Skip to main content Skip to search
31 Jan 2012
40 min 42 sec
Video Overview
Creators: 
Columbia University, Tibetan Academy of Social Sciences, Tibet University, University of Virginia

A former monk named Kelzang talks about his personal history.

Transcript search
No results found for this search
0 of 0
  • བཅའ་འདྲི་བྱ་ཡུལ་
    ད་དེ་འདྲས་བྱས། དའ། ཁྲ་འབྲུག་ཟེར་དེ། གནད་དོན་ལྟེ་བ་དེ། གང་བྱས་མིང་གཅིག་མ་འབོད་པར།
  • བཅའ་འདྲི་བྱ་ཡུལ་
    མི་གཅིག་ལ་བརྩིས་པ་ར་གཅིག་ཡིན་ནའི། རྒན་ལགས་བརྩིས་པ་ར་གཅིག་ཡིན་ནའི།
  • བཅའ་འདྲི་བྱ་ཡུལ་
    ང་རྒན་ལགས་ལ་གཡར་གཅིག་བྱེད་དགོས་ཡོད་ན། རྒན་བུ་ཆུང་ལགས་མ་ཞུས་པར།
  • བཅའ་འདྲི་བྱ་ཡུལ་
    ང་སྐད་ཆ་གཞན་བཤོད་ཐུབ་ཀྱི་མི་ནི་ནའ། བུ་ཆུང་ལགས་ བྱས་ཙང་།
  • བཅའ་འདྲི་བྱ་ཡུལ་
    ཨའ་ཟེར། དེ་ནི་ངའི་དོན་དག་དེ་བཤད༌པ་རེད་པའ། དེ་ནང་བཞིན་རེད། ཁྲ་འབྲུག་ཟེར་དེ་མ་བཤད་པར།
  • བཅའ་འདྲི་བྱ་ཡུལ་
    མིང་དེ་མ་བཤད་པར་ཡོང་ཐུབ་ཡས་མིན་འདུག བྱས་ཙ་ན་ཁྲ་འབྲུག་ཟེར་མཁན་དེ།
  • བཅའ་འདྲི་བྱ་ཡུལ་
    བྱིའུ་ཁྲ་ར་པོ་གཅིག་གིས་སྐད་འབྲུག་གུ་ར་གཅིག་རྒྱབ་ནས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཀླུ་དེའི་མགོ་བོའི་སྒང་ལ་སྦྲུལ་དེ་གཤོག་པ་དེ་ཀས༼ཡིས༽ཡར་ཞོར་གསུམ་བཅད། མར་ཞོར་གཉིས་བཅད།
  • བཅའ་འདྲི་བྱ་ཡུལ་
    ལྔ་བཅད་པ་རེད་པའ། ལྔ་བཅད་ནས་དེ་ནི་ཀླུ་དེ་ཉིན་མ་བདུན།
  • བཅའ་འདྲི་བྱ་ཡུལ་
    བརྒྱད་ཕྱིན་པ་དང་མཐུ་དེ་རྦད་སྐམ་བཞག རྫུ་འཕྲུལ་མཐུ་དེ་སྐམ་བཞག
  • བཅའ་འདྲི་བྱ་ཡུལ་
    མཐུ་དེ་སྐམ་མ་ཐག་དང་དེ་ནི་དེའི་སྒང་དེའི་ཁྲ་འབྲུག་གཙུག་ལག་ཁང་དེ། དེའི་སྒང་དེའི་བཞེངས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ཁྲ་འབྲུག་གཙུག་ལག་ཁང་བཞེངས་བྱས། ཨེའི། དེའི་སྔོན་དེའི་དེ་ཁའི་མཇུག་རྩ་དེ་ལ།
  • བཅའ་འདྲི་བྱ་ཡུལ་
    ཁྲ་དེ་ཀས་སྐེ་དེ་བཅད་ཙང་། ང་ཚོའི་ཁ་ཐོག་ཟེར་ཡས་ར་པོ། རྒོད་ཚང་ཟེར་ཡས་ར་པོ། གནས་ཁང་།
  • བཅའ་འདྲི་བྱ་ཡུལ་
    ནིའི་༼འདིའི་༽ བརྒྱུད་དེ་ལ་ཀླུ་མང་པོ་ཡོག་རེད། ཀླུ་མང་པོ་དེ་ག་འདྲས་བྱས་པ་ནའ། ཁྲ་དེས་བཅད་པ་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    ཁྲག་དེ་ཐོར། ཁྲག་ཐིགས་པ་རེ་རེ་ལ་ཀླུ་རེ་རེ། དའ་ནིའི་རྒྱུད་དེ་ལ་ཀླུ་ཆོག་ཏུ་༼མང་པོ་༽རེད།
  • བཅའ་འདྲི་བྱ་ཡུལ་
    ཁྲག་ཐིགས་པ་རེ་རེ་ལ་ཀླུ་རེ་རེ་ཆགས། ད་ཀླུ་རང་དེ་མེད་པ་བཟོས་པ་རེད་པའ། དེ་འདྲས་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    ཨོང་། ཁྲ་འབྲུག་ཟེར་དེ། དེ་འདྲས་གཅིག་བྱས་ཆགས་པོའོ། དའ། དེ་ནས་ཁྲ་འབྲུག་ལེགས་སྒྲིབ་བྱས།
  • བཅའ་འདྲི་བྱ་ཡུལ་
    གཏན་འཁེལ། དེ་གཞི་ནས་ཁྲ་འབྲུག་བཞངས་གནང་། ཁྲ་འབྲུག་བཞངས་གནང་ཙང་། ལེགས་སྒྲིབ་བྱུང་ཀྱ་ཀོ།
  • བཅའ་འདྲི་བྱ་ཡུལ་
    ཁྲ་འབྲུག་སྒང་རྐྱང་མ་རེད། སྒོ་དྲུག་ཀ་བ་དྲུག་དེ། བྱས་ཙང་སྒོ་དྲུག་ཀ་བ་དྲུག་དེ་བཞེངས་གནང་དུས་ཙམ་པ།
  • བཅའ་འདྲི་བྱ་ཡུལ་
    ང་ཚོ་ཨིན་ན། ང་ར་པོ་གཅིག་ཨིན་ན། ང་ཁང་པ་དེ་རྒྱག་དུས་ཙ་ནས།
  • བཅའ་འདྲི་བྱ་ཡུལ་
    ངས་མི་གས་གུར་རྒྱབ་བསྡད་པ་རེད། གཡུལ་ཁའི་ནང་མི་ཀས། སྡོད་ས་ཡོག་མ་རེད་པའ། བྱས་ཙང་ད་ག་ནང་བཞིན།
  • བཅའ་འདྲི་བྱ་ཡུལ་
    ཆོས་རྒྱལ་སྲོང་བཙན་སྒམ་པོ་ཕ་ནས་ཚུར་ཕེབས་ནས། ཁྲ་འབྲུག་བཞེངས་པའི་རིང་གང་།
  • བཅའ་འདྲི་བྱ་ཡུལ་
    གནས་ཚང་བཟོ་ར་པོ་དེ་ག་པར་བཞུགས་པ་རེད་ཟེར་ན། གནས་ཚང་ཟེར་དེ།
  • བཅའ་འདྲི་བྱ་ཡུལ་
    དེ་རིང་ཁ་སང་ང་ཚོས་འཆམ་རྒྱབ་དུས་མཐིལ་དེ་རུ། ཨེ་རས་དགོང་མོས་གཅིག་པར་རྒྱག་ཀ་ཕྱིན་པའ།
  • བཅའ་འདྲི་བྱ་ཡུལ་
    གནས་ཚང་ཤོད། ཨོ་དེའི་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཨར་པོ་རྒྱག་རིང་རིང་གང་ཨོ་དེའི་བཞུགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ཁྲ་འབྲུག་ལྷ་ཁང་བཞེངས་ཨོ་དེའི་བཞུགས། བཞུགས་ཁྲི་འདུག་ཀའ། ད་ང་ཚོས་པར་རྒྱབ་བྱས།
  • བཅའ་འདྲི་བྱ་ཡུལ་
    ལྡེབས་རིས་དེ་ཡི་བྱེད། ལུང་པ་ཁོ་ལ་མིན་འདུག་ཀའ། ང་ཚོས་མཚན་ནག་དགུང་ལ།
  • བཅའ་འདྲི་བྱ་ཡུལ་
    ངས་བའ། དྲང་མ་མཐོང་གི་ནའ། ཨེ་རས་ཕྱིན་པའ། ངས་སྤྱན་འབུལ་ཞུས།
  • བཅའ་འདྲི་བྱ་ཡུལ་
    ཁྲ་འབྲུག་གྲྭ་པ་ལགས་དེ་ཚོར་རྒྱུས་མེད་པོའོ། ཧ་གོ་ཀྱི་མ་བའ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེའི་བཞུགས་གདན་འཇགས་པོའོ། དེ་ནི་སྒོ་དྲུག་ཀ་བ་དེ་བཞེངས་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ད་སྒོ་དྲུག་ཀ་བ་དེ་ལེགས་སྒྲུབ་བྱུང་ཙང་། ཡའ་དའ། ང་སྒོ་དྲུག་ཀ་བ་དེ་ཡག་པོ་བྱུང་སོང་།
  • བཅའ་འདྲི་བྱ་ཡུལ་
    ཡག་པོ་བྱུང་སོང་དེ། ད་ཉའི་༼ད་ཡང་༽སྡིགས་པ་ཆེན་པོ་ཨིན་ཟེ།
  • བཅའ་འདྲི་བྱ་ཡུལ་
    ངས་སྡིགས་བཤགས་ཤིག་མ་བཞངས་པར་བྱས་མ་སོང་ཟེར། སྡིགས་པ་དེ་གང་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    སྦྲུལ་དེ་མགོ་བཅད་པ་རེད་པའ། བྱས་ཙང་མགོ་བོ་རེ་རེ་ལ། མཆོད་རྟེན་རེ་རེ། བཞེངས་གནང་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ཨུམ་ཟེར་དེ། དེ་རིང་ཁ་ས་ད་མི་ཚང་ཆགས་བསྡད་ཞག ད་མི་ཚང་བདུན་བརྒྱད་གཅིག་བསྡད་ཞག
  • བཅའ་འདྲི་བྱ་ཡུལ་
    གཞན་དོན་བཞག ད་དེའི་སྒང་ལ་སྤྱིར་བཏང་ནས་དཔེར་ན།
  • བཅའ་འདྲི་བྱ་ཡུལ་
    རྐང་པ་རྒྱག་ནུས་ཡས་ཀྱི་ས་ཡོད་མ་རེད། གང་མིན་ཚད་ཀྱི་ས་གཅིག་རེད།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ང་རེ་བ་ཆེ་ཤོས་གནང་པ་དེ་གར། ངས་དེ་མར་ཞུས་པ་རེད་ལགས།
  • བཅའ་འདྲི་བྱ་ཡུལ་
    ཕར་ཕི་ནས། ཞང་པོ། ཞང་པོ་བསྐལ་བཟང་གིས། རྩེ་མཐོ་པོའི་གྲྭ་པ་ཞང་པོ་བསྐལ་བཟང་གིས།
  • བཅའ་འདྲི་བྱ་ཡུལ་
    ཁོ་ལ་སྐད་ཆ་འདྲི་ཀ་ཕྱིན་ཡིན་ཟེར། ཁོ་ལ་ག་རེ་ཡིན་པའ་ཟེར་ན། ཁོ་ལ་རེ་བ་ཆེ་ཆོས་གཅིག
  • བཅའ་འདྲི་བྱ་ཡུལ་
    ཨུམ་མ་དེ་སྐུ་གཅིག་གཟིགས་ཟེར། རོགས་སྐྱོར་རབས་བྱུང་ན་ནི། ལེགས་སྒྲུབ་བྱུང་ན་ནི།
  • བཅའ་འདྲི་བྱ་ཡུལ་
    ཨོ་ད་ག་ར་པོ་ཨུམ་དགུ་དེ་ཚོ། ང་སྒལ་པ་རྡོས་བརྡུང་ན་ནི། ས་ཁོ་རང་ལ་འགྲོ་ཡས་ཡིན་ཟེར། དེ་མ་བྱུང་དེ་ན་ཡི།
  • བཅའ་འདྲི་བྱ་ཡུལ་
    བཞེངས་ཡས་བའ་ཟེར་ན། ང་མ་ཤི་བར་དུ། ཤི་ཡས་དོ་དགོང་༼དོ་ནུབ༽ཤི་ཡས་ལ་ཡང་གདེང་ཡོད་མ་རེད་དེ།
  • བཅའ་འདྲི་བྱ་ཡུལ་
    ཨམ་ཅོག ད་ཨེ་རའི་ཨུམ་དེ་བཞེངས་ཡས་བའ་ཟེར་ཀྱིས། ཐོས་རོགས་བྱས་ན་ང་འགྲིག་སོང་།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ལུང་པ་ཡོངས་ཁོ་རའི་སྡིག་པ་དེ་ཨོ་དེ་ཀས་དག་ཀྱི་བའ། ད་ཡང་གང་ཡིན་ཟེར་ན་
  • བཅའ་འདྲི་བྱ་ཡུལ་
    དེ་རིང་ན་པར་སྡིགས་བཤགས་བྱས་པ་ནའ། ད་སང་ཉིན་གྱི་ལས་ཀ་སེམས་ཐག་གཅོད་ཤིག
  • བཅའ་འདྲི་བྱ་ཡུལ་
    ཁྲ་འབྲུག་ལ་ཕྱིན། བསྐོར་གཅིག་བསྐོར། ཨོ་དེ་སྡིགས་པ་དེ། དེ་རིང་སྡིགས་པ་བསགས། སང་སྡིགས་པ་མེད་པ་བཟོས།
  • བཅའ་འདྲི་བྱ་ཡུལ་
    དེ་རིང་སྡིགས་པ་བསགས། མ་བྱས་ནའི་ད་ཀ་བའ། གྲོད་ཁོག་ནི་འགྲང་གི་མ་བའ། གོས་ལོག་ནི་གྱོན་གྱི་མ་བའ།
  • བཅའ་འདྲི་བྱ་ཡུལ་
    མིའི་ལད་འདོད་བཤོད་དགོས་བའ་ནའ། ཨོ་དེ་འདྲས་ལ། གང་མིན་ཚད་ཀྱིས་མཆོག་ཏུ་གྱུར་པ།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་ར་པོ་གཅིག་བྱས། འདུག་ཟེར་བྱུང་སོང་། ད་ཨོ་དེ་བྱས་ནས་ཨུམ་དེ།
  • བཅའ་འདྲི་བྱ་ཡུལ་
    བཞེངས་དགོས་ཡས་གནད་དོན་ར་པོ་དེ་ཨོ་དེ་འདྲས་ཡིན། ཨུམ་དེའི་ནང་ཁུག་ལ་
  • བཅའ་འདྲི་བྱ་ཡུལ་
    བདེ་བཞིན་གཤེགས་པའི་རིན་གསེལ་ཐེར་གདུང་། བྲེ་ཕུལ་གསུམ་གསུམ་ཡོད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་ངས་དྲན་ཐོགས་ལ། ངས་དྲན་ཐོགས་ལ་ཨུམ་དེ་སྟེང་ཡི་ནས་མར་ནུག་ཟེར།
  • བཅའ་འདྲི་བྱ་ཡུལ་
    དའ། རྒྱ་ཕེབས་ཉི་མ་ཟླ་བ་བྱས། ཨོ་དེ་ཆུ་ཀྱས་༼ཡིས༽བཟོས་བཞག་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཉམས་བཟོ་ར་པོ་དེ་བྱེད་ཀ་བྱས་སོང་། ཉམས་བཟོ་ཕན་ཐོགས་པ་བྱས་ཀྱོག་མ་བའ།
  • བཅའ་འདྲི་བྱ་ཡུལ་
    ཉམས་བཟོ་ཡང་བགོ་བཤའ་རྒྱབ་ཀྱོ་འདྲ། ཨམ་ཅོག་ཉན་དུས་ཙམ་པ། དེ་ནས་ཚུར་བལྟས་ན་ཞེ་པོ་གཅིག་ཨིན་ཟེར།
  • བཅའ་འདྲི་བྱ་ཡུལ་
    སྐུ་དྲགས་ར་པོ་དཔོན་པོ་ར་པོ་གཅིག་ཨིན་ཀ་བྱས། ཕི་ཀྱིས་ངའི་གཟིམ་ཆུང་ནང་ལ་ཞོག
  • བཅའ་འདྲི་བྱ་ཡུལ་
    དེ་མར་གཤིགས། ཐེར་གདུང་དེ་ཀྱིས་དེའི་བཞོག ཨོ་དེ་བགོ་བཤའ་རྒྱབ་བཞག
  • བཅའ་འདྲི་བྱ་ཡུལ་
    ཁ་དང་ཞལ་ཐུག་པ་རེད་པའ། ཨོ་དེ་འདྲས་བྱས། མི་ཟེར་དེ།
  • བཅའ་འདྲི་བྱ་ཡུལ་
    གདིང་༼གཏིང་༽དེ། ཁ་ སྐྱིད་༼གདོང་༽ཡག་པོ་མེད་ནའི། ནི་ཡག་པོ་མེད་ན་ཡག་པོ་མི་ནི་ནའ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་འདྲས་ཉམས་ཆགས་ཏོག་ཙམ་ཕྱིན་སོང་། ད་དེ་ནས་དམངས་གཙོའི་བཅོས་བསྒྱུར་བཏང་དེ་བྱས།
  • བཅའ་འདྲི་བྱ་ཡུལ་
    རིག་གནས་གསར་བརྗེའི་ལོ་དེ་བར་དུ་ཁྲ་འབྲུག་གཙུག་ལག་ཁང་གཙུག་གུས་༼དེ་ག་རང་༽བསྡད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཁྲ་འབྲུག་ཨུམ་གཙུག་གུས་བསྡད་པོའོ། བསྡད་པོའོ། ད་དེ་ནས་ན་པར་མར་མི་དམངས་ཀུང་ཧྲི་ཚུགས་པོའོ་ནའ།
  • བཅའ་འདྲི་བྱ་ཡུལ་
    མི་དམངས་ཀུང་ཧྲི་ཚུགས་པ་དང་དེ་ནི་མི་དམངས་ཀུང་ཧྲིས། མི་དམངས་སྤྱི་ཁང་རྒྱབ་ཡས་ཀྱི་
  • བཅའ་འདྲི་བྱ་ཡུལ་
    ཤིང་ཆ་མེད་པོའོ་ནའ། ཨོ་ཁྲ་འབྲུག
  • བཅའ་འདྲི་བྱ་ཡུལ་
    ཤར་དེ་དེའི་གཅིག་གཅིག་གཅིག ལྷོ་དེ་གཅིག་གཅིག་གཅིག ནུབ་དེ་མྱོ་མྱོ་།
  • བཅའ་འདྲི་བྱ་ཡུལ་
    ངེད་ཁ་ཐོག་ལ་ལྷོ་ངོས་ཕྱོགས་དེ་ཀྱིས་འཁེལ་པོའོ། ཨོ་ད་ཁྱོད་རོ་བཤིགས་ཡས་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    མི་ནས་ཤིང་མི་ནས་བླངས། ཁང་པ་རྒྱོབ་ཤིག བཤིགས་ཡས་མིན་ན་སྡུག་གྱོང་བའ།
  • བཅའ་འདྲི་བྱ་ཡུལ་
    དེ་མི་གང་གས་མཆོངས་པོའོ། ད་དེ་ནས་ཨུམ། ཨུམ་བཤིགས་ཀ་ཕྱིན་པོའོ།
  • བཅའ་འདྲི་བྱ་ཡུལ་
    ད་མི་ཟེར་དེ་ཁོག་པ་དེ་བྱས་པོ་མེད་ཙང་། ང་། ང་གྲྭ་པ་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    ཆོས་འབུམ་པ་བཤིགས་ཀ་འགྲོ་དགོས་རེད་ཟེར། ད་བཤིགས་ཀ་འགྲོ་དགོས་རེད་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་སེམས་དིང་༼གཏིང་༽ཕི་ནས་རྒྱུན་ནས་ཁོ་ར་འགྲོ་འདོད་མིན་ནིས། ད་འདུག་ཟེར་བྱས་པས་བྱས་མ་སོང་།
  • བཅའ་འདྲི་བྱ་ཡུལ་
    བསམས་བསམས། དེ་ནི་ཁ་ནས་ཟེར་ནུ་ཐུབ་ཀྱི་མིན་ནིས།
  • བཅའ་འདྲི་བྱ་ཡུལ་
    དེ་ང་ཚོ་ཡར་ཡར་ལས་ཀ་གཅིག་ཡོད། ལས་ཀ་བྱས་ནའི། འགྲོ་དགོས་བའ་ཟེ། དེ་ངས་ཐབས་ཤེས་བྱས་པ་ཡིན།
  • བཅའ་འདྲི་བྱ་ཡུལ་
    ད་ངའི་དེ་སྒྲུབ་པ་ར་ཡིན་ན། ད་སང་ཞོགས་ང་ཕྱིན་པས་དེ་བྱས་མ་སོང་།
  • བཅའ་འདྲི་བྱ་ཡུལ་
    ད་ང་། ནུག་ཟེ༼འདུག་ཟེ༽ཤི་སྡོད་དགོས་མེད་དྲོ། ཐབས་རྒྱག་གུ་རྒྱག༼སྟབས་རྒྱག་གུ་རྒྱག༽ན་ནི་ན་གི་མིན་ནིས།
  • བཅའ་འདྲི་བྱ་ཡུལ་
    ད་དགོང་མོས་དེ་བསམ་བློ་གཅིག་བཏང་། མཚན་གང་གབ་སྦུབ་ལོག་ཉལ་བསྡད་པིན།
  • བཅའ་འདྲི་བྱ་ཡུལ་
    སང་ཉིན་གུ་དུས་ལོངས་ཤིག འགྲོ་དགོས་རེད། ཁྲ་འབྲུག་བཤིགས་ཀ་འགྲོ་དགོས་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཁ་ཀྱི༼གདོང་༽འཇིར་བསྡད་བཞག ད་ང་རེ་བ་མིན་འདིས་༼འདུག༽ཟེར།
  • བཅའ་འདྲི་བྱ་ཡུལ་
    ད་ང་མར་མར་ཤུགས་གཅིག་རྒྱག་ཀ་འགྲོ་དགོས་བཱ་ད་གས། ད་ང་ན་གིས་ཟེར་དའ།ནུའུ་པའ༼འདི་པར༽།
  • བཅའ་འདྲི་བྱ་ཡུལ་
    ཁ་གིས་༼གདོང་པ༽འཇིར་བསྡད་བཞག དགོང་མོས་ནུག་ཟེར་ཉལ་བསྡད་ན་འཇིར་གྱི་འདུག་གའ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་འགྲོ་མ་དགོས་ཙམ་ཞིག་བྱུང་། འོང་བྱས་པས་ནི། རྐང་དྲགས་མ་ཕྱིན་ན་མ་བྱས་པོའོ། མེ་གཏོང་ཀ་འགྲོ་དགོས་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་འོང་བྱས། ཡང་མ་ཕྱིན་ན། ཁ་དང་ཞལ་ཐུག་པ་ཨའ་ཟེར་༼གཤེ་ གཤེ༽ཀྱ་ནའ། ཨ་ནི་མེ་གཏོང་ཀ་ཕྱིན།
  • བཅའ་འདྲི་བྱ་ཡུལ་
    མིག་ཁོ་རུ་མ་མཐོང་ནའི་མཐོ་ལོག་མཐོ་ལོག་ཟེར། བཤིགས་པ་དང་སེམས་དེ་ཀྱས།
  • བཅའ་འདྲི་བྱ་ཡུལ་
    ད་ཚོགས་འདུའི་ས་ལ་བློ་དཀར་སེམས་དཀར་ཡིན་ཟེར། ཚོགས་འདུའི་ས་ལ་ཞེ་དྲག་བཤད་པིན།
  • བཅའ་འདྲི་བྱ་ཡུལ་
    མེད་ཐག་གཅོད་བའ་ཟེར། དའ་ཏང་རང་བཤད་པིན་དེའི།
  • བཅའ་འདྲི་བྱ་ཡུལ་
    ནང་ཁུག་ཕི་ཀས་བསྡད་ཐག་གཅོད་སྡོད་ཀྱི་ནའ། ཨོ་འདུག་ཟེར་བྱས།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་འདྲས་བྱས། ང་རའི་བསམ་བློའི་ནང་ལ་ཡོད་པ་ར་པོ་དེ། ད་བྱས་ཙང་དེ་རིང་ཁ་སང་།
  • བཅའ་འདྲི་བྱ་ཡུལ་
    ད་གང་ག་ལོག་ཀོ་ཡར་རྒྱས་གང་མིན་ཚད་ཡག་པོ་གཏོང་གནང་སོང་། བཏང་ནའི་མིས་ཡག་པོ་ཞེ་པོ་གཅིག་གཏོང་གི་ནའ།
  • བཅའ་འདྲི་བྱ་ཡུལ་
    ད་ཨོ་དེ། ལས་པ་དེ་། སོ་སོའི་ལུང་པའི་ནང་ལ་ལས་པ་དེ་ཨོ་དེ་གཅིག་ལས་སོང་།
  • བཅའ་འདྲི་བྱ་ཡུལ་
    དེ་ངའི་རེ་བ་ཆེ་ཤོས་ཡིན། ད་དེ་ནས་ཁྲ་འབྲུག གཙུག་ལག་ཁང་ནང་ཁུག་ལ། རྟེན་གཙོ་གཙོ་བོ་ལྟེ་བ་དེ།
  • བཅའ་འདྲི་བྱ་ཡུལ་
    རྗེ་བཙུན་སྒྲོལ་མ་སྔོན་ནས་ཡོད་པོའོ། རྗེ་བཙུན་སྒྲོལ་མ་དེ་ཡོད་ནས། དེ་རིང་ཁ་སང་རྗེ་བཙུན་སྒྲོལ་མ་དེ།
  • བཅའ་འདྲི་བྱ་ཡུལ་
    ལྷ་རྩ་ཆེ་ཤོས་༼རིན་ཐང་ཆེ་ཤོས༽དེ་ལུང་པ་ག་པར་ཡིན་ནའི་ དཀྱིལ་ཡ་རུ་འཇོག་དགོས་བའ་ནའ།
  • བཅའ་འདྲི་བྱ་ཡུལ་
    ང་ཚོ་ཁྲ་འབྲུག་དཀྱིལ་ཡ་རུ་བཞག་མེད་པོའོ། མཇུག་གུ་མཇུག་གུ་མ་རུ་བཞག་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་རྒྱུ་མཚན་གང་བའ་ནའ་ཟེར་ན། ཡི་ནས་མར་ཡོད་པའི་སྐུ་གསུམ་ནུའུ་ནའ།
  • བཅའ་འདྲི་བྱ་ཡུལ་
    ཨོང་སྐུ་གསུམ་དེ། ནི་ཡིན། གཙོ་བོ་རྣམ་པར་སྣང་མཛད་ཟེར་དེ་ནི་ཡིན། ཨོ་ནི། ནི་འདྲ་བ་གཅིག་གསུམ།
  • བཅའ་འདྲི་བྱ་ཡུལ་
    རྩེད་ཐང་གོང་བུ་རི་ནས་རྡབ་གཙོག་༼རྡོ༽ཡིན། གོང་བུ་རི་ནས་གོམ་པ་རྒྱབ་ཕེབས།
  • བཅའ་འདྲི་བྱ་ཡུལ་
    ལྔ་ཡོད་པོའོ། རྒྱལ་བ་རིགས་ལྔ་ཟེར་དེ། ང་ཚོའི་ལྷ་མོ་དེ་ཚོ་ལ་རིང་གུ་ལྔ་འདུག་ཀའ། ལྔ་འདུག་ཀའ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་གསུམ་དེ་ཀྱིས་གཅིག་དེའི་རེད། དེའི་པར་གཅིག་ལས་ཐེབས་མིན་འདུག
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་གསུམ་གོང་བུ་རི་ནས་ཚུར་གོམ་པ་རྒྱབ་ནས་ཕེབས། ད་གཅིག་མཇུག་གུ་དེ་པར་ཕེབས་ཀྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ཨོང་། རྣམ་པར་སྣང་མཛད། སྣང་བ་མཐའ་ཡས། རིན་ཆེན་འབྱུང་གནས།
  • བཅའ་འདྲི་བྱ་ཡུལ་
    ད་མི་བསྐྱོད་པ་ཟེར་ཡས་གཅིག་དང་དོན་འགྲུབ་པ་ཟེར་ཡས་གཅིག་ཡོད་རེད། ལྔ་ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    མི་བསྐྱོད་པ་དང་དོན་འགྲུབ་པ་གཉིས་གོང་བུ་རི་ནས་ཚུར་ཕེབས་མཁན་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    མི་བསྐྱོད་པ་ཕ་ནས་ཚུར་ཕེབས་ཙང་། ཨ་ཅེ་༼བུད་མེད།༽གཅིག་གིས་མཐོང་འདུག་ཀའ།
  • བཅའ་འདྲི་བྱ་ཡུལ་
    ཨ་ཅི་གཅིག་ཀྱིས་མཐོང་པ་དང་། ཨོ་ཀྱས། ཕི་ནས་ཚུར་བྲག་གཅིག་ཀྱིས་གོམ་པ་རྒྱབ་སླེབས་ཀྱིས་ཟེར། བྱས་ཙང་།
  • བཅའ་འདྲི་བྱ་ཡུལ་
    ཨ་ཅེ་དེ་ཀས་དེ་འདྲས་བྱས་ཙང་། ཕི་ཀས་གདོང་ཁར་ཟེར་བྱས་ཕི་ཀའི་གདོང་ཕི་ཀས་ཁར་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ལྷ་དེ་ད་དེ་རིང་ཁ་ས་ད་མིས། གཏོར་ཡོད་ནའ་གང་ཤེས། བྲག་རྡོག་རྡོག་གཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ལུང་པ་ཕི་ཀའི་མིང་ལ་གདོང་ཁར། ཕི་ནས་ཚུར་ཡོང་དུས། བྲག་དེ་ཀས་ཕི་ནས་ཚུར་གོམ་པ་རྒྱབ་བྱས་ཡོང་དུས།
  • བཅའ་འདྲི་བྱ་ཡུལ་
    དེའི་ཁར་པ་རེད། ཕེབས་མ་ཐུབ་པ་རེད། ད་དོན་འགྲུབ། མི་སྐྱོད་པ་ཕ་གི་བྱས།
  • བཅའ་འདྲི་བྱ་ཡུལ་
    རྣམ་སྣང་གསུམ་ནི་འདེའི་ཡོད་པ་བྱས། དོན་འགྲུབ་པ་དེ་ང་ཚོའི་ཤེལ་བྲག་ནས་ཕར་ཐད་འདུག་ཀའ།
  • བཅའ་འདྲི་བྱ་ཡུལ་
    ད་ཨ་ལྟ་ཟེར་སྲོལ་གཅིག་ལ། ང་ཚོའི་རྒོད་ཚང་གི་དེའི་བྲག་ཆེན་པོ་གཅིག་ལ་ཡི་གེ་གཅིག་རྒྱབ་བཞག་ནུའུ༼ འདུག༽
  • བཅའ་འདྲི་བྱ་ཡུལ་
    ཨོཾ་མ་ཎི་པདྨེ་ཧཱུཾ།
  • བཅའ་འདྲི་བྱ་ཡུལ་
    དེ་རེད་ཟེར་ཀྱི་ཡོད་རེད། ད་གཅིག་གིས། ཁག་གཅིག་གིས་མི་གས།
  • བཅའ་འདྲི་བྱ་ཡུལ་
    ཅིའུ་ཡོན་༼རྒྱ་སྐད༽སྒང་དེའི་རྡོ་གཙོག་རྩ་ཆེན་པོ་གཅིག་ཡོད་རེད། ད་ག་ཡི་རྩ་ཆེན་པོ་གཅིག་འདྲ།
  • བཅའ་འདྲི་བྱ་ཡུལ་
    ཨིན་པའི་རྟགས་མཚན་གང་ཡིན་ཟེར་ན། སྔོན་ལ། སྔོན་མ་སྔོན་མ་ཞིང་ཁའི་དཀྱིལ་ལ་བའ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་ང་ཚོའི་སྨན་ཁང་ཅིའུ་ཡོན༼རྒྱ་ སྐད༽སྐྱོན་གནང་༼རྒྱབ་གནང་༽དེ་ལ་རྒྱོགས་༼སྐྱོན་༽ཐེབས་མ་སོང་།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་ཞེ་ནིང་ལོ་ཡིན་ན་དགུ་ནིང་ལོ་ཡིན་ན། ཅིའུ་ཡོན་དེ་ཨ་རིའི་ཕ་རུ་ལྡེབས་ལོགས་ཕ་རུ་ཕར་སྤོས།
  • བཅའ་འདྲི་བྱ་ཡུལ་
    དེའི་བྱ་སྐད་ཀྱི་དམག་ཁང་དེ་སྤོས་འདུག་གའ། དམག་ཁང་གིས་ལྕགས་རི་ཆེ་རུ་བཏང་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་མར་ལྕགས་རི་རྒྱབ་འདུག་གའ། དེ་ནི་རྡོ་དེ་ལ་སྔར་རྒྱུན་རྒྱོགས་རྒྱུན་ནས་ཐེབས་མིན་འདུག
  • བཅའ་འདྲི་བྱ་ཡུལ་
    དམག་སྒང་ནས་ལག་པ་མ་རགས། སྨན་ཁང་ནས་ལག་པ་མ་རགས། དེ་ཡང་རྟགས་ཚིམས་པ་གཅིག་བྱུང་།
  • བཅའ་འདྲི་བྱ་ཡུལ་
    ང་ཨེ་ལ། དེ་དོགས་པ་མིན་དྲོ། ང་རའི་སེམས་ནང་ལ་དེ་མར་འགྲོ་དུས་ཙམ་པ།
  • བཅའ་འདྲི་བྱ་ཡུལ་
    རྡོག་སྒྲིལ་ཁྱེར་ནའི་མིན་གཅིག་མིན་གཅིག་བསྐོར་རྒྱག་གི་ཡོད། སེམས་དེ་ཀྱི་རྩ་ནས་ཨིན་པ་རེད་བསམ།
  • བཅའ་འདྲི་བྱ་ཡུལ་
    བསྐོར་རྒྱག་གི་ཡོད། རྒྱལ་བ་རིགས་ལྔ། ཨོ་དེ་རྒྱལ་བ་རིགས་ལྔ་དེ་འདུག་ཟེར་བྱས།
  • བཅའ་འདྲི་བྱ་ཡུལ་
    ད་རྗེ་བཙུན་སྒྲོལ་མ་དེ་སྔོན་ནས་དེའི་ཡོད་རེད་པའ། རྗེ་བཙུན་སྒྲོལ་མས་རྒྱལ་བ་རིགས་ལྔ་དེ་དང་མཉམ་དུ།
  • བཅའ་འདྲི་བྱ་ཡུལ་
    དེ་སང་ཡའེ་བསྡད་འདུག་གའ། ཁྱེད་རྣམ་ཚོར་ངས་ཡར་ཕེབས་ཟེར་གྱི་འདུག་གའ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ནང་བཞིན་རྗེ་བཙུན་སྒྲོལ་མས་ཡར་ཕེབས། ཡར་ཕེབས་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཡར་ཕེབས་བྱས་པ་དང་དེ་ཀས་དེ་ལ་ཞུས་དེ་ཀས་དེ་ལ་ཞུས། དེ་ནི་ཁོང་སྒོ་རྒྱབ་མ་རུ་ལས་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་རྗེ་བཙུན་སྒྲོལ་མ་སྒོ་རྒྱབ་ལས་སྟངས་ར་དེ། ཨོ་ནི་ཀས། ནི་ཀས་རྟེན་གཙོའི་ཚོད་དེ། ཨོ་དེ་ཀས་བྱས།
  • བཅའ་འདྲི་བྱ་ཡུལ་
    ད་ཁྲ་འབྲུག་ལ། དེ་རིང་སང་རྟེན་རྩ་ཆེ་གཅིག
  • བཅའ་འདྲི་བྱ་ཡུལ་
    ནི་ཡོད་པོའོ། ནི་རྩེ་ཚོགས་ཁའི་བའ། ནི་རྩེ་ཚོགས་ཁའི། ཨ་ཅེ། ཐགས་མཁན་དེ་ཨ་ཅེ་རྒྱ་བཟའ་བའ།
  • བཅའ་འདྲི་བྱ་ཡུལ་
    ནི་ཐགས་མཁན་དེ། ནིའི་རྒྱུ་མཚན་དེ་ཞུ་དགོས་བྱུང་ན། ནིའི་ཞབས་ཕྱི་ཞུ་མཁན་དེ་ཨེ་རའི་དགོན་པའི་གྲྭ་པ་བའ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙ་ན་ང་ཚོའི་དགོན་པ་ལ། སྔོན་མ་འབྲོམ་ཆོས་རྒྱག་ཡས་རེ་བསྐོར་གཅིག་ཁྱེར་ཀྱི་བའ། ཨོ་དེ་ལ་སོ་སོའི།
  • བཅའ་འདྲི་བྱ་ཡུལ་
    ཉིན་མོ་དྲུག་གྲྭ་པ་གང་ག་ལ་གཏུགས། ཡར་ཀླུང་བཀྲ་ཤིས་ཞོལ་པ་ལ་གཏུགས། སྣེ་ཐང་འུ་ལག་པ་གཏུགས།
  • བཅའ་འདྲི་བྱ་ཡུལ་
    ཁ་འབྲུག་འུ་ལག་ལ་གཏུགས། པར་བསྐྱེད་༼ཡོད་ཁུལ༽ར་པོ་བྱེད་ཀ་བྱས་པ་འདྲ། དང་ཐོག་དེ་ཆུས་བྲན་ལ་ཕྱིན་བཞག
  • བཅའ་འདྲི་བྱ་ཡུལ་
    ང་ཡའི་ཨོ་དེ་བཏང་ཚ་ར་ཡིན། གཅིག་སྒྲུབ་ཐུབ་བྱུང་། ཨོ་དེ་དུས་ཙམ་པ། དེ་ནི་ཨོ་ནི།
  • བཅའ་འདྲི་བྱ་ཡུལ་
    གྲྭ་པ་དེ་ཀས་ང་ལ་འབྲོམ་ཆོས་ཁྱེར་པ་རེད་ཟེར། ད་དགོན་པ་ལ་གཅིག་འབུལ་ཡས་དགོས་ཀྱི་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ད་ཨ་ཅེ་རྒྱ་བཟས། ད་དེ་འདྲས་མ་རེད་ཟེར། ང་གཉིས་མཉམ་དུ་ཀྱིས་ཐང་ག་གཅིག་འཐག་དགོས་ཟེར།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཨོ་དེ་དགོན་པ་ལ་ཕུལ་ཟེར། འདེའི་མཚན་བྱང་བསྡད་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཨོ་ནི། མིག་གསལ་པོ་བྱས་བལྟས་ན། དཀྱིལ་དེ་ནས་མར། དཀྱིལ་དེ་ནས་མར།
  • བཅའ་འདྲི་བྱ་ཡུལ་
    ངའི་ཨ་ར་༼ཁ་སྤུ༽ཙམ་གཅིག། སྤུ་རྐང་གཅིག གཏུམས་བསྡད་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    མིག་གསལ་པོ་ཡོད་ན། ཨོ་དེ་ལ་བལྟས་ནས། ལོགས་ནི།
  • བཅའ་འདྲི་བྱ་ཡུལ་
    ལོགས་ནི་ལ་སྣ་ཁུང་གིས་ནུག་ཟེར་བྱས་པ་དང་ཚིག་དྲིམ་སྣོམ་གྱི་རེད། ལོགས་ནི་ལ།
  • བཅའ་འདྲི་བྱ་ཡུལ་
    ལོགས་ནི་ལ། སྣ་ཁུང་བལྟས་ནའི་ཚིག་དྲིམ་ཡོད་མ་རེད། སྔར་རྒྱུན་རེད།
  • བཅའ་འདྲི་བྱ་ཡུལ་
    ནི་ཀས་ཧྲིག་ཁོ་རང་༼འདི་ཚང་མ་༽གོས་ཆེན། གོས་ཆེན་གྱིས་བཏགས་ཀྱོ་རེད་བྲིས་ཀྱོ་མ་རེད་དེ།
  • བཅའ་འདྲི་བྱ་ཡུལ་
    ཨ་ཅེ་རྒྱ་བཟའི། ད་ནི་རྟགས་མཚན་མ་ཞེ་པོ་གཅིག་འདུག
  • བཅའ་འདྲི་བྱ་ཡུལ་
    ང་དགོན་པ་ལ་བསྡད་པ་ནའ། དགོན་པ་ལ་བསྡད་ནས། སྲིད་གཞུང་དགོན་པ་ལ་ཕེབས་པོ་ནའ།
  • བཅའ་འདྲི་བྱ་ཡུལ་
    དགོན་ལ་ཕེབས་གནང་ནས་ཅ་ལག་རྩ་ཆེ་བ་གང་ག་མར་བཏོན། ཞལ་ཐང་ནི་འདུ་ཁང་ཐོག་ཁའི་སྒང་ཡ་རུ་བཀྲམ་སོང་།
  • བཅའ་འདྲི་བྱ་ཡུལ་
    པར་རྒྱག་མཁན་སྐུ་ངོས་དཀར་ཞལ་པའི་སྲས་བའ། སྲས་བྱས། ཨེ་རའི་སྒང་བུ་ཅི།
  • བཅའ་འདྲི་བྱ་ཡུལ་
    ནས་ཁབ་སྡེབས་བྱས་བྱས། པར་ཞེ་དྲགས་རྒྱབ་སོང་། རྒྱུན་ནས་ཐེབས་མ་སོང་།
  • བཅའ་འདྲི་བྱ་ཡུལ་
    པར་རྒྱུན་ནས། དེ་རིང་རྒྱབ། སང་རྒྱབ། པར་རྒྱབ། རྒྱུན་ནས་ཐེབས་མ་སོང་།
  • བཅའ་འདྲི་བྱ་ཡུལ་
    ད་མཇུག་མཇུག་ལ་པར་གཅིག་ཐེབས་པ་ཡོད། ད་པར་དེ་ཐེབས་ནས་ནི་ལ་རྟགས་མཚན་ག་རེ་ཡོད་རེད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    དེའི་ཉི་མ་གཅིག་ཡོད་རེད། འདེའི་ཟླ་དཀར་ཡོད་རེད། ཞལ་ཐང་གང་ལ་རྒྱག་གི་རེད་དེ།
  • བཅའ་འདྲི་བྱ་ཡུལ་
    ཟླ་དཀར་ནིའི་དཀྱིལ་དེའི་པོ་ཏེ༼རི་བོང་༽གཅིག་ཡོད་རེད། དེ་ང་ཚོའི་གྲྭ་པ་དེ་ཀས་བཏགས་ཀྱོ་རེད།
  • བཅའ་འདྲི་བྱ་ཡུལ་
    ཉིན་མོ་དེའི་སྐྱིལ་དེའི་བྱ་དེ་གཅིག་ཡོད་རེད། བྱ་དེ་གཅིག བྱ་ཕོ་ཚ་ལུ།
  • བཅའ་འདྲི་བྱ་ཡུལ་
    བྱ་དེ་ཟེར་དེ་རྐང་པ་གཉིས་ལས་ཡོད་མ་རེད་པའ། བྱ་དེ་ནི་ལ་རྐང་པ་གསུམ་ཡོད་རེད། ནི་ལ།
  • བཅའ་འདྲི་བྱ་ཡུལ་
    རྐང་གསུམ་གྱི་རྟགས་མཚན་དེ་ག་རེ་རེད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ནུག་ཟེར༼འདུག་ ཟེ༽ཁོ་གཉིས་དེའི་ནུག་ཟེ་འཚེམ་གྱིན་འཚེམ་གྱིན། ཨ་ནི་མིག་བསྟན་དང་ཟེར།
  • བཅའ་འདྲི་བྱ་ཡུལ་
    བྱ་དེ་ལ་རྐང་པ་ག་ཚོས་ཡོད་པ་ནའ་ཟེ། གསུངས་པའ་ཟའ། བྱ་དེ་ཟེར་དེ་ལ་རྐང་པ་གཉིས་ལས་ཡོད་མ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨོ་ན་རང་གི་དེ་ལ། རང་གི་རི་བོང་དེ་ལ་སུག་མཐིལ་བཞི།
  • བཅའ་འདྲི་བྱ་ཡུལ་
    རི་བོང་ཟེར་དེ་རྐང་པ་འཛུགས་ཀྱི་རེད་ལག་པ་འཛུགས་དགོས་རེད།
  • བཅའ་འདྲི་བྱ་ཡུལ་
    བྱ་དེ་ཟེར་དེ་ལ་རྐང་པ་གཉིས་ལས་ཡོད་མ་རེད། གཉིས་གཤོག་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ད་ང་ཀླད་པ་ཡག་པོ། དེ་དུས་རྒྱ་བཟའ་སྨྱོ་པའི་ལོ་དེ་བའ། ཀླད་པ་ཡག་པོ་མེད་ཙང་།
  • བཅའ་འདྲི་བྱ་ཡུལ་
    ད་ང་ནི། ངའི་དེ་ལ་རྐང་པ་གསུམ་ཐེབས་སོང་ཟེར། ཡའ་ད་ནི་དེ་ནས་མར་གསལ་བཤད་ཏོག་ཙམ་རྒྱབ་བཞག
  • བཅའ་འདྲི་བྱ་ཡུལ་
    རྒྱབ་སྟངས་རང་ཏག་ཏག་རང་བསྡད་མིན་འདུག ཡི་གེ་རྙིང་པ་བཤུས་ཀྱོ་བའ།
  • བཅའ་འདྲི་བྱ་ཡུལ་
    ཨོ་ནི་བྱ་དེ་རྐང་པ་དེ། དུས་གསུམ་སངས་རྒྱས་ཀྱི་མཚོན་ཚུལ་ཨིན་ཟེ།
  • བཅའ་འདྲི་བྱ་ཡུལ་
    འདས་མ་འོངས་ད་ལྟ་དུས་གསུམ་བྱས་ནའི་འགྲིག་པ་ཡོད། སུག་ལྡིར་གསུམ་དེ།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་སྔོན་མ་རྒྱ་ནག་ལ། གསུངས་ཚུལ་གཅིག་ལ། སྔོན་མ་སྔོན་མ་རྒྱ་ནག་ལ།
  • བཅའ་འདྲི་བྱ་ཡུལ་
    བྱ་དེ་ཟེར་དེ་རྐང་པ་གསུམ་བྱས་ཀྱོ། ཐོབ་ཐོབ་༼ཁ་ཤས༽ཡོག་རེད་ཟེར། ཡོད་ནའ་མེད་ནའ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་འདྲས་སྐྱོན་ཤོར་ཀྱ། ཨོ་ནི། རྩེ་ཚོགས་ཁའི་བྱས། ད་ད་ཞག
  • བཅའ་འདྲི་བྱ་ཡུལ་
    ཁྲ་འབྲུག་ཡོད་རེད། ད་ནི་ག་དུག་ཟེ་བྱས་ན་ཟེར་ན། ཨ་རིའི་རྩེད་ཐང་ལ་སྒང་ཕུག་ལ།
  • བཅའ་འདྲི་བྱ་ཡུལ་
    སྒང་ཕུག་ལ་ཚགས་གནང་ཞུས། སྒང་ཕུ་ལ་ཚགས་གནང་ཙང་། དེ་ནི་ཨེ་རའི་རྩེ་ཚོགས་པ་རྒྱོབ་པོ་བའ་ནའ།
  • བཅའ་འདྲི་བྱ་ཡུལ་
    གསོལ་རས་གནང་རོགས་གནང་ཞོག རྩེ་ཚོགས་པའི་ཡིན་ཟེར་བྱས་པོའི་ནའ།
  • བཅའ་འདྲི་བྱ་ཡུལ་
    ཁྱོད་ཚོ་གྲྭ་པ་ཞེ་དྲགས་མེད་པའི་རྐུན་མར་མགོ་འཁོར་གྱི་བའ་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཁྲ་འབྲུག་དང་ཁྱོད་ཚོ་གཅིག་པ་རེད་ཟེར། གཡུགས་ཞོག་ཟེར།
  • བཅའ་འདྲི་བྱ་ཡུལ་
    དེ་ཁྱད་མིན་ནིས་ཟེར། ད་ནིའི་རྒྱུ་མཚན་དེ་ཨོ་འདུག་ཟེར་བའ།
  • བཅའ་འདྲི་བྱ་ཡུལ་
    དའ་དེའི་ནང་ལ། ངའི་དཔང་རྟགས་ར་པོ་དེ་ལ། ད་ནི་མུ་ཏིག་ཞལ་ཐང་།
  • བཅའ་འདྲི་བྱ་ཡུལ་
    ཁྲ་འབྲུག་མུ་ཏིག་ཞལ་ཐང་། མུ་ཏིག་ཞལ་ཐང་ནི་རྩེ་ཚོགས་པའི་ཡིན།
  • བཅའ་འདྲི་བྱ་ཡུལ་
    རྩེ་ཚོགས་པའི་ཨིན་ན་རྒྱུ་མཚན་བཤོད་ཤིག་ཟེར། དེ་སུ་གས། སུ་གས་ཕུལ་པ་ནའ།
  • བཅའ་འདྲི་བྱ་ཡུལ་
    སུ་གས་བཞེངས་པ་ནའ། རྒྱུ་མཚན་བཤོད་ཤིག་ཟེར། ད་ནི་དེ་རིང་ཁ་ས་ཁྲ་འབྲུག་ལ་ཡོད།
  • བཅའ་འདྲི་བྱ་ཡུལ་
    ཨོ་ནི་ཁྲ་འབྲུག་ལ་ཡོད་སང་། རྩེ་ཚོགས་པའི་དེ་མ་བའ་ཟེར། ཁྱད་མེད་པོའོ། ད་ག་བའ་ནའ།
  • བཅའ་འདྲི་བྱ་ཡུལ་
    སྟེང་ནས་གཙུག་ལག་ཁང་བཞེངས་གནང་། ཨོ་ནིའི་མཆོད་གཤོམ་གྱི་ཚོན་ནི།
  • བཅའ་འདྲི་བྱ་ཡུལ་
    ཚོན་ང་རང་གཅིག་པུ་ཀྱིས་བཏང་པིན། ཨོ་ནི་ད་ལྟ་སྣེ་གདོང་རྒྱལ་པོ། ནུའུ་ནའ། ང་ཚོའི་སྣེ་གདོང་སྣེ་གདོང་ཟེར་ཡས་དེ།
  • བཅའ་འདྲི་བྱ་ཡུལ་
    སྣེ་གདོང་མ་རེད་དའ། སྣ་གདོང་། སྣ་ཁུང་། སྣ་ཁུང་དེ་ག་རེའི་སྣ་ཁུང་རེད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    གླང་ཆེན་རི། ཨེ་རའི་དགོན་པའི་རི་དེ་ལ་གླང་ཆེན་རི་ཟེར་ཀྱི་འདུག་ཀའ།
  • བཅའ་འདྲི་བྱ་ཡུལ་
    གླང་ཆེན་ནུག་ཟེར་བྱས། རི་དེའི་མིང་ལ་གླང་ཆེན་རི། སྣ་ཁུང་དེ།
  • བཅའ་འདྲི་བྱ་ཡུལ་
    སྣ་ཁུང་སྟེང་དེ་རུ་ཡོད་པའི་རྫོང་དེ་ལ་སྣེ་གདོང་རྫོང། སྣ་ཁུང་གི་གདོང་དེ་རུ་ཡོད་པའི་གྲོང་ཚོ་དེ་ལ་སྣེ་གདོང་།
  • བཅའ་འདྲི་བྱ་ཡུལ་
    དེའི་ལོགས་དེ་རུ་ཡོད་པའི་དགོན་པ་དེ་ལ་སྣ་གདོང་དགོན་པ། སྣ་གདོང་དགོན་པ།
  • བཅའ་འདྲི་བྱ་ཡུལ་
    སྣ་གདོང་བའ། སྣེ་གདོང་མ་བའ། སྣ་གདོང་། སྣེ་གདོང་ཟེར་དེ་གླང་པོ་ཆེའི་རིའི་སྒོ་དེ།
  • བཅའ་འདྲི་བྱ་ཡུལ་
    མགོའི་དེ་ནུག་ཟེར་བྱས། ཨ་རའི་ཁྲ་འབྲུག་ནས་མར་ད་རིང་མར་ཞོར་གཟིགས་ཀྱའ།
  • བཅའ་འདྲི་བྱ་ཡུལ་
    རི་དེ་ནུག་ཟེ་བསྡད་ཡོད་པོའོ། མཆུ་ཏོ་ནུག་ཟེ་བསྡད་པོའོ། མཆོ་ཏོའི་སྒང་དེ་ལ་བན་ཚང་ཆགས་བསྡད་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ནུའུ་རུ་བང་ཚང་བྱས། གླང་ཆེན་ཀྱི་ཁའི་སྒང་དེ་ལ་ཨེ་རའི་དགོན་པ་ཆགས་བསྡད་པོའོ།
  • བཅའ་འདྲི་བྱ་ཡུལ་
    མགོ་བོའི་སྒང་དེ་ལ་ཨེ་རའི་སྲིད་གཞུང་གི་སོར་ཁུང་དེ་ཆགས་བསྡད་པོའོ།
  • བཅའ་འདྲི་བྱ་ཡུལ་
    གླང་ཆེན་ལགས་དེ། སྣེ་གདོང་སྣེ་གདོང་ཟེར། ད་ཨོ་ནི་རྩེ་ཚོགས་པ་རང་
  • བཅའ་འདྲི་བྱ་ཡུལ་
    བཞེངས་གནང་མཁན་དེ་ཁ་ཆེ་པཎ་ཆེན་ཤཀྱ་ཤེས་རིག ཕྱག་བཏབ་གནང་མཁན།
  • བཅའ་འདྲི་བྱ་ཡུལ་
    ཁ་ཆེན་པཎ་ཆེན་ཤཀྱ་ཤེས་རིག་དེ་མི་རིགས་དེ་ཁ་ཆེ་ཡིན། ཁོང་ཁ་ཆེའི་ལུང་པ་ནས་ཕེབས།
  • བཅའ་འདྲི་བྱ་ཡུལ་
    ཁོང་གིས་བོད་ལ་ཆོས་གཅིག་དར་ཐུབ་རོགས་བྱས་ན་ཟེར་སྨོན་ལམ་རྒྱབ་པིན།
  • བཅའ་འདྲི་བྱ་ཡུལ་
    ངས་བོད་དེ་ལ་ཕར་ཕྱིན་ནས་ངས་བོད་ལ་ཚོགས་པ་བཞི་ཟེར་ཞིག་འཛུགས་ཐུབ་པ་བྱེད་ཡས་
  • བཅའ་འདྲི་བྱ་ཡུལ་
    ཀྱི་ང་སྨོན་ལམ་རྒྱབ་བྱས་འགྲོ་གི་ཡིན་ཟེར། ཁོ་འདྲའི་ཕི་ནས་ཚུར་ཁ་ཆེའི་ལུང་པ་ནས།
  • བཅའ་འདྲི་བྱ་ཡུལ་
    རྡོག་འཁྲིལ་ཁྱེར། དཔེ་ཆ་ཨ་ནིས་ཁྱེར། མཁར་རྒྱུགས་དེ་ཁྱེར།
  • བཅའ་འདྲི་བྱ་ཡུལ་
    ཕེབས་བཞག ང་ཚོའི་བོད་ལ་ཕེབས་བཞག དེ་ནས་ཕེབས་ནས།
  • བཅའ་འདྲི་བྱ་ཡུལ་
    ང་ཚོའི་ཨོང་། དེ་རང་སྔས་མ། མཁྱེན་འདྲས་མཐོང་གནང་པོའོ། སེང་གེ་ཐང་ནུའུ་ནའ།
  • བཅའ་འདྲི་བྱ་ཡུལ་
    དེ་རིང་སང་དཔའ་བོའི་དྲན་གསོ་ཁང་། ཨོ་དེའི་ང་ཚོའི་རྩེ་ཚོགས་པ་ཆགས་གྲབས་བྱས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ ཁ་ཆེ་པཎ་ཆེན་ཤཀྱ་ལགས་ཁོ་རང་གིས། ཞལ་འདོན་ར་པོ་གཅིག་གནང་།
  • བཅའ་འདྲི་བྱ་ཡུལ་
    དབུ་ཞྭ་ དེ་དེའི་ཕུད་བཞག་ཡོད་པ་འདྲ། ཨ་ནི་ཕོ་རོག་གཅིག་ཡོང་།
  • བཅའ་འདྲི་བྱ་ཡུལ་
    ཕོ་རོག་དེ་ཀས། དབུ་ཞྭ་དེ་ཁྱེར་ཕྱིན་པའ། གཡའ། ངའི་ཞྭ་མོ་དེ་ཕོ་རོག་དེ་ཀས་ཁྱེར་སོང་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཁོ་ག་པར་འགྲོ་གི་ཡོད་ནའ། ད་ངའི་གདན་ས་དེ་ཁོ་གས་སྟུན་གྲབས་མེད་དྲོ་ཟེར། མིག་བལྟས།
  • བཅའ་འདྲི་བྱ་ཡུལ་
    དབུ་ཞྭ་དེ་དེ་རིང་སང་དཔའ་བོའི་དྲན་གསོ་ཁང་རྡོ་རིང་ཡོད་ས་དེ་རུ།
  • བཅའ་འདྲི་བྱ་ཡུལ་
    དེ་རིང་སང་སྐུ་གདུང་བཏང་བཞག ཨོ་དེ་རུ་གཡུགས་པོའོ།
  • བཅའ་འདྲི་བྱ་ཡུལ་
    དེ་རུ་གཡུགས་ཙང་། གཡའ། ངའི་ཚོགས་པ་བཞི། ཚོགས་པ་གཅིག་ཕི་གས་གནས་ཀྱི་ཡོད་པ་འདྲ།
  • བཅའ་འདྲི་བྱ་ཡུལ་
    ཁོང་འདུག་ཟེ། ཡང་དེ་ནས། ཨ་ནིས་༼འཁྱུག་ཙམ༽སོང་པ་དང་ཡང་ཕོ་རོག་དེ་ཀས་དེ་ནས་ཁྱེར་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    ཡང་ང་ཚོའི་ད་ལྟ་ཨ་ཅོག་པ་སངས་ནང་གི་རྒྱབ་དེ་རུ། ནུབ་སྟོད་ཤག་རྒྱབ་དེ་རུ་གཡུགས་བཞག
  • བཅའ་འདྲི་བྱ་ཡུལ་
    ད་ཕ་རུ་ཁོང་འདྲའི་སེམས་དེ་རྩེ་ཚོགས་པའི་ཕ་རུ་ཆགས་པོ་ནའ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ལ་མཆོད་རྟེན་དཔག་ཙམ་༼ཧ་ཅང་ཆེན་པོ༽གཅིག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    གནམ་ལ་བལྟ་ཡས་ར་པོ་གཅིག ཨོ་དེ་རྩེ་ཚོགས་པའི།
  • བཅའ་འདྲི་བྱ་ཡུལ་
    ཁ་ཆེ་པཎ་ཆེན་སྔོན་ལ་བྱས་ན་ཨོ་དེ། ཁོང་གི་སྡིགས་བཤགས་ཡིན་ཀྱོ་བའ།
  • བཅའ་འདྲི་བྱ་ཡུལ་
    སྡིགས་པ་དེ་མ་བཤགས་ན་དགེ་བ་དེ་སྒྲུབ་ཐུབ་མ་བའ་ནའ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་མཆོད་རྟེན་དེ་བཞེངས་ནས་ད་དེ། བཅོས་སྒྱུར་བཏང་ནས་མཆོད་རྟེན་ཕར་ཚུར་ཁོད་སྙོམས།
  • བཅའ་འདྲི་བྱ་ཡུལ་
    ད་ཨོ་དེ་མར་ཨ་རིའི་དམག་མིའི་སྐུ་གདུང་སྦས་གཞག་པོའོ། ཨོ་དེ་རུ་རྒྱུ་མཚན་ར་དེ་གང་བའ་ནའ་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་དྲུག་པའི་ཚེས་པ་བཅོ་ལྔ་ལ་བན་ཚང་གྲྭ་པ་བྱས། རྩེ་ཚོགས་ཁའི་གྲྭ་པ་བྱས། དགོན་པ་སྟེང་དང་ཞོལ།
  • བཅའ་འདྲི་བྱ་ཡུལ་
    ཚོགས་ ཨམ་དུ་༼མཉམ་དུ་༽ཚུགས། སྣེ་གདོང་སྡེ་ཁུངས་ཀྱིས་ཐུག་པ་བག་ཐུག་ར་གཅིག་སྟེར།
  • བཅའ་འདྲི་བྱ་ཡུལ་
    འགྱེད་གྲྭ་པ་བཞིའི་བཞིའི་ཞོ་གང་ཞོ་གང་ཁ་གང་ལས་མེད་པོའོ། ཨོ་དེ་རྒྱོབ། དེ་ནི་རྟེན་འབྲེལ་ཡག་པོ་བྱས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཨེ་རའི་ཕྲུ་གས་རྩེད་མོ་རྩེད། ཨོ་དེ་ཞེ་པོ་གཅིག་བྱེད་པའ། རྟེན་འབྲེལ་ཞེ་པོ་གཅིག་བྱེད་པའ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ཨོ་དེ་འདྲས་བྱས་ནས་དེ་ནི། ཨ་ཅོ་པ་སངས་ནང་རྒྱོབ་དེ་རུ་ནུབ་སྟོད་ཤག་རྒྱོབ་དེ་རུ།
  • བཅའ་འདྲི་བྱ་ཡུལ་
    དབུ་ཞྭ་དེ་ཨོ་དེའི་གཡུགས་བཞག རྩེ་ཚོགས་པ་དང་པོ་ཨོ་དེའི་བཞེངས་བཞག་པོའོ། ཨོ་འདུག་ཟེར་བྱས་ཙང་།
  • བཅའ་འདྲི་བྱ་ཡུལ་
    ཨ་ཅོ་པ་སངས་ཀྱི་ནང་རྒྱོབ་དེའི་ང་ཚོའི་རྩེ་ཚོགས་པ་དེ་ཆགས་ཤག རྦད་དེ་དང་པོ་ ཆགས་དུས་ཙམ་པ་འདུ་ཁང་ཀ་བ་བཞི།
  • བཅའ་འདྲི་བྱ་ཡུལ་
    ཀ་བཞི་བཙུགས་བཞག ང་ཚོའི་དགོན་པ་དེ་ལ་ཀ་བཞི་དགོན་པ། ཀ་བཞི་བྱས་པའི་དགོན་པ།
  • བཅའ་འདྲི་བྱ་ཡུལ་
    རྩེ་ཚོགས་པ་མ་བྱས་གོང་ནས། ཀ་བཞི་དགོན་པ། ད་དེ་ནས་དེའི་སྟེང་དེའི་རྒྱལ་པོ་དེ་སྣེ་གདོང་རྒྱལ་པོ།
  • བཅའ་འདྲི་བྱ་ཡུལ་
    དེའི་སྟེང་དེའི་ཡོག་རེད་པའ། སྣེ་གདོང་རྒྱལ་པོས་སྦྱིན་བདག་བྱས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་རྩེ་ཚོགས་པ་དེ་ཆེ་རུ་ བཏང་བཞག་པོའོ། དེ་ནས་ཕར་སྤོས་བཞག
  • བཅའ་འདྲི་བྱ་ཡུལ་
    སྦྱིན་བདག་དེ་སྣེ་གདོང་རྒྱལ་པོ་དོན་བཞག ད་དེ་བྱས་ཙང་ཁ་ཆེ་པཎ་ཆེན་ཤཀྱ་ཤེས་རིག་ལགས་ཀྱིས་ང་བོད་ལ་ཕར་ཕྱིན་ནས།
  • བཅའ་འདྲི་བྱ་ཡུལ་
    ཚོགས་པ་བཞི་ཟེར་དེ་གཅིག་ང་འཛུགས་ཐུབ་པ་གཅིག་བྱེད་ཡས་ཡིན་ཟེར།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཕྱི་རོལ་མུ་ཏིག་པ་ཟེར་ར་གཅིག་ཡོད་རེད་པའ། ཆོས་ཕྱི་པ། ཆོས་ཕྱི་པས་སྐད་ཆ་བཤད་བྱས་ཁྱོད་ར་ག་རེ་ཡིན་པ།
  • བཅའ་འདྲི་བྱ་ཡུལ་
    ཁྱོད་ཁ་ཆེའི་ལུང་པ་ནས། ང་ཨོ་དེ་འདྲས་གཅིག་ཡིན་པས་ནི།
  • བཅའ་འདྲི་བྱ་ཡུལ་
    ང་ཚོགས་པ་བཞི་ཟེར་དེ་འཛུགས་ཐུབ་པ་གཅིག་བྱས་ང་དེ་ཡོད་ཟེར། ང་རེ་བ་ཡོད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི། ཚོགས་པ་བཞི་འཛུགས་ཡས་ཀྱི་ཁྱོད་ལ་ཡོན་ཏན་གང་ཡོད་པའ་ཟེར། ཡོད་ཏན་དགོས་པའ་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཡོན་ཏན་མེད་ན་འཛུགས་ཐུབ་མ་བའ་ཟེར། ཡོན་ཏན་ཡོད་མེད་དེ་ཉི་མ་བདུན་གཅིག
  • བཅའ་འདྲི་བྱ་ཡུལ་
    ཕྱི་རོལ་མུ་སྟེགས་པ་དང་ང་ཚོ་རྩོད་པ་རྒྱག་དགོས་བའ། ཆོས་ཐོག་ལ་རྩོད་པ།
  • བཅའ་འདྲི་བྱ་ཡུལ་
    གན་རྒྱ་དགོས་པ་གང་བཞག་གའ་ཟེར། གན་རྒྱ་དགོས་པ།
  • བཅའ་འདྲི་བྱ་ཡུལ་
    རང་ཤོར་སོང་ན་སངས་རྒྱས་བསྟན་པ་གན་ལ་ཚུགས་ཤིག་ཟེར། སངས་རྒྱས་བསྟན་པ།
  • བཅའ་འདྲི་བྱ་ཡུལ་
    པཎ་ཆེན་རིན་པོ་ཆེ་ཤོར་ན་སངས་རྒྱས་བསྟན་པ་མ་བསྡད་ཀྱོ་ར་པོ་བྱས་ཤོར་པོའོ།
  • བཅའ་འདྲི་བྱ་ཡུལ་
    ད་ཁོང་གིས་ཕྱི་རོལ་མུ་ཏིག་པ་ཀས། ཨ་ནི། ང་ཚོ་ཤོར་སོང་ནི།
  • བཅའ་འདྲི་བྱ་ཡུལ་
    ཁྱོད་རས་ཚར་གཅོད་ག་རེ་བྱེད་ཡས་ཡིན་ནའི་ཁྱོད་རང་རེད་ཟེར། ང་ཚོ་མེད་པ་བཟོས་ནའི་ཁྱོད་རང་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཁྱོད་རང་རེད་ཟེར། དེ་ནི་ཉིན་མོ་བདུན་གཅིག་རྩོད་པ་ཐུག་བཞག རྩོད་པ། རྩོད་པ་ཐུག་པས་ཉིན་མོ་དྲུག
  • བཅའ་འདྲི་བྱ་ཡུལ་
    ཉིན་མོ་དྲུག་ང་ཚོའི་པཎ་ཆེན་རིན་པོ་ཆེ་ཤོར་བཞག
  • བཅའ་འདྲི་བྱ་ཡུལ་
    ཉིན་མོ་དྲུག་དྲུག་རྐྱང་ལོ་ཀོ་རྩོད་པ་ཤོར་བཞག
  • བཅའ་འདྲི་བྱ་ཡུལ་
    ད་དོ་དགོང་ཚུར་ཕེབས། སང་ཉིན་གྱིས་ཉིན་མོ་བདུན་ཕྱིན་པ་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    ད་དོ་དགུང་བསམ་བློ་བཏང་། ད་བྱས་མ་སོང་ཟེར། ད་ཉིན་མོ་དྲུག་གཙང་གཙང་ཤོར་ནིས།
  • བཅའ་འདྲི་བྱ་ཡུལ་
    སང་ཉིན་ཐོབ་ཡས་སེམས་ཐག་རེད་ཟེར་དའ། ད་ང་དེ་ཤོར་བཞིན་ན་སངས་རྒྱས་བསྟན་པ་དེ་གང་མིན་ཚད་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    ང་བསྟན་པ་འཛུགས་ཡས་ལ། བསྟན་པ་ཤོར་ན་གང་མིན་ཚད།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་ཆོས་ཏོག་ལ་འགྲོ་ཡས་ཡིན་ཟེར་ཆོས་ཏོག་ལ་ཐད་བཞག
  • བཅའ་འདྲི་བྱ་ཡུལ་
    ཆོས་ཏོག་ལ་ཐད་བཞག་ཆོས་ཏོག་ལ་ཐད་ནས། ཤིང་སྟག་མ་ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    སྟག་མ། སྟག་མའི་སྡོང་པོ་ཨོ་དེ་ཀའི་འོག་དེའི་ཁོ་རང་དཀའ་ལས་ཞེ་པོ་གཅིག་ཁག
  • བཅའ་འདྲི་བྱ་ཡུལ་
    ཨོ་དེའི་སྐུ་ངལ་གསོས། བཞུགས་གདན་འཇགས་བཞག ལྷག་པ་ནི་མིན་འདུག་ཟེ། ལྷག་པ་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    སྡོང་ཁོག་དེའི་སྒང་དེ་ནས་ལྕང་མའི་ལོ་མ་གཅིག
  • བཅའ་འདྲི་བྱ་ཡུལ་
    ཚོ་ཞོབ་ཟེར་མཐུ་བའི་ནང་ལ་ཟགས་བཞག ཨ་ནི་ཁོང་གིས་ནུག་ཟེར། ལྕང་མའི་ལོ་མ་དེ་ལ་ནུག་ཟེར་བལྟས་པ་དང་།
  • བཅའ་འདྲི་བྱ་ཡུལ་
    ང་ཚོའི་རྩེ་ཚོགས་པའི་སྒྲོལ་མ་དེ་དེའི་འདུག་གའ། དེ་རིང་སང་རྒྱ་གར་ནས་ཚུར་ལྕང་མའི་ལོ་མ་བྱས་ཙང་།
  • བཅའ་འདྲི་བྱ་ཡུལ་
    བཅོམ་ལྡན་འདས་འདུག་གའ། ཨོ་དེ་འདྲ་པོ་གཅིག
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་རྩེ་ཚོགས་པའི་སྒྲོལ་མ་དེ་ཕ་རུ་མཐོང་གནང་བཞག་འདུག་གའ། དེ་ཁོང་གིས།
  • བཅའ་འདྲི་བྱ་ཡུལ་
    དེ་སྒྲོལ་མ་ནི་ཀས་གསུངས་དང་པོ་དེ་ཨོ་དེའི་བྱོན་པ་རེད། ཚུར་གསུངས་བྱོན།
  • བཅའ་འདྲི་བྱ་ཡུལ་
    པཎ་ཆེན། པཎ་ཆེན། ཁྱོད་བྲོས་མ་འགྲོ་ཟེར། ཁྱོད་ཕར་ཕྱིན་སྔར་བཞིན་རྩོད་པ་རྒྱབ་ཤིག་ཟེར།
  • བཅའ་འདྲི་བྱ་ཡུལ་
    ང་བསམས་པ་གྱིས་ཤིག་ཟེ། ཁྱོད་ལ་ཚོགས་པ་བཞི་ཡི་བསྐལ་བ་ཡོད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཁྱོད་ང་སྒོམས་ཤིག་ཟེར། བྱས་ཡང་པཎ་ཆེན་གྱིས་ཚུར་ཕེབས།
  • བཅའ་འདྲི་བྱ་ཡུལ་
    ཡང་སྔར་རྒྱུན་རྩོད་པ་རྒྱབ་ནིས་ཀའ། དེ་ནི་པཎ་ཆེན་ལ་ཐོབ་ནིས་ཀའ།
  • བཅའ་འདྲི་བྱ་ཡུལ་
    པཎ་ཆེན་ལ་ཐོབ་ཙང་དེ་ནི་ཕྱི་རོལ་མུ་སྟེགས་པ་ཀྱིས། རླུང་ལངས།
  • བཅའ་འདྲི་བྱ་ཡུལ་
    དེ་པཎ་ཆེན་ལ་མེ་རྒྱབ་ནིས་ཀ། པཎ་ཆེན་ནུག་ཟེ་བཞག འོག་ལ་མེ་རྒྱབ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་མེ་དེ་རྒྱབ་པ་དང་། ཕྱི་རོལ་མུ་སྟེགས་པ་ཁོང་དང་མེ་རྒྱག་མཁན་དེ་གང་བྱས་གང་ག་ཚིག་ཁ་ཤས་
  • བཅའ་འདྲི་བྱ་ཡུལ་
    རྐང་པ་ཚིག་ཁ་ཤས་གཟུགས་པོ་ཚིག
  • བཅའ་འདྲི་བྱ་ཡུལ་
    རྗེ་བཙུན་སྒྲོལ་མ་དང་པཎ་ཆེན་རིན་པོ་ཆེ་གཅིག་པོ་གནམ་སྟེང་དགུང་ནས་ཁོང་གཉིས་ལ་ཆར་པ་བཏང་།
  • བཅའ་འདྲི་བྱ་ཡུལ་
    རྟགས་མཚན་ར་པོ་དེ་འདྲས་གཅིག སྒྲོལ་མ་དེ། སྒྲོལ་མ་དེ་མཚན་མང་པོ་ཡོད།
  • བཅའ་འདྲི་བྱ་ཡུལ་
    རྗེ་བཙུན་ སྒྲོལ་མ་དེ་ལ་མཚན་མང་པོ་ཡོད། མཚན་དེ་ལ། སྒྲོལ་མ་རྩོད་སྐྱེམ།
  • བཅའ་འདྲི་བྱ་ཡུལ་
    རྩོད་སྐྱེམ་ཟེར་ དེ་གང་ཡིན་ཟེར་ན། ཕྱི་རོལ་མུ་ཏིག་པ་དང་རྩོད་པ་རྒྱབ་པས་རྩོད་སྐྱེམ།
  • བཅའ་འདྲི་བྱ་ཡུལ་
    གཅིག གཉིས་དེ་སྒྲོལ་མ་དེ་གང་ཀྱིས་བཞེངས་པ་རེ་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    པཎ་ཆེན་གྱི་ཤངས་ཁྲག་ནས་སྒྲུབ་པའི་སྒྲོལ་མ་ཡིན་ཟེར། ཤངས་ཁྲག་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ཤངས་ཟེར་ན་སྣ་ཁུང་བའ་ནའ། སྣ་ཁུང་ཞེ་ས་བའ་ནའ། ཁྲག་ཟེར་དེ་ཤངས་ཁྲག་བའ་ནའ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་སྐབས་དེ་དུས་ཙམ་པ། དེ་རིང་སང་ར་པོ་བྱས་བྱས། ཕུ་འབྲིང་ཟེར་ཡས་ར་པོ།
  • བཅའ་འདྲི་བྱ་ཡུལ་
    ཞ་སྨྱུག་ཟེར་ཡས་ར་པོ། ཆ་རྐྱེན་ཡོད་མ་རེད་པའ། ཁོ་ཨ་ཕ་དེ་གཉའ་ཁང་ཡིན་ཙང་།
  • བཅའ་འདྲི་བྱ་ཡུལ་
    དེ་ཁོང་གིས་ནུག་ཟེར། པར་དེ་ནས་གཅིག་རྒྱ་གར་ནས་གཅིག་དོན་ནི་ཀའ། ནུག་ཟེར་མིག་བལྟས་པ་དང་
  • བཅའ་འདྲི་བྱ་ཡུལ་
    བཅོམ་ལྡན་འདས་དེ་ཨོ་དེ་ནས། ནུག་ཟེ་བལྟས་ན་སེར་པོ་ར་གཅིག་མེ་འབར་བ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཁོང་གིས་ཐབས་ཤེས་གནང་བྱས། ཁོང་གིས་ཁོང་པཎ་ཆེན།
  • བཅའ་འདྲི་བྱ་ཡུལ་
    ཨ་རིའི་དགོན་པའི་པཎ་ཆེན་དེ་ཤངས་ཆེ་ཟེ་ཟེར་ར་གཅིག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཁོང་འདྲས་ཁོ་འདྲའི་སྣ་ ཁུང་ལ་ཨེར་རྡོག་༼མཛུབ་མོ་གཉིས་ལྡེབས་ནས་གཞུ་བ༽བཞུས་གནང་།
  • བཅའ་འདྲི་བྱ་ཡུལ་
    ང་ཚོའི་སྣ་ཁུང་གི་ཁྲག་དེ་གར་མོ་ཞེ་པོ་གཅིག་ནུའུ་ཀའ། ཨོ་དེ་སྣ་ཁུང་དེ་ནུག་ཟེ་གནང་།
  • བཅའ་འདྲི་བྱ་ཡུལ་
    རྡོ་རྩོག་གཅིག་གི་སྒང་དེའི་ཁྲད་དེ་ནུག་ཟེ་གནང་། ཕར་ཙམ་དེ་ནས་རྩྭ་གཅིག་སྒྲུག་པ་གནང་།
  • བཅའ་འདྲི་བྱ་ཡུལ་
    རྩྭ་དེ་ཀས་ཁྲག་དེ་ནུག་ཟེར་གནང་། ཨེ་ནི་རྗེ་བཙུན་སྒྲོལ་མ་དེ། གསལ་ཀྱོ་གཏོང་བ་གནང་།
  • བཅའ་འདྲི་བྱ་ཡུལ་
    ཁྲད་དེ་ཀས། ཁོ་གསལ་པོ་མེད་པོའོ་ནའ། པཎ་ཆེན་གྱི་གཤངས་ཁྲག་ལས་སྒྲུབས་པའི་སྒྲོལ་མ། གཅིག་ནས།
  • བཅའ་འདྲི་བྱ་ཡུལ་
    གཉིས་ནས། མཚན་དེ་ལ་སྒྲོལ་མ་རྩོད་སྐྱེམ། སྒྲོལ་མ་ཟེར་དེ། སྒྲོལ་མ་ང་ཚོ་ད་།
  • བཅའ་འདྲི་བྱ་ཡུལ་
    དེ་རིང་སང་དགོན་པ་ག་པར་ས་དགེ་གཉལ་གསུམ། དགེ་ལུགས་པ་ག་པར་ཕྱིན་ནའི།
  • བཅའ་འདྲི་བྱ་ཡུལ་
    སྒྲོལ་མ་དེ་མ་གཏོགས་ཡོད་མ་རེད། དེ་སྒྲོལ་དཀར་རེད། དེ་སྒྲོལ་ལྗང་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ག་པར་ཕྱིན་ནའི་དེ་མ་གཏོགས་ཡོད་མ་རེད། བྱས་ཙང་ང་ཚོའི་དགོན་པའི་སྒྲོལ་མ་དེ།
  • བཅའ་འདྲི་བྱ་ཡུལ་
    སྒྲོལ་མ་རེད་ཟེར། མི་གཞན་དག་གིས་སྒྲོལ་མ་མ་རེད་ཟེར་གྱི་རེད། གང་ཡིན་ཟེར་ན་ཕྱག་བཞི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཕྱག་བཞི། ནུག་ཟེ། དཀྱིལ་ཀྲུང་བཞེས་བསྡད་བྱས། སྒྲོལ་མ་ཟེར་དེ་གཡས་བརྐྱངས་གཡོན་སྐུམ། ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    ཁག་ཁག་རེད། སྒྲོལ་མ་དེ་སྒྲོལ་མ་ཕྱག་བཞི་བྱས། ཨོ་དེ་གསུངས་བྱོན་མ་བྱས།
  • བཅའ་འདྲི་བྱ་ཡུལ་
    ད་གསུངས་བྱོན་མ་ཡིན་ཙང་། གསུང་དེ་དང་པོ་ཨོ་དེའི་བྱོན། དེ་ནས་ང་ཚོའི་དགོན་པ་ཆགས་ནས།
  • བཅའ་འདྲི་བྱ་ཡུལ་
    ང་ཚོའི་དགོན་པས་དགོང་མོས་དགོང་ལྟར་དགོང་ཚོགས་ཚོགས་ཀྱི་ཡོད།
  • བཅའ་འདྲི་བྱ་ཡུལ་
    ཇ་ཡང་ཡོག་མ་རེད། ཐུག་པའང་། དཔེ་ཤག༼མི་དམངས་ཤོག་སྒོར༽ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    དགོང་མོ་དེ་མ་གཏོགས། སང་ཉིན་འབྲུ་བྲེ་གང་དང་རྩམ་པ་བྲེ་གང་ལས་ཡོད་མ་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དགོང་མོས་ཨོ་དེའི་འགྲོ་དགོས་རེད། དགོང་མོས་དེའི་བྱས།
  • བཅའ་འདྲི་བྱ་ཡུལ་
    དགོང་མོ་རེ་རེ་སྒྲོལ་མ་ཉི་ཤུ་རྩ་གཅིག་རྩ་གཅིག་སྒྲོན་དགོས་ཡོད་རེད། ཨོ་དེ་སྒྲོན་ནས། ང་ཚོའི་འདུ་ཁང་དེ་བྱས།
  • བཅའ་འདྲི་བྱ་ཡུལ་
    ང་ཚོའི་འདུ་ཁང་དེ་རེད་སྣེ་གདོང་གི། སྣེ་གདོང་གྲོང་ཚོ་དང་ལུང་པ་གཞན་དག་གང་གས། གང་གས།
  • བཅའ་འདྲི་བྱ་ཡུལ་
    མི་སྤོ་བོ་རྒན་ཁོག་དེ་འདྲས། རྨོ་བོ་རྒན་ཁོག་དེ་འདྲས། མི་ཞེ་དྲག་ད་ག་ཚོགས་ལ་སྒྲོལ་མ་འདྲེན་ག་སླེབས་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    སྒྲོལ་མ་ར་གཅིག་འདྲེན། སྒྲོལ་མ་ར་གཅིག་འདྲེན། སྒྲོལ་མ་ཉི་ཤུ་རྩ་གཅིག་འདྲེན་གྱི་རེད།
  • བཅའ་འདྲི་བྱ་ཡུལ་
    སྒྲོལ་མ་་ཉིན་ཤུ་ཐམ་པ་མཉམ་དུ་བྱས། སྒྲོལ་མ་ཉི་ཤུ་རྩ་གཅིག་དེ། སྒྲོལ་མ་ཉི་ཤུ་རྩ་གཅིག་དེ།
  • བཅའ་འདྲི་བྱ་ཡུལ་
    ཚངས་ལྡན་འོག་ན་ཟེར་བྱས་པ་རེད་པའ། མཇུག་རྩ་དེ་ཉི་ཤུ་རྩ་གཅིག་ཟེར་དགོས་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    ཉི་ཤུ་རྩ་གཅིག་མ་བྱས་པ་བྱས། མི་གང་གས་ཕྱག་མཚལ་བ་ན་ཉི་ཤུ་ཟེར་བྱས། ཁ་རོག་བསྡད་པ་དང་།
  • བཅའ་འདྲི་བྱ་ཡུལ་
    རྩ་གཅིག་ཟེར། རྗ་བཙུན་སྒྲོལ་མས། རྗེ་བཙུན་སྒྲོལ་མས། ཨོ་དེ་དུས།
  • བཅའ་འདྲི་བྱ་ཡུལ་
    སྣེ་གདོང་རྒྱལ་པོའི་བཙུན་མོ་དེ་དགོང་མོས་དགོང་ལྟར་སྒྲོལ་མ་འདྲེན་ཀ་ཕེབས་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    རྩ་ཆེན་པོ་རེད་པའ། གསུངས་བྱོན་མ་རེད་པའ། བྱས་ཙང་སྣེ་གདོང་རྒྱལ་པོའི་བཙུན་མོ་དེ་ཀས།
  • བཅའ་འདྲི་བྱ་ཡུལ་
    ནུག་ཟེ་བྱས་ཙ་ན་སྙིང་རྗེ་པོ་ར་གཅིག་ཡོད་མེད་པོའོ་ནའ། ཁྲག་གི་བྲིས་ཀྱོ་ཡིན་ཙ་ན། མཚར་པོ་ར་གཅིག་ཡོད་མ་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཁོང་ཡང་སྤྱིར་བཏང་མི་མིན་ཀྱོ་བའ། ཁོང་གིས་ཡའ།
  • བཅའ་འདྲི་བྱ་ཡུལ་
    ད་ཕི་ག་ལ།༼དེ་ལ་༽ཞལ་གསེར་གཅིག་སྒྲོན་ཡས་བྱུང་ན་མཚར་པོ་ཡག་པོ་བྱེད་ཀའ།
  • བཅའ་འདྲི་བྱ་ཡུལ་
    མ་འོངས་པའི་དུས་ན། དུས་དེ་རིང་སང་བའ། མི་གང་ག་༼ཚང་མ༽ཁྲ་ཆས་བཟང་པོ་ཡོང་ང་།
  • བཅའ་འདྲི་བྱ་ཡུལ་
    འོ་དའ། དེ་རིང་སང་སྒ་རྒྱབ་བསྡད་པོའོ། སྔོན་མ་ཨེ་ལ་༼ང་ཚོ་ལ༽གཟབ་སྤྲོས་ཡག་པོ་ནའ་ག་ར་པོ་༼འདི་འདྲ་བ༽གྱོན་ཡས་མེད་པའ།
  • བཅའ་འདྲི་བྱ་ཡུལ་
    དེ་རིང་སང་གོས་ལོག་༼གྱོན་གོས༽ཟླ་བ་གཅིག་ཙམ་གཅིག་ནས་གཅུས་རིལ་རྒྱབ་ནེའི་བླུགས།
  • བཅའ་འདྲི་བྱ་ཡུལ་
    ཡང་གཅིག་ཉོས་བྱེད་ཀྱི་ནའ། ལྷ་ཡའི་༼ལྷ་ཡང་༽ལྷ་ཨ་ལ༼ཡག་པོ་༽ཟའ་ཡོད་ན་སྐྱབས་སུ་ཆེ།
  • བཅའ་འདྲི་བྱ་ཡུལ་
    རྩ་ཆེན་པོ་ར་བཟང་ནག་ཉེས་གུ་ཉེས་ར་ཟའ། ཟེར་ཀྱི་ནའ། ཨོ་དེ་མ་འོངས་པའི་དུས་ན་ང་ཚོས་ཨོ་འདུག་ཟེར་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་མ་འོངས་པའི་དུས་ན་མི་གང་ག་༼ཚང་མ༽ཁྲ་ཆས་བཟང་པོ་ཟེར།
  • བཅའ་འདྲི་བྱ་ཡུལ་
    མཚར་པོ་ར་གཅིག་ང་ཞལ་གསེར་སྒྲོན་དགོས་ཡོད་ཟེར། རྒྱུ་ཡོད་པོའོ་ནའ།
  • བཅའ་འདྲི་བྱ་ཡུལ་
    སྣེ་གདོང་རྒྱལ་པོ་ཡིན་ཙང་། ཞལ་གསེར་སྒྲོན་པ་གནང་པ་རེད། ཞལ་གསེར་དེ་རིང་།
  • བཅའ་འདྲི་བྱ་ཡུལ་
    ཞལ་གསེར་སྒྲོན་པ་གནང་ཙང་། དོ་དགོང་ནས་དགོང་འཚོགས་ལ་ཨམ་ཅོག་༼རྣ་ཅོག༽ཉན་ཙང་།
  • བཅའ་འདྲི་བྱ་ཡུལ་
    ཉི་ཤུ་རྩ་གཅིག་གནང་མཁན་ཡོད་མ་རེད། གསུངས་མ་བྱོན་པ་རེད། གསུངས་མ་བྱོན་ཙང་།
  • བཅའ་འདྲི་བྱ་ཡུལ་
    དེ་རྩེ་ཚོགས་པས། ད་དེ་རིང་སང་བྱས་ན། ང་ཚོའི་འགོ་ཁྲིད་ར་པོ་དེ་ཀྱིས་ཀས།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་པོ་དང་ཐུག་པོ་ནའ། རྒྱལ་པོའི་སྐུ་མདུན་ལ་ཡར་བཅར། ཁ་བཏགས་ར་གཅིག་འཁྱེར།
  • བཅའ་འདྲི་བྱ་ཡུལ་
    ཁ་བཏགས་ར་པོ་གཅིག་བཏང་། ད་བཙུན་མས་། ཁ་ས་ཞལ་གསེར་སྒྲོན་གནང་།
  • བཅའ་འདྲི་བྱ་ཡུལ་
    ད་མདང་དགོང་ནས་གསུང་བྱོན་མཁན་མིན་འདིས་ཟེར།༼མི་འདུག་ཟེར༽
  • བཅའ་འདྲི་བྱ་ཡུལ་
    ད་གང་འདྲས་ར་པོ་གཅིག་བྱས་ན་དགའ་བ་ཡོད་ནའ་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་རྒྱལ་པོས་བཙུན་མོ་ལ་ནུའུ་རུ་༼འདུ་རུ༽ཤོག་དང་ཟེར། གུ་གཏུགས་བྱས་པའ།༼ག་རེ་བྱས་པའ་༽ཟེར།
  • བཅའ་འདྲི་བྱ་ཡུལ་
    ཁྱོད་དེ། ཞལ་གསེར་སྒྲོན་གང་བྱེད་ཡོད་ཟེར། ད་གྲྭ་པས་སྐད་ཆ་འདྲི་ཀྱིས་ཟེར།
  • བཅའ་འདྲི་བྱ་ཡུལ་
    གསུངས་བྱོན་མི་ནིས་ཟེར་ཀྱིས་ཟེ། དེ་ནི་བཙུན་མོ་དེ་ཀས། ཨ་ཙི་དའ། ངས་།
  • བཅའ་འདྲི་བྱ་ཡུལ་
    ང་རས་བལྟས་ན། ང་རས་བྱས་ན། ཡག་ཡག་ར་པོ་བྱས་བྱས་ཕུལ་ར་ཡིན་ཟེར།
  • བཅའ་འདྲི་བྱ་ཡུལ་
    ད་ང་མིང་ལ་སྐྱེས་དམན་ཟེར་ཀྱི་ཡོད་ཟེར། སྐྱེས་དམན། སྐྱེས་དམན་ཟེར་དེ་
  • བཅའ་འདྲི་བྱ་ཡུལ་
    དང་ཁྱོ་ག་ཟེར་དེ་གཉིས་ཡོད་རེད་པའ། སྐྱེས་དམན་ཟེར་དེ་སྐྱེ་བོ་དམའ་པོ།
  • བཅའ་འདྲི་བྱ་ཡུལ་
    ཁྱོ་གོ་ཟེར་དེ། ཁྱོ་ག་ཨིན་པའི་ནམ་མཇུག་ལ་ལྐུགས་རྒྱལ་ལྐུགས་ནག་ཨིན་ནའི། ཁྱོ་ག་ཟེར་དེ་ཨིན་པའི་ནམ་མཇུག་ལ་།
  • བཅའ་འདྲི་བྱ་ཡུལ་
    སྔོན་ནས་ན་ཚ་གཅིག མི་ཚེ་ཁོ་རང་ལ་ཁྱེར་མ་གོ
  • བཅའ་འདྲི་བྱ་ཡུལ་
    སྐྱེས་དམན་ཟེར་དེ། ས་འོག་འབུ་སྲིན་ནས། ཤིག་ཡིན་ནའི། མོ་ཡིན་པའི་ནམ་མཇུག་ལ་ཁོ་ན་ཚ་དེ་ཁྱེར་དགོས་བའ་ནའ།
  • བཅའ་འདྲི་བྱ་ཡུལ་
    སྐྱེས་དམན་ཟེར་དེ་སྐྱེ་བོ་དམའ་པོས། ལས་མ་དག་པ་སྐྱེ་བོ་དམའ་པོ་བའ་ཡང་བའ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་ང་རས་བལྟས་ན། ཡག་ཡག་བྱས་ཞལ་ཟེར་སྒྲོན་པ་ཡིན་ཟེར། ད་ཨིན་ལས།
  • བཅའ་འདྲི་བྱ་ཡུལ་
    ང་ཚོས་ད་ག་རེ་བྱེད་ཀའ་ཟེར། ད་གཞན་དག་གང་མེད་ཟེར། ད་ང་མཐོལ་བཤགས་འབུལ་ཀྱི་ཡིན་ཟེར། མཐོལ་བཤགས།
  • བཅའ་འདྲི་བྱ་ཡུལ་
    མཐོལ་བཤགས་ག་རེ་འབུལ་ཀ་ཟེར། རྒྱལ་པོས་ང་ལ་གདོགས་བཞག་པའི་མུ་ཏིག་གི་མཐུ་བོ།
  • བཅའ་འདྲི་བྱ་ཡུལ་
    མི་ཏིག་གི་སྤ་སྤྲུག མུ་ཏིག་གི་རྒྱན་ཆ། མུ་ཏིག་གི་སྐེད་པ་ལ་བཏགས་ཡས།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་རྒྱལ་པོས་ང་ལ་རྡོག་བཞག་པ་ནའ་ཟེར། ཨོ་དེ་ཀྱིས་ཀས། སྤྱན་རས་གཟིགས་ཉིད་ངལ་གསོ།
  • བཅའ་འདྲི་བྱ་ཡུལ་
    ཨོ་ནི་མུ་ཏིག་ནི། འབྱུང་སའི་འབྱུང་ཁུངས་དེ། སྣེ་གདོང་རྒྱལ་པོའི་བཙུན་མོའི་སྤ་སྤྲུག་དང་
  • བཅའ་འདྲི་བྱ་ཡུལ་
    ནུའུ་པའ་ཡོད་ཀྱོ་དེ་ཚོ་གང་གའ། ཨོ་དེ་མུ་ཏིག་རྒྱན་དེས་ཨོ་ནི་བཞེངས་པོའོ།
  • བཅའ་འདྲི་བྱ་ཡུལ་
    གསུངས་མ་བྱོན་པའི་མཐོལ་བཤགས། ད་ལྷ་ནི། ལྷ་ནིའི་མིང་ལ་མཉེས་སྤྱན་རས་གཟིགས།
  • བཅའ་འདྲི་བྱ་ཡུལ་
    སྤྱན་རས་གཟིགས་སེམས་ཉིད་ངལ་གསོ། སེམས་ཉིད་ངལ་གསོ་ཟེར་ཡས་དེ།
  • བཅའ་འདྲི་བྱ་ཡུལ་
    གཟིགས་སྟངས་དང་བཞུགས་སྟངས་ར་དེ་བྱས་ན། ལྷ་ཟེར་དེ་མིས། ཡིན་མདོག་ཁ་པོ་ར་གཅིག་དགོས་པའ་ནའ།
  • བཅའ་འདྲི་བྱ་ཡུལ་
    ནི་ཡིན་མདོག་ཁ་པོ་ཞུགས་མེད་པོའོ། ནུག་ཞུགས་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཁོང་ནུག་༼འདི་འདྲ༽ཞུགས་ཡས་ཀྱི་རྒྱུ་མཚན་དེ། སྤྱན་རས་གཟིགས་སེམས་ཉིད་ངལ་གསོ་ཟེར་ཡས་ནི་ཀས།
  • བཅའ་འདྲི་བྱ་ཡུལ་
    ཨེ་རིས་ཡིན་ན་དོ་དགོང་ཉིན་མ་བཞུད་ནའ། ཉལ་ས་དེ་བཟོས་སྐུད་དེ་ཁ་ལ་ཉལ་བསྡད།
  • བཅའ་འདྲི་བྱ་ཡུལ་
    ཧ་ཐོགས་ན་སང་ཉིན་ལས་ཀ་ར་གཅིག་བསམ་བློ་བཏང་། མེད་པོའོ་ནའ།
  • བཅའ་འདྲི་བྱ་ཡུལ་
    ནི་ཀས་༼འདི་ཡིས༽མར་དོ་དགོང་གཟིམས་གནང་པའི་ག་དུས།
  • བཅའ་འདྲི་བྱ་ཡུལ་
    འཛམ་བུ་གླིང་བཞི་ཁོ་ལ་ཕྱོགས་བསྡོམས་གནང་གི་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    དེ་རིང་། དེ་རིང་ལས་ཀ་དེ་འཛམ་བུ་གླིང་བཞི་ཁོ་རའི་ཕྱོགས་བསྡོམས།
  • བཅའ་འདྲི་བྱ་ཡུལ་
    ཡའ། དེ་རིང་འཛམ་བུ་གླིང་བཞི་ཁོ་རའ། ལྷོ་འཛམ་བུ་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན།
  • བཅའ་འདྲི་བྱ་ཡུལ་
    འོ། འཛམ་བུ་གླིང་བཞི་ཁོ་རའ། མི་ཀས་དགེ་བ་ག་ཚོད་བྱས་སོང་། སྡིགས་པ་ག་ཚད་བྱས་སོང་།
  • བཅའ་འདྲི་བྱ་ཡུལ་
    ཁོང་གིས་ཐུགས་མཁྱེན་གྱི་ཡོད་རེད། ཐུགས་མཁྱེན་ཙང་།
  • བཅའ་འདྲི་བྱ་ཡུལ་
    ཆ་གསུམ་སྡིགས་པ། དགེ་བ་ཆ་གཅིག་བྱས་ཙང་། ཨ་ཙི་དའ།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་གཅིག་མ་བྱས་མཆོག་ག་ནུའུ་ཀའ། ཐུགས་ངེས་འབྱུང་སྐྱེས་ནས།
  • བཅའ་འདྲི་བྱ་ཡུལ་
    ཡིད་ཐང་ཆད་པའ། ད་ང་ཚོ་ར་གཅིག་གཅིག་ལ་ཕྱིན་ན། ཨ་རོ་ཀྱས། དེ་རིང་དཀའ་ལས་ཞེ་གཅིག་ཁག་བྱུང་།
  • བཅའ་འདྲི་བྱ་ཡུལ་
    ཟེར་ཀྱི་ནའ། ཨོ་དེ་རྒྱུ་མཚན་ཨོ་དེ་བའ། ནུག་ཟེར་བསྡད་ནིས་ནའ། ཨོ་དེ།
  • བཅའ་འདྲི་བྱ་ཡུལ་
    བཞུགས་སྟངས་དེ་སྤྱན་རས་གཟིགས་ཟེར་ཨོ་ནི། སྣེ་གདོང་རྒྱལ་པོའི་རྩེ་ཚོགས་པའི་སྒྲོལ་མའི་།
  • བཅའ་འདྲི་བྱ་ཡུལ་
    ནི་སུའི་བའ་གས་ཟེར་མི་དགོས་བའ། རྩེ་ཚོགས་པའི་ཨིན་པའི་རྒྱུ་མཚན་ར་དེ།
  • བཅའ་འདྲི་བྱ་ཡུལ་
    ད་སྒྲོལ་མ་དེ་མར་ཡོད། ནི་ཁྲ་འབྲུག་ལ་ཡོད་པོའོ། ནི་ཁྲ་འབྲུག་ལ་བཞུགས་པོའོ།
  • བཅའ་འདྲི་བྱ་ཡུལ་
    རྩེ་ཚོགས་པ་དང་ཨོ་དེའི་སྐོར་དེ་ཨོ་འདུག་ཟེ་ཡིན། ད་ཁྲ་འབྲུག་ཀྱི་རྩེ་ཚོགས་པའི་སྒྲོལ་མ་དེ་ནང་བཞིན།
  • བཅའ་འདྲི་བྱ་ཡུལ་
    ཁྲ་འབྲུག་ཅིས་ཉེ་བའི་སྲས་ཆེན་བརྒྱད་དེ་ཀའི་གཞོགས་དེ་མི་ནས་ཡར་ཕེབས་ཀྱོ་གཅིག་ཡོད་པོའོ་ནའ།
  • བཅའ་འདྲི་བྱ་ཡུལ་
    མི་ནས་ཡར་ཕེབས་དུས་ཙམ་པ་ཉེ་བའི་སྲས་ཆེན་བརྒྱད་མཚར་པོ་ཨེ་འདྲས་མེད་པོའོ་ཟའ།
  • བཅའ་འདྲི་བྱ་ཡུལ་
    ད་ག་ཟེ་རྡོག་རྡོག་ར་ཟེ། སྔོན་མ་སྔོན་མའི་ལྷ་དེ་ཚོ་རྡོག་རྡོག་ར་ཟེ་ནུའུ་ནའ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ཀའི་གུ་དུས་ཡང་ཁོ་རྣམས་ཚོས། ཡའ་དའ། མ་འོངས་པའི་དུས་ན། མི་གང་ག་ལོགས་ཀོ་༼ཚང་མ༽
  • བཅའ་འདྲི་བྱ་ཡུལ་
    ཁྲ་ཆས་བཟང་པོ་ཞེ་པོ་གཅིག་ཡོང་བ་ཡོད་ཟེ། སྐབས་དེ་དུས་ཙམ་པ་ལྷ་ནུའུ་ཙུ་ལ་མིག་བལྟ་ཡི་མ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ད་ནི་མཚར་པོ་ར་པོ་གཅིག་བཟོ་དགོས་བའ་ཟེར། བྱས་ནས་དེ་རིང་སང་
  • བཅའ་འདྲི་བྱ་ཡུལ་
    ཁྲ་འབྲུག་འཆམ་རྒྱག་སའི་དེ་རུ་རྡོ་གཅལ་གཅིག་ནུའུ་ནའ། ཨོ་དེའི་མིང་ལ་ལུག་སྐུ་སྟོང་ཟེར་པའ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེའི། ལུག་རྒྱབ། སྐུ་ཨོ་དེ་གས་ལུག་རྒྱབ། ཨ་ནི་མཚར་པོ་བཟོས། ཞལ་གསེར་སྒྲོན།
  • བཅའ་འདྲི་བྱ་ཡུལ་
    དང་པོ་དེ་འདྲས་མེད་ཀྱོ་བའ། མ་འོངས་པའི་དུས་ན་མི་ཀས་དད་པོ་བྱེད་ཀྱི་མ་བའ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་དང་ང་ཚོའི་སྒྲོལ་མ་དེ་ཞལ་གསེར་སྒྲོན་ཡས་དེ་ཨོ་འདུག
  • བཅའ་འདྲི་བྱ་ཡུལ་
    སྒྲོལ་མ་དང་པོ་དང་པོ་དེ་གསལ་ལ་མ་གསལ་ཁྲག་ཀྱིས་བྲིས་ཀྱོ་ར་གཅིག་ཨོ་དེ།
  • བཅའ་འདྲི་བྱ་ཡུལ་
    སྒྲོལ་མའི་རྒྱུ་མཚན་ར་དེ་ཨོ་འདུག་ཟེར་ཡིན། ད་དེ་ནས་ཁྲ་འབྲུག་ལ་སླེབས་སོང་ནའ།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེ་བྱས། ད་དེ་ནས། ཁྲ་འབྲུག་དེ་ང་རེ་བ་ཆེ་ཤོས་དེ་ཨུ་མ་དེ་རེ་བ་ཆེ་ཤོས་གཅིག་ཡོད།
  • བཅའ་འདྲི་བྱ་ཡུལ་
    གཙུག་ལག་ཁང་མ་མ་ཡག་པོ་བཞེངས་གནང་སོང་། ཡག་པོ་བཞེངས་གནང་སོང་དེ་བྱས་ནའི་ཨོ་དེ།
  • བཅའ་འདྲི་བྱ་ཡུལ་
    རེ་བ་ཆེན་པོ་གཅིག་ཡོད། ཨོ་དེ་བྱུང་རོགས་བྱས་ན་མི་སྡིགས་པ་གང་མིན་ཚད་བའ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་རིང་སང་མ་བྱས་པས་མི་འགྲིག ཨོ་དེ་ལ་སྡིགས་བཤགས་དེ་ལ་གང་མིན་ཚད་གཅིག་ཡོང་ངའ།
  • བཅའ་འདྲི་བྱ་ཡུལ་
    ངས་ང་རའི་ངོ་ཤེས་པའ། རྒྱ་མི་ལའ་པང་༼རྒྱ་སྐད་༽རྩེ་གྲ་ཡོད། ཨ་ཅོ་ཨེ་ནིས་ཀྱས།
  • བཅའ་འདྲི་བྱ་ཡུལ་
    ཟེར་ནའ། ད་པར་ཐུས་ཤོར་རྩེ་གྲ་ཟ་ཡོད། ང་མིག་ལ་ཟ་ཡས་མིན་ནིས་ཟེར།
  • བཅའ་འདྲི་བྱ་ཡུལ་
    ལས་ཀ་བྱས་པའི་བྱས་རྗེ་བའ་ཟེར། དཔེ་ཤག་ཡག་པོ་ནུའུ་ཀའ་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨ་ནིས་ཨ་ནིས༼ཏོག་ཙམ་ཏོག་ཙམ༽ད་པར་སྐུ་གཅིག་བྱེད་དང་ཟེར། ཟེར་ཀྱི་ཡོད།
  • བཅའ་འདྲི་བྱ་ཡུལ་
    དགེ་བ་གཏོང་གི། ང་ལ་གནང་དང་ཟེར་གྱི་མེད། ཟེར་གྱི་ཡོད། ཨོ་དེ་དང་ཆ་བའ། ད་ག་ཡང་།
  • བཅའ་འདྲི་བྱ་ཡུལ་
    དེའི་སྒང་ལ་སྣོན་པས་ར་པོ་གཅིག དེ་ནི་ཨོ་དེ་ ཨུམ་དེ་།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་བྱས། ཁྲ་འབྲུག་དེ་ཨོ་འདུག་བྱས་པིན། ད་རྟེན་གསུམ་དེ་ཁྲ་འབྲུག་བྱས།
  • བཅའ་འདྲི་བྱ་ཡུལ་
    བྱ་ས་ལྷ་ཁང་བྱས། བཙན་ཐང་བྱས། བཙན་ཐང་།བཙན་ཐང་ཟེར་ནི།
  • བཅའ་འདྲི་བྱ་ཡུལ་
    བྱ་ས་ལྷ་ཁང་ཟེར་དེ། བྱ་ས་བྱ་ས་ལབ་དུས། བྱ་ཁུ་བྱུག་ནུའུ་ནའ། དང་པོ་མི་ནས་ཡར་ཕེབས་དུས།
  • བཅའ་འདྲི་བྱ་ཡུལ་
    བྱ་བྱིའུ་ཡིན་ནའི་སྒྲིག་ཁྲིམས་ཞེ་པོ་གཅིག་ཡོད་པོའོ། ཨོ་དེའི་སྡོད་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ལོ་ཐོའི་ནང་ལ་མིག་བལྟས། ག་དུས་ཕེབས་ཀྱི་ཀའ། ཟླ་བ་༣་པའི་ཚེས་༡༥ལ། ༡༤ལ། ༡༣ལ། ད་ལོ་ཟླ་བ་།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་དྲུག་པ་ཟླ་ཟླ་དེ་ཀས་བྱས་པའ་ནའ། མཇུག་ལ་མ་གཏོགས་ཕེབས་མ་སོང་།
  • བཅའ་འདྲི་བྱ་ཡུལ་
    དེ་ངས་ཀྱག་ཀྱག་བྱས། ད་ལོ་ཁུ་བྱག་ལ་མོ་ཊ་མ་རག་པ་འདྲ། ཕར། ཟླ་མཇུག་ཕར་མ་གཏོགས་མིན་ནིས་ཟེར་ཀ་བྱས།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེའི་སྡོང་ཁོག་གཅིག་ཡོད་རེད། ཨོ་དེའི་སྒང་དེའི་བྱ་ཡི་རྒྱལ་པོ་ཁུ་བྱུག་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེའི་བབས་ཀྱི་རེད། ཨོ་དེའི་བབས་དུས་ཙམ། སྣེ་གདོང་རྫོང་ཁོ་རུ།
  • བཅའ་འདྲི་བྱ་ཡུལ་
    གདན་བཞུགས་གདན་རྒྱབ། གསོལ་ཇ་ཞལ་འབྲས་དེ་ཚོ་སྒྲིག
  • བཅའ་འདྲི་བྱ་ཡུལ་
    སྐུ་གྲགས་དེ་ཀྱས་དེ་དེའི། ཁུ་བྱུག་དེ་དེའི་བབས་ཀྱི་ཡོད་རེད་ཟའ། དེའི་ནུག་ཟེར་སྐད་རྒྱབ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི། ནུག་ཟེར་ཆུ་མགོ་ལ་ཐད། ཆུ་མགོ་ལ་ཐད་ནས་ཆུ་ལ་སྨན་རྒྱབ། ཨ་ནི་ཆུ་དེ་བཏུངས། གཟུགས་པོ་ཡང་རུ་འགྲོ་པའ།
  • བཅའ་འདྲི་བྱ་ཡུལ་
    བྱ་ས་བྱ་ས་ཟེར། བྱས་ས་མ་བའ། བྱ་ས། བྱ་ས་ལྷ་ཁང་ཟེར་།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་བཤོད་སྲོལ་ར་པོ་དེ་ལ་ཨོ་དེ་འདྲས་གཅིག ད་དེ་ནས་བཙན་ཐང་བའ་ནའ།
  • བཅའ་འདྲི་བྱ་ཡུལ་
    བཙན་ཐང་ཟེར་དེ། བཙན་ཐང་མ་བའ། རྩྭ་ཐང་བའ། རྩྭ་ཐང་།
  • བཅའ་འདྲི་བྱ་ཡུལ་
    རྩྭ་ཡི་རྩྭ་ཐང་། ཨོ་དེའི། བཙན་ཐང་ལྷ་ཁང་དང་ཡོངས། ན་བདེ༼སྤང་ཐང་༽བའ་ཟེར་ཀའ།
  • བཅའ་འདྲི་བྱ་ཡུལ་
    ན་བདེ་བྱས་ནས་དེའི་བཙན་ཐང་གི་ཕྲུ་གུ་སེམས་ཅན་འཚོ་མཁན་གང་ག་སེམས་ཅན་ཨོ་དེའི་འཚོ་དགོས་ཀྱི་པོ་ཟའ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་བོད་གཉའ། ཨེ་རའི་བོད་ཀྱི་རྒྱལ་པོ་དང་པོ་དེ། དེ་བའ་ནའ།
  • བཅའ་འདྲི་བྱ་ཡུལ་
    ཆོས་རྒྱལ་གཉའ་ཁྲི་བཙན་པོ་བའ་ནའ། གཉའ་ཁྲི་བཙན་པོ་ཟེར་ཡས་དེ་སྟེང་ལྷ་ཡུལ་ནས་མར་ཕེབས་ཀྱོ་བའ་ནའ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ཀའི། ཨོ་དེའི་བཞུགས་ཁྲི་དེ་ཨོ་དེ་རུ་ཡོད་པོའོ། བཙན་ཐང་ལ་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    དེ་ག་དུག༼གང་འདྲ༽བྱས་པ་ན་ཟེར་ནའ། རི་དེ་ད་ལྟའི་ཨེ་རའི་ཅིའུ་ཡའ་ཅི་རིའི་སྒང་དེ་ལ།
  • བཅའ་འདྲི་བྱ་ཡུལ་
    དར་ལྕོག་རྩེ་རེ་བསྡད་པོའོ། རི་དེའི་མིང་ལ་ཐོ་ཐོ་རི། ཐོ་རི་གཉན་ཞལ་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཐོ་ཐོ་རི། ནམ་མཁའ་ནས་མར། ཨོང་། ཆོས་རྒྱལ་གཉའ་ཁྲི་བཙན་པོ་ནམ་མཁའ་ནས་མར་ཨོ་དེའི་སྒང་ལ།
  • བཅའ་འདྲི་བྱ་ཡུལ་
    མར་ཕེབས་ནུའུ་ཀའ། ད་ཕྲུ་གུ་དེ་ཚོ་ཕྲུ་གུ་རང་ག་བ་མིན་ཀྱོ་བའ།
  • བཅའ་འདྲི་བྱ་ཡུལ་
    ཕྲུ་གུ་སེམས་ཅན་འཚོ་མཁན་ནུག་ཟེར་བསྡད། དེ་ཕྲུ་གུ་གཅིག་གིས་མཐོང་པ་འདྲ། ཀྱེ།
  • བཅའ་འདྲི་བྱ་ཡུལ་
    ཡ་གའི་རྩེ་ཡི་ལ་གནམ་གྱི་དགུང་ནས་མར་གཅིག་དྲིལ་༼ཟགས༽སོང་ཟེར།
  • བཅའ་འདྲི་བྱ་ཡུལ་
    གནམ་དེའི་དགུང་ཡར་ལྷ་ཟེར་དེ་ཡོད་པོའོ་ཟའ། ཨའོ། ལྷ་ཨིན་དོགས་མེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨེ་རི་ཡ་གི་མར་ལེན་གའ་འགྲོ་ནུའུ་ཟེར། དེ་ཁོས་གྲོས་བསྡུར་བྱས། ཕྲུ་གུ། དེ་ག་འདུག་བྱེད་དགོས་བའ་ནའ།
  • བཅའ་འདྲི་བྱ་ཡུལ་
    ཡ་གི་པག་རའ༼ཆེ་པོ༽ཡིན་ན་ཨ་རེ་ཕྲུ་གུ་བའ། སྒལ་པ་ལ་ནི་འཁྱོགས་ཀྱི་མ་བའ། ཁོང་ཚོ་གྲོས་བསྡུར་ར་པོ་གཅིག་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཁོང་ཚོ་སྒྲིག་བཙུགས་ར་པོ་གཅིག་བཟོས། ཉམ་ཐང་ང་ར་པོ་གཅིག་མི་ཐེངས་བཞི་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    ཕྱིན་པོའོ་ཟེར་ནའ། གཅིག་པོ་དེ་ཀྱས་ལ། སེམས་ཅན་ལ་མིག་ལྟོས་ལ་ཟེར།
  • བཅའ་འདྲི་བྱ་ཡུལ་
    བཀའ་བཀོད་ར་པོ་དེ་བྱས། ཕར་མ་གཏོང་ལའ། ཕར་མ་གཏོང་ལའ། ངེད་བཞི་ཀས་ཡ་གི་མར་ལེན་ཀ་འགྲོ་ནུའུ་ཟེར།
  • བཅའ་འདྲི་བྱ་ཡུལ་
    ད་ཁྱོད་ཚོ་ནུའུ་མ་སྡོད་མཁན་དེ་ཀྱིས་ཀས། ཨེ་ནིའི༼ཆུང་ཆུང་༽དེ་ཀྱིས་ཀས་སེམས་ཅན་བཀོག་ཞོག་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཉམ་དེ་ལས་ཆེ་དེ་ཀྱིས་ཀས་ལ་མ༼སྤང་རྩེ་དང་ས་འདྲེས་མ༽བྲེག
  • བཅའ་འདྲི་བྱ་ཡུལ་
    ལ་མ་བྲེག ཨོ་དེ་ཡ་ནས་མར་ལྷ་དེ། སྡོད་ས་གཅིག་བཟོས་ཤིག་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེའི་ལ་མ་དེ་ད་ལྟ་བཙན་ཐང་ལ་ཡོད་པོའོ། ད་ཡ་གི་གདན་འདྲེན་ཞུ་དགོས་བའ་ནའ་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཁོང་ཚོ་གྲོས་བསྡུར་བྱས། ད་འདུག་ཟེར་མ་བའ་ཟེར། ལྕང་མ་གཅོད་དགོས་བའ་ཟེར། ལྕང་མ།
  • བཅའ་འདྲི་བྱ་ཡུལ་
    ལྕང་མ་ཐང་ཐང་གཅིག་གཉིས་བཅད། སྦོམ་པོ་ཨེ་རའི་ནི་ལས་སྦོམ་པོ་ཡོད་པ་གཉིས་བཅད།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ཁྱེར་འགྲོ་ནུའུ་ཟེར། དེ་ག་དུ་བྱེད་ཡས་ཡིན་པའ་ཟེར། ཨེ་ར་རེ་སྨོས་བྱས་ཟེར།
  • བཅའ་འདྲི་བྱ་ཡུལ་
    དེ་ཁྱེད་འདྲས་ངའི་སྔོན་དེ་རུ་བྱས། ངས་མཇུག་གུ་དེ་རུ་བསྡད། ཨེ་ནི་རྒྱག་ན་དེ་ནུའུ་རུ་རྒྱབ།
  • བཅའ་འདྲི་བྱ་ཡུལ་
    ཁྱེད་འདྲའི་དེའི་སྒང་ལ་རྒྱབ། དེ་ནུག་ཟེར་བསྡད་པོའོ་ནའ། ནིའི་སྒང་དེ་རུ་ཆོས་རྒྱལ་དེ་བཞག
  • བཅའ་འདྲི་བྱ་ཡུལ་
    དེ་ཕྲུ་གུ་ཨིན་ནའི་ཁྱོག་ཀྱ་ནའ། དེ་དཀའ་ལས་ཁག་ནའི་གཅིག་པོ་དེ་གཉིས་ཀས་ཨེ་ནིས་བྱས།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ནུའུ་རུ། རྒྱག་པ་དེ་ནུའུ་རུ་ཁྱེར་པའ་ནའ། ཨེ་རའི་སྨོན་པ་རྒྱག་ཡས་དེ་ལ་གཉའ་ཁེ་ཟེར་པའ་ནའ། གཉའ་ཁེ།
  • བཅའ་འདྲི་བྱ་ཡུལ་
    གཉའ་ཁྲི་བཙན་པོ་ཟེར་དེ་རྒྱག་པ་དེ་ནུའུ་རུ་རྒྱབ་པ་དང་མཐོ་པོ་ཆགས་པ་ནའ།
  • བཅའ་འདྲི་བྱ་ཡུལ་
    ཨེ་ནི་དེ་ཁྲི་བྱས་པོའོ་ནའ། ཁྲི། གཉའ་ཁྲི་བཙན་པོ་ཟེར་ཡས་ཀྱི་མིང་ཨོ་དེ། དེ་ནས་ཐོགས་པོའོ།
  • བཅའ་འདྲི་བྱ་ཡུལ་
    གཉའ་བྱས་པས་གཉའི་སྒང་དེ་རུ་རྒྱག་པ་ནུག་ཟེར་བྱས་པའི་ལྷ་དེ་ཡ་ནས་མར་གདན་འདྲེན་ཞུས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཕྲུ་གུ་དེ་ཀྱིས་ཀས་དེ་རུ་ལ་མ་ཀྱིས་དེ་བཟོས། ལ་མ་དེའི་སྒང་དེ་རུ་ལྷ་དེ་འདུག་ཟེར་བཞུགས་བཅུག
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ལྷ་དེ་ལ་ཁ་བལྟས་ཁྱེད་འདྲ་ག་པར་ཐད་ཀྱི་ཡིན་པའ་ཟེར། ཕྲུ་གུ་དེ་ཚོ་ཀྱས།
  • བཅའ་འདྲི་བྱ་ཡུལ་
    དེ་ལྷའི་སྐད་ཨེ་རས་ཧ་གོ་གི་མ་བའ་ནའ། ལྷའི་སྐད་དང་ཀླུ་དང་ཀླུ་ཆེན་ཀྱི་སྐད། ཟེར་ཡས་གཅིག་ཡོད་པའ་ནའ།
  • བཅའ་འདྲི་བྱ་ཡུལ་
    ལྷའི་སྐད་ཨེ་རས་ཧ་གོ་གི་མ་བའ་ནའ། དེ་རིང་སང་ནང་བཞིན་ཐུང་ཟེ༼སྐད་སྒྱུར༽མེད་པའ་ནའ།
  • བཅའ་འདྲི་བྱ་ཡུལ་
    ད་སྐད་རྒྱག་ཀ་མ་གནང་བྱས། མཛུབ་ཀས་ནུག་ཟེར་བྱས། ཡུམ་བུ་བརླ་མཁར་ལ་ནུག་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཡུམ་བུ་བརླ་མཁར་ལ་ཐད་པོའོ། ང་ཡ་རུ་འགྲོ་ཡས་ཡིན་ཟེར།
  • བཅའ་འདྲི་བྱ་ཡུལ་
    དེ་ཨོ་དེ་རུ་བཞུགས་ཁྲའི་སྒང་དེ་རུ་དགོང་མོ་གཅིག་བཞུགས། དེའི་སང་ཉིན་དེ་ཡུམ་བུ་བརླ་མཁར་མ་བའ།
  • བཅའ་འདྲི་བྱ་ཡུལ་
    ཡུམ་མུ་བརླ་སྒང་། ཤྭ་བ་ཡུམ་མུའི་བརླ་ཤའི་སྒང་ལ། མི་གས་ད་ལྟ་ཁ་རྒྱུན་ལ།
  • བཅའ་འདྲི་བྱ་ཡུལ་
    འུམ་བུ་ཟེར་ཀྱི་ནའ། འུམ་བུ་མ་བའ། ཡུམ་བུ། རི་ཕ་གི་ཤྭ་བ་ཡུམ། ནུག་ཟེ་ཉལ་བསྡད་ཀྱོ་བའ།
  • བཅའ་འདྲི་བྱ་ཡུལ་
    ཤྭ་བ་ཡུམ་དེ་སྡོད་ས་ག་པར་བའ་ནའ་ཟེར་ན། ཨེ་རའི་སྣེ་གདོང་ཡུམ་མུ། ཡུམ་མུ་ཟེར་ན་ཡེ་མོ་མ་བའ།
  • བཅའ་འདྲི་བྱ་ཡུལ་
    ཡུམ་མུ་བའ། ཡུམ་མུ། ཤྭ་བ་ཡུམ་དེ་སྡོད་ས་ཡ་རུ་བྱས། ཤྭ་བ་ཕོ་དེ་ཤར་ཕྱོགས་ཐོན་པོའི།
  • བཅའ་འདྲི་བྱ་ཡུལ་
    ཨ་ཅོ་པ་སངས་གྲོང་ཁོར་བྱས། མཚམས་དྲི་ཨ་ཅོ་པ་སངས་ནང་ལ་བསྡད། ནོར་སྟོད་ཤར་ལ་བསྡད།
  • བཅའ་འདྲི་བྱ་ཡུལ་
    མཚམས་དྲི་མཚན་སྟོད་བསྟན་པ་ལ་བསྡད། ད་ཁོ་གཉིས་ཤྭ་བ་ཡུམ་དེ་མ་རུ་བསྡད།
  • བཅའ་འདྲི་བྱ་ཡུལ་
    ཁོ་གཉིས་འབྲེལ་བ་ར་དེ་བྱེད་དགོས་བའ་ནའ། འབྲེལ་བ་ར་དེ་བྱེད་པའི་ག་དུས། ཤྭ་བ་ཡུམ་དེ་ཀས་མར་ཡོང་།
  • བཅའ་འདྲི་བྱ་ཡུལ་
    ཤྭ་ཕོའི་ལ་ལ་མར་ཉལ་ཀ་ཡོང་། ཨོ་དེ་རུ་ཁོ་གཉིས་འབྲེལ་བ་ར་པོ་དེ་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་ཨོ་འདུག་ཟེ་བྱས་པ་དང་ཤར་སྟོད་སྟོན་པ། ཨ་ཅོ་པ་སངས་ནང་ལ་ནོར་སྟོད་ཤར་ཟེར་གྱི་ནའ།
  • བཅའ་འདྲི་བྱ་ཡུལ་
    མེ་ཏོག་ཁྲུངས་པའ། ཨོ་དེའི་ཁོ་གཉིས་འབྲེལ་བ་ར་དེ་བྱས། ཡུ་མུ་ཡུ་མུ་ཟེར་ཡས་དེ།
  • བཅའ་འདྲི་བྱ་ཡུལ་
    ཡུ་མུ་ཟེར་དེ་ཤྭ་བ་ཡུམ་དེ་རི་ཨོ་དེ་བའ། རི་ཨོ་དེའི་མཇུག་རྫར་དེ་ཅིན་གུ༼གླ་ཤ༽འི་སྒང་དེ་རུ་
  • བཅའ་འདྲི་བྱ་ཡུལ་
    ཡུམ་བུ་འརླ་མཁར་ཆགས་བསྡད་ཡོད་ཟེར། ཡུ་མུ་ཟེར་དེ་ཨེ་རའི་ཡུམ་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་ཨོང་། ཨེ་རའི་དགོན་པ་དེ་ཤབ་དྲི་གཞན་དག་བྱས། གསེབ་ཡ་རུ། སང་ཉིན་གསོད་ཡས་ཡིན་པའི་དོ་དགོང་དེ།
  • བཅའ་འདྲི་བྱ་ཡུལ་
    ཤྭ་བ་ཡུམ་དེ་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་བའ་ཟེར་གའ། རྨི་ལམ་བཏང་པའ་ཟའ།
  • བཅའ་འདྲི་བྱ་ཡུལ་
    ཤྭ་ཕོ་བཀྲ་ཤིས་དར་རྒྱས་ཟེར། མར་མ་ཉལ་ཡར་ལོངས་ཤིག་ཟེར། རྨི་ལ་མ་ཡག་པོ་བཏང་མ་བྱུང་ཟེར།
  • བཅའ་འདྲི་བྱ་ཡུལ་
    རྨི་ལམ་ཡག་པོ་བཏང་མ་བྱུང་། ཤྭ་མགོ་ལ་རྩེར་བཙུགས་པའི་རྨི་ལམ་བཏང་བྱུང་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཤྭའི་ལྤགས་པ་དེ་ཐང་ལ་ཐང་ལ་ བཀྲམ་པའི་རྨི་ལམ་བཏང་བྱུང་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཤྭའི་ཁྲག་དེ་ཀས་གཡོམ་མཚོ་འཁྱིལ་བའི་རྨི་ལམ་བཏང་བྱུང་ཟེར། རྒྱུ་མ་དེ་ཀས།
  • བཅའ་འདྲི་བྱ་ཡུལ་
    ལྷ་རྒྱང་འཐེན་པའི་རྒྱུ་མ་བསྐོར་བ་བསྐོར་། རྨི་ལམ་བཏང་བྱུང་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཤྭ་བ་ཡུམ་དེ་ཀས་ཤྭ་ཕོ་དེ་ལ། མར་མ་ཉལ་ཡར་ལོངས་ཤིག་ཟེར། ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    ཤྭ་བ་ཕོ་དེ་ཀས་ཤྭ་མོ་དེ་ལ་བུད་མེད་ཁ་དེ་ཐལ་བའི་ལ་ཚད་འདྲ་ཟེར། ཡར་མ་ལངས་མར་ཉོལ་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཡོང་གི་མ་བའ་ཟེར། ཨོ་དེའི་སང་ཉིན་དེ་མགོན་པ་ཁྲི་ཧྲག་རྡོ་རྗེ་ཟེར་དེ་ཀས། ཨོ་དེ་གཏོར་པོའོ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཨ་རའི་སྣེ་གདོང་ཤའན་དེའི་ནང་ཁུག་དེ་རུ། ཚི་ལུའི་མགོ་ལྕོག་ཟེར་ཡས་གཅིག་ནུའུ་ནའ་སྔོན་མའ།
  • བཅའ་འདྲི་བྱ་ཡུལ་
    ཚི་ལུ་དེ་ཀས་ཨོ་དེ་རུ་མཆོད་རྟེན་བཞེངས། མགོ་བོ་དེ་ཀས་ཨོ་ཡ་གའི་ཨ་རའི་དགོན་པའི་ཡ་གའི་སྟེང་ཡ་རུ་།
  • བཅའ་འདྲི་བྱ་ཡུལ་
    མགོ་བོ་དེ་ཡ་རུ་བཙུགས་། ལྤགས་པ་དེ་ཨ་རའི་དགོན་པའི་རི་དེ་ལ་ཤིང་ནགས་སྐྱེས་ཡས་མིན་ནི་ནའ།
  • བཅའ་འདྲི་བྱ་ཡུལ་
    ལྤགས་པ་དེ་བཀྲམ། ཁྲག་དེ་ཨེ་རའི་ཨོ་དེ་ནས་མར་སྣེ་གདོང་ཤའན་རྒྱབ་དེ་ནས་ཨེ་རའི་སྒང་བུག་བུག་
  • བཅའ་འདྲི་བྱ་ཡུལ་
    དེ་ནས་སྔོན་མ་དམར་རྐྱང་ཡོད་པོའོ། ཨེ་ར་དེ་མར་ཕྱིན་པ་དང་དམར་རྐྱང་ཆགས་པའ། ཨོ་ཁྲག ཨོ་དེ།
  • བཅའ་འདྲི་བྱ་ཡུལ་
    ཨེ་རའི་ཡུམ་བུའི་ལོ་རྒྱུས་བའ། ད་ཀའི་མཐོ་པོ་ར་པོ་བའ། ཨོ་འདུག་ཟེར་ཡིན།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་གནས་གསུམ་དེ་ཨོ་འདུག་ཟེར་བྱས། ད་དེ་ནས་རྟེན་གསུམ།
  • བཅའ་འདྲི་བྱ་ཡུལ་
    ཡར་ཀླུང་རྟེན་གསུམ། རྟེན་གསུམ་དེ།
  • བཅའ་འདྲི་བྱ་ཡུལ་
    གཅིག་དའ་ཤོལ་ཁྲང་༼རྒྱ་སྐད་བཅོས་བཟོ་ཁང་༽ལོགས་དེ་རུ་མཆོས་རྟེན་གཅིག་ནུའུ་ནའ།
  • བཅའ་འདྲི་བྱ་ཡུལ་
    ཚེ་ཆུ་འབུམ་པའ། དེ་ལ་ཚེ་ཆུ་འབུམ་པའ། དེ་ལ་ཆོས་རྗེ་དོན་གྲུབ་བདུད་གྲོལ་རལ་ཆེན་ཟེར་ཡས་གཅིག
  • བཅའ་འདྲི་བྱ་ཡུལ་
    བླ་མ་ཞེ་པོ་གཅིག་ཡོད་པོའོ། ཨོ་དེ་དེའི་ཚེ་ཆུ་འབུམ་པ་དེ་དེ་ཟེ་ནས།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་ལྔ་པའི་ཚེས་པ་བཅུ་ལ་དངོས་སུ་མི་ཀས་ལག་པ་བཟེད། འཐུང་ཡས་ཁོ་རུ་ཐིགས་པ་བབས་ཀྱའ།
  • བཅའ་འདྲི་བྱ་ཡུལ་
    དེ་ཨོ་དེ་རུ། ཨོ་དེའི་བའ། དའ་གཅིག་རྟེན་གསུམ། རྟེན་རྟེན་ཟེར་ན་མཆོད་རྟེན་བའ་ནའ།
  • བཅའ་འདྲི་བྱ་ཡུལ་
    གཅིག་རྟགས་ཅན་འབུམ་པ། རྟགས་ཅན་འབུམ་པ་ཟེར་དེ་གང་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    སངས་རྒྱས་རྟག་ཏུ་ངུ་བ་ཟེར་དེ་ང་ཚོའི་རྒྱལ་མཚན་མའི་མཇུག་གུ་དེའི་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    སངས་རྒྱས་རྟག་ཏུ་ངུ་བ་ཟེར་དེ་གས་ཨོ་དེའི་སྤྱན། གཡོན་མ་དེ། མིག་གཙེར་གཡོན་མ་དེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་ཡི་གས་ཡོད་པོའོ། སྔོན་མ་ཡིན་ན་རྟགས་ཅན་དེ་མཆོད་རྟེན་ཆེན་པོ་ཞེ་པོ་གཅིག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    དེ་རིང་སང་ཡོད་ཡས་ཆེན་པོ་ཡོད་པོའོ། ཨོ་དེ་བྱས་ནས་དེ་ནི།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་མར་མཆོད་རྟེན་ནང་ཁུག་མར། ཨི་ཁུང་གཅིག་ཡོད་པོའོ། མི་གང་གས་གྲང་བྱས།
  • བཅའ་འདྲི་བྱ་ཡུལ་
    ནུག་ཟེ་བྱེད་ཡས་ཡོད་པོའོ། མཆོད་རྟེན་ནང་ཁུག་མ་རུ། ལས་གྲིབ་དག་པ་ཨིན་ན།
  • བཅའ་འདྲི་བྱ་ཡུལ་
    ཨོང་མཆོས་མེ། ཁྲ་ཆིལ་ལེ་ས་ལ། ཨང་དང་པོ་བའ། སྤྱན་གྱི་གྲིབ་བ་བའ།
  • བཅའ་འདྲི་བྱ་ཡུལ་
    དེའི་འོག་དེ་ཚོ་ལ་ད་པར་དེ་རང་སའ། ཁྲ་ཁྲ་སིལ་སིལ་ར་སང་། གོས་ལོག་བཟོ་ར་སང་།
  • བཅའ་འདྲི་བྱ་ཡུལ་
    འདྲ་མི་འདྲ། ད་ངས་མིག་ཞེ་པོ་གཅིག་བལྟས་པིན་དེ་ཆ་སྒམ་རྐྱང་རྐྱང་བའ།
  • བཅའ་འདྲི་བྱ་ཡུལ་
    དེ་ག་དུས་ང་ཆ་སྒམ་ལ་མཚོན་གཏོང་གིན་པོའོ། ཨོ་དེ་ཨིན་པ་འདྲ།
  • བཅའ་འདྲི་བྱ་ཡུལ་
    མིག་ག་ཚོད་བལྟས་ནའི་ཆ་སྒམ་རྐྱང་རྐྱང་སྟོན་ཀྱིས། མཆོད་མེ་ཞེ་དག་སྟོན་མ་བྱུང་།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་འདྲས་གཅིག་ཡོད་པའ། རྟག་ཏུ་ངུའི་སྤྱན་གཡོན་མ་དེ།
  • བཅའ་འདྲི་བྱ་ཡུལ་
    ད་རྟག་ཏུ་ངུ་བའི་སྤྱན་གཡས་པ་དེ་ག་པར་ཡོད་ནའ་ཟེར་ན། འཕྱོངས་རྒྱས་སྤྱན་གཡས་ལ།
  • བཅའ་འདྲི་བྱ་ཡུལ་
    སྤྱན་གཡས་སྤྱན་གཡས་ཟེར་དེ། སྤྱན་གཡས་པ་དེ། སྤྱན་རིལ་རིལ་གཡས་པ་དེ་སྤྱན་གཡས་ལ་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    དའ་སྤྱན་གཡོན་མ་དེ་རྟགས་ཅན་ལ་བྱས། རྟགས་ཅན་བྱས་ནས།
  • བཅའ་འདྲི་བྱ་ཡུལ་
    འབུམ་པ་དེ་ལ་རྟགས་ཅན་འབུམ་པ། ཨོང་། ལུང་པ་དེ་ལ་སྤུ་རིས།
  • བཅའ་འདྲི་བྱ་ཡུལ་
    སྲུང་མ་དེ་ལ་རྫོང་བཙན་མ། ཨོ་དེ་འདྲས་ཟེར་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ད་དེའི་ཐང་དཀྱིལ་དེའི་རྒྱ་རྩ་བརྒྱད་ཟེར་གཅིག
  • བཅའ་འདྲི་བྱ་ཡུལ་
    ཐོ་ལྕོག་བརྒྱ་དང་བརྒྱད་ཡོད་པོའོ། སྔོན་མ་ཨ་རའི་གོང་པོ་རི་ལའ་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཨོ་ཡ་རུ་ལའ་ཡང་ཡོད་པོའོ། ཐང་པོ་ཆེ་ལ་ཡི་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    རྒྱ་རྩ་བརྒྱད་། རྒྱ་རྩ་བརྒྱད་དེའི་ནང་དེ་རུ། ཐོར་ལྕོག་རེ་རེའི་སྒང་ལ་སངས་རྒྱས་རྟག་ཏུ་ངུ་བའི་རྒྱུད་ཕྲེང་།
  • བཅའ་འདྲི་བྱ་ཡུལ་
    ཕྲེང་རྡོག་རེ་རེ་རེ་། རྒྱ་དང་བརྒྱད་ཨོ་དེ་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཡི་ཀས། ད་དེ་མི་ཀས། བཏོན་ཚད་བཞག
  • བཅའ་འདྲི་བྱ་ཡུལ་
    བཤིགས་ཚར་བཞག གཉིས་པ་དེ་ཨོ་ཡ་གི་བྱས། རྟེན་གཉིས་དེ།
  • བཅའ་འདྲི་བྱ་ཡུལ་
    ད་རྟེན་གསུམ་དེ་ང་སྐྱེས་ས་དགོན་ཐང་ལ་བའ་ནའ། ངའི་ཨ་མ་དགོན་ཐང་ལ་བྱས་པ་ཕ་ནུ་རུ་བའ་ནའ།
  • བཅའ་འདྲི་བྱ་ཡུལ་
    རྒོད་ཐང་འབུམ་པ་བྱས། རྒོད་ཐང་འབུམ་པ་དེ་ལ་། རྒོད་ཐང་ འབུམ་པ་དེ།