Video Overview
Preparing materials to make a slingshot, used to drive livestock.
- བཤད་མཁན་དང་པོ།འུར་ཆ་ལྟ་བུ་ལ་མཚོན་ན།
- རྒྱུ་ཆ་གཙོ་བོ་ནོར་གནག་གི་བལ་རྩིད་དཀར་ནག་གིས་གྲུབ་ཡོད་པ་དེ་འདྲ་ཞིག་རེད།
- ཐོག་མར་འུར་ཆ་ལས་དུས།
- སྐུད་པ་འཁེལ་དགོས།
- སྐུད་པ་དཀར་པོ་བཞི་དང་ནག་པོ་བཞི།
- ཁྱོན་བསྡོམས་སྐུད་པ་བརྒྱད་ཀྱིས་གྲུབ་ཡོད་པ་དེ་འདྲ་ཞིག་རེད།
- བརྒྱད་ཀྱི་ལས་སྟངས་དེའི་མིང་ལ་སྲོལ་རྒྱུན་གྱི་བརྒྱད་ལས་ཟེར།
- དེ་ནས་འུར་མཐིལ་བཅའ་དགོས།
- འུར་མཐིལ་ཟེར་བ་དེ་རྡོ་འཇོག་སའི་གནས་དེ་རེད།
- དེ་ནི་རྒྱུན་ལྡན་གྱི་མང་ཆེ་བ་ཀོ་བ་དང་།
- ཡང་ན་ཁུ་ལུ་ཡིས་ལས་པ་དེ་འདྲ་ཞིག་རེད།
- མར་མཆོག་ཟེར་བ་དེ་དཔེ་བཞག་ན།
- འུར་ཆ་སྣེ་གཞན་དེ་རེད།
- སྣེ་དེ་ཡིན་ན་མིན་ན་ཀོ་བ་ཡིས་ལས་དགོས།
- ཀོ་བ་ཡིས་མ་ལས་ན་འུར་ཆ་འཕེན་པའི་སྐབས་དེར།
- རྒྱུན་ལྡན་གྱིས་རྡོ་དེ་དེ་ནས་ཕར་འགྱེལ་འགྲོ་བ་དེ་འདྲ་ཞིག་རེད།
- དེ་ཡིན་ན་མིན་ན་ཀོ་བ་ཡིན་དགོས།
- ཀོ་བ་ཡི་སྣེ་སྟེ་ལག་པས་འཛིན་ས་དེར།
- སྐུད་པ་ཡིན་རྣམ་པ་ཅན་ཏེ་རྩིད་པ་ཞིག་བརྒྱུས་ནས་འཇོག་དགོས་པ་དེ་འདྲ་ཞིག་རེད།
- འུར་ཆ་ལྟ་བུ་ལ་མཚོན་ན།
- རྒྱུན་ལྡན་གྱི་དམངས་ཚོགས་ཀྱི་འཚོ་བའི་ཁྲོད་ནས།
- འབྲོག་ཕྱོགས་ས་ཆ་འདི་ནས།
- ནོར་ལུག་ལ་ཁ་ལོ་སྐྱུར་བྱེད་ཀྱི་ལག་ཆ་ཞིག་རེད།
- གཙོ་ཆེ་བ་རྡོ་འཕེན་སྤྱད་རེད།
- སྔོན་ཆད་དམག་ཆས་ལ་ཡང་བཀོལ་མྱོང་བ་དེ་འདྲ་ཞིག་རེད།
- དེ་ན་གཤམ་ནས་འུར་ཆ་ལས་པའི་གོ་རིམ་ཁ་ཚང་ལ་རེ་རེ་བཞིན་བལྟ།