Skip to main content Skip to search
10 Jul 2015
3 min 16 sec
Video Overview
Creators: 
Dawa Tshering, Thinley Dorji

ལྗོངས་འདི་ཨེ་མ་རོང་གི་ནང་ཤེད་ན་ཟེར་མི་འདི་ བོད་སྒྲའི་གླུ་གཞས་ཅིག་ཨིན། གླུ་གཞས་འདི་ནང་ ཡུལ་ལྗོངས་འདི་གི་ནང་ན་ རྟ་པོ་ཨ་མ་གཅིག་གིས་རྟེའུ་ཅུང་གསུམ་ཟེར་ རྟའི་ཕྱུག་ཀུ་གསུམ་ཡོད་ས་ལས་ རྟེའུ་ཅུང་ཆེ་བ་ རྒྱའི་རྒྱལ་པོའི་ཆིབས་རྟ་དང་ བར་མ་དེ་བོད་ཀྱི་རྒྱལ་པོའི་ཆིབས་རྟ་ ཆུང་བ་དེ་འབྲུག་གི་རྒྱལ་པོའི་ཆིབས་རྟ་འབདཝ་ལས་ རང་རང་སོའི་སོའི་ལུང་བསྟན་དང་འཁྲིལ་ཏེ་གཏང་དགོ་པས་ ཟེར་ཨིན་པས། ཞབས་ཁྲ་འདི་དགེ་བསྙེན་ཁ་ལུ་འབད་ གཡང་ཀ་དང་ཆ་རོགས་ཚུ་གིས་འབད་ ཁྱིམ་རྐྱབ་སའི་རབ་གསལ་ལྷོང་བའི་རྟེན་འབྲེལ་ལུ་རྐྱབ་ཨིན་པས།

 

According to a story, the oldest foal had to be sent to China to be the riding horse of the emperor, a middle foal to Tibet to be the riding horse of a lama, and the youngest to Bhutan to be the riding horse of the Dharma King. The song is sung and danced in the style of a gorgorm circle dance. In this video, the women of Genyenkha in Thimphu sing and dance at a “window erection ceremony” at a new house in the locality.

 

Transcript search
No results found for this search
0 of 0
  • གཡང་ཀ་དང་སྡེ་ཚན Yangka and group
    སྨན་ལྗོངས་ཆོས་ཀྱི་ཞིང་འདིར་ལྷ་ཆོས་ཨུ་རྒྱན་པདྨ། ། གཙུག་གི་ནོར་བུ་འབྱོན་ནས། །སྐྱབས་གནས་ཤིན་ཏུ་ལེགས་སོ། ། གཙུག་གི་ནོར་བུ་འབྱོན་ནས། །སྐྱབས་གནས་ཤིན་ཏུ་ལེགས་སོ། །
    In the land of medicine. The great refuge and protector Ugyen Pema, the crown jewel has visted.
  • གཡང་ཀ་དང་སྡེ་ཚན Yangka and group
    བསོད་ནམས་དཔལ་ལས་འབྱོན་པའི། །གནམ་བསྐོས་ལྷ་ཡི་དབང་ཕྱུག ། མངའ་བདག་ཆོས་རྒྱལ་ཆེན་པོ། །ཞབས་པད་བརྟན་པར་ལེགས་སོ། ། མངའ་བདག་ཆོས་རྒྱལ་ཆེན་པོ། །ཞབས་པད་བརྟན་པར་ལེགས་སོ། །
    From the glory of virtue and merit, the karmic god of Wangchu, the mighty spiritual king has come. May the king live long.
  • གཡང་ཀ་དང་སྡེ་ཚན Yangka and group
    སྐྱིད་པའི་གླུ་དབྱངས་ལེན་པ། །བཀྲིས་ཕུན་སུམ་ཚོགས་སོང་། ། སྐྱིད་པའི་གླུ་དབྱངས་ལེན་པ། །བཀྲིས་ཕུན་སུམ་ཚོགས་སོང་། །
    (གནས་བསྐོས་ལྷ་དང་)བྱང་ཆུབ་སེམས་དང་ལྡན་པའི། །བློ་གསལ་གཞོན་ནུ་ཕོ་མོ། ། The mind imbued with compassion, Bodhisattva the youthful boys and girls. And the peaceful and melodious song has sung by them. It is the sign of prosperous and hapiness.
  • གཡང་ཀ་དང་སྡེ་ཚན Yangka and group
    སྐྱིད་པའི་གླུ་དབྱངས་ལེན་པ། །བཀྲིས་ཕུན་སུམ་ཚོགས་ཡོད། །
    (གནམ་བསྐོས་ལྷ་དང་)བྱང་ཆུབ་སེམས་དང་ལྡན་པའི། །བློ་གསལ་གཞོན་ནུ་ཕོ་མོ། ། The mind imbued with compassion, Bodhisattva the youthful boys and girls. And the peaceful and melodious song has sung. And it is the sign of prosperous and hapiness.