར་བྲང་ཨོ་རྒྱན།དེ་ཚོའི་ཐོག་ལ་ཡིན་ན་ད་ལྟ་འགོས་ལོ་གཞོན་ནུ་དཔལ་བས་ཡིན་ན་དེ་ཚོ་ལ་ཡིན་ན་གསུང་རྩོམ་དེ་ཚོ་དེ་འདྲས་མ་རེད་གསུངས་ཡས་དེ་ཚོ་རེད།
- ནོར་བྲང་ཨོ་རྒྱན།དེ་ནི་དམ་པ་སངས་རྒྱལ་ཆ་བཞག་ན་བོད་ལ་ཐེངས་མ་བཅུ་བདུན་ཕྱིན་པ་ཡིན་ན། དེ་ཅིག་གི་ཕྱིན་ཆད་ཟེར་ཡས་ལ་ཆ་བཞག་ན་ད་མཁས་པ་གཞན། ཕྱི་མ་ཚོས་གསུངས་ཡས་ལ་ཆ་བཞག་ན། དེ་ནི་བོད་ལ་དེ་ནི་ཐེངས་མ་བཅོ་བདུན་ཕེབས་པ་ཡིན་ན། དམ་པ་སངས་རྒྱས་རང་དཔེར་ན་དགུང་ལོ་ལྔ་བརྒྱ་བཅུ་བདུན་བཞུགས་ཡོད། ཟེར།
- ནོར་བྲང་ཨོ་རྒྱན།ལྔ་བརྒྱ་བཅུ་བདུན་བཞུགས་ན་མཐའ་མ་དེ་ནི་དིང་རི་ལ་སྐུ་གཤེགས་པ་ཡིན་ཟེར་ཡས་དེ་འདྲས་ཀྱི་བཤད་ཚུལ་འདྲ་པོ་དེ་འདྲས་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་ཚོ་སྔོན་མ་མཁས་པ་ཚོའི་གསུངས་ཚུལ་ཙམ་རེད།
- ནོར་བྲང་ཨོ་རྒྱན།རེད་མ་གཏོགས་དེ་ནི་དེ་ལ་ཡ་རྦད་དེ། དམ་པ་སངས་རྒྱས་བོད་ལ་ཕེབས་དུས་ཙམ་པ་བོད་ཆུ་བོས་ཁངས་༼ཁེངས་༽པ་ལ་སོགས་པ་དེ་ཚོ་ཁུངས་ལུང་གའི་ཡོའོ་མ་རེད་བསམས་ཀྱིས། དེ་འདྲས་ཀྱི་དཔེར་ན། ལུགས་དེ་འདྲས་ལ་རྒྱུ་མཚན་བསྟན་པ་གནང་ཡོའོ་རེད། ཟེར།
- ནོར་བྲང་ཨོ་རྒྱན།གཞན་དུ་ན་རྒྱ་གར་གྱི་སློབ་དཔོན་བདེ་བྱེད་བདག་པོས་མཛད་པའི་ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་པ།
- ནོར་བྲང་ཨོ་རྒྱན།ཤེས་རབ་གོ་ཆས་མཛད་པ་ལས་རྒྱལ་པོ་རུ་པ་ཏི་ཞེས་བྱ་བའི་དཔུང་གི་ཚོགས་དང་བཅས་པ་ཟེར་ཡས་དེ་དེ་འདྲས། དེ་མིན་པའི་གཞན་དག་གི་ཐོག་ནས་རྒྱ་གར་དེ་ནི་སློབ་དཔོན་བདེ་བྱེད་བདག་པོས་ཟེར་ཡས་དེ་ནི་བདེ་བྱེད་བདག་པོས་གསུངས་པའི་། བདེ་བྱེད་བདག་པོས་མཛད་པའི་ལྷ་ལས་ཕུལ་བྱུང་གི་འགྲེལ་པ་ཟེར་ཡས་དེ་འདྲས་ཀྱི་དཔེ་ཆ་གཅིག་ཡོའོ་རེད།
- ནོར་བྲང་ཨོ་རྒྱན།བདེ་བྱེད་བདག་པོས་རྒྱལ་པོ་བདེ་བྱེད་བདག་པོས་མཛད་པའི་ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་པ་ཟེར་ཡས་དེའི་ནང་ལ་ཆ་བཞག་ན་གང་འདྲས་རེད། ཟེར་ན།
- ནོར་བྲང་ཨོ་རྒྱན།འོང་། ལྷ་ལས་ཕུལ་བྱུང་གི་བསྟོད་པ་ཟེར་ཡས་དེ་ནི་བསྟན་འགྱུར་གྱི་ནང་ལ་བཞུགས་པ་དེ་འདྲས་གཅིག་རེད།
- ནོར་བྲང་ཨོ་རྒྱན།བསྟན་འགྱུར་ནང་ལ་བཞུགས་ན། དེའི་ནང་ལ་ཆ་བཞག་ན་གང་འདྲས་ཡིན་ནམ། ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནི་དེ་རེད༎ སློབ་དཔོན་བདེ་བྱེད་བདག་པོས་དེ་ནི་སྟོན་པ་ཤྭཀྱ་ཐུབ་པ་ལ་བསྟོད་པའི་བསྟོད་པ་དེ་འདྲས་ཅིག་རེད།
- ནོར་བྲང་ཨོ་རྒྱན།དེ་ལ་གང་འདྲས་རེད་ཟེར་ན། ད་སྟོན་པ་ཤྭཀྱ་ཐུབ་པ་ལ་བསྟོད་ནས་ད་གང་ཟེར་ན་དེ་རྦད་དེ། སྟོན་པ་བཅོམ་ལྡན་འདས་ད། སྟོན་པ་བཅོམ་ལྡན་འདས་དང་ད་ག་ནང་བཞིན་པའི་དེ་མིན་པའི་ཕྱི་ནང་གི་གྲུབ་མཐའ་ད།
- ནོར་བྲང་ཨོ་རྒྱན།ལྷ་དབང་ཕྱུག་ལ་སོགས་པ་དེ་འདྲས་ལ་དད་པ་བྱེད་མཁན་གྱི་ཕྱི་ནང་གི་གྲུབ་མཐའ་གཉིས་བསྡུར་ནས་དེ་ནི་སྟོན་པ་བཅོམ་ལྡན་འདས་ནི་དེ་ནི་རྦད་དེ་ལྷ་དབང་ཕྱུག་གི་གྲུབ་མཐའ་ལ་སོགས་པ། ཕྱི་རོལ་པའི་གྲུབ་མཐའ་ལ་སོགས་པ། དེ་ཚོ་ལས་ཕུལ་དུ་བྱུང་བ་དེ་འདྲས་རེད།
- ནོར་བྲང་ཨོ་རྒྱན།དེ་འདྲས་རེད། དེ་ཚོས་བསྡུར་ཐུབ་ཐབས་ཡོའོ་མ་རེད། གསུངས་ཡས་འོ་ད་ལྷ་ལས་ཕུལ་བྱུང་གི་བསྟོད་པ་ཟེར་ཡས། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ། ལྷ་ཆེན་དབང་ཕྱུག་ལས་ཕུལ་དུ་བྱུང་བའི་བསྟོད་པ།
- ནོར་བྲང་ཨོ་རྒྱན།ཟེར་ཡས་དེ་ལས་དེ་ནི་ཕུལ་དུ་བྱུང་བ་བཅོམ་ལྡན་དེ་ནི་ཕུལ་དུ་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་ཀྱི་བསྟོད་པ་གཅིག་ཡོའོ་རེད། ཟེར།
- ནོར་བྲང་ཨོ་རྒྱན།དེའི་ནང་ལ་ཡིན་ནའི་དེ་ནི། འདིའི་ནང་ནས་ད་ལྷ་ལས་ཕུལ་བྱུང་བསྟོད་པ་ཟེར་ཡས་དེའི་ནང་ནས་ད་གྲུབ་མཐའ་ཕྱི་ནང་གཉིས་ཀྱི་ཐོག་ལ་ཡིན་ན་ད། ཨ་ནི་ག་གི་ཡང་དག་པ་ཡིན་དང་། ག་གི་གཅིག་དགེ་མཚན་ཆེ་བ་ཡོད་པ་ལ་སོགས་པ་དེ་ཚོ་དེ་མི་རྒྱུ་མཚན་མང་པོ་ཞིབ་ཏུ་དཔྱད་རྒྱུ་ཡོད་པ་དེ་འདྲས་གཅིག་རེད།
- ནོར་བྲང་ཨོ་རྒྱན།བྱས་ཙང་ད་དེ་གིའི་ནང་ལ་ཆ་བཞག་ན། དེ་ནི་འགྲེལ་པའི་ནང་ལ་ཆ་བཞག་ནའི་ཡིན་ནའི་སློབ་དཔོན་ཤེས་རབ་གོ་ཆས་གསུངས་ཡས་ལ་ཆབཞག་ན་རྒྱལ་པོ་རུ་པ་ཏི་ཟེར་ཡས། ཞེས་བྱ་བ་དཔུང་གི་ཚོགས་དང། ཞེས་བྱ་བའི་དེ་ནི་རྒྱལ་པོ་རུ་པ་ཏི་ཟེར་ཡས་གཅིག་བྱུང་ཡོའོ་རེད། ཟེར།
- ནོར་བྲང་ཨོ་རྒྱན།དེ་ཡིན་ན་དེ། ཞེས་བྱ་བ་དཔུང་གི་ཚོགས་དང་བཅས་པ་གཡུལ་འགྱེད་པའི་ཚེ། དེ་ནི་རྦད་དེ་ཕམ། ཕམ་བྱས་དེ་ནི་བུད་མེད་ཀྱི་ཆ་ལུགས་འཛིན་དེ་ནི་བྲོས་ནས་རི་ཁ་བ་ཅན། ཁ་བ་ཅན་གྱི་ལྗོངས་སུ་ཁྲོད་དུ་ཞུགས་ཏེ། ཟེར་ན།
- ནོར་བྲང་ཨོ་རྒྱན།རི་ཁ་བ་ཅན་ཡིན་ན་ང་རང་ཚོ་ད་བོད་དེ་རི་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་ཏེ། གནས་པའི་རི་ལ་དེང་སང་ཡང་ཕལ་ཆེར་བོད་བྱ་བར་གྲགས་པ་ཡིན། ཅེས་གསུང་པ་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་དེ་འདྲས་ཀྱི་ཨ་ནི་རུ་པ་ཏི་དུས་སྐབས་ལ་ཆ་བཞག་ན་དེ་གི་རྦད་དེ། འང་། བོད་ལ་བོས༼བྲོས༽ཕྱིན་པའི་དེ་ནི་དེ་འདྲས་ཀྱི་ཨ་ནི་དེ།
- ནོར་བྲང་ཨོ་རྒྱན།དེ་ནི་ཁ་བ་ཅན་དུ་ཞུགས་པའི་གནས་པའི་རི་ལ་ཡང་དེང་སང་བོད་ཅེས་བྱས་ནས་ཟེར་གྱི་ཡོའོ་རེད་ཟེར་བྱས་ན་དེ་འདྲས་གསུངས་ཡོའོ་རེད།
- ནོར་བྲང་ཨོ་རྒྱན།ཡིན་ན་ཡང་དེ་འདྲས་ཀྱི་དཔེར་ན་དེ་ཚོ་ཨ་ནི་རྦད་དེ་ཨ་ནི་སྔ་མའི་གཞན་དག་གི་དཔེར་ན་ད་གང་ཟེར་དགོས་རེད་པས་གཞན་ལུགས་འགོག་པ་དེ་གནང་པ་དེ་འདྲས་གཅིག་རེད།
- ནོར་བྲང་ཨོ་རྒྱན།ད་གཙོ་བོ་ཡིན་ན། དེའི་ནང་ལ་ད་གཙོ་བོ་གཞན་ལུགས་འགོག་པ་དང་རང་ལུགས་སྒྲུབ་པ་སྟེ། ཟེར།
- ནོར་བྲང་ཨོ་རྒྱན།དེ་ཚོ་དཔེར་ན་གཞན་གྱི་ལུགས་འགོག་པ་དང་། རང་ལུགས་སྒྲུབ་པ་ནི་གཙོ་བོ་ནི་ད་ཕྱག་ན་པད་མའི། དེ་ནི་རྦད་དེ་གཙོ་བོ། ལྔ་པ་ཆེན་པོ་རང་གི་དགོངས་པ་དེ་ལ་གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།གཙོ་བོ་དེ་གཅིག་གི་བོད་ཀྱི་གཅིག་གི་ཡུལ་ཁམས་ཐོག་མར་ཆགས་ཡས་དེ་གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ཕྱག་ན་པདྨའི་ཐུགས་རྗེའི་འཕྲིན་ལས་ཟེར་ན། ཕྱག་ན་པདྨ་ཟེར་ན། སྤྱན་རས་གཟིགས་དེ་བོད་དེ་ཨ་ནི་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པ།
- ནོར་བྲང་ཨོ་རྒྱན།རེད་པ། དེ་འདྲས་ཡིན་དུས་ཙམ་པ་དེ་ནི། ཐུགས་རྗེའི་འཕྲིན་ལས་ཀྱི་འོད་ཟེར་འགོག་པ་མེད་པར་ཤར་བས་ཟེར།
- ནོར་བྲང་ཨོ་རྒྱན།གངས་རིའི་ཨ་ནི་ཐུགས་རྗེའི་འཕྲིན་ལས་འོད་ཟེར། འགོག་པ་མེད་པར་ཤར་བའི་གངས་རིའི་ཁྲོད་ཀྱི་ཡུལ་དུ་གནས་པའི་འགྲོ་བ་མིའི་རིགས་ཀྱི་ཀྱི་པད་མའི་ཚལ་རྣམ་པར་རྒྱས་པའམ་འཕེལ་བ་ཞིག དེ་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་ཅིག་དཱ། ད་ལྟ་དེའི་སྙན་ངག་ལ་ཆ་བཞག་ན་དེ་རེད་པ། ཉིན་མ་ཤར་སོང་ན་པད་མ་རྒྱས་འགྲོ་གི་ཡོའོ་རེད་པ།
- ནོར་བྲང་ཨོ་རྒྱན།ཨོའོ་དེ་འདྲས་ཡིན་དུས་ཙམ་པ་དེ་ནི། སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་མཛད་པ་དེ་ཨ་ནི་འདོ་ཟེར་དེ་རྦད་དེ་ཉིན་མའི་འོད་ཟེར་དེ་ཤར་འགྲོ་དུས་ཙམ་པ། ཨ་ནི་བོད་དུ་ཡོད་པའི་འགྲོ་བ་མིའི་དེ་ནི་པད་མའི་ཚལ་དེ་གྱད་དེ་ཨ་ནི་ཚང་མ་འཕེལ་ནས་ཨ་ནི་རྒྱས་པ་དང་འཕེལ་བ་ལ་སོགས་པ་དེ་འདྲས་གཅིག་རེད། ཟེར།
- ནོར་བྲང་ཨོ་རྒྱན།དེ་དག་ནི། དེ་དག་གི་སྐོར་ལ་ཆ་བཞག་པ་ཡིན་ན། དེ་དག་གི་སྔོན་གྱི་བྱུང་བའི་ཚུལ་རིག་པའི་གནས་ལྔ་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོ་དཱི་པམ་ཀ་ར་ཤྲཱི་ཛྙཱ་ནའམ་དཔལ་མར་མེ་མཛད་ཡེ་ཤེས། ད་ཤྲཱི་ཛྙཱ་ཟེར་ཡས་དེ།
- ནོར་བྲང་ཨོ་རྒྱན།དེ་ནི་དཔལ་ལྡན་ཨ་ཏི་ཤ་ཡིན་ནའི་ཞུ་གྱི་ཡོའོ་རེད། ཡང་དཔལ་མར་མེ་མཛད་ཡིན་ནའི་ཞུ་གྱི་ཡོའོ་རེད། ཇོ་བོ་རྗེ་ཡིན་ནའི་ཞུ་གྱི་ཡོའོ་རེད།
- ནོར་བྲང་ཨོ་རྒྱན།བྱས་ཙང་ཁོང་ཚོ་མཚན་གྱི་རྣམ་གྲངས་འཛིན་པ་་ཁོང་གིས་ཡིན་ན་ལྷ་ལྡན་གཙུག་ལག་ཁང་གི་ལྷ་སའི་གཙུག་ལག་ཁང་ནས་བཏོན་པའི་དེ་ནི་དེ་ཡོའོ་རེད། གང་ཟར༼ཟེར༽།
- ནོར་བྲང་ཨོ་རྒྱན།བཏོན་པའི་ཀ་བ། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་ཁྱམས་ནང་མའི་ཟུར་བཞི་ལ་ཀ་བ་བཞི་ཡོད་པ་སྟེ།ཀ་བ་བཞི་ལ། ཀ་བ་ཤིང་ལོ་ཅན་དང་། ཀ་བ་སྦྲུལ་མགོ་ཅན། ཀ་བ་སེང་མགོ་ཅན་དང་། ཀ་བ་ཁྱུང་མགོ་ཅན་དང་ཟེར་ཡས་དེ་འདྲས་ཀྱི་ཐོག་ནས་ཨ་ནི།
- ནོར་བྲང་ཨོ་རྒྱན།སོ་སོ་རེ་རེ་ལ་དེ་ནི་གཏེར་རེ་རེ་བཞེས་ཡོད་ཟེར། གཏེར་བཞེས་ཡོད་པའི་ནང་ནས་དེ་ནི་ཀ་བ་ཤིང་ལོ་ཅན་གྱི་བྱང་ངོས་ནས་ཇོ་བོ་རྗེས་བཞེས་པའི་དེ་ནི། རྒྱལ་པོའམ་སྲོང་བཙན་སྒམ་པོའི་གཏེར་བཞེས་པ་དེའི་ནང་ནས་རྒྱལ་པོའམ་སྲོང་བཙན་སྒམ་པོའི་བཀའ་ཆེམས་ཀ་འཁོལ་མ་ཟེར་ཡས་དེ་འདྲས་གཅིག་ཡོའོ་རེད། ཟེར།
- ནོར་བྲང་ཨོ་རྒྱན།དེ་ལྟར་ད་ག་ནང་ལྟར་དངོས་སློབ། སློབ་དཔོན་དངོས་གྲུབ་ཀྱིས་གཏེར་ནས་བཞེས་པར་གྲགས་པའི་མ་ཎི་བཀའ་འབུམ་ཟེར་ཡས་དེ་འདྲས་ཀྱི་ནང་ནས།
- ནོར་བྲང་ཨོ་རྒྱན།དེ་འདྲས་ཀྱི་ནང་ན་ཆ་བཞག་ན། ཨེ་ནང་ལ་ཆ་བཞག་ན་ད་མ་ཎི་བཀའ་འབུམ་ཟེར་ཡས་དེ་འདྲས་ཀྱི་དཔེར་ན་བཀའ་འབུམ།
- ནོར་བྲང་ཨོ་རྒྱན།སོགས་ད་གངས་ཅན་ལྗོངས་ན་དར་རོ་ཅོག དེ་ནང་ལྟར་དེ་དང་དེ་འདྲ་བའི་བོད་རྦད་དེ་དར་བའི་སྤྱན་རས་གཟིགས་ཀྱི་རྦད་དེ་ག་རེ་ཟེར་དགོས་རེད་པས།
- ནོར་བྲང་ཨོ་རྒྱན།སྤྱན་རས་གཟིགས་ཀྱི་དེ་ནི་རྦད་དེ་། འོང་། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ལ་སོགས་པ་རེད་པ། སྒྲུབ་ཐབས་སོགས་ཆོས་སྐོར་དུ་མ་ཞིག་ཡོའོ་རེད། ཟེར།
- ནོར་བྲང་ཨོ་རྒྱན།དེའི་ད་གྱད་དེའི་ནང་ལ་དགོངས་པ་དེ་ནི་གཅིག་པ་གཅིག་རྐྱང་ལ། དེ་གྱད་དེ་དོན་གཅིག་ལ་བསྒྲིལ་ནས་བཤད་ན་གང་འདྲས་རེད། ཟེར་ན།
- ནོར་བྲང་ཨོ་རྒྱན།གཅིག་ཏུ་མཐུན་པའམ་གཅིག་ཏུ་བསྡུས་ན། དེ་ནི་མིའི་འགྲོ་བ་ནི་ཐོག་མར་དེ་ནི་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་ལྔ་པ་ཆེན་པོ་རང་གི་དགོངས་པ་བཞེད་ཡས་དེ་རེད། བྱས་ནས་ཐོག་མ་དེ་བོད་ཀྱི་མིའི་དེ་ཐོག་མ་བྱུང་ས་དེ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་སྲིན་མོ་བྲག་སྲིན་མ་གཉིས་ལྷན་ཅིག་ཏུ་འདུས་པ་ལ་བརྟེན་ནས་། བྱུང་བ་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།དེ་ལ་ཆ་བཞག་ན་ལྷན་ཅིག་ཏུ་འདུས་པའི་ཕྲུ་གུ་གདོང་དམར་ཤ་ཟན་གྱི་རིགས་སུ་བཤད་པ་ལྟར། རྒྱལ་བ་ཉི་མའི་གཉེན་གྱི་ཚད་མེད་པ་ཐུགས་རྗེའི་མངལ་ཁུར་ལས་ཐོན་པ་དེ་ལྟར་གྱིས་ཤིག་པའི་གསུང་གི་སྣང་བ་བསྩལ་བ་ལ་བརྟེན་ནས།བོད་ཆེན་པོའི་རྒྱལ་ཁམས་སུ་ཟེར།
- ནོར་བྲང་ཨོ་རྒྱན།བྱས་ན་ད་དེ་འདྲས་ཀྱི་དཔེར་ན། སྐབས་དེ་དུས་ཆ་བཞག་ན་རྦད་དེ་བོད་ཀྱི་ཡུལ་ལ་ཆ་བཞག་ནའི་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་སྲིན་མོ་བྲག་སྲིན་མ་ཟེར་ཡས་དེ་ལྷན་ཅིག་འདུས་པའི་དེ་ནི་ཕྲུ་གུ་དེ་ནི་གདོང་དམར་མ་ཤ་ཟན་གྱི་རིགས་སུ་བཤད་པ་ལ་བརྟེན་ནས། ཕྲུ་གུ་དེ། དེ་གྱད་དེ་གདོང་དམར་ཤ་ཟན་གྱི་རིགས་སུ་བཤད་པ་དེ་འདྲས་ཅིག་ཡོའོ་རེད། ཟེར།
- ནོར་བྲང་ཨོ་རྒྱན།དེ་ཚོ་ལ་ཆ་བཞག་ན་རྒྱལ་བ་ཉི་མའི་གཉེན་གྱི་ཨ་ནི་ཚད་མེད་པའི་ཐུགས་རྗེའི་མངལ་ཁུར་ལས་ཐོན་པའི། དེ་ནི་རྒྱལ་བ་ཉི་མའི་གཉེན་གྱི་དེ་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་རྦད་དེ་དགོངས་པའི་ཐུགས་རྗེའི་མངལ་ཁུར་ལས་ཐོན་པའི་དེ་ནི་ད་ཁོང་ཚོས་སྣང་བ་དེ་ལྟར་གྱིས་ཞེས་པའི་གསུང་ལ་བརྟེན་ནས་།
- ནོར་བྲང་ཨོ་རྒྱན།བོད་ཆེན་པོའི་རྒྱལ་ཁམས་སུ་སྤྱན་རས་གཟིགས་དང་། འཇམ་དབྱངས་། ཕྱག་རྡོར་བཅས་འཕགས་པ་རིགས་གསུམ་མགོན་པོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།རིགས་གསུམ་མགོན་པོ་ཟེར་མཁན་དེ། དེ་ནི་སྙིང་རྗེའི་ལྷ་སྤྱན་རས་གཟིགས་དང་། མཁྱེན་པའི་ལྷ་འཇམ་དཔལ་དབྱངས། མཐུ་སྟོབས་ཀྱི་ལྷ་ཕྱག་ན་རྡོ་རྗེ། དེ་ནི་མགོན་པོ་ཁོང་ཚོས་ཁོང་ཚོ་གསུམ་གྱིས་ཨ་ནི་བོད་ཀྱི་རྒྱལ་ཁམས་དེ་ལ་གཟིགས་ནས།
- ནོར་བྲང་ཨོ་རྒྱན།དེ་ནི་སུའི་གདུལ་བྱ་ལ་གྱུར་པ་དེ་འདྲས་གཟིགས་པ་རེད། ཟེར།
- ནོར་བྲང་ཨོ་རྒྱན།གཟིགས་པ་རེད། གཟིགས་དུས་ཙམ་པ་དེ་ནི་རྦད་དེ། དེ་རྒྱལ་ཁམས་དེ་གྱད་དེ་གཟིགས་དུས་ཙམ་པ་ཨ་ནི།
- ནོར་བྲང་ཨོ་རྒྱན།བོད་ཀྱི་ཡུལ་དེ་ལ་གཟིགས་དུས་ཙམ་པ་སྟོད་མངའ་རིས་སྐོར་གསུམ་ནི། སྟོད་ཀྱི། སྟོད་མངའ་རིས་ཀྱི་ཆ་དེ་ནི་ཡུལ་ནི་གླང་པོ་ཆེ་དང་རི་དྭགས་ཀྱི་ཡུལ།
- ནོར་བྲང་ཨོ་རྒྱན།བར་དབུས་གཙང་གི་ཆ་ནི་རི་དྭགས་དང་སྤྲེའུའི་ཡུལ། སྨད་མདོ་ཁམས་ཀྱི་ཆ་ནི་སྤྲེའུ་དང་བྲག་སྲིན་གྱི་ཡུལ།
- ནོར་བྲང་ཨོ་རྒྱན།བྱས་ནས་དེ་འདྲས་ཅིག་ཡུལ་དེ། དེ་ནི་གནས་སྟངས་ཁོ་དེ་འདྲས་ཅིག་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ཡང་དེ་ནི་སྟོད་དེ་གང་འདྲས་རེད་ཟེར་ན། དེ་ནི་རྦད་དེ་གཡའ་རི་དང་གངས་རིས་བསྐོར་བ་དེ་འདྲས་ཅིག་ཡིན་དུས་ཙམ་པ། གླང་པོ་ཆེ་དང་རི་དྭགས་ཀྱི་ཡུལ་དེ་འདྲས་ཡིན། ཟེར།
- ནོར་བྲང་ཨོ་རྒྱན།བར་བྲག་དང་སྤངས་ལྗོངས་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།བྲག་དང་སྤངས་ལྗོངས་ཡིན་དུས་ཙམ་པ་དེ་ནི་དབུས་གཙང་གི་ཆ་དེ་ནི་བྲག་དང་སྤངས་ལྗོངས་ཀྱིས་གང་བ་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཨེ། དེ་ཡིན་ན་དེ་ནི། དེ་ཡིན་དུས་ཙམ་པ་དེའི་ནང་ལ་ཆ་བཞག་ན།
- ནོར་བྲང་ཨོ་རྒྱན།དེ་ནི་སྤྲེའུ་དང་བྲག་སྲིན་བུས་གང་བ་དེ་འདྲས་ཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་སྨད་དེ་ནི་རྩི་ཤིང་ནགས་ཚལ་དང་ཡལ་ག་སྟུག་པོས་ཁངས༼ཁེངས་༽པ་དེ་འདྲས་ཅིག་རེད།
- ནོར་བྲང་ཨོ་རྒྱན།དེ་ལ་ཆ་བཞག་ན་རི་དྭགས་དང་སྤྲེའུ་ཡུལ་དེ་འདྲས་གཅིག་ཡིན་ཟེར། རེད། ཟེར།
- ནོར་བྲང་ཨོ་རྒྱན།དེའི་ནང་ན་ད་རིན་པོ་ཆེ་གཏེར་ལ་སོགས་པ་ས་གཞི་མང་པོ་ཡོད་པ་དེ་འདྲས་ཅིག དེ་འདྲས་ཀྱི་རྦད་དེ། གཏེར་དང་བཅས་པ་དེ་འདྲས་ཀྱི་རྦད་དེ་་ནོར་བུས་ཡོངས་སུ་ཁྱབ་པ་དེ་འདྲས་ཅིག་གི་རྦད་དེ་གོས་སུ་བཀླུབས་པ་ནང་ལྟར་གྱི་ལྟ་བུར་གཟིགས་ནས་ཟེར།
- ནོར་བྲང་ཨོ་རྒྱན།གནས་པ་དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་མིའི་འགྲོ་བ་རྣམས་ཀྱང་སྐབས་དེ་དུས་ཆགས་པའི། དེ་དུས་ཟེར་དུས་ཙམ་པ་མིའི་འགྲོ་བ་རིགས་སུ་འགྱུར་བ། འོང་། མིའི་འགྲོ་བར་གྱུར་པ་ཀུན་ཀྱང་ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ། མི་ཚངས་པ་གཅོད་པ་གསུམ་དང་།
- ནོར་བྲང་ཨོ་རྒྱན།ངག་གི་སྒོ་ནས་བརྫུན་དང་། ཚིག་རྩུབ། ཕྲ་མ། ངག་ཀྱལ་སྨྲ་བ་བཞི།
- ནོར་བྲང་ཨོ་རྒྱན།ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོད་སེམས། ལོག་ལྟ།དང་གསུམ་བཅས་མི་དགེ་བ་བཅུ་སོགས་ངན་སོང་གི། ཨེ། ངན་སོང་གི་སྡུག་བསྔལ། ངན་སོང་གི་སྡུག་བསྔལ་མྱོང་བའི་རྒྱུ་ལ་བག་མེད་དུ་ལོངས་སྤྱོད་པའི་རྐྱེན་གྱིས་ཡུལ་གྲུ་དེ་དག་གི་འོག་ཏུ་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་ད་དེ་འདྲས་ཀྱི་ཡིན་ནའི་དེ་ནི་མིའི་འགྲོ་བ་དེ་འདྲས་གཅིག་ཆགས་ཡོའོ་རེད།
- ནོར་བྲང་ཨོ་རྒྱན།ཡིན་ན་ཡང་དེ་ཚོ་ལ་ཆ་བཞག་ན། དཔེར་ན་མི་དགེ་བཅུ་ལ་སྤྱོད་པའི་རྐྱེན་གྱིས། དེ་ནི་མི་རྒྱལ་ཁམས་དེའི་ནང་ལ་བྱས་ན་དེ་ནི་རྦད་དེ།
- ནོར་བྲང་ཨོ་རྒྱན།སྡུག་བསྔལ་གྱི་རྒྱུ་ལ་བག་མེད་དུ་སྤྱོད་པའི་ཆེད་དུ་དེ་ནི་ཡུལ་གྲུ་དེ་དག་བར་ཏུ་མི་ཟད་པའི་སྡུག་བསྔལ་བྱུང་ནས་དེ་ནི་དམྱལ་བའི་སྡུག་བསྔལ་དེ་འདྲས་མང་པོ་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཚ་གྲང་གི་མནར་གཅོད། ཚ་བའི་དམྱལ་བ་དང་གྲང་བའི་དམྱལ་བ་ལ་སོགས་པ་དེ་འདྲས་ཀྱི་མནར་གཅོད་ཚད་མེད་པ་མྱོང་དགོས་པ། དེ་འདྲས་ཀྱི་དམྱལ་བའི་མནར་གཅོད་ཀྱི་གནས་ལྕགས་ཀྱི་ཟ་མ་ཏོག་དང་འདྲ་བའི་ནང་དུ་སེམས་ཅན་རྣམས་ལྷུང་བར་གྱུར་པ་སྒྲིབ་བྲལ་ཡེ་ཤེས་ཀྱིས་གཟིགས་པས་མཁྱེན་ནས་ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་ཀྱི་ཟར༼ཟེར༽། བོད་ཀྱི་ས་ཆ་ཁོ་རང་བཞིན་ཁོ་དེ་འདྲས་གཅིག་ཡོད་ནའི་དེ་ནི་དེའི་མི་དེ་གྱད་དེ་ཚང་མ་དེ་ནི་དམྱལ་བ་ནང་ལྟར་གྱི་ཐོག་ནས་སྡུག་བསྔལ་ཁྱབ་པ་དེ་འདྲས་ཅིག་གཟིགས་པ་རེད། ཟེར།
- ནོར་བྲང་ཨོ་རྒྱན།གཟིགས་དུས་ཙམ་པ། དེ་ནི་འཕགས་པ་སྤྱན་རས་གཟིགས་དང་། དེ་ནི་འཇལ་དཔལ་དབྱངས། ཕྱག་ན་རྡོ་རྗེ་ཁོ་ཚོ་གསུམ་རང་གི་ད་རྣམ་པ་གསུམ་གྱིས་ད་མི་དེ་གྱད་དེ་འགྲོ་བ་དེ་གང་འདྲས་ཟེར་འགྲོ་དགོས་ཀྱི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཁོང་རྣམ་ཚོ་བཀའ་མོལ་གནང་ང་རེད། ཟེར།
- ནོར་བྲང་ཨོ་རྒྱན།བཀའ་མོལ་གནང་བྱས་ནས། དེ་དག་གི་དོན་དག་དེ་བཀའི་འགྲོ་བ་གནང་བ་ལ་ཐོག་མ་དེ་ནི་འཇིག་རྟེན་དབང་ཕྱུག་གིས་ད་དེ་འདྲས་ཡིན་དུས་ཙམ་པ།
- ནོར་བྲང་ཨོ་རྒྱན།ཡིན་ཟེར། ཐོག་མ་དེ་རེད། ཐོག་མར་འཇིག་རྟེན་དབང་ཕྱུག་རེད་པ། འཇིག་རྟེན་དབང་ཕྱུག འཕགས་པ་སྤྱན་རས་གཟིགས་ཀྱིས་དེ་ནི་རྦད་དེ། འགྲོ་བ་དེ་གྱད་དེ་གདུལ་བྱ་འདུལ་བར་བྱེད་པའི་གདུལ་བྱ་དེ་བྱེད་ཡས་ཀྱི་ཆེད་དུ་ཁུར་དེ། དེ་འདྲས་བྱས་པ་རེད། ཟེར།
- ནོར་བྲང་ཨོ་རྒྱན།ཕུལ་དུ་བྱུང་བའི་དགོངས་པར་བཞུགས་ཟེར། དགོངས་པ་ནི་ཕུལ་དུ། ཨ་ནི་གདུལ་བྱ་སྐྱོང་ཡས་ཀྱི་དགོངས་པ་དེ་འདྲར་བཞུགས་པ་དེ་འདྲས་ཅིག་རེད། ཟེར།
- ནོར་བྲང་ཨོ་རྒྱན།འཕགས་པ་སྤྱན་རས་གཟིགས་ནི་ཨ་ནི་དེ་འདྲས་ཡིན་དུས་ཙམ་པ། འཕགས་པ་སྤྱན་རས་གཟིགས་ཀྱིས་རྒྱུ་མཚན་དེ་ལ་བརྟེན་ནས།
- ནོར་བྲང་ཨོ་རྒྱན།འཕགས་པ་སྤྱན་རས་གཟིགས་ཀྱིས་ཕྱག་སྟོང་དང་སྤྱན་སྟོང་གི་རྣམ་པར་སྤྲུལ་ནས་དེ་ནི་རེད་པ།
- ནོར་བྲང་ཨོ་རྒྱན།ཕྱག་སྟོང་དང་སྤྱན་སྟོང་། སྐུའི་རྣམ་པར་སྤྲུལ་ནས་དེ་ནི་ལྷ་སའི་ཐད་ཀྱི་འཛིན་མའི་ངོས་སུ་གཟིགས་པས། ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་ནས་ཕྱག་སྟོང་། སྤྱན་རས་གཟིགས་ཀྱི་ཕྱག་སྟོང་སྤྱན་སྟོང་གི་སྐུའི་རྣམ་པས་ལྷ་སའི་ཐད་ཀྱི་དེ་ནི་ས་གཞིའི་ངོས་ལ་གཟིགས་དུས་ཙམ་པ།
- ནོར་བྲང་ཨོ་རྒྱན།དམྱལ་བའི་གནས་ཀྱང་སྡུག་བསྔལ་དང་བྲལ་བའི། འོང་། སྡུག་བསྔལ་དང་བྲལ་བའི་ཡིད་དུ་འོང་བའི་གནས་འཆི་མེད་བདག་པོའི་དགའ་བའི་ཚལ་ལ་སྐྱེངས་པ་སྟེར་བ་ལྟ་བུའི་སྣང་བ་དང་བཅས་པ་སྟེ། ཟེར།
- ནོར་བྲང་ཨོ་རྒྱན།དེ་དེ་འདྲས་ཀྱི་གཟིགས་དུས་ཙམ་པ། ད་དངོས་གནས་དྲང་གནས་ལྷ་སའིདེ་ནི་གནས་ཀྱི་ས་གཞིའི་ངོས་ལ་གཟིགས་དུས་ཙམ་པ།
- ནོར་བྲང་ཨོ་རྒྱན།དེ་ནི་དམྱལ་བའི་གནས་དེ་འདྲས་ཡིན་ཀྱང་། འོང་དེ་ནི་སྡུག་བསྔལ་དང་བྲལ་བ་ཡིད་དུ་འོང་བའི་གནས་དེ་ནི་ལྷ་ཡུལ་ནང་ལྟར། དེ་ནི་དེ་འདྲས་ཀྱི་རྦད་དེ་འོང་། འོང་། གྱུར་བ་ལྟ་བུའི་སྣང་བ་དེ་འདྲས་ཨ་ནི་ཁོང་གི་ཐུགས་ལ་སྣང་བ་དེ་འདྲས་བྱུང་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ལ་གནས་པའི་སྤྲིན་མགྲིན་རྣམས་ཀྱང་། འོང། སྤྲིན་མགྲིན་ཟེར་ན། ད་འཇིག་རྟེན་ལ་གནས་པའི་གཅིག་གི། འཇིག་རྟེན་འདི་ལ་བསྐལ་པ་དང་པོའི་་དུས་ལ་ས་ཞག་གི་ཟས་ནུབ་རྗེས་དེ་ནི་མི་ཚོས་ཉོན་མོངས་པ་སྤྲིན་ཙམ་ཞིག་ཡོད་ཟེར་བས།
- ནོར་བྲང་ཨོ་རྒྱན།དེ་ལ་བརྟེན་ནས་ཨ་ནི་མི་དང་སེམས་ཅན་གྱི་མིང་ལའང་སྤྲིན་མགྲིན་ཞེས་ཡིན་ནའི་ཟེར་གྱི་ཡོའོ་རེད། ཟེར།
- ནོར་བྲང་ཨོ་རྒྱན།སེམས་ཅན་རྣམས་སྤྲིན་མགྲིན་བྱ་བ་ཡོའོ་རེད་ཟེར། སེམས་ཅན་དེ་ལྟ་བུའི་དེ་ནི་དེ་ལྟ་བུའི་སྡུག་བསྔལ་ལས་གྲོལ་ཏེ། ལྷའི་བདེ་བ་ལ་སྤྱོད་པ་དང་མཚུངས་པར་དབུགས་དབྱུང་བའམ་ངལ་གསོ་བར་མཛད་ནས་ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་ཡིན་དུས་ཙམ་པ། མི་དེ་གྱད་དེ་གཅིག་གི་ད་ཨེ། ད་དམྱལ་བ་ལ་སྤྱོད་པའི་སེམས་ཅན་དེ་གྱད་དེ་ཡིན་ན་ཕལ་ཆེར་བ་ད་རྦད་དེ་ངན་སོང་གི་སྡུག་བསྔལ་དེ་ལས་གྲོལ་ཡས་ཀྱི་ཆེད་དུ། སྡུག་བསྔལ་གྲོལ་ནས་ལྷའི་བདེ་བ། བདེ་འགྲོ་ལྷ་ཡུལ་གྱི་བདེ་བ་དང་བཅས་པར་མཚུངས་པར་སྤྱོད་པ།
- ནོར་བྲང་ཨོ་རྒྱན།སྤྱོད་ཡས་ཀྱི་ཐོག་ལ་ཡིན་ན་དབུགས་དབྱུང་བའམ་ངལ་གསོ་བར་མཛད་ནས་ཟེར། ་
- ནོར་བྲང་ཨོ་རྒྱན།ཨེ། ད་དེ་རྦད་དེ་ཨ་ནི་མི་དེ་གྱད་དེ་རྦད་དེ་ཁྱེད་རང་ཚོ་རྦད་དེ་སེམས་ཅན་དེ་ནས་ཐར་བར་བྱེད་ཀྱི་ཡིན་ཟེར་བྱས་ནས། དེ་འདྲས་ཀྱི་ད་དབུགས་དབྱུང་གིས། དགོངས་པ་དེ་འདྲས་མཛད་པ་རེད། ཟེར།
- ནོར་བྲང་ཨོ་རྒྱན།དེ་ཡང་། དེ་ནི་ད་དེ་འདྲས་ཡིན་དུས་ཙམ་པ་ད། བོད་ཀྱི་འགྲོ་བའི་དོན་མཛད་པར་དམ་བཅས་པ་དེ་ཡང་། དེ་ལྟར་ཡང་འདུད་འགྲོ་ནི་གླེན་ཞིང་གཏི་མུག་པའི་ངང་ཚུལ་ཅན་ལ་བླང་དོར་གྱི་གནས་ཚུལ་བཞིན་སྟོན་པའི་མཐུ་དམན་པའི་མིའི་རིགས་སྤེལ་བར་དགོངས་ཏེ། འཕགས་པའི་ཐུགས་རྗེས་རིགས་བསྒྱུར་བའི་སྤྲེའུ་ཞིག་དང་། ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་ཡིན་དུས་ཙམ་པ་ད། ཨེ་གང་ཟེར་དགོས་རས༼རེད༽།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་ཀྱི་རྦད་དེ་མིའི་འགྲོ་བ་དང་དེ་འདྲས་ཡོའོ་རེད། ཟེར།
- ནོར་བྲང་ཨོ་རྒྱན།བོད་ཀྱི་འགྲོ་བའི་དོན་མཛད་པར་དམ་བཅས་པ་དེ་འདྲས་རེད་། ཟེར།
- ནོར་བྲང་ཨོ་རྒྱན།ཡིན་ནའི་དེ་འདྲས་ཡིན་ན་ཡང་། ད་འདུད་འགྲོ་ཟེར་མཁན་དེ་གླེན་ཞིང་གཏི་མུག་པའི་སྡུག་བསྔལ་ངང་ཚུལ་ཅན་ལ་བླང་དོར་གྱི། ཨ་ནི་སྐབས་དེ་དུས་ཨ་ནི་བོད་ཀྱི་མི་ལ་ཆ་བཞག་ནའི་རྩ་བའི་གནས་ཚུལ་དེ་གང་ཟེར་དགོས་རེད།
- ནོར་བྲང་ཨོ་རྒྱན།གཅིག་བོད་ཡུལ་གྱི་མི་ཁོ་རང་རང་བཞིན་ཆགས་མེད་པ་ཡིན་དུས་ཙམ་པ། སེམས་ཅན་ནང་ལྟར་ཡིན་དུས་ཙམ་པ།
- ནོར་བྲང་ཨོ་རྒྱན།དེ་ནི་མཐུ་དམན་པས་མིའི་རིགས་སྤེལ་བར་དགོངས་ཏེ། ད་མིའི་རིགས། དེ་ནི་ས་ཆ་དེའི་སྒང་གི་བོད་ནང་ལ་དེ་ནི་མིའི་རིགས་མི་རྒྱུད་དེ་སྤེལ་བར་དགོངས་ནས་འཕགས་པའི་ཐུགས་རྗེས་རིགས་བསྒྱུར་བའི་སྤྲེའི་ཞིག་དང་། ཟེར།
- ནོར་བྲང་ཨོ་རྒྱན།འཕགས་པ་ཐུགས་རྗེ་ཆེན་པོའི་དེ་ནི། ཨེ་དེ་བརྒྱབ་པའི། འོང་། བྱིན་རླབས་ཀྱིས་བསྒྱུར་བའི་དེ་ནི་སྤྲེའུ་ཞིག་དང་འཕགས་མ་སྒྲོལ་མ་ཅན་གྱི་རི་དྭགས། བྱིན་རླབས་ཀྱི་རི་དྭགས་ཀྱི་རི་བོང་གི་གཟུགས་བརྙན་བློའི་ཟླ་གཞོན་དྭངས་པའི་དཀྱིལ་འཁོར་ངོས་སུ་ཤར་བ་དང་། ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་འཕགས་པ་དེ་ཐུགས་རྗེས་རིགས་བསྒྱུར་བའི་སྤྲེའུ་ཞིག་དང་། འཕགས་མ་་སྒྲོལ་མ་དེ་ནི་དེ་ཡང་སྲིན་མོ་དེ་ཡང་ཨེ་གང་འདྲས་ཅིག་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནི་རྗེ་བཙུན་་སྒྲོལ་མའི་དེ་ནི་རྦད་དེ་བྱིན་རླབས་ཀྱིས་དེ་ནི་རྦད་དེ། བྱིན་རླབས་དེ་སྙིང་ལ་བཞུགས་པ་རི་དྭགས་ཀྱི་རི་བོང་གི་གཟུགས་བརྙན་གྱི་བློའི་ཟེར་ན།
- ནོར་བྲང་ཨོ་རྒྱན།རི་དྭགས་ཀྱི་དེ་ནི་རི་བོང་གི་གཟུགས་བརྙན་ནང་ལའི་དེ་ནི་དེ་ནང་ལྟར་ཡོའོ་རེད་པཱ།
- ནོར་བྲང་ཨོ་རྒྱན།གཅིག་གི་ཨ་ནི་ཟླ་བ་ནང་ལྟར་ཡོད་པ། དེ་འདྲས་བྱས་པ་ཡིན་ན་ཨ་ནི་དེ་ནི། ཨེ། སྲིན་མོ་བྲག་སྲིན་མོའི་སྙིང་དེ་ལ་ཡི་ན་ཡང་ ཨ་ནི་རྦད་དེ་འཕགས་མ་སྒྲོལ་མའི་བྱིན་རླབས་ཡིན་ནའི་འཇུག་པ།
- ནོར་བྲང་ཨོ་རྒྱན།ཨོའོ་དེ་འདྲས་ཀྱི་ཐོགས་ནས་རིགས་མོ་བྲག་སྲིན་མོ་གཉིས་འདུས་པ་ལས། དེ་ནི་མིའི་འགྲོ་བ་རིགས་དྲུག་བྱུང་བ་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།མིའི་འགྲོ་བ་རིགས་དྲུག་བྱུང་ཡས་དེ་ནི། མིའི་འགྲོ་བ་རིགས་དྲུག་ཡོང་ཡས་དེ་གང་འདྲས་རེད། ཟེར་ན།
- ནོར་བྲང་ཨོ་རྒྱན།འོང་། དེ་ནི་མིའི་འགྲོ་བ་རིགས་དྲུག་པོ་དེ་ནི་གང་འདྲས་རེད། ཟེར་ན།
- ནོར་བྲང་ཨོ་རྒྱན།ལྷ། ལྷ་མ་ཡིན། མི། ཡི་དྭགས། དུད་འགྲོ དམྱལ་བ། བྱས་དེ་འདྲས་ནས་ཚེ་འཕོས་པའི་ཨ་ནི་མིའི་འགྲོ་བ་དེ་འདྲས་བྱུང་བ་རེད། ཟེར།
- ནོར་བྲང་ཨོ་རྒྱན།ཨེ། དེ་འདྲས་ཚེ་འཕོས་པའི་ཉེར་ལེན་གྱིས་སྤྱོད་ཚུལ་མི་འདྲ་བའི་ཕྲུ་གུ་དྲུག་བྱུང་བ་རེད། ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་དཔེར་ན་ད་ལྷ་ནས་སྐྱེ་བ་འཕོས་པ་དང་། ལྷ་མ་ཡིན་ནས་སྐྱེ་བ་འཕོས་པ་དང་། དུད་འགྲོ་ནས་སྐྱེ་བ་འཕོས་པ་དང་། མི་ནས་སྐྱེ་བ་འཕོས་པ་དང་། ཡི་དྭགས་ནས་སྐྱེ་བ་འཕོས་པ་དང་། དམྱལ་བ་ནས་སྐྱེ་བ་འཕོས་པ་ལ་སོགས་པ་དེ་འདྲས་ཀྱི་དཔེར་ན།
- ནོར་བྲང་ཨོ་རྒྱན།ད་མིའི་འགྲོ་བ་དེ་འདྲས་རིགས་མི་འདྲ་བ་དེ་ནི་སྤྲེའུ། ད་ཕ་བྱང་ཆུབ་སེམས་དཔའ་དང་། མ་བྲག་མ་་་་དེ་ནི་བྲག་སྲིན་མོ་གཉིས་ལ་ད་ཨེ་འདྲས་ཀྱི་རིགས་མི་འདྲ་བ་འདུས་པ་ལ་བརྟེན་ནས། སྤེའུ་༼སྤྲེའུ་༽དེ་འདྲས་ཆུང་ཆུང་དེ་འདྲས་དྲུག་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་སྤྲེའུ་དེ་གྱད་དྲུག་བྱུང་ཡས་ཡིན་ནའི། ཡ་ཕའི་རིགས་སུ་གྱུར་བ་རྣམས་བསམ་བློའི་འཆར་སྒོ་དེ་འདྲས་མྱུར་པོ་ཡོད་པ། རེད་པ།
- ནོར་བྲང་ཨོ་རྒྱན།བསམ་བློའི་ནང་ལ་ལམ་སང་ལམ་སང་དྲན་ཐུབ་པ་རེད་པ། འོང་། དེ་ནི་མའི་རིགས་སུ་གྱུར་པ་དེ་ནི་ཕའི་རིགས་སུ་གྱུར་པ་ལས་འཆར་མྱུར་པོ་དེ་ནི། གཞན་ལ་ཡང་སྙིང་རྗེ་ཆེ་བ།
- ནོར་བྲང་ཨོ་རྒྱན།མི་གཞན་དག་དེ་ཚོ་ལ་སྙིང་རྗེ་ཆེ་པོ་ཡོད་པ། ཨེ། མའི་རིགས་སུ་གྱུར་པ་དེ་ནི་གང་འདྲས་རེད། ཟེར་ན།
- ནོར་བྲང་ཨོ་རྒྱན།སྐབས་དེ་དུས་སྲིན་མོའི་རིགས་སུ། སྲིན་མོའི་རྣམ་པ་ལ་བལྟས་པ་ཡིན་ཙང་། མིའི་རིགས་སུ་གྱུར་པ་དེ་ནི་གདོང་མདོག་ཡིན་ན་དམར་པོ་ཡིན་པ་དང་།
- ནོར་བྲང་ཨོ་རྒྱན།ད་ག་ནང་ལྟར་སྡིག་པའི་ལས་ལ་དེ་ནི་ཆགས་ཤིང་། དེ་ནི་རོ་གྱོང་བ་རེད་པ། གཤིས་ཀ་ཡིན་ན་འཇམ་པོ་མེད་པ་རོ་གྱོང་བ།རེད་པ། ཨོའོ་དེ་འདྲས་ཅིག་རེད། ཟེར།
- ནོར་བྲང་ཨོ་རྒྱན།རོ་གྱོང་བ་བྱུང་བ་དེ་དག་ལས་རིམ་པར་མཆེད་པ་འཕེལ་བས་བོད་ལྗོངས་འདི་ཉིད་མིའི་རྒྱལ་ཁམས་སུ་གྱུར་ཏེ།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་ཀྱི་དཔེར་ན། ད་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དྲིན་ལ་བརྟེན་ནས་ཨ་ནི་དེ་འགྲོ་བ་རིགས་དྲུག་གི་ནང་ནས་ཚེ་འཕོས་པའི་ཨ་ནི་མིའུ། གང་ཟེར་དགོས་རེད་པས།
- ནོར་བྲང་ཨོ་རྒྱན།སྤེའུ༼སྤྲེའུ༽དྲུག་བྱུང་པ་དེ་ནས་ལས་རིམ་པས་རིམ་པས་དེ་ནི་བོད་ལྗོངས་དེ། འདིའི་ནང་ལ་རྦད་དེ་ཨ་ནི་མི་དེ་འཕེལ་བྱས་ཨ་ནི་བོད་ལྗོངས་དེ་གྱད་དེ་དཔེར་ན་མིའི་འགྲོ་བ་ཡིན་ན་དེ་འདྲས་ཅིག་བྱུང་བ་རེད། ཟེར།
- ནོར་བྲང་ཨོ་རྒྱན།ཨ་ནི་དེ་ཡང་། མིའི་འགྲོ་བ་དེ་ཡིན་ན་ཐོག་མ་ཆགས་པའི་སྐབས་ལ་ཆ་བཞག་ན། ད་དེ་ད་ལྟ་གསུངས་ཡས་དེའི་ནང་ལ་ཆ་བཞག་ན།
- ནོར་བྲང་ཨོ་རྒྱན།ད་ལྟ་སྤྲེའུ་ཟེར་ཡས་གཅིག་དང་སྲིན་མོ་བྲག་སྲིན་མོ་ཟེར་ཡས་དེ་འདྲས་གཅིག་ཡོའོ་རེད་པ། ད་དེ་རིང་ཁ་སང་བྱེད་དུས་ཙམ་པ་ད་དེ་ཚོ་མི་དེ་རིང་ཁ་སང་ཚན་རིག་གི་བྱེད་དུས་ཙམ་པར་།
- ནོར་བྲང་ཨོ་རྒྱན།དེ་ནི་ད་གང་ཟེར་དགོས་རས༼རེད༽་མི་སེམས་ཅན་དཔེར་ན། སྤྲ་ནས་བྱུང་བ་ཡིན་ཟེར་ཡས་དེ་ཡིན་ན་རྦད་དེ་ཚན་རིག་དང་མཐུན་པ། དེ་འདྲས་གཅིག་གི་དེ་རེད། ཟེར།
- ནོར་བྲང་ཨོ་རྒྱན།བྱས་ན་དེ་རིང་ཁ་སང་གི་དཔྱད་པ་བྱེད་དུས་ཙམ་ནས་དེ་རྦད་དེ་ཐོག་མ་དེ་ངོ་ཚས་་མི་ཡི་ཟས་ནས། སེམས་ཅན་ཐོག་མ་ཡོང་ཡས་དེསྤྲ་རིགས་ནས་མི་ལ་འཕོས་པ་ཡིན་ཟེར་དེ་ད་ཡིན་ན།
- ནོར་བྲང་ཨོ་རྒྱན།ད་དེ་ཡིན་ན་སྔོན་མའི་རྒྱུ་མཚན་འདྲ་པོ་དེ་རེད། གསུངས་ཀྱི་ཡོའོ་རེད།
- ནོར་བྲང་ཨོ་རྒྱན།ད་བྱས་ན་དེ་རིང་ཁ་སང་བྱས་ན་གོ་བ་འདྲ་པོ་དེ་འདྲས་འདྲ་གཅིག་ལེན་དགོས་ཀྱི་ཡོའོ་རེད།
- ནོར་བྲང་ཨོ་རྒྱན།དེ་དེ་འདྲས་ཀྱི་དཔེར་ན་མི་མང་པོ། ད་མི་མང་པོ་བྱུང་དུས་ཙམ་པ་ད་དེ་ལ་ཆ་བཞག་ན་མི་དེ་དེ་གྱད་དེ་ལ་ཡིན་ན་རུས་དག་རུས་ཆེན་ནས་ཁག་གཅིག་བྱུང་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་རུས་ཆེན་བཞི་ལས་གྱེས་པའི་ཁམས་དེ་ཡེ་སང་དཀར་པོ་གནམ་གྱི་འཇུ་ཐག་ཅན་དང་གཅིག
- ནོར་བྲང་ཨོ་རྒྱན།ཡེ་སྨོན་ནག་པོ་ཁྲོ་ཆུའི་ཕ་ཕོང་འདྲ་བ་དང་གཉིས།
- ནོར་བྲང་ཨོ་རྒྱན།སྤྱང་ཁྲིག་ཡེ་ཤེས་ལྷའི་སྒྲོན་མེ་དང་གསུམ།
- ནོར་བྲང་ཨོ་རྒྱན།མོན་རྫུ་ནག་པོ་ཁྱིའི་རྟ་ལྗང་ཅན་དང་བཞི། ཟེར་བྱས།
- ནོར་བྲང་ཨོ་རྒྱན།བྱས་ནས་དེ་འདྲས་ཀྱི་དབྱེ་ན་བྱུང་ནས་དེ་ནི་བོད་ཀྱི་ཡུལ་ཁམས་དང་མིའི་འགྲོ་བ་ཇི་ལྟར་བྱུང་བའི་ལོ་རྒྱུས་ཡིན་ན།
- ནོར་བྲང་ཨོ་རྒྱན།དེ་འདྲས་གཅིག་རེད་གསུངས་ཡས། བྱས་ནས་ད་དུམ་བུ་འདིའི་སྐོར་ལ་དེ་འདྲས་གཅིག་རེད་ཤག ཟེར།