Skip to main content Skip to search
31 Jan 2012
36 min 35 sec
Video Overview
Creators: 
Columbia University, Tibetan Academy of Social Sciences, Tibet University, University of Virginia

A former monk named Kelzang talks about his personal history.

Transcript search
No results found for this search
0 of 0
  • སྐྱེས་པ་
    རྒོད་ཐང་དགོན་པ་རྟེན་གསུམ། རྟེན་གསུམ། རྟེན་རྟེན་ཟེར་དུས་མཆོད་རྟེན། ཚེ་ཆུ་འབུམ་པ། རྟག་སྤྱན་འབུམ་པ། རྒོད་ཐང་འབུམ་པ། རྒོད་ཐང་དགོན་པ་དེ། རྒོད་ཐང་དགོན་པ་དེ་ལ་གསུངས་ཚུལ་གསུམ་འདུག
  • རྒོད་ཐང་འབུམ་པ་དེ་ལ། རྒོད་ཐང་རྒོད་ཐང་ཟེར་དགོས་ཡག་དེ་ལ། སྔ་མོ་ངའི་ཨ་མ་ལོ་༨༨མེད་པ་བྱས་སོང་། ངའི་ཨ་མ་མ་གཞན་ཤོད་མཁན་མི་འདུག བྱས་ཙང་ངའི་ཨ་མས་གསུངས་ཚུལ་བྱས་ན་རྒོད་ཐང་རྒོད་ཐང་། ངའི་ནང་འདི་ལ་རྒོད་ཐང་ཀླུ་ཁང་།
  • འོ་མཆོད་རྟེན་འདི་ལ་རྒོད་ཐང་འབུམ་པ། རྒོད་ཐང་འའབུམ་པ། རྒོད་ཐང་ཟེར་ཡག་དེ་རྒོད་ཐང་དཀར་གྱི་མིང་ཞིག་འདི་འདྲས་འདུག
  • རྒོད་ཐང་དཀར་དེ་མིང་གང་འདྲ་བྱས་པ་རེད་ཟེར་ན། རྒོད་འོ་འོ་ཚོང་དཔོན་ནོར་བུ་བཟང་པོ་ཟེར་ན་ཞིག་ཚོང་རྒྱག་མཁན་ཞིག་ཡོད་རེད་པ། ཁོང་གིས་དྲེལ་མི་ཉག་མཚམས་ཟེར་བ་ཞིག་ཁོང་་་། ཁོང་དྲེལ་དེ་ཨང་ཤི་བྱས། ཡང་འདའི་ཡ་དྲེལ་དེ་ལ་རྒོད་ཀྱིས་རོ་དེ་བཟས། འདི་འདྲས་བྱས་ཤག
  • ལྟ་རྒོད་དེ་ཡོང་ས་དེ་ཤེལ་བྲག་ནས་སླེབས་པ་རེད། བྱས་ཙང་འདའི་རྒོད་དེ་འདི་བྱས་ཙང་མི་འདི་གས་ཚོང་དཔོན་ནོར་བུ་བཟང་པོ་ལྟ་ངའི་དྲེལ་དེ་རྒོད་ཀྱིས་བཟས་ཙང་། ཚོང་དཔོན་ནོར་བུ་བཟང་པོ་སྐུ་རླུང་ཞངས་བྱས་རྒོད་ལ་མདའ་བརྒྱབ་གནང་བཞག
  • རྒོད་ལ་མདའ་བརྒྱབ་གནང་བ་དང་། རྒོད་ཐང་དཀར་དེ་ལ་ཐེད་[ཕོག་]བཞག ཐང་དཀར་དེ་ལ་ཕོག་ཙང་འཁྱེར་ནས་དེ་བྱས་ཙང་གཞུག་ལ་ཡ་རུ་ཤེལ་བྲག་དགོན་གཉེར་དེ་ཚོ་ལ་རྒོད་ག་ཚོད་ཡོད་པ་ཁོང་ཚོས་ཧ་གོ་གི་ཡོད་པ་འདྲ།
  • ལྟ་དགོང་དག་རྒོད་ཡག་ལོག་ཡོང་བ་དང་། དགོན་པ་ནས་མར་འདོན་ནས་ང་ཚོའི་ཡ་གིའི་མགོན་པོ་རི་ཤེལ་བྲག་ན་བ། དཔའ་པོ་དགོན་པའི་དུར་ཁྲོད་ཤེལ་བྲག་ནས་བ། རྒོད་ཚང་རང་ཡ་རུ། བྱས་ཙང་ཤེལ་བྲག་དགོན་གཉེར་དེས་ "ང་རྒོད་གཅིག་ཚང་མ་སོང་ཟེར་ད་རེས། མ་ལག་པ་སྡོད་མ་ཚུགས་པ་བྱས་བསད་ཡག་བསད་མེད་འགྲོ ང་རྒོད་ཐང་དཀར་ཞིག་ཚང་མ་སོང་།"ཟེར་སེམས་ཁྲལ་ཞེ་པོ་གནང་བ།
  • དེ་ནས་དགོང་དག་ལ་ཉི་མ་བཞུད་འགྲོ་ཡོད་པ་དང་ཨཱ་ནི་རྒོད་འདི་འཕུར་མ་ཐུབ་པ་བྱས། དེ་ནས་ཡར་གོམ་པ་རྒྱག་ནས་ཕྱིན། ཕ་གིར་ནོར་བུ་བཟང་པོའི་བརྒྱབ་པའི་མདའ་དེ་འདའི་ཟུག་བྱས། འཕིར་[འཕུར་]མ་ཐུབ་པ་བྱས་ཤོག་པ་འདའི།
  • དེ་རྒོད་འདི་གིས་ག་ལེར་ག་ལེར་ཤེལ་བྲག་ལ་ཡར་ལོག་ཕྱིན་པ་རེད། དེ་ནས་དགོན་གཉེར་ལག་དེས་མི་སྤྱིར་བཏང་མིན་རྒྱོག དགོན་གཉེར་ལགས་དེས་མི་ལག་པ་སྡོད་མ་ཚུགས་པ་བྱས་ངའི་རྒོད་ལ་མདའ་བརྒྱབ་ནས་མདའ་དེ་ཚུར་འཐེན་གནང་།
  • གོ་རིམ་བྱས་བྱས་་་ཚོད་ཚོད་གནང་། གཅིག་བྱས་ན་མདའ་ནས་རྩད་གཅོད་ཡོང་ཧ་གོ་དོག་ཁ་པོ་བ་ཟེར། མདའ་དེ་ཚུར་འཐེན། འདུག་སེ་གོ་རིམ་བྱས་བྲག་ཕུག་ནང་ལ་བཞག དེ་ནས་ཚོང་དཔོན་ནོར་བུ་བཟང་པོས་དེ་གས་ཚར་པ་དང་བྲེལ་བྱས་མཆོད་འབུལ་གནང་ག་ཕེབས། མཆོད་མེ་ཕུལ་ཀ།
  • ཨཱ་ནི་ཤེལ་བྲག་མཆོད་མེ་ཕུལ་ཀ་འཐད་གནང་འདུག འདུག་སེ་འཐད་གནང་བ་དང་ངའི་མདའ་འདི་མ་གིར་སླེབས་བསྡད་ནས་ཟེར་ན། ཨ་དེ་ངའི་མདའ་བ་ཟེར་ཡག་བྱུང་ཟེར་ལག་པ་དེ་ནས་བཟུང་། ཁྱོད་ཡག་བྱུང་ཟེར། ཧམ་པ་ཆེན་མདོག་ཁ་པོ། ངའི་རྒོད་ལ་མདའ་བརྒྱབ་ནས། དེ་ག་ཡིན་བ་ཟེར།
  • དེ་ནས་འོ་ང་འོ་འདུག་སེ་འདུག་སེ་བྱས་སོང་ཟེར། ལྟ་འདི་ལ་མཐོལ་བཤགས་བཞེངས་དགོས་ཡོད་ཟེར། འབུམ་པ་གཅིག་བཞེངས་དགོས་འདུག་ཟེར། འོ་འདི་རྒོད་ཐང་དཀར་བསྡད་པའི་འབུམ་པ། རྒོད་ཐང་འབུམ་ཟེར། རྒོད་ཐང་མ།
  • ལྟ་འོ་འདའི་མི་གིས་ཟེར་དུས་ཙམ་འོ་ང་ཚོ་མཆོད་རྟེན་སྐུ་འདི་འདྲས་བཞེངས་ཡག་འོག་བ་ཇ་བག་ཆུང་ར་པོ་འདི་འདྲས་དང་། མར་ར་པོ་འདི་འདྲས་བརྒྱབ་པ་ན། ཁོང་སྟོབས་ཆེན་པོ་ཡིན་ཚང་མཆོད་རྟེན་འོག་ལ་ཇའི་སྒམ་ཁོ་ར་རྦད་བརྩིགས་བཞག་རེད་ཟེར།
  • ཇ་སྒམ་དྲེལ་བྱས། རྦད་དེ་ལྟ་འོ་དེ་རུ་གཟུངས་ཨ་མ་དེ་ལ་འོ་གཡུ། གཡུ་བོད་གཡུ་ཆེ་ཆུང་ཨ་ཁུ་ནེ་ཙོ་ཙམ་གཟུངས་ལ་ཕུལ། ལྟ་གཟུངས་ལ་ཕུལ་ནས་དེ་ནས་ཚོང་དཔོན་ནོར་བུ་བཟང་པོས་འོ་འདི་ཕུལ་ཙང་ཨཱ་ནི་གཞུག་ལ་གཡུ་དེ་བརླགས་པ་ཟེར།
  • གཡུ་དེ་བརླགས་པ་སོང་ཙང་ཁོ་ར་སྤྱན་ཆབ་པས། གཡུ་དེ་ག་དུས་རའི་ཞིག་ལ་ལྷ་སའི་ཇོ་ཤག་ཡིད་བཞིན་ནོར་བུ་ཕུལ་བ་ཟེར། ལྟ་གཡུ་དེ་ཇོ་ཤག་ཡིད་བཞིན་ནོར་བུ་ཕུལ་ཡོད་ཟེར་གྱི་ཡོད་རེད་ལྟ། འོ་འདུག་སེ་བྱས།
  • ལྟ་འདའི་སྔོན་མ་ང་ཕྲུ་གུའི་དུས་ལ་ཚོང་དཔོན་ནོར་བུ་བཟང་པོ་འདམ་བག་གིས་ད་ག་ཙམ་ཞིག་བཞེངས་ཤག འོ་འདིའི་ལག་པ་གཅིག་ལ་ཨ་ཁུ་ནོ་ཙོ་ལེན། དེ་གང་བ་ན་ཟེར་ན་གཡུ་ཨ་ཁུ་ནེ་ཙོ་དེའི་ནང་ཡོད། འོ་དེ་རྒོད་ཐང་འབུམ་པ་ཟེར།
  • རྒོད་ཐང་དཀར་དེ་བསད་པའི། བསད་པའི་ལྟ་མདའ་བརྒྱབ་པའི་མཐོལ་གཤགས། ལྟ་འདིའི་ཕར་ཙམ་ཕར་སྐག་འབུམ་ཟེར་མཁན། སྲི་ཆུ་འབུམ་ཟེར། སྲི་ཟེར་ཡག་དེ་མི་སྲི་ལངས་པ་ཟེར་ཡག་དེ། ཨང་ངའི་བཟོ་ལྟ་རྩིས། ང་ན་ནིང་ན། གཞེས་ཉིན་ལོའི་ཟླ་བ་ལྔ་པའི་ནང་ན། ན་ནིང་ཟླ་བ་ལྔ་པའི་ནང་ན། ལྟ་ད་ལོ་ཟླ་བ་ལྔ་པ་ཤར་བ་དང་། ད་ལོའི་ཟླ་བ་ལྔ་པའི་ནང་ཞིག་ན།
  • འོ་འདི་ལོ་ལྟར་འོ་འདི་ན་ཡག་དེ་སྲི་ལངས་པ་བསམས། འོ་དེ་དུས་ཞབས་བརྟན་ཡ་གིར་ཞབས་བརྟན་སྲི་བཟློག་ཟེར་ཡག་ཆུང་ཆུང་ཞིག་བྱས།
  • མི་ཚང་རྒྱུ་ཕྱུག་པོ་ཡོད་ན་སྲི་གནོན་ཟེར་ཡག་དེ་སེམས་ཅན་མགོ་བོ་ཉི་ཤུ་རྩ་གཅིག རྔ་མོང་མགོ མིའི་མགོ སྟག་མགོ སྤྱང་ཀིའི་མགོ མགོ་བོ་ཉི་ཤུ་རྩ་གཅིག་རུབ་རུབ་བཟོས་ས་འོག་ལ་སྦས་པ། ཡ་རུ་དགོན་པའི་རྡོ་གཅལ་ལོགས་ད་རེས་སང་ཨ་ཇོ་བློ་བཟང་རྒྱལ་མཚན་ནང་ལོགས་མ་གཅིག་སྦས་ཀོ འདིའི་ཅ་ལག་གཅིག་སྦས་ཀོ
  • ཕྱུགས་ཨ་ལག་ཅིག་མི་ཚང་རྒྱུ་ཡོད་པ་ན། མགོའི་ཉོས་འོ་འདུག་སེ་སྲི་གནོན་ཟེར་ན་འོ་འདའི་ཞབས་བརྟན་འོ་དེ་ཚོ་མ་སྒྲུབ་ན་འདའི་ཡང་མཆོད་རྟེན་ཞིག་ཡོད། ངའི་དུས་ལ་འོ་འདི་ལྟ་མི་གིས་གཤིགས་ཆུ་རགས་བརྒྱབ་སོང་། འོ་འདི་མེད་པ་བཟོས་སོང་།
  • ལྟ་འདིའི་འོ་འདའི་གཅིག་སྐག་འབུམ། སྐག་འབུམ་ཟེར་ཡག་དེ་གང་རེད་ཟེར་ན། ཁྱོ་ག་ཡིན་ནའི་འདྲ། སྐྱེས་དམན་ཡིན་ནའི་འདྲ། ཆུང་ཆུང་གོ་དུས་ལོ་བཅུ་གསུམ། བཅུ་བཞི་འདི་པ་ལ་བཅུ་གསུམ་བྱིས་པའི་སྐག སྐག་བྱས། ཉི་ཤུ་རྩ་གཉིས་སྐག་བྱས། སུམ་ཅུ་སོ་བདུན་སྐག་བྱས། སྐག་ཡོད་པ་ན། དགུ་སྐག་དགུ་སྐག་དགུ་བཞི་ཉི་ཤུ་གོ་ལྔ་སོགས། དགུ་སྐག
  • འོ་འདི་སྐག་དེ་ལ་ཁོ་ན་བྱས་ཤི་ཡག་ཉེན་ཁ་ཡོད་རེད། འོ་འདི་སྔོན་འགོག་བྱེད་ཡག་ཆེད་དུ་ཡང་འདའི་མཆོད་རྟེན་ཞིག་ཡོད། འོ་འདི་བཞེངས་ཐུབ་མ་སོང་། འོ་ལྟ་བྱུང་ན་འོ་འདི་ལྟ་འགྲོ་བ་ཡོངས་ཁོ་རར་ཕན་པའི་ཆེད་ཡིན།
  • ཆེན་པོ་ཞིག་མ་བྱུང་ནའི་གཅིག་བཞེངས་ཐུབ་ན་ད་ལྟ་འདི་པ་ཕར་གྲྭ་པ་རྒན་པ་དེ་ཚོ་བླ་མ་འདི་འདྲས་འདི་པ་མེད་ན་ལྷ་ས་ནས་གདན་འདྲེན་ཞུས། བྱེད་ཐུབ་ན་འདི་འདྲས་ར་ཅིག་འགྲོ་བ་ཡོངས་ཁོ་རར་ཕན་པོ་ཞེ་པོ་ཞིག་ཡོང་ང་།
  • ལྟ་ཟླ་བ་བཅུ་གཉིས་པའི་ཚེས་པ་བཅོ་བརྒྱད། བཅོ་དགུ། ལོ་ཐོའི་ནང་ལ་སྐར་མ་སྐག་ཟེར་ཡག་ཅིག་ཡོད་རེད། འོ་འདིས་སྔ་ལྟས་ཡར་སྣེ་གདོང་རྩེད་ཐང་ཟེར་ཡག ངའི་མདུན་མི་གང་ག་སྐོར་ར་སྐོར་བ་སླེབས་བཞག སྐག་ཡོད་རྒྱོག་གི
  • ལྟ་སྐར་མ་སྐག་ཚར་བ་དང་ང་ད་ལོ་སུམ་ཅུ་སོ་བདུན་སྐག་བ་འགྲོ་བ་ཡིན་ཟེར། འོ་ལྟ་འོ་འདི་སྐོར་འདི་གང་ཁོ་ར་མར་མ་ཤི་ཡ་ཐག་བཅད་བྱས་འགྲོ་བ་བྱེད་དགོས། ལྟ་ས་ཆའི་ས་ཤུན་མ་གཞི་མཆོད་རྟེན་མེད་བ། ས་ཆའི་ས་ཤུན་ཤི་པའི་ཤུལ་འདའི་སྐོར་ར་ཅིག་བརྒྱབ།
  • ལྟ་བྱུང་ན་འོ་དེ་དགོས་བ། ངའི་ངོས་ནས་བྱས་པ་ཡིན་ན་ང་རའི་བསམ་འདུན་བྱས་ཡིན་ན། ད་རེས་སང་མར་མེ་འོ་གཙུག་ལག་ཁང་འདི་འདྲས་གང་མིན་ཚད་བཞེངས་དགོས་བ། བ་འདའི་དེ་ལས་དེ་རེས་སང་ཨང་གཞུག་ལ་བསམ་བློ་བཏང་། ཨང་ཡར་གང་ཟེར་དགོས་ཀྱི་རེད།
  • ལྟ་ཡར་སྲུང་སྐྱོབ་བྱེད་ཡག་ཟེར་ར་པོ། གཅིག་བྱས་བསྡད་པ་ན་དེ་བསམ་བློ་བཏང་དུས་དགོན་པ་ག་ཚོད་བཞེངས་པ་ལས་མཆོད་རྟེན་དེ་ཡག་ག ཨང་ཁྲ་འབྲུག་ཨུམ་ཟེར་ཡག་ར་པོ། འོ་ཡ་གིར་ཡ་ཚེ་ཆུ་འབུམ། སྐག་འབུམ། དེ་མིན་པའི་ལུང་པ་འགའ་ཤས་འབུམ་དེ་འདྲས་ཡོད་པ་ན། དེ་རྒྱག་རེས་རེ་རེ་ཁོ་འདམ་བག་ར་བྱས་བརྒྱབ། དེ་ཚར་སོང་ན་ལྟ་འདི་རུ་དགོན་གཉེར་ཞིག་དགོས་པ།
  • དགོན་གཉེར་དེ་ལ་ཕོགས་ར་ཅིག་གང་འདྲས་བྱེདདགོས་པ་ལགས། མཆོད་མ་ར་ཅིག་ཕུལ་བྱེད་མི་དགོས་བ། མི་ཡོང་སྐོར་ར་བརྒྱབ་ལོག་ཕྱིན། སྒོ་བརྒྱབ་ཤག་ཟེར་མི་དགོས་པ། གང་མིན་ཚད་ཡོད་བ། ལྟ་དགོན་པ་ར་ཅིག་བཞེངས་ཡག་འདི་པ་བཞེངས་ཡོད། བཞེངས་ཡོད་རེད་འདའི་ལྟ་ཐབས་སྡུག་བ།
  • དགེ་འདུན་པ་བགྲེས་པ་དེ་ཚོ་གཤགས། ཨཱ་ནིའི་[ཆུང་ཆུང་]དེ་ཚོ་ནི་དགོན་པ་ནའི་མི་ང་དེས་ཟེར་དགོས་པ། མ་ཎི་དང་དེ་འདྲས་འདོན་གནང་དགོས་ཟེར། འབག་འདའི་དགོན་པའི་ལྟད་མོ་ར་འདའི་ལྟ་དགོས་ན། ངའི་སྔས་མ་བྱས་ན། ངའི་སྔས་མ་ཉིན་གང་ཚོགས་ལ་འགྲོ་དགོས་པ་ཟེར།
  • ཚོགས་གྲོལ་སོང་ན་ཆོས་རར་དཔེ་ཆ་སྦྱང་པ་ཟེར། ཆོས་གྲོལ་སོང་ན་ཤག་ལ་དགེ་རྒན་གད་ཕྱིས་བརྒྱབ་གད་ཕྱིས་བྱས་དཔེ་ཆ་སྦྱང་པ་ཟེར། དགོན་པ་ས་རུབ་སོང་དུ་བ་བཏང་ནས་དཔེ་དཔེ་ཆ་འདི་གས་སྐྱོར། དེ་ཚར་སོང་ན་མར་ཡོང་ཞུ་མར་ཤ་སྟག་མེད་ཀོ་ཟེར།
  • ཨཱ་ནི་རྒླ་གླིང་ཀློག་[གཏོང་]ཡག་ར་པོ། དཔེ་དོན་ཀློག་མིག་ལྟ་དགོས་མ་རེད། ཨམ་ཅོག་ཉན་དཔེ་དོན་ཀློག་རག་པ་རོ། གཏོར་བ་བཞེངས་ཡག་ཀློག་ཡག་ར་པོ། འདོན་པ་ར་ཀློག་ཡག་ར་པོ། དཔེ་ཆའི་གདངས་ཨེ་རའི་གཞས་ར་པོ་འོ་འོ་ཀློག་ཡག་ར་པོ། ཡོད་སྔ་མ་ཡོད། དེ་འདྲས་ར་པོ་ཅིག་བྱས་བྱས་ཡོང་རྒྱོག་ཡིན།
  • ལྟ་དེ་སང་ཁྱེད་རང་ཚོས་ཚོགས་གྲོལ་ཚར་ན་ཏན་ཧྲི་ཅི་བྱེད་པ་ན་ཟེར། མི་ཏན་ཧྲི་ཅིའི་འདུག་པ་ཟེར་ནོ། ཏང་ནས་འདོན་གནང་བ་ཟེར། ལྟ་ཁྱེད་རྣམ་ཚོ་ཀྲུང་དབྱང་ཟེར་བ་བཱ་ཕྱག་ལས་གནང་ཡག རང་སྐྱོང་ལྗོངས་ཕྱག་ལས་གནང་ཡག སྣེ་གདོང་ཤན། ཆུས། འདི་པ་ཕ་གིའི་ནང་མ་བསྟན་ན་ལོ། ལོ་ལྔའི་རིང་འདི་གས་བྱས་ཚར་པ་ཅིག་ལ། ལོ་བདུན་ར་ཅིག་བྱས་བྱས་གྲུབ་ཚར་ནས།
  • ལྟ་ཡར་ཡར་ཡར་ལ་གནས་ཚུལ་ར་པོ། ཆུ་སྐྱོན་ར་པོ་མ་གཏོགས་འདི་པ་ལྟ་དགོས་པ་ཟེར་ཡག་མི་ལྟ་པ་ཟེར། ངའི་དཔོན། དཔོན་པོའི་ནི་མིན་ཕ་གིའི་ནང་ལྟ་ཡག་གང་བག་ཟེར། ཡང་མིན་བླ་མ་ར་པོ་ཕ་གིའི་ནང་འཆམ་ར་པོ་ཡང་ལྟ་དགོས་བ་ཟེར། གཞན་གཞས་འདའི་སྐེད་པའི་གཞས་བརྒྱབ་ནས་འདི་འདྲས་བྱས་ཡག་དེ་གྲྭ་པའི་ལས་ཀ་གང་བྱེད་པ་ན་ཟེར།
  • ང་ཡང་ངོ་ལོག་རྒྱག་གི་མེད་ད་ཟེར། འདུག་སེ་རྩ་བ་ནས་མ་བྱེད་ཟེར། ཨ་ལའི་མ་བྱུང་ནའི་དགོན་པོ་བཞེངས་ནའི་འདི་སེ་གལ་མེད་ན། དེ་ལས་ཡང་མཆོད་རྟེན་ར་པོ་བཞེངས། སོ་སོ་སོ་ད་ལྟ་ཚེ་ཆུ་འབུམ་པ་དགོན་པ་ར་པོ་གཅིག་བཞེངས་མེད།
  • རྒོད་ཐང་འབུམ་གཅིག་ལ་དགོན་པ་གཅིག་བཞེངས་མེད། གྲུབ་ཆེན་རིན་པོ་ཆེ་ཟེར་མཁན་ཞིག་ཡོད་རེད། གོས་ལོག་ཤ་སྟག་ཏྲབ་པོ་ཏྲབ་པོ་[སྲབ་པོ་]བ། མར་ནས་ཡར་ཕེབས། ཁ་ཁུ་སིམ་སིམ་བ། མཆོད་རྟེན་དེ་བཞེངས་ལོ་གཉིས་ཙམ་གསུམ་ཙམ་འགོར་རྗེས་དེ་བཞེངས་ཀུག་སྟེ་སྒང་ལོག་འཐད།
  • རྡོ་བཟོ་ཟེར་ཡག་ར་པོ། ཤིང་བཟོ་ཟེར་ཡག་ར་པོ། མཚོན་བག་ཟེར་ཡག་ར་པོ། འཚེམ་བུ་ཡར་ཆིབས་ཕེབས། ལྟ་ལུང་པའི་ནང་སླེབས་པ་དང་ཁྱེད་ཚོ་ཉོ་མཁན་ཡོད་ན། བོད་པ་རང་ཚོ་ཉོ་མཁན་ཡོད་ན་ཤོག་དང་། ཉོ་མཁན་མེད་ན་[མི་གསལ།]
  • ལྟོ་བྱས་ཡོད། མིའང་ཡོད། མ་ཉོས་ན་གལ་མ་བྱེད། འོ་བཞེངས་གནང་ཀུག་སྟེ་གང་ལོག་འཐད། ལྟ་ལོ་ལོ་རེ་རེར་འཁོར་སོང་མི་ལྟ་བར་བྱས། བད་ཡང་ཕྱག་གནང་ག་ཐིག་བསྐྱོན་མི་ལྟ་བར་ཕེབས། ཁ་ཁུ་སིམ་སིམ་བ། ལྟ་དགོན་པ་ར་ཅིག་ཡིན་ན། ཡང་འདི་རུ་གྲྭ་པ་ར་ཅིག་བྱས། མེ་གཏོང་མཁན་ར་ཅིག་བྱས། ཆོ་ག་བྱེད་མཁན། དགོན་གཉེར་ར་ཅིག སྐུ་གསུང་ཐུགས་རྟེན་ར་ཅིག་བྱས།
  • གང་ག་བྱེད་མི་དགོས་པས་ན། མཆོད་རྟེན་དེ་ཁ་ཁུ་སིམ་པོ་ཞེ་པོ་འདུག འོ་འདི་འདྲས་ར་པོ་བྱས་དེ་འདྲས་ཨཱ་ནི་ཇི་སྲིད་ཇི་སྲིད། ང་རའི་བསམ་དོན་ར་པོ་འོ་འདི་འདྲས་ར་པོ་བྱུང་རོགས་བྱས་ན་ཨཱ་ནི་ལྟོ་གོས་ཡོད་པས་འདུག་སེ་བྱེད་བ། ལྟོ་གོས་མེད་རྒྱོག་འདུག་སེ་ཕྱིན་ན་སྐོར་ར་བརྒྱབ་ལོག་ཡོང་། སྐོར་ར་བརྒྱབ་ལོག་ཡོང་། སྐུ་མཁྱེན། སྐུ་མཁྱེན་སྒོ་ཕྱེ་རོགས་པ་སེ་ཐོག་ཟེར་མི་དགོས།
  • ངའི་ལྟ་མི་རྒས་འཁོགས་སོང་ཙང་བསམ་བློའི་ནང་དེ་བྱས་ན་ཡག་ག འདི་བྱས་ན་ཆོ་སེ་མིན་འདུག འོ་འདི་འདྲས་ར་པོ་ཅིག་དེ་འདྲས། བྱས་ཙང་རྟེན་གསུམ་གྱི་ནང་ནས་རྒོད་ཐང་འབུམ་པ། རྟག་སྤྱན་འབུམ་པ། ཚེ་ཆུ་རྟེན་གསུམ། གནས་གསུམ་ཚ་[མི་གསལ།]
  • ལྟ་ཕུག་གསུམ་དེའི་ནང་ཕུག ཕུག་ཟེར་ཡག་དེ་བྲག་ཕུག བྲག་གི་ཕུག་བྱས། འོ་འདི་བྲག་ཕུག་དེ་གསུམ། གཅིག་ཡར་ཀླུང་ཤེལ་གྱི་བྲག་ཕུག གོ་རིམ་བྱས་བྲག་ཕུག གཅིག་ང་ཚོའི་རས་ཆུང་ཕུག་དགོན་པ་ཕ་གིར།
  • བླ་མ་རས་ཆུང་གི་བྲག་ཕུག འདིའི་ཡར་ཙམ་འདའི་བེ་རིའི་བྲག་ཕུག་ཁང་མཁན་པོ་བེ་རི་ཙེ་ནའི་བྲག་ཕུག བྲག་ཕུག་འདི་ནས་མར་པ་བར་དུ་ཡོད་རེད། [མི་གསལ་]མེད་བ། ཕུག་གསུམ་གང་མིན་ཚད། ཕུག་གསུམ། ཕུག་ཁོ་བྲག་ཕུག་འོ་འདི་འདྲས། ཕུག་གསུམ། གནས་གསུམ། ཕུག་གསུམ། གནས་གསུམ་རྟེན་གསུམ་འོ་འདི་འདྲས་ཡིན།
  • ཨང་། ལྟ་ངས། ང་རའི་དྲན་པ་ར་པོ་ལྟ་ང་ར་ལོ་༧༠རེད། ཏང་གི་སྲིད་ཇུས་ཚུར་ཡར་འཁེལ་ནས། ཏང་ནས་གྱིས་ཟེར་ཡག་གནང་ནས་ལག་པ་འཆང་པ། ཞོག་ཟེར་ཡག་དེ་གནང་ནས་ཞོག་ཅིག་མ་བཞག དཔེ་ཆ་དང་དེ་དག་མེ་བཀྲག་བཏང་། རྔ་སིལ་དང་གཡུག་ཅིག་གཡུགས། ཐག་བཅད་ནས།
  • ལྟ་དེ་ནས་མར་ཁྱབ་བསྒྲགས་གནང་། ཁྱབ་བསྒྲགས་གནང་ནས་དེ་ནས་མི་ཧའོ་ཀུའུ་ཞི་བ་གཅིག་ལོ་འདི་པ་ནས་སྲིད་ཇུས་ཅིག་མ་ཀོག་ཀོག་ཡིན་ཡག་འདི་པ་ཁ་རྒྱུན་ཧའོ་ཀུའུ་ཞི་སྲིད་ཇུས་སླེབས་སོང་ཟེར་ཟེར་ག་བྱས་བ།
  • འོ་དེའི་ལོ་འདི་པ་ང་། ང་ལས་ཀ་གང་ཡིན་ཟེར་ན་ཡ་གིར་མཚོན། ཚེམ་བུའི་སྒྲིག་འཛུག་བ། ཚེམ་བུའི་སྒྲིག་འཛུག ཚེམ་བུར་སླེབས་སོང་། གཞན་འཁོར་ཡར་ཁྱེར། གོང་རིམ་དེ་སྤྲད་པ་ཡིན། སྒོར་༣༠༠སྤྲད་པ་ཡིན།
  • ལྟ་ཀུང་ཧྲེ་[མི་དམངས་སྤྱི་ཁང་]གིས་ཡར་བསྡུས་པ་གནང་སྒོར་སུམ་ཅུ་ཐམ་པ། སུམ་ཅུ་ཐམ་པ་ཚུར་བསློགས། དེ་ནས་ཁྱོད་རས་རྒྱག་ཤིག་ཟེར། ཁྱོད་རར་སུམ་ཅུ། སྒོར་སུམ་ཅུ་ཐམ་པ་ཚུར་སྤྲད། འཁོར་འདའི་བསྐྱལ། འདི་ཡར་བསྐོངས། ལས་ཀ་དེ་བསྐུལ།
  • ངས་སྔོན་ལ་སྐར་མ་དེ་བརྒྱབ། ཉིན་མ་རེ་རེར་ཚེམ་བུ་ཨང་སྒོར་དྲུག སྒོར་དྲུག་ཚེམ་བུ་རྒྱག་ཐུབ་ན་སྐར་མ་བཅུ་ཡོད། སྒོར་གསུམ་དང་གཉིས་ཤ་སྟག་ཡིན་ན་ཕྲུ་གུ་བ་འཚོ་མཁན་ལའི་འདུག་སེ་བྱས། སྐར་མ་གཉིས་དང་གསུམ་ཤ་སྟག་ལས་མེད་པ།
  • འོ་འདུག་སེ་བྱས་འཚོ་བ་ར་པོ་བསྐྱལ། དེ་ནས་ངས་དེ་རེས་རང་འོ་གཞེས་ཉིན་བ། མི་ཟེར་ཡག་དེ། གྲྭ་པ་ཟེར་ཡག་དེ་བྱས་པའི་གཞུག་གུར་སེམས་ཡག་པོ་རེད་དགོས་པ་འདའི་ངའི་ནང་སྦུག་ལ་ཨཱ་ནིའི་ཞིག་བསྡད་ནས། དེ་གཞེས་ཉིན་ལ་ཚུར་བཏོང་སོང་། གཞེས་ཉིན་བ། ངའི་ཁོག་པའི་ནང་དེ་ཚུར་བཏོང་སོང་། ཡ་གིའི་ནང་འགོ་ཁྲིད་དེ་ཡོད།
  • ཁོ་རའི་ངའི་རུ་ཁག་གི་འགོ་ཁྲིད་བྱས། གཞན་པ་ང་འོ་འདི་དང་ཁྱོད་དང་ང་རྒྱག་རེས་ཐུག་བྱུང་། ཁྱོད་དང་ང་། རྒྱག་རེས་ཐུག་ཡག་དོན་དག་ངོ་མ་གང་ལགས་ཟེར་ན། ཕ་གིའི་དོན་དག་ཡིན། དེའི་དོན་དག འོ། ཕ་རིས་གནས་པ་ཞིག་ཡོད། གནས་པོ་དེས་ང་ལ་ "སྐུ་མཁྱེན་ཞབས་བརྟན་ཤོག་དང་" ཟེར་བྱས།
  • འོ་འགོ་ཁྲིད་དེས་ངའི་ཇུས་གཏོགས་ར་པོ་བྱས་བསྡད། ངའི་རུ་ཁག་བ། དེ་ང་བྱེད་ཀྱི་མིན་ཟེར། ང་མར་དུ་ཕེབས་དགོས་ཡོད་ཟེར། དེ་ནས་ང་འདི་པ་ང་རའི་ཤན་[མི་གསལ་]བ། གཅིག་ནས་བུ་ཆུང་ལགས་པམ་ཤོར་ཙང་ང་རས་འདུག་སེ་བྱས། ཨ་ནི་ད་རེས་སང་ང་ཞིང་པ་བ། ཁོང་རྣམ་ཚོ་ཕ་བར་འགོ་ཁྲིད་མཐོ་པོ་བ། དབུ་ཁྲིད་མཐོ་པོ་བ་བྱས། མཐོང་ཆུང་མ་གནང་བྱས།
  • ང་རའི་[མི་གསལ་]གནང་མར་མར་ལམ་ཁ་ལ་ཐུག་པ་དང་ལག་པ་རེ་བཏང་། འགོ་ཁྲིད་ནང་ལ་ཕྱིན་ནའི་དགའ་པོ་གནང་། ཁོ་པའི་པ་ཕ་ཨ་མ་བཟོ་ལྟ་ང་རས་བྱས། ཁོ་རས་ཕར་ནས་ཚུར་ཞང་སྐལ་བཟང་སྐད་ཐོང་། ཞང་སྐལ་བཟང་ཞང་བྱེད་པ་ན། སྙིང་ཕར་ཚུར་འདྲེས་རྒྱོག་མིན། སྙིང་། སྙིང་འདྲེས་རྒྱོག་མིན་ཟེར།
  • འོ་འདི་གས་འུ་ཐུག་ན་ཁོང་རྣམ་ཚོ་རྒས་འཁོགས་གཞན་དག་མི་གས་བུ་ཆུང་གནང་རྒྱོག་བ་ཟེར། བུ་ཆུང་ལགས་ཀྱིས་ངའི་ཨ་ཇོ་གནང་ཀོ་ཟེར། ལྟ་ཨ་ཇོ་དེ་ཕེབས་ཡོད་ཟེར། འདུག་སེ་བྱས་པ་ན། "ཨཱ། ཁྱོད་རའི་ཞིང་[མི་གསལ།] ཁྱོད་རའི་གྲོད་ཁོག་ང་ཚོས་འགན་འཁུར་དགོས་པ་ཟེར།
  • ཁོང་ཁྲོ་ཞེ་པོ་ས་བྱུང་། འོ་བྱས་པ་ཡིན། གྲོད་རའི་གྲོད་ཁོག་ངས་ལུང་པའི་ས་དང་ལུང་པའི་མ་བྱས་པར་[མི་གསལ་] ཁོང་ཁྲོ་ཞེ་པོ་ཟ་བྱུང་། ལྕེ་ཞིག་ཡར་ཐོན་སོང་། གང་བྱེད་ནའི་བསམས་བྱུང་། བུ་ཁང་འདོན་ནའི་འདོན་བསམས་བྱུང་། ངས་བུ་ཁང་འགྲོ་ཡག་ཡི་གེ་གཅིག་བརྒྱབ་ཡོད། ང་བུ་ཁང་ལ་བཏང་མ་བྱུང་། ང་བུ་ཁང་འགྲོ་ཉིད་འདོད་བསྡད་ཡོད།
  • འོ་ལོག་ཡག་དོན་འགྲེལ་ཡོད། དྲང་པོ་ཡག་པོ་བཤད་པ་ཡིན། ཨ་ལས་ལྷ་ས་རང་སྐྱོང་ལྗོངས་ཟེར་བ་འདའི་ཐོས་པ་ན། ཁ་དོག་ཤང་། ཁ་དོག་ཚུན་མཐོ་པ་གནང་བྱས་པ་ཡིན། ཨཱ་ནི་རང་སྐྱོང་ལྗོངས་རང་སྐྱོང་ལྗོངས་མཐོ་དགོས་བྱུང་ཟེར། འོ་སྣེ་གདོང་ཤན་མཐོ་པ་ན་ཁ་དོག་ཚུན་མཐོ་པ་ན་བྱས་པ་ཡིན།
  • སྣེ་གདོང་ཤན་འོག་ལ་ཆུས་འགྲོ་དགོས་རེད། ཆུས་འོག་ལ་ཚུན་འགྲོ་དགོས། ཨ་མ་བ་བྱས་པ་ཡིན། ཨང་ལས་བྱས་པ་ཡིན། ལྟ་བྱས་ན་ངས་འདི་གས་ཟེར་ཡག་དེ་ང་ལོགས་ཕེབས་མཁན་ཚོས་་་ཕེབས་པ་ཨ་་། ་་་ནང་འདི་བ་ལས་བྱེད་མི་མང་པོ་ཡོད་བྱས་པ་ཡིན།
  • མི་ཕར་ཕར་མི་གང་གས་ཡིད་ཆེས་བྱས་བྱས་རྒྱོག་མི་བ་ང་། རང་སྐྱོང་ལྗོངས་ཁུངས་ཀྱི་མི་བ། ལྟ་འོ་འདི་ཨིན་ཟེར་བ། ལྟ་དེ་ནས་རང་སྐྱོང་ལྗོངས་ནས་ངའི་འཚོ་བའི་ལྟ་ཁོང་རྣམ་ཚོས་ཕར་ལྟ་སློག་ཁྱེད་བྱེད་མི་དགོས་བ།
  • ཨཱ། ཨ་མ་བྱས་པ། ལྟ་སྣེ་གདོང་ཤན་བྱས་པ་ཡིན་ན། ང་སྣེ་གདོང་ཤན་གྱི་ལྷ་སའི་རང་སྐྱོང་ལྗོངས་རང་གི་ཨང་རིག་གནས་སྒྱུ་རྩལ་ཁང་གཟིམ་ཤག་ཟུར་ཁང་བཏོན་པ་ན། ལྟ་དེ་ནས་རི་མོའི་རིག་རྩལ་ངས་ཟླ་བ་དྲུག་སྦྱངས་པ་ཡིན། ཟླ་བ་དྲུག རི་མོའི་རིག་རྩལ། ཨང་གསུམ་པ་བ།
  • ལག་འཁྱེར་འདའི་ཡོད་བ། ཕར་བསྡད་པ་ན། ཟླ་བ་དྲུག་བསྡད་པ་ན། ཚུར་ཡོང་བ་དང་ང་ལ་སྐར་མ་བརྒྱབ་མ་བྱུང་། ཕར་ནས་གླ་མེད་པ་ཟེར། བུ་ཀྲུའུ་[འཚོ་སྣོན་]ཟེར་ཡག་ཅིག་ཡོད་དོ་ཟེར། འོ་འདི་མ་གཞན་གླ་མེད་པ།
  • གཞུག་ལ་ང་རའི་ལས་ཀ་ནས་ཁྱོད་ར་གླ་མེད་པ། ང་གཅིག་པོ་མིན་བ། འཕྱོངས་རྒྱས་ནས་གཉིས་བྱས། སྣེ་གདོང་ནས་ང་བྱས། འདིའི་འདི་པ་ནས་རི་མོ་བྲིས་མཁན་བ། ཨི་རིའི་དཀྱིལ་འཁོར་བྲིས་མཁན་ནང་ཁུལ་མ་བྱས། རྩེ་ཕོ་བྲང་དམར་པོའི་གསེར་ཁྲི་ཡོད་སའི་འདི་པ་ལྡིབས་རིས་འདི་ཤོག་བུར་བྲིས།
  • འདིའི་ནང་ཐང་ཀ་བཙེམས། རི་མོ་ཚུར་བཤུས། དགོན་པའི་ལོ་དེ་དུས་རིག་གནས་སྒྱུ་རྩལ་ཤིང་བྱང་དེ་རིག་གནས་སྒྱུ་རྩལ། དེ་ནས་མི་གཞེས་ཉིན་ལོ་ནས་འདི་རུ་ངའི་ལས་ཁུངས་ངོ་ཤེས་པ་ཞིག་ཕྱིན་པས་མི་འདི་བཤིགས་བྱས་ཀུང་བཟོས་བཞག་མི།
  • དེ་ག་པར་བསྣམས་པ་བྱས་པས་གྲི་གུང་མར་པ་ཅིག་ལ་སྤོས་པ་ཟེར། འོ་འདུག་སེ་ཕྱིན་པས། ཕྱིན་ནས་ཡིན་དང་མིན་དེ་ང་ཚུར་ཡོང་ནས་སྒེ་ཁུང་འདི་པ་རྒྱང་བསྒྲགས་གཏོང་བཞག་པ། རྒྱང་བསྒྲགས། རྒྱང་བསྒྲགས་ནང་ཉི་མ་བདུན་བྱས། སྣེ་གདོང་ཤན། ཁྲ་འབྲུག་ཆུས། ཁ་མདོག་ཤང་རུ་ཁག་དང་པོ། བློ་མཐུན་བསྐལ་བཟང་།
  • ལས་ཀ་ཡར་ཡར་མས་མས་རྒྱང་བསྒྲགས་ནང་བཤད་ཀྱི་འདུག ཚགས་པར་བཀྲམ་སོང་ཟེར། ཚགས་པར། ང་ཞིང་པ་ལྡིང་པ་ན། ཁྱོད་ཚོའི་ཕྲུ་གུ་ར་ཅིག་ཡིན་ན་མཐོང་ག་ཚོད་ཡོད་བ་ཟེར། ལྟ་འོ་འདིའི་ཁར་ཉན་མ་དང་ཟེར།
  • ལྟ་ཡང་ང་གནངས་ཉིན་གང་སོང་ངམ་ཟེར་དུས། རྒན་མཚམས་མ་བྱས་པ་ཡིན། ཁ་མདོག་རྒྱན་མཚམས་བཟོ་གོས་ཉོ་ཡག་གོ་དུས་ཚོགས་ཆེན་ཁོ་ལ་རུ་ཁག་དྲུག་གི་ཚོགས་ཆེན་སྐབས་ལ་ཡ་གིར་ཀྲི་པུའུ་ར་ཅིག་བྱས། ཀྲི་པུའུ་དབང་འཛིན་གྱིས་ཚོགས་གཏམ་ཁོ་ར་གནང་སོང་།
  • ཉི་མ་དེ་རིང་ནས་སྲིད་ཇུས་སླེབས་པ་ཡིན། སྒྲིག་འཛུགས་མེད། འཐག་འཐག་མཁན་སྒྲིག་འཛུགས་མེད། འཚེམ་བུ་རྒྱག་མཁན་སྒྲིག་འཛུགས་མེད། འོ་འདུག་སེ་བྱས་ལྟ་མི་ཟེར་ཡག་དེ་བསམ་བློ་ར་བྱས་མེད་བ།
  • ལྟ་གཅིག་ནས་ཁེ་གཉེར་ཁང་ལ་ལས་ཀ་བྱས་ཞུ་ཡག་དེ་ཞུས་པ་ཡིན། རྗེས་མ་ཕོགས་བྱུང་ནའི་ད་ག་ཡིན། འོ་འདི་དུས་མི་དམངས་ཀུང་ཧྲེ་[སྤྱི་ཁང་]ཟེར་ཡག་དེ་ཚུགས་བ། མི་དམངས་ཀུང་ཧྲེ། ང་རུ་ཁག་མི་དམངས་ཀུང་ཧྲེ་ནང་ཉི་མ་བཅུ་ཐམ་པ་ལས་ཀ་བྱས་པ་ཡིན།
  • ཡར་འདོན་དུས་འོ་འདི་གས་མི་འོ་འདི་གས་རུ་ཁག་ནང་ཚུད་ཀྱི་མེད་པ་ཟེར། སྔོན་མ་ཁྲ་འབྲུག་བསྐང་གསོ་བྱས་པ་ཟེར། ཁ་མདོག་ཅིག་པ་དགོན་པ་བྱས་པ་ཟེར། འོ་འོ།
  • ཨང་འདི་པ་སླེབས་ནའི་འདུག་སེ་བ། ངའི་ཨ་ཅག་མཐོ་པོ་བ། ཨ་ཅང་ཁོང་མར་བཏོན་པ་བཞིན་བཏོན་བ། དེ་ནས་མང་ཚོགས་ཀྱིས་མ་འབུད་ཕར། མ་འབུད་ཕར་བྱས་སོང་། མ་འབུད་བྱས་སོང་། ཡར་བསླུགས། ལྟ་མི་གཅིག་གིས་མིན་མིན་བྱས་ང་མར་བཏོན་བྱུང་།
  • དེ་ནས་འདི་པ་ཕར་གསུང་ཁང་ཞེ་དྲགས་བརྒྱབ་པ་ན། ང་ཙུའུ་ལ་བཞག་པ་ན། ངས་གསུང་ཁང་ཞིག་བརྒྱབ། འོ་ཁྲིམས་ཨ་མ་འདའི་ང་ཁྲིམས་དང་ཁྱད་མེད། ངས་གསུང་ཁང་དེའི་ལོགས་ལ་མོའོ་ཀྲུའུ་ཞིའི་གསུང་ཏུས་བརྒྱབ་པ་ན། མང་ཚོགས་ལ་ཡིད་ཆེས་བྱེད་ཀྱི་ཡོད། ཏང་ལ་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོའི་ལས་འགན་འགོ་འཁྲིད་ཀྱིས་བཟོ་གི་འདུག ཀྲུང་གོ་གུང་ཁྲན་ཏང་། ང་ཚོའི་བསམ་བློའི་བློ་མཐུན་ནས། མཱ་ཁེ་སི་རིང་ལུགས་བརྒྱབ་པ་ན།
  • ངས་འོ་དེ་རུ་ངའི་ཙུའུ་དེ་བརྒྱབ། དེའི་འོག་ཏུ་མང་ཚོགས་ལ་ཡིད་ཆེས་བྱེད་དགོས། མང་ཚོགས་ལ་ཡིད་ཆེས་བྱེད་དགོས་ཟེར་ཡག་གི་ཡི་གེ་དེ་བསུབས་ཤིག་ཟེར། གསུང་བཏུང་གང་གའི་ནང་ཡོད་བ་ཟེར། འོ་འདི་བསུབས་ཤིག་ཟེར། ཉི་མ་དེ་རིང་ནས།
  • ངས་གསུང་ཁང་ཁོ་རར་བརྒྱབ། འཕྱོངས་རྒྱས་མི་དང་གང་ག་དཔེ་སྲིད་མདོག་མེད་ཟེར། ངོ་རྒོལ་བྱས་བ། ང་རྒྱུ་མཚན་ཡོད། ཁོ་མི་གཅིག་གིས་མིན་མིན་བྱས་ང་མར་འབུད་པ་ན། མང་ཚོགས་ཀྱིས་ང་ཡར་བཅུག་པ་ན། བྱས་ཙང་ངས་ང་དེ་དུས་སྐབས་ལ་གསུང་བཏུས་དེ་ཁོ་ར་ངག་སྐྱོང་བཏང་བ།
  • སྐད་ཆ་གང་ག་གསུང་བཏུས་ཁོ་ར་ནས་རྐྱང་རྐྱང་བཤད། མཁྱེན་གང་ག་ཡར་བཏོན་སོང་། དོན་དག་འོ་འདི། བློ་རྒྱབ་སྐྱོར་བྱས་སོང་། ང་གལ་ཆེན་ཡིན་ཟེར། ངས་ཞབས་ཞུ་ཞིག་ཞུ་ཐུབ་ན། ང་ཚོའི་དཔེ་ཆའི་ནང་ལ་བདག་གིས་ཟེར་ཡག་དེ་ང་བ་ཟེར། གཙང་པ་གི་སྐད་ལ།
  • བདག་གིས་ཇི་སྙེད་བསགས་པའི་དགེ་བ་དེ། གང་བ་ན་ཟེར་ངས་དེ་རིང་བཤད་པའི་སྐད་ཆ་དེ། བསྟན་དང་འགྲོ་བ་ཀུན་ལ་གང་ཕན་ནས། སངས་རྒྱས་བསྟན་པ་ཡིན་ནའི་འདྲ། འགྲོ་བ་ཡོངས་ལ། མི་ཕྱུགས་ཀུན་གསུམ་ཕན་པ་བྱས། ཡོང་རོགས་བྱེད་ཟེར། འོ་ང་འོ་འདིའི་དོན་དག་བྱས། ང་དེ་དགོས་ཡོད་ཟེར།
  • ཁོ་རམ་ཚོའི་ཀུང་ཨང་[ཉེན་རྟོག་པ་]ཕེབས་ཤོག་ཟེར། ང་ལ་ལག་ལྕགས་བརྒྱབ་ནས་གློག་ཐག་བསྐྱོན་ནའི་བརྒལ་པ་བྱས། མོ་ཊ་ཨ་ལག་གི་སྐུ་ང་ཕེབས་ཤོག་ཟེར། འོ་འདི་མར་འགྲོ་དགོས་ཡོད་ཟེར། འོ་འདི་ཁས་ཉིན་གང་འོ་འདི་བྱས་པ་ཡིན། འོ་ད་གའི་དོན་དག་ལ།
  • ལྟ་ཁོང་རྣམ་ཚོར་སྐད་ཆ་དྲིས་པ་ཡིན། ཁྱབ་ཆེན་པོ་འདུག་པ་ན། འོ་མི་ཟེར་ཡག་དེ་ཁོང་ཁྲོ་ཟ་བ་ཡིན་ན་འོ་འདུག་སེ་བྱས་ན། གཞན་ཡར་འདོན་ཡག་མེད་པ། མར་བཞག་བ། གྲྭ་པ་ཟེར་ཡག་དེ་ཚོས་དེ་འདྲ་བྱེད་ཡག་མེད། བྱེད་ཡག་མེད། ཨཱ་ནི་ཚུར་འདོན་ན་འོ་འདི་འདོན་གནང་། འོ་འདི་འདྲས་ར་པོ་ཞིག་ཡིན།
  • ལྟ་ད་རེས་ངས་ཞུ་ཡག་ར་པོ་དེ་ཨཱ་ནི་གཞན་དག་དེ་གལ་སེ་མེད། ཨཱ་ནི་འོ་ཡ་གིའི་མགོན་པོ་རི་འདའི་རི་འདི། མགོན་པོ་རི། མགོན་པོ་རི་ཟེར་ཡག་དེ་རྩ་བ་ཆ་ནས་བྱས་ན་རི་དེ་སྤྱན་རས་གཟིགས་ཕོ་བྲང་། སྤྱན་རས་གཟིགས་ཕོ་བྲང་།
  • ཨང་འདིའི་ནང་ལ་གང་ཡོད་ན་ཟེར་ན། དཀྱིལ་ཕར་སྤྱན་རས་གཟིགས་ཡོད་པ། དེ་ནང་ནས་ང་ཚོ་འགྲོ་བ་མི་ཟེར་མཁན་དེ། ང་ཚོ་འགྲོ་བ་མི་ཟེར་མཁན་དེ་ཨང་དང་གང་ནས་ཆགས་པ་རེད་ཟེར་ན། ང་ཚོའི་པ་ཕ་དེ་ཕ་སྤྲེའུ། ཨ་མ་དེ་སྲིན་མོ་བྱས་འོ་འདི་འདྲས་ཆགས་འདུག་ག
  • ལྟ་འདི་ཆགས་ནས་ལྟ་གང་འདྲ་བ་ན་ཟེར་ན། དེ་ནས་མི་མི་ཚང་འདའི་ག་གལ་མེད་པ་ན། ཟེར་ཉན་ར་ཅིག་ཡིན་ན། ཨཱ་ནི་འོ་ང་ཚོའི་ཕ་སྤྲེའུ་དེ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ། མ་སྲིན་མོ་དེ་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ཡིན་པ།
  • ལྟ་ཁོང་གཉིས་འོ་འབྲེལ་བ་དེ་མ་གནང་ཡིན་ན། ཕོ་མོའི་འབྲེལ་བ་དེ་མ་གནང་བ་ཡིན་ན། འགྲོ་བ་མི་ཟེར་ཡག་དེ་མེད་པ། འདབ་རྒྱུ་མེད་པ། འགྲོ་བ་མི་ཟེར་མཁན་དེ། མི་ཟེར་མཁན་དེ་གང་བ་ལགས་པ་ཟེར་ན་ལས་ཀ་ཡག་སྡུག རྩེ་གྲ་མི་ཡིས་བྱེད་བ། སྡུག་ཤོས་མི་ཡིས་བྱེད་བ།
  • ལས་ཀ་གང་ག་ཁ་ཡིས་བྱེད་ནའི་འདྲ། ལག་པས་བྱེད་ནའི་འདྲ། གཟུགས་པོས་བྱེད་ནའི་འདྲ། མི་ཟེར་ཡག་དེ་མ་གཞན་སེམས་ཅན་གཞན་དེ་འདྲས་བྱེད་ཐུབ་པའི་སེམས་ཅན་མེད་བ། ལྟ་སྤྲེའུ་གིས་ཨཱ་ནི་ཨཱ་ནི་བྱེད།
  • མི་ཟེར་མཁན་དེ་རྩ་བ་ཆེན་པོ་ཡིན་ཙང་ཁོང་གཉིས་ཀྱིས་འབྲེལ་བ་དེ་གནང་ནས་འགྲོ་བ་མི་ཟེར་མཁན་མགོན་པོ་རི་ནས་དར། ཨཱ་ནི་སྤྲེའུ་བྲག་ཕུག་བྱས་མཇལ་རྒྱུ་ཡོད་བ། ཨང་སྲིན་མོ་ར་དང་། ལྟ་སྤྲེའུ་བྲག་ཕུག་དེ་ལ་ཟེར་ཚུལ་གཅིག་ལ་ཁོང་གཉིས་ལ་ཕྲུ་གུ་དྲུག་སྐྱེས། ཕྲུ་གུ་དྲུག
  • ཟ་ཡག་མེད་པ་བྱས་ནས། ཕྲུ་གུ་དྲུག ལྟ་ཕྲུ་གུ་དྲུག་དེ་ཕ་གཅིག་མ་གཅིག་ཡིན་པས་ན། པ་ཕ་གཅིག་ཡིན་ནའི་ཕ་གཅིག་མ་གཅིག་ཡིན་པ་ན། ལྟ་ཕྲུ་གུ་དྲུག་དེ་ག་པར་ཡོད་ན་ཟེར་ན་འགྲོ་བ་རིགས་དྲུག མི་སུ་དང་སུ་ཡིན་ནའི་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཟེར་དགོས་ཏེ། སོ་སོའི་སྤུན་སྐྱ་ཡིན་པ་རྩད་ཆོད།
  • ལྟ་འགྲོ་བ་རིགས་དྲུག་དེ་ག་པར་ག་པར་ཡོད་ན། ཕྲུ་གུ་རྒན་ཚོས་དེ་ག་པར་ཡོད་ན། དེའི་འོག་མ་དེ་ག་པར་ཡོད་ན། དེའི་འོག་མ་ཕྲུ་གུ་གཞོན་གཞོན་དེ་ག་པར་ཡོད་ན། གཞོན་གཞོན་ལྟ་མ་ནས་འགོ་ནས་བྱས་ཡིན་ན། བཤད་པ་ཡིན་ན།
  • ཨོཾ་མ་ཎི་པདྨེ་ཧཱུྃ། ཕྲུ་གུ་དྲུག འགྲོ་བ་རིགས་དྲུག འགྲོ་བ་རིགས་དྲུག ཕྲུ་གུ་དྲུག ལྟ་ཕྲུ་གུ་དྲུག་ནང་ནས་ཕྲུ་གུ་རྒན་ཤོས་དེ་གང་བ་ན་ཟེར་ན་ཨོཾ། ཨོཾ་དཀར་པོ། འོ་འདི་ག་པར་ཡོད་ན་ཟེར། ཕྲུ་གུ་ག་པར་ཡོད་ན་ཟེར། ལྷ་ཡི་ཡུལ།
  • ལྷ་ཡུལ་ལ་ཡོད་ན་སྐྱིད་ཤང་བ་ཟེར། སྐྱིད་ཤང་མ་བ། སྡུག་བསྔལ་ཡོད། གང་སྡུག་བསྔལ་ཡོད། ལྷ་ལ་ཚེ་རིང་གི་སྡུག་བསྔལ། མི་ཚེ་རིང་དྲགས་ལྟ་ཤི་བྱུང་ན་དགའ། ཤི་རོག་བྱེད་ན་དེ་ནས་སྐྱེ་བ་གཞན་དག་ཅིག་ལ། ཤི་ཡག་མེད་བ། ལྷ་ལ་ཚེ་རིང་གི་སྡུག་བསྔལ། འོ་འདི་ཕྲུ་གུ་རྒན་ཤོས་དེ་ལྷ་ཡུལ་ཡོད་རེད། དཀར་པོ་བ། ཡི་གེ་དཀར་པོ་བ། ཨོཾ་མ་ཎི་པདྨེ་ཧཱུྃ་བ།
  • ལྟ་མ། མ་ཟེར་མཁན་དེ་ལྷ་མ་ཡིན། ལྷ་མ་ཡིན་ཟེར་ན་ང་ནས་འཐད་འགྲོ་ན། ལྟ་ཁྱེད་རྣམ་ཚོ། མ་རེད། ལྟ་ད་ལྟ་རང་དཔེ་བཞག་ནའི་འགྲིག་ག ཉལ་ཁྲིའི་ལོགས་འདི་པ་སྦྲང་མ་འདུག་ན། འོ་ནི་ལྷ་མ་ཡིན་བ། ལྷ་མ་ཡིན།
  • འོ་འདི་དེ་ནས་ཕྱི་ལོགས་ཕར་ཕྱིན་ན་མིག་ནང་ལོགས་དང་། སྣ་ཁུང་ནང་ལ། འདི་བྱེད་དགོས་ན། འདུག་སེ་བྱེད་ཡག་མེད་བ། ནུ་སེ་བྱེད་པ་དང་འདི་ཤི་བ། འོ་འདི་ང་ཚོའི་སྤུན་སྐྱ་ཕ་གཅིག་མ་གཅིག་བ། ལྷ་མ་ཡིན།
  • ཁོ་ལ་སྡུག་བསྔལ་ག་རེ་ཡོད་རེད་ཟེར་ན་འཐབ་རྩོད་ཀྱི་སྡུག་བསྔལ། འཐབ་རྩེད་ཟེར་ཡག་དེ་ལྟ་ཉལ་ཁྲིའི་ལོགས་འདི་པ་སྦྲང་མ་དེ་གས་ནར་ནར། ཁྱེད་རང་གཞུས་ཙང་འཐབ་རྩོད་བཏང་། འོ་འདི་སེམས་ཅན་ར་ཞིག་ཡིན་པར་ཆ་བཞག་ན། སྦྲང་མ་ཟེར་ཡག་སེམས་ཅན་མིག་ལ་འདི་པ་གནང་།
  • སྔས་མ་ང་ཚོའ་དགེ་བསྙེན་དེ་ཚོས་རྔ་མོང་དང་གཡག་དང་རྔ་མོང་དེ་ཚོས་འདུག་སེ་བྱས་ཙང་དེ་ནས་མིག་ལ་སྦྲང་མ་འདི་གས་འོ་འདའི་ཐེག་ནས་སྦྲང་མ་ཤི་ན། འཐབ་རྩོད་བ། ལྟ་གྲྭ་པར་རྩིས་པ་ར་ཡིན་ན། གྲྭ་པའི་སྟོད་འགག་འདུག་ན།
  • གྲྭ་ཆས་སྟོད་འགག་ཟེར་དེ་ནས་ཚུར་སྐུད་པ་སྔོན་པ་བྱས་ནས་ནུ་གུ་གཅིག་ཡོད་བ། འོ་འདི་དོན་དག་གང་བ་ལགས་ན་གྲྭ་པ་ཟེར་ཡག་འདའི་གོས་ནང་འདི་ན་ལག་པ་འདའི་བཏང་། ནུ་སེ་འགྲོ་ཡག་བ། འདུག་སེ་བྱས་ན་ལྷ་མ་ཡིན་ཤི་བ་ན། ལག་པ་དེ་འདུག་སེ་བྱས་ན་ཤི་ཡག་མེད་པ་ན། ཕྲུ་གུ་གཉིས་པ་དེ་ལྷ་མ་ཡིན་བ།
  • ལྟ་ཕྲུ་གུ་གསུམ་པ་དེ་ཎི་བ། "ཎི" ཨོཾ་མ་ཎི་ འོ་འདི་སེར་པོ་བ། འདི་སུ་བ་ན། མི་བ། མི་ལ་གང་སྡུག་བསྔལ་ཡོད་ན། མི་ལ། མི་ལ་སྡུག་བསྔལ་ཡོད་བ་ན། མི་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ། སྐྱེ་རྒ་ན་འཆི་སེ་གང་བ་ན་ཟེར་ན། ལྟ་ཨ་ཇོ་རང་རྩིས། ཨ་ཇོ་རང་སྣེ་གདོང་ནས་བ།
  • ཨ་ཅག་ལྷ་སར་བ། ཕར་ལ་ཕྲུ་གུ་དང་བསྡད་པ། ཕྲུ་གུ ཕར་ཡར་བྱས་ཙང་ལྟ་ཕྲུ་གུ་དེ་སྔོན་ནས་མི་ལུས་ཐོབ་པ་ཤོག་ཟེར་སྨོན་ལམ་བརྒྱབ་ཡོད་པ། སྨོན་ལམ་བརྒྱབ་པ་དེ་ཕྲུ་གུ་དེ་ལ་ཨ་མ་ཡིས། ཨ་མ་རེ་རེ། ལྟ་ཨ་མའི་ཁ་ནས་ཨ་མ། པ་ཕ་ལྷོ་དགོན་འདུག་ཟེར། པ་ཕ་ལྷོ་དགོན། ལྟ་བྱེ་བྲག་ཕྲུ་གུ་ཁྱེད་དགོས་པ་ན། ཁྱེད་རང་ལ་པ་ཕ། ཨ་མ་ལྷ་ས་འདུག་ཟེར།
  • ལྟ་ཁོང་གཉིས་མཉམ་དུ་མ་བྱུང་བར་དཀའ་ལས། ཁོང་གཉིས་མཉམ་དུ་འབྲེལ་བ་ར་དེ་མ་མཐུན་པར། འོ་འདུག་སེ་འདུག་སེ་བྱས་ནས་ཁོང་གཉིས་ལ་འབྲེལ་བ་དེ་བྱུང་བ། འབྲེལ་བ་དེ་བྱྱུང་ཙང་དེ་ནས་ཨ་མ་དེ་ལ་ཕྲུ་གུ་དེ་འཁོར་བ།
  • ཕྲུ་གུ་དེ་འཁོར་ནས་ཨཱ་ནི་སེམས་ཁྲལ་བ། སེམས་ཁྲལ། ཕྲུ་གུ་དེ་ག་དུས་ར་ཅིག་སྐྱེ་ཡི་ཡོད་ན། ཨ་མ་ཤི་གྲབས་ཡོད་ན། ཕྲུ་གུ་ཤི་གྲབས་ཡོད་ན། ཕྲུ་གུ་དེ་འཁོར་ནས་ཟླ་བ་དགུ་དང་ག་ཚོད་ཡིན་ནམ་ཞིག་ཞག་མོ་དགུ་ཙམ་ཞིག་ལ་ཨ་མ་དེ་ལ་སེམས་ཁྲལ་དེ་འཁྱེར་བྱས། སེམས་ཁྲལ་དང་པོ་དེ།
  • ལྟ་སེམས་ཁྲལ་གཉིས་པ་དེ་ཕྲུ་གུ་དེ་མར་སྐྱེས་པ་ན། སྐྱེས་སོང་ན་ཕྲུ་གུ་དེ་ཉི་མས་འཚིག་དྭོགས། འཁྱག་དྭོགས། ན་དྭོགས། ཕྲུ་གུ་དེ་ཤི་དྭོགས་མེད་ཟེར། མི་ལ་སྐྱེ་རྒ་ན་འཆིའི། སྐྱེ་ཡག ན། ན་ཡག ཤི་ཡག ཤི་ཡག མི་ལ་སྐྱེ་རྒ་ན་འཆི་ཡི་སྡུག་བསྔལ། མི་ཕྲུ་གུ་གསུམ་པ་དེ། འོ་འདི་བ།
  • ལྟ་འོ་ཨོཾ་མ་ཎི། ཎི་བྱས། ལྟ་པད་དེ་ལ། པད་དེ་དུད་འགྲོ་བ། དུད་འགྲོ། ང་ཚོའི་སྒོ་རྭའི་ནང་འདི་པ་བ་ཕྱུགས་ཟེར་ཡག་ར་པོ། ཨང་ཁྱི་ཟེར་ཡག་ར་པོ། བོང་བུ་ཟེར་ཡག་ར་པོ། དེ་མིན་སོ་སོའི་བློ་འདོད་འཁོར་སྡོད་ན། འོ་འདའི་སྤུན་སྐྱ་ཕ་གཅིག་མ་གཅིག བྱམས་པོ་བྱེད་དགོས། ང་རའི་སྤུན་སྐྱ་བ།
  • བྱམས་པོ་བྱེད་དགོས་པ་འདའི། ཨང་ཡར་མར་བྱས་ཁ་ཤས་གསོད་ན། འོ་འདི་ང་ཚོའི་སྤུན་སྐྱ་ཕ་གཅིག་མ་གཅིག་བ། འོ་འདི་དུད་འགྲོ་ཚོད་འདའི། ཡང་ཁོང་ཚོས་ཡིན་ནའི་ལྟོ་སྡུག་བསྡད། ང་རས་ལྟོ་ར་ཅིག་སྟེར། ལྟ་ར་ཅིག་སྟེར། འོ་འདི་ཕྲུ་གུ་བཞི་པ་དེ་བ།
  • ལྟ་ཕྲུ་གུ་ལྔ་པ་དེ་དེ་ལས་སྡུག་ཅག ཕྲུ་གུ་ལྔ་པ་དེ་ཡི་དྭགས་ཟེར་ཡག་དེ་བ། ཡི་དྭགས་ཟེར་ཡག་དེ་གང་རེད། ཡི་གེ་དེ་དམར་པོ་བ། ཡི་དྭགས་ཡི་གེ མེ། "མེ་"ཟེར་ཡག་དེ་ཡི་དྭགས་བ། འོ་འདི་གང་སྡུག་བསྔལ་ན་ཟེར་ན་ལྟ་མི་སྡོད་རིང་ལ་ག་གལ་མེད་ན་ཐབས་ཤེས་ཟད་པ།
  • ལྟ་ད་རེས་སང་དཔེ་ར་པོ་ཆ་བཞག་ན་ལྟ་འདིའི་ནང་ཁུལ་ལ་ཨ་ཇོ་འདི་པ་འཐད་པ་ར་ཡིན་ན། འདི་པ་འཐད་བྱས་ལྷ་སའི་གྲོང་འདི་པ་ཁྱི་རྐང་པ་མེད་རྒྱོག་ར་པོ། མི་རྐང་པ་ཆད་རྒྱོག་ལག་ཀྱོག་ལྟ་སློང་མཁན་བཟོ་ལྟ་ཡ་མོའོ་རྩེ་གཅིག་སྟེར་བ།
  • འོ་འདི་མ་བྱས་ན་པད་ཤག་འདི་རུ་ཡོད་བ། ཁོས་མཐོང་བ་པ་ན། སློང་བྱེད་མཁན་དེ་སྟེར་མ་བྱུང་བསམས་ཀྱི་རེད། འོ་དེ་སེར་སྣ་བྱས་པ་ན། སེར་སྣ་བྱས་ན་ཡི་དྭགས་གནས་སུ། ཤི་པ་དང་ཡི་དྭགས་སྐྱེ་བ་ལེན་རྒྱུ་བ།
  • ཡི་དྭགས་ཟེར་ཡག་འདའི་སྐྱེས་པ་ན་འོ་འདའི་ཕ་གཅིག་མ་གཅིག་བ། ང་ཚོའི་ཕྲུ་གུ་ལྔ་པོ་དེ་སྐྱེ་བ་འོ་འདིའི་ནང་བསྡད་བ། ལྟ་སྙིང་རྗེ། འོ་འདི། འདི་གང་བ་ན་ཟེར་ན། ཡི་དགེས་ཟེར་ཡག་དེ་ག་པར་ར་ཅིག་ཡོད་ན་ཟེར་ན། རི་མོ་བྲིས་པ་ར་ཅིག་ཡིན་ན། གྲོད་ཁོག་དེ་དཔག་ཙམ་བྱས། གྲོད་ཁོག མགྲིན་པ་དེ་འཇག་མའི་ཨི་ཁང་ཙམ་བྱས།
  • སུག་མཐིལ་དེ་འོ་ད་ག་ཙམ་ཞིག་བྱས། ལྟ་ལྟོ་མ་རག་པ་བྱས། གྲོད་ཁོག་སྦོས་པ་ན། ཨཱ་ནི་ལྟ་ཟས་ནའི་འདི་ཨཱ་ནི་ཨཱ་ནི་ལས་མ་ཕྱིན་པ་བྱས། གྲོད་ཁོག་མ་ཁེངས་པ་བྱས། ལྟ་སྡུག་རུས་བྱས་བཟས་པས་གལ་སྲིད་ཁེངས་སོང་ན། གྲོད་ཁོག་ཁེངས་སོང་ན་ཡར་ལངས་ཀ་ཕྱིན་པ་ན། ཨཱ་ནི་རྐང་ཕྲ་བ་ན་གྲོད་ཁོག་མ་འཁྱོག་པ་བྱས། སྡུག་བསྔལ་འདི་འདྲས་རེད། ང་ཚོའི་སྤུན་སྐྱ་ལྔ་པ་དེ།
  • ལྟ་སྤུན་སྐྱ་དྲུག་པ་དེ། དྲུག་པ་དེ་ཧཱུྃ་བ། ཨོཾ་མ་ཎི་པ་དྨེ་ཧཱུྃ་ཟེར་། འོ་འདི་སྤུན་སྐྱ་ནང་ནས་སྡུག་ཤོས་བ། འོ་འདི་སྡུག་ཤོས་བ། ལྟ་ང་ཚོའི་ཕྲུ་གུ་དང་མ་སོང་ནའི། ངའི་ཕྲུ་གུ་དེ། རྒན་པ་དེ་སྣང་དག་མེད། ལེགས་པོ་བྱས་ལེགས། ཕྲུ་གུ་དེ་ནི་ལྟ་ང་་་ལྟ་ཕྲུ་གུ་དེ་མཉམ་དུ་ཟེར་ནའི་དེའི་འཐུས་དེ་ཕྲུ་གུ་གཞུག་གུ་གཞུག་གུ་དེ་བ།
  • དེ་ག་པར་ཡོད་ན་ཟེར་ན་དམྱལ་བ་མཐིལ་འདའི། དམྱལ་བ་ལ། བྱས་ཙང་ལྟ་ཨོཾ་མ་ཎི་པ་དྨེ་ཧཱུྃ། ཨོཾ་མ་ཎི་པ་དྨེ་ཧཱུྃ་ཟེར་ཡག་དེ་བྱས་ན། འོ་འདི་མ་ཎི་བགྲང་ཟེར་ཡག་དེ་གང་ལགས་ཟེར་ན་ཨོཾ་མ་ཎི། ཨོཾ་ཟེར་ཡག་དེ་བྱས་ཙང་ལྷ་ཡ་གི་མི་ཚེ་རིང་དེ་ཤི་མིའི་སྐྱེ་བ་ལེན་ཡག་བྱས།
  • ཨཱ་ནི་མི་དེ་ད་རེས་ཡག་པོ་ར་ཅིག་བྱས་ཡང་རྗེས་མ་མིའི་མི་ཚེ་རྒྱུ་ཕྱུག་པོ་ར་ཅིག ཡོན་ཏན་ཆེན་པོ་ར་ཅིག ཡག་པོ་ར་ཅིག་ཡར་ད་རེས་དེ་ལས་ཡག་པ་ཞིག་ཡར་ཅིག་ད་རེས་དེ་ལས་ཡར་གཅིག་ཐོན། ལྟ་ཡི་དྭགས་དང་དུད་འགྲོ་དེ་ཚོ། དུད་འགྲོ་དེ་ཚོ་ཤི་ཚར་སོང་ན། ཤི་བ་དང་མི་ཞིག་སྐྱེ་བ་བླངས་ཨཱ་ནི་སྨོན་ལམ་དེ་བརྒྱབ། ཕ་མ་བྱམས་སེམས་ཅན་ལ་སྐྱེ་བ་ཤོག ཨང་ཕ་མ་བྱང་སེམས་ཅན། དམ་པའི་ཆོས་དང་འཕྲད་པར་ཤོག ཆོས་ཀྱི་ཆུ་མགོ་འདི་པ།
  • འོ་འདི་མིའི་སྐྱེ་བ་མ་བླངས་པའི་དཀའ་ལས། ངས་ད་གིན་ཟེར་ཡག་དེ། ཡང་མེད་ན་པ་ཕ་མ་ཡོང་། པ་མ་མེད་ན་ཨ་མ་མ་ཡོང་། དཀའ་ལས་ཞེ་པོ་ཞིག་ཡོད་བ། འོ་འདུག་སེ་བྱས། དེ་ནས་ཨོཾ་མ་ཎི་པ་དྨེ་ཧཱུྃ་ཟེར་དེ་ད་ཡི་དྭགས་ཡི་དྭགས་དེ་མགྱོགས་ཙམ་མགྱོགས་ཙམ་ཤི། དེ་ནས་མིའི་སྐྱེ་བ་ར་ཅིག་ལེན་བྱས། དམྱལ་བ་དེ་དམྱལ་བ་ནས་ཡར་ཡོང་ཡག་ར་ཅིག་བྱས། ཡར་ཡོང་། འོ་འདི་མ་ཎི་ཡག་པོ་མ་ཎི་ཡག་པོ་བགྲང་ཟེར་ཡག་དེ་འོ་དེ་དུས་ཡར་འདྲེན་བྱས།
  • འགྲོ་བ་རིགས་དྲུག་ཡར་འདྲེན་འོ་འདུག་སེ་བྱས་བ། འོ་དེ་དར་ས་དར་ཁུང་དེ་ཁོ་ཡ་གིའི་ལྟག་མགོན་པོ་རི་ནས་བ། ལྟ་འོ་འདི་སྔོན་མ་སྔ་མོ་ཞིག་ལ་ངས་ཨམ་ཅོག་ཐོས་པ་ཞིག དཔེ་ཆ་ ཡར་ཀླུང་ཆོས་འབྱུང་། ཟེར་བ་ཞིག་ཡོད་པ་རེད་ཟེར།
  • ཡར་ཀླུང་གི་སྐོར་ལ་དང་པོ་མི་དར་བ་ནས་སུ་གིས་བཏབ་ཡོད་མེད། སུ་གིས་གང་བྱས་པ་ལྟ་འོ་འདི་མེ་བཀྲག་བཏང་པ་ཟེར་མེད་པ་ཟེར། ལྟ་ད་རེས་སང་ཨཱ་ནི་ཨཱ་ནི། མ་ཎི་ཀ་འབུམ་ཟེར་ཡག་ཅིག་ཡོད་པ་ན། འོ་འདི་པ་ཨཱ་ནི་ཨཱ་ནི་བ།
  • ལྟ་ཨཱ་ནི་མི་རྒས་འཁོགས་དེ་ཚོས་སྔོན་མ་ད་གིན་དང་གཅིག་པ་རེད། ཐོས་ཚུལ་ར་བ་ལྟ། མིག་གིས་མཐོང་མེད། ཐོས་ཚུལ་ར་པོ། འོ་འདི་འདྲས་མགོན་པོ་རི་འདའི་གང་མིན་ཚད་ཀྱི་འོ་འདྲས་རེད། འོ་འདུག་སེ་ཡིན།
  • ལྟ་དེ་ནས་དེ་ནས་ཆེད་འཕྲད་ང་ལ། ངའི་ནང་ཕེབས་དགོས་དུས་ལུང་པ་དེ་ལ་ཕོ་བྲང་། འོ་འདི་ཕོ་བྲང་ཟེར་ནའི་བོད་ཀྱི་ཆོས་རྒྱལ་རིམ་བྱོན་པ་ན། དེའི་སྔོན་ནས་ཨང་ཆོས་རྒྱལ་རིམ་བྱོན་པ་ན། ལྟ་དེ་ནས་གཞུག་ལ་ཨཱ་ནི་༧རྒྱལ་བ་སྐུ་ཕྲེང་པ་ན། འོ་འདི་ཆོས་རྒྱལ་མེས་ཨོག་ཚོམ་ཟེར་མཁན།
  • འོ་ཆོས་རྒྱལ་མེས་ཨོག་ཚོམ་ཟེར་མཁན་དེ་ནང་འདི་འོ་འདའི་བ། ལྟ་འོ་འདིའི་ནང་ངའི་གང་ན་ཞུས། གང་ན། སྔས་མ་ཆོས་རྒྱལ་མེས་ཨོག་ཚོམ་གྱི་འདྲ་སྐུ་བྱས། མཆོད་རྟེན་བྱས། ཞེ་པོ་ཞིག་བ་ཟེར།
  • ལྟ་ད་རེས་སང་གཏོར་ཡག་དེ་གཏོར། ལྟ་ཁང་པ་དེ་དཔེ་རང་འདྲ་མ་ཡིན་བྱས། ཡང་འདི་པ་ས་རྒྱག་བཏང་། སྒང་འདི་མར་ལྡིབས། སྤྱིར་བཏང་ཁང་དེ་བསྡད་ན། བྱས་ན་འོ་འདའི་འོ་འདི་བ། ལྟ་ཡ་གིའི་ལྟག་འདའི་གར་དཀར་ཡོལ་ཟེར་ཡག་འདའི་བོད་ཀྱི་བློན་པོ་མགར་བ་འཁྲུངས་ས་བ། འོ་འདུག་སེ་བྱས།
  • ཆོས་རྒྱལ་འཁྲུངས་རབ་རང་གོ་ཚུལ་ཡོད་རྒྱོག་པ་ར་པོ་དེ་འོ་འདུག་སེ་བྱས། ལྟ་དེ་ནས་ཁ་སང་ངས་ངས་དགེ་པ་ཟེར་ཡག་འདའི་ཕྱིན་པ་ཡིན། ཞབས་བརྟན་ལ་ཕྱིན་པ་ཡིན། ལུང་པ་འདའི་དགེ་པ་ཟེར་ཡག་དེ་གང་ཟེར་ན། སྔས་མ་ནས་སྐད་གྲངས་ཆེ་མདོག་ཁ་པོ་ར་ཅིག་དགེ་པ་ཟེར་བ་གང་བ་ལགས།
  • དགེ་པ་ཟེར་ཡག་འདའི་མི་སུ་ཞིག་གི་འོག་ལ་སྒུར་མི་དགོས། ཁོ་ཁྱེར་ཚང་། འོ་འདུག་སེ་བྱས། སྔོན་མ། རྩིས་དྲུང་ཞིག་དང་དྲུང་འཁོར་ཞིག་ཡོད། མངའ་འོག་ར་འདའི་གང་འདྲ་སེ་བ་གནང་བྱས་པ་ཡིན། མངའ་འོག་ར་དེ། དེ་ཡི་ལྷོ་ཁ་སྤྱི་ཁྱབ་པའི་འོག་སྒུར་མེད་བ་ཟེར།
  • འོ་ན་སུའི་འོ་ལ་འཛུལ་དགོས་ན། ཨེ་ལྷ་རྒྱ་རི། ཨེ་ལྷ་རྒྱ་རི་ཟེར་ཡག་དེ་ང་ཚོ་བོད་ཀྱི་རྒྱལ་ཚབ་བྱེད་པ་ན། འོ་འདི། འོ་འདིའི་ཁུངས་བ་ཟེར། ལྟ་ལྷ་རྒྱ་རི་ཟེར་ཡག་དེ་ན་ནིང་ཡང་དགོན་པ་དེ་ནས་ང་ལ་དགེ་ཕྲུག་གཅིག་ཡོད། དཔེ་ཆ་སྦྱོང་མཁན་དགེ་ཕྲུག་ཅིག་ཡོད། ད་ལྟ་བཞུགས་ཡོད།
  • འོ་འདི་ཨེ་ལྷ་རྒྱ་རི་་་རེད། གྲོང་ཚོ་འདི་གས་ཧྲིག་ཏ་ལ་སྲིད་གཞུང་ནས་སྤོ་འཇུག་གནང་། ཕོ་བྲང་དེ་བཞེངས་པ་ཟེར། ལྟ་འདི་ལ་དགོན་པ་གཉིས་བ། དགོན་པ་དེ་ལོ་རྒྱུས་མཐོ་པོ་ཞེ་པོ་ཞིག་བ། དེ་ནས་འོ་འདའི་ཁ་སང་ཨེན་ཆུང་དེ་གས་སང་ཁྱེད་ཚོ་ག་པར་འཐད་ནའི་འཐད་ཤིག ང་འོ་འདའི་ཕེབས་ཀྱང་།
  • གང་བ་ན་ཟེར་འོ་འདིས། ང་འདའི་སྐད་བཏང་ལྷ་རྒྱ་རི་རེད་པ་ཟེར། འོ་ད་ག་རང་བ་བྱས་པས། ཁོང་རྣམ་ཚོས་དེ་ནས་ག་དུས་ཡིན་མིན་འོ་འདུག་སེ་ཐོས་ཚུལ་འོ་འདུག་སེ། རྒྱུ་མཚན་ཨ་ལག་ཡོད་ན། དེ་ནས་ང་ལ་བཙེམས་རྒྱལ་མཚན་དང་མ་སོང་ནའི། ལྟ་གསན་གནང་མི་དགོས་ཟེར། མིང་ང་མི་དགོས་ཟེར།
  • སྔ་མོ་སྔ་མོའི་ལོ་རྒྱུས་ཡོད་ན། འདི་ངས་སྙན་གསེང་ཞུས་ནོ་ཟེར། སང་བྲེལ་ལ་མ་བྱས་ན་ངས་སྙན་གསེང་ཞུས་ནོ། ལྷ་རྒྱ་རི་ཟེར་ཡག་དེ་སྐད་གྲགས་ཞེ་པོ་འདུག་ག འོ་འདི། ཨཱ་ནི་འོ་འདུག་སེ་བྱས་པ་ཡིན།
  • ཁ་སང་འོ་མར་པ་ཕྱིན། ཨཱ་ནི་དེ་ནས་དེའི་བར་དུ་ཨི་རེ་བཟང་ར། བཟང་ར་ཟེར་ཡག་དེ་གང་ཟེར་ན་བ་བྱས་པས། ཁོང་ཚོར་ཤོད་ཡག་མེད། དེ་ང་ལ་ཤོད་ཡག་ཡོད་བྱས། བཟང་ར་ཟེར་ཡག་དེ་ཡ་གིའི་ཕ་སྤྲེའུ་བྲག་ཕུག་ལ་ཕྲུ་གུ་དྲུག་ཡོད་ན།
  • ཕྲུ་གུ་ཟེར་ཡག་དེ་ཞིང་ཁ་དང་པོ་སྤྲེའུ་ཡིས་བྱས་པ་ན། ལྟ་བེད་རང་གཞིས་ཟེར་ཡག་དེ་ད་རེས་སང་ཡ་གི་རྩེད་ཐང་ད་ལོ་ཐང་དེ་རེད། འོ་འདའི་ཞིང་ཁ་ཞིག་ཡོད། སྤྲེའུ་ཡིས་ལས་པས་འབྲད་འབྲད་བཏང་། འབྲུ་བཏབ། ཕྲུ་གུ་དྲུག་འདི་གས་འཚོ་བ་ར་ཅིག་བསྐྱལ།
  • འོ་འདི་ཐང་འདིའི་མིང་ལ་རྩེད་ཐང་ཟེར་ཡག་དེ་ཕྲུ་གུ་རྩེད་མོ་རྩེ་ས་རྩེད་ཐང་བ་ཟེར། རྩེད་ཐང་། སྤྲེའུ་རྩེད་མོ་རྩེ་སའི་རྩེད་ཐང་། ཞིང་ཁ་དེའི་མིང་ལ་སྦར་རས་ཞིང་། ལྟ་ཟ་རའི་སྦུག་ལ་ཞིང་ཁ་ཞིག་འོ་འདི་ཡག་པོ་ཞེ་དྲགས་སྐྱེས་པ་ཟེར།
  • འོ་འདི་སྤྲེའུ་ཡིས་ལོ་བཟས་པའི་ཟ་ར་ཞིང་། ཞིང་ཁ་དེ་བསྡད་ན། ཞིང་ཁ་དེ་འོ་འདི་གང་ཡིན་ཟེར་ན་བསྡད་ན། འོ་འདི་གང་ཡིན་ཟེར་ན་སྟོན་ཐོག་དང་ས་ཞིང་དགོས་པ། གཙུག་ལག་ཁང་འདི་འདྲས་གཡང་སྒམ་འདི་འདྲས་འོ་དེ་ཚོ་དགོས་པ། ལྟ་སྦར་རས་ཞིང་དེ་མེད་བ།
  • རྩེད་ཐང་ཌ་ལི་ཐང་གཡུགས་བཞག་པ་ན། འོ་འདའི་ཡ་གིར་སྤྲེའུ་ཡི་ཞིང་ཁ་དང་པོ་བ། དང་པོ་དང་པོ་དེ་ལ་ལག་པས་འདུག་སེ་བྱས། ལྟ་དེ་ནས་ལག་པ་ན་ཚ་བཏང་བ་ན། ཐབས་ཤེས་བྱས་ཤིང་ཁུར་ནས་འདུག་སེ་བྱས། ལྟ་དེ་ནས་ཤིང་ཟད་པ་ན། རྩེ་འདའི་ལྕགས་བརྒྱུད། འདུག་སེ་བྱས། འོ་ད་རེས་སང་ང་ཚོའི་གཤོལ་ཤ་སྟག་བཟོས།
  • ལུགས་གཅིག་འོ་འདི་ནས་འདོན་རྒྱོག་བ། འོ་ཡ་གི་སྤྲེའུ་བྲག་ཕུག་ནས། རྩེད་ཐང་རྩེད་ཐང་འོ་འདུག་སེ། ཁ་ཤས་ཀྱིས་ཟེར་ན་སྣེ་གདོང་ཟེར་ཡག་དེ་སྤྲེའུ་ཡིས་གཉིད་ཉལ་པ། དེ་མིན་བ། སྣ་གདོང་བ། སྣ་ཆེན་ར་ཞིག་འདྲ་བོ་བ།
  • རྩེད་ཐང་ཟེར་ཡག་དེ་འདྲ་པོ་འདུག སྤྲེའུ་ཡིས་རྩེད་མོ་རྩེ་སའི་ཐང་ཟེར། བ་ཟེར། སྟོན་ཐོག་ཕ་གིར་སྤྲེའུ་ཡིས་ལོ་བཟས་པའི་ཟ་ར་ཞིང་། ཞིང་འདུག་སེ་བྱས་དང་ཐོག་དང་ཐོག་ཞིང་ཁ་དེ་སྦར་རས་བཏང་བྱས་འདི་བྱས་པ། སྦར་རས་ཞིང་། འོ་འདུག་སེ་ཟེར་གྱི། ལྟ་འོ་འདི་འདྲས་རེད།