Video Overview
In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.
- Dakpo
- Kongpo
- Sumpa
- Samyé Khül
- པ་སངས་དབང་འདུས།འོང་། འདི་དེ་རིང་ངས་དེ་གཅིག་གི་འགྲེལ་བཤད་ཞུ་ཡས་ཀྱི་དེབ་དེ་མིང་ཡིན་ན། བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཟེར་གྱི་ཡོའོ་རེད།
- པ་སངས་དབང་འདུས།དེབ་ཐེར་འདིའི་རྩོམས་པོ་དེ་སུ་རེད་པས་ཟེར་ན། ཨ་རྒྱལ་བ་སྐུ་ཕྲེང་ལྔ་པ་ང་ཚོའི་བོད་ཀྱི་ལོ་རྒྱུས་ཐོག་ལ་གཅིག་གི་ཧ་ཅང་སྙན་གྲགས་ཆེན་བའི་ལོ་རྒྱུས་མི་སྣ་གཅིག་རེད།
- པ་སངས་དབང་འདུས།རྒྱལ་བ་ལྔ་པས་རྦད་དེ་དེབ་འདི་ཨ། དེབ་འདི་མཛད་པའི་དུས་ཚོད་ལ་ཡིན་པ་ཡིན་ན་དུས་རབས་བཅུ་བདུན་གྱི་ལོ་རབས་བཞི་བཅུའི་ནང་ལ་ཨ། ལོ་རབས་བཞི་བཅུའི་ནང་ལ་ཡིན་ན། དེབ་ད་བརྩམས་བྱས།
- པ་སངས་དབང་འདུས།ད་ང་ཚོ་ཡིན་ན་ད་ཕན་ཆད་གཅིག་གི་བོད་ཀྱི་རྒྱལ་རབས་ཆོས་འབྱུང་ཐོག་ལ་ཡིན་ན། ལོ་རྒྱུས་ཀྱི་དེབ་ཡིན་ན་མང་པོ་གཅིག་ཡོའོ་རེད་དའི། ད་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་པའི་རྒྱལ་བ་ལྔ་པས་མཛད་པའི་རྒྱལ་རབས་ཆོས་འབྱུང་འདི།
- པ་སངས་དབང་འདུས།ལོ་རྒྱུས་དེབ་ཐེར་མང་པོའི་ནང་ནས་ཨ་ནི་གཅིག་གི་ཕྱི་རབས་ཀྱི། ཨ་མི་རབས་ལ་ཤུགས་རྐྱེན་ཆེན་པོ་ཡོད་པའི་དེབ་ཐེར་གཅིག་དང་།
- པ་སངས་དབང་འདུས།བོད་ཡོངས་ཀྱི་ལོ་རྒྱུས་དེབ་ཐེར་ནང་ནས་ཡིན་ན། སྐད་གྲགས་ཧ་ཅང་ཆེ་བའི་དེབ་ཐེར་གཅིག་རེད།
- པ་སངས་དབང་འདུས།ཨ་ད་ལྟ་གཤམ་ལ་ངས་ཀློག་ཡས་དེ་ཡིན་ན། དེ་བོད་ཀྱི་སྤུར་རྒྱལ་བཙན་པོའི་གདུང་རབས་ལྷ་ཐོ་ཐོ་རི་ནས་གནམ་རི་སྲོང་བཙན་བར་ལ་ཡིན་ན།
- པ་སངས་དབང་འདུས།ཨ་ནི་སྔོན་ལ་དུམ་བུ་གཅིག་ཀློག་གི་ཡིན། འདི་ནི་དུམ་བུ་དེ་ཀློག་ཚར་སོང་ན། དུམ་བུ་རེ་རེ་ལ་འགྲེལ་བཤད་ཞུ་གི་ཡིན།
- པ་སངས་དབང་འདུས།དེ་ཡན་ཆད་དུ་དོན་གྱི་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱི་མཐུ་ཕུལ་དུ་བྱུང་བ་ལས་བསྐྲུན་པའི་རྒྱལ་རིགས་ཤ་སྟག་ཀྱང་གནས་སྐབས་སུ་ཆོས་ལྡན་གྱི་རྒྱལ་པོ་མ་བྱུང་ཞིང་།
- པ་སངས་དབང་འདུས།འདི་ནས་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཡིན་པས། ཁྲི་རྗེ་ཐོག་བཙན་དང་། རུ་ཡོང་བཟའ་སྟོང་རྒྱལ་ན་མོ་ཚོའི་སྲས་སུ་དཔལ་དགེ་ལེགས་ཀུན་ཏུ་འབར་བའི་བཟང་པོའི་སྣང་བ་ཅན་གྱི་རྣམ་འཕྲུལ། ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས་ཏེ།
- པ་སངས་དབང་འདུས།རྒྱལ་པོ་འདིའི་རིང་ལ་ཕོ་བྲང་ཡུམ་བུ་གླ་སྒང་གི་ཡང་ཐོག་གི་སྟེང་དུ་དཔང་བཀོང་ཕྱག་བརྒྱ་པ། གསེར་གྱི་མཆོད་རྟེན། མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་པ། ཙིནྡྷ་མ་ཎིའི་སྐོར་ཕོར་རྣམས་མཁའ་ལས་བབས་ཏེ།
- པ་སངས་དབང་འདུས།གདུང་རབས་ལྔ་ནས་འདིའི་ནང་དོན་ཤེས་པ་འབྱུང་བའི་ལུང་བསྟན་གྱི་སྒྲ་ནམ་མཁའ་ལས་བསྒྲགས་པས། ངོ་མི་ཤེས་པ་ལྟར་བཅོས་ཀྱང་། ངོ་མཚར་དུ་བཟུང་ནས། ཕོ་བྲང་གི་དཀོར་ཁང་དུ་མིང་གཉན་པོ་གསང་བར་བཏགས་ནས་མཆོད་པ་དང་བཅས་ཏེ་བཞུགས་སོ་གསོལ་བའི་མཐུས་རྒྱལ་པོ་དགུང་ལོ་བརྒྱད་ཅུ་པ་སླར་ན་ཚོད་དར་ལ་བབས་པའི་ལང་ཚོ་ལྟར་ཡ་མཚན་དུ་གྱུར་ཅིང་། ཡོངས་སུ་བསྒྲིལ་བས་ལོ་བརྒྱ་ཉི་ཤུའི་བར་ཏུ་བཞུགས་སོ།
- པ་སངས་དབང་འདུས།དེབ་སྔོན་དུ་ནེལ་པ་པཎྜི་ཏའི་ལུགས་དང་སྦ་བཞེད་གཙང་མ་གུང་བསྒྲིགས་པ་མཁས་པའི་གསུངས་ཡིན་ཀྱང་། ནེལ་པ་པཎྜི་ཏས་ནམ་མཁའ་ལས་བབས་པ་མི་འཐད་པར་སྨྲ་བ་ནི་བློ་ཆུང་གི་གཏམ་སྟེ། བསྟན་པའི་དབུ་བརྙེས་པའི་རྟེན་འབྲེལ་དུ་འཕགས་པའི་གང་ཟག་གི་སྤྲུལ་པ་དང་ཐུགས་རྗེ་བསམ་ལས་འདས་པས་སོ། དེ་རྣམས་ལ་བཙན་ལྔར་གྲགས་ཤིང་བང་སོ་ཕྱིང་ལུང་དར་ཐང་དུ་བཏབ་བོ།
- པ་སངས་དབང་འདུས།བཙན་པོ་དེ་དང་རྣོ་ཟ་མང་པོ་རྗེའི་སྲས་ཁྲི་གཉན་གཟུང་བཙན་ཏེ་བང་སོ་དོན་མཁར་མདོར་བརྩིགས། དེ་དང་འབྲོང་བཟའ་མོ་དུར་ཡངས་གཞིར་ལ་སྲས་འགྲོ་གཉན་ལྡེའི་སྟེ་བཙུམ་མོ་མཆིམས་བཟའ་ཀླུ་རྒྱལ་ངན་བུ་མཚོ་ཁབ་ཏུ་བཞེས་པས། དེའི་ཀླུའི་རིགས་ཡིན་པས་སྦལ་པའི་རོ་མར་ཁུ་བཙོས་པའི་ཟ་མའི་རིགས་མཛོད་ཕུགས་སུ་བཞག་པ་གཟིགས་པས། རྣམ་པར་རྟོག་པའི་དབང་དུ་གྱུར་ནས་སྙུན་དུ་ཀླུ་ནད་ཀྱིས་ཐེབས་ཤིང་སྲས་ཀྱང་དམུས་ལོང་ཞིག་བྱུང་བས་མིང་དམུས་ལོང་དཀོན་པ་བཀྲ་ཞེས་བཏགས་པ་ལ་ཞལ་ཆེམས་སུ༎
- པ་སངས་དབང་འདུས།བསམ་པ་བཟང་པོ་གསེར་དང་འདྲ་བ་སྟེ༎ བཟང་པོའི་གྲོས་ནི་བདུད་རྩི་ཡིན་ཞེས་ཉོན༎ ངན་པ་རྣམས་ཀྱང་མེ་དང་འདྲ་བས་གསོས༎ མི་ཆོས་རྟོག་པ་ཡིན་གྱི་རྣམ་རྟོག་སྐྱུངས༎
- པ་སངས་དབང་འདུས།ཁྱོད་ཡབ་མེས་ཀྱི་གཉན་པོ་གསང་བར་མཆོད་པ་གྱིས། འ་ཞའི་ཡུལ་ནས་སྨན་པ་བོས་ལ་མིག་ཕྱེ། མིག་མ་བྱུང་ན་སུམ་པའི་ཡུལ་ན་བོན་པོ་ཞིག་གི་ཆུང་མ་རྒྱ་མོ་རྒྱ་ལྕམ་བྱ་བ་ལ་ནུབ་ཅིག་འགྲོགས་པའི་ཤག་མོ་ཙམ་པ་ལ་སྐྱེས་པའི་སུམ་རི་རིང་མོ་བྱ་བ་ཡོད་པས་དེ་བོས་ལ་གཅན་ཆོལ་རྒྱལ་སར་ཆུག་གསུངས་ནས་བང་སོ་ཞང་མདར་བརྩིགས་པར་ཡབ་ཡུམ་གསོན་པོར་བཞུགས་སྐད་དོ༎
- པ་སངས་དབང་འདུས།དེ་ནས་སྲས་ཀྱིས་ཡབ་ཀྱི་གསུང་བཞིན་བྱས་པས་མིག་ཕྱེ་སྟེ། སྐྱིད་ཤོད་སྟག་མི་རི་ལ་གཉན་འདུག་པ་གཟིགས་པས་སྟག་རི་གཉན་གཟིགས་སུ་གྲགས། བང་སོ་དོན་མཁར་མདའ་རུ་བརྩིགས་སོ། རྗེ་དེ་དང་འོལ་གོང་བཟའ་སྟོང་བཙུན་འགྲོ་དཀར་གྱི་སྲས་གནམ་གྱི་སྲོང་བཙན་གྱི་ཏེ། འདིའི་རིང་ལ་རྒྱ་ནས་རྩིས་དང་སྨན་བྱུང་ཞིང་། བ་དམར་མོའི་འོ་མས་སྦྲུས་པའི་འཇིམ་པ་ལས་བརྩིགས་པའི་ཕོ་བྲང་ཁྲི་བརྩེགས་འབུམ་གདུགས་ཞེས་བྱ་བ་བརྩིགས། བྲག་གསུམ་ལྡིང་མའི་མཚོ་འགྲམ་ནས་རྟ་མདོ་ཝ་ཅང་ཤེས་བརྙེད་པར་ཆིབས་ནས། ཕུང་གཡག་ཐལ་དཀར་རུ་རིང་ཞེས་བྱ་བའི་འབྲོང་བསད་པའི་ཤ་སྒ་ལ་བཏགས་པ་ས་ལ་ལྷུངས་པ་ལས་ཚྭ་རྙེད། བང་སོ་དོན་མཁར་མདར་བརྩོགས་པ་ཡིན་ནོ།
- པ་སངས་དབང་འདུས།ད་གོང་དུ་ཀློགས་པ་དུམ་བུ་དེ་ཡིན་ན། ཨ་བོད་རྒྱལ་ཉི་ཤུ་རྩ་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་ནས་གནམ་རི་སྲོང་བཙན་བར་གྱི་ལོ་རྒྱུས་རེད།
- པ་སངས་དབང་འདུས།ད་དེའི་ནང་ལ་ལོ་རྒྱུས་རྡོག་རྡོག་དེ་ག་རེ་བཤད་ཀྱི་ཡོའོ་རེད་ཟེར་ན། ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་གྱི་ཡན་འདབས་ལ་བོད་ཀྱི་རྒྱལ་པོ་དེ་གྱད་དེ་ཡིན་ན། ད་གཅིག་གི་རྒྱལ་པོའི་གདུང་རིགས་རྣམས་ནི་ད་གཅིག་གི་ཨ་ག་རེ་ཟེར་དགོས་རེད།
- པ་སངས་དབང་འདུས།ད་ཐུགས་བརྗེ་ཆེན་པོའི་བྱིན་རླབས་ཀྱི་མཐུ་ཕུལ་དུ་བྱུང་བ་ཤ་སྟག་གི་རྒྱལ་པོ་རེད་དའི་གནས་སྐབས་བོད་ལ་ཆོས་ལྡན་གྱི་རྒྱལ་པོ་མ་བྱུང་བ་རེད་ཟེར།
- པ་སངས་དབང་འདུས།ད་ཆོས་ལ་དད་པ་བྱེད་མཁན་དང་ཆོས་སྐྱོངས་མཁན་གྱི་ཨ་རྒྱལ་པོ་མ་བྱུང་བ་རེད་ཟེར། དེའི་གོང་དུ་ཡིན་ན་ང་ཚོས་ཡོངས་གྲགས་ཀྱི་ཕྱིས་སུ་ཆོས་་རྒྱལ་གྱི་གདུང་རབས་ཟེར་ཡས་དེ་བཤད་ཀྱི་ཡོའོ་རེད།
- པ་སངས་དབང་འདུས།ད་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་ནས་དམ་པའི་ཆོས་འཁོར་བརྙེད་པ་རེད་ཟེར། ད་དེ་ང་ཚོ་བོད་ཀྱི་ཡོངས་གྲགས་ཀྱི་བཤད་སྲོལ་ཡིན་ན་ལྷ་ཐོ་ཐོ་རི་གཉན་བཙན་ལ་དམ་པའི་ཆོས་འཁོར་བརྙེས། སྲོང་བཙན་སྒམ་པོའི་དུས་སུ་སྲོལ་གཏོད། ཨ་ཁྲི་སྲོང་ལྡེའུ་བཙན་དུས་ལ་ཡིན་ན་དར་ཤིང་རྒྱས་པར་མཛད་པ་རེད། ཟེར་བཤད་སྲོལ་འདི་འདྲས་གཅིག་ཡོའོ་རེད།
- པ་སངས་དབང་འདུས།འདི་ཡིན་དུས་ཙམ་པ་ད་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་དབུ་བརྙེས་པ་རེད་ཟེར་འདི། དབུ་བརྙེས་སྟངས་འདྲ་པོ་དེ་གང་འདྲས་རེད་ཟེར་ན།
- པ་སངས་དབང་འདུས།ལྷ་ཐོ་ཐོ་རི་གཉན་བཙན་གྱི་ཡབ་ཀྱི་མཚན་ལ་ཡིན་ན། ཁྲི་་་ཁྲི་རྗེ་ཐོག་བཙན། ཡུམ་གྱི་མཚན་ལ་ཁྲི་ཡོང་བཟའ་སྟོང་རྒྱལ་ན་མོ་ཚོ་ཟེར། དེའི་སྲས་ལ་ཡིན་ན་ཨ་ནི་ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས་ཨ་ནི་རྒྱལ་པོ་འདིའི་རིང་ལ་ཡིན་ན།
- པ་སངས་དབང་འདུས།ཕོ་བྲང་ཡུམ་བུ་གླ་སྒང་ལ་བཞུགས་པའི་དུས་ལ་ཡིན་ན་དེ་ནི་ནམ་མཁའ་ནས་དཔང་ཀོང་ཕྱག་བརྒྱ་པ། གསེར་གྱི་མཆོད་རྟེན། མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་པ། ཙིནྡ་མ་ཎའི་སྐོར་ཕོར་སོགས་བབས་བྱས། དུས་མཚུངས་ཡིན་ན་གདུངས་རབས་ལྔ་ནས་དེའི་དོན་ཤེས་ཀྱི་རེད་ཟེར་ཡས་ཀྱི་ལུང་བསྟན་གྱི་སྒྲ་གཅིག་ཡིན་ན་བསྒྲགས་པ་རེད། ཟེར།
- པ་སངས་དབང་འདུས།དེ་ཡིན་དུས་ཙམ་པ་དེ་ནི་རྒྱལ་པོས། འདིའི་དོན་དེ་མ་མཁྱེན་པ་བརྟེན་ནས་ཡིན་ནའི་འདི་དངོས་པོ་ངོ་མཚར་ཅན་དུ་གཅེས་ནས། དེ་ནི་ཕོ་བྲང་གི་མཛོད་ཁང་ནང་ལ་ཡིན་ན་དེ་ནི་མིང་ལ་གཉན་པོ་གསང་བ་བཏགས་ནས་མཆོད་པ་ཕུལ་ནས་ཨ།
- པ་སངས་དབང་འདུས།གཅིག་ནམ་མཁའ་ནས་བབས་པའི་གཅིག་དཔང་ཀོང་ཕྱག་བརྒྱ་རེད། གསེར་གྱི་མཆོད་རྟེན་བཞག་པ་ལ་བརྟེན་ནས་ཡིན་ན། རྒྱལ་པོ་ཁོང་རང་དགུང་ལོ་རྒྱད་ཅུ་པ་སླར་ཡང་ལང་ཚོ་དར་ལ་འབབ་པའི་ཁྱོན་བསྡོམས་དགུང་ལོ་བརྒྱ་དང་ཉིཤུ་བཞུགས་པ་རེད་ཟེར།
- པ་སངས་དབང་འདུས།དེ་གསུངས་ཀྱིས། ད་འདིའི་རྗེས་ཀྱི་དུམ་བུ་དེ་ཡིན་ན་རྒྱལ་པ་ལྔ་པས་དེབ་འདིའི་རྩོམ་པ་པོས་ཡིན་ན་དེབ་ཐེར་སྔོན་པོ་ནང་ལ་དེ་རྒྱལ་པོ་དེའི་སྐོར་དེ་ལོ་རྒྱུས་ཀྱི་དཔྱད་པ་ཁག་ཅིག ནེལ་པ་པཎྜི་ཏ་དང་སྦ་བཞེད་ཀྱི་གཙང་མའི་ནང་གི་ཨེ་ལུང་ཁག་ཅིག་ལ་ཡིན་ཨ་ནི་དགག་པ་བསྐྱོན་ཡོའོ་རེད།
- པ་སངས་དབང་འདུས།དགག་པ་གང་འདྲས་ཟེར་བསྐྱོན་ཡོ་རེད་ཟེར་ན། དེབ་ཐེར་སྔོན་པོའི་ནང་ལ་བཤད་པའི་ནེལ་པ་པཎྜི་ཏའི་བཞེད་པ་ཡིན་ནའི་རེད། སྦ་བཞེད་གཙང་མའི་བཞེད་པ་ཡིན་ནའི་རེད།
- པ་སངས་དབང་འདུས།འདི་རྣམས་ད་མཁས་པའི་གསུང་ད་ཡིན་གྱི་རེད་ཟེར། ཡིན་ནའི་ནེལ་པ་པཎྜི་ཏས་གས་རེ་གསུངས་ཡོའོ་རེད་ཟེར་ན།
- པ་སངས་དབང་འདུས།ནམ་མཁའ་ནས་བབས་ཟེར་ཡས་འདི་འགྲིག་གི་མི་འདུག་ཟེར་དེ། འང་རྦད་དེ་ཅིག་དཔང་ཀོང་ཕྱག་བརྒྱ་ནམ་མཁའ་ནས་བབས་ཟེར་ཡས་དེ་ཚོ་འགྲིག་གི་མི་འདུག དེ་ཡིན་ན།
- པ་སངས་དབང་འདུས།འདི་ཡིན་ན་བློ་ཆུང་གི་གཏམ་རེད་ཟེར། བོན་པོ་རྦད་དེ་ནམ་མཁའ་ལ་བབས་བོན་པོས་བརྫུན་བཟོས་གསུངས་ཡོའོ་རེད་ཟེར།
- པ་སངས་དབང་འདུས།དེ་ཡིན་དུས་ཙམ་པ་རྒྱལ་བ་ལྔ་པས་ཟེར་ན། དེ་འང་ནེལ་པ་པཎྜི་ཏ་གིས་གསུངས་ཡས་དེ་ཡིན་ན་ཨ་འགྲིག་གི་མི་འདུག་ཟེར།
- པ་སངས་དབང་འདུས།དེ་བློ་ཆུང་གི་གཏམ་རེད་ཟེར། ད་བསྟན་པ་དབུ་བརྙེས་པ་ལ་ཡིན་ན་སྐྱེས་བུ་གང་ཟག་གཅིག་ལ་སྤྲུལ་པ་དང་ཐུགས་རྗེ་ཡིན་ན་བསམ་ཡུལ་འདས་པ་ཡོའོ་རེད། དེ་ལ་གཅིག་གི་ཨ་དོགས་པ་བྱེད་དགོས་ཡས་མི་འདུག་ཟེར།
- པ་སངས་དབང་འདུས།དེ་འདྲས་གསུངས་ཡོའོ་རེད་བྱས་ཙང་། དེའི་རྗེས་ལ་ཡིན་ན་ད་ག་རེ་རེད། ག་རེ་གསུངས་ཡོའོ་རེད་ཟེར་ན།
- པ་སངས་དབང་འདུས།ཨ་གཅིག་གི། ཨ་ལྷ་ཐོ་ཐོ་རི་གཉན་བཙན་བཤགས་པའི་རྗེས་ཀྱི་བྱས་པ་ཡིན་ན་ཁོང་རང་བང་སོ་ཡིན་ན་ཕྱིང་ལུང་དར་ཐང་དུ་བཏབ་ཟེར།
- པ་སངས་དབང་འདུས།ཕྱིང་ལུང་དར་ཐང་ཟེར་ན། ཕྱིང་ལུང་དར་ཐང་འདི། ཕྱིང་ཟེར་ཡས་ཀྱི་ལུང་པ་འདི་དེག་སང་ང་ཚོ་བསམ་ཡས་ཀྱི་ཡིན་ན་ཕྱིང་བ་སྟག་རྩེ་ཟེར་གྱི་ཡོའོ་རེད།
- པ་སངས་དབང་འདུས།འདི་ཕྱིང་བ་སྟག་རྩེའི་རྦད་དེ་གཅིག་གི་ཁོངས་སུ་གཏོགས་པ། དར་ཐང་ཟེར་ཡས་དེ་ཡིན་ན་བང་སོ་བཏབ་ཡོད་ཟེར།
- པ་སངས་དབང་འདུས།ད་དེ་ཟེར་གྱི་ཡོའོ་རེད། ད་བྱས་ཙང་ལྷ་ཐོ་ཐོ་རི་གཉན་བཙན་དང་དེའི་བཙུན་མོ་རྣོ་ཟ་མང་པོའི་རྗེའི་སྲས་ལ་ཡིན་ན་ཁྲི་གཉན་གཟུང་བཙན་ཟེར་ཡས་གཅིག་འཁྲུངས་སོ།
- པ་སངས་དབང་འདུས།དེ་་ཡིན་ནའི་བང་སོ་དོན་མཁར་མདར་ཟེར། དོན་མཁར་མདར་ཟེར་ན། ད་ལྟ་ཕྱིང་བ་སྟག་རྩེའི་ཁྲིས་དེར་ཡོའོ་རེད།
- པ་སངས་དབང་འདུས།ཕྱིང་བ་སྟག་རྩེའི་ཁྲིས་དེར་ཡོའོ་རེད་དོན་མཁར་མདར་ཟེར། དེང་སང་བྱས་པ་ཡིན་ན་སྤུར་རྒྱལ་གཅིག་གི་སྲོང་བཙན་བང་སོའི་འོང་ཤར་ཕྱོགས་ངོས་ལ་ཡིན་ན་ལུང་པ་དེ་གིའི་མིང་ལ་དོན་མཁར་མདར་ཟེར་གྱི་ཡོའོ་རེད།
- པ་སངས་དབང་འདུས།དོན་མཁར་མདར་ཟེར་གྱི་ཡོའོ་རེད། དེའི་བང་སོ་དེ་དོན་མཁར་མདར་བརྩེགས་ཡོད་ཟེར།
- པ་སངས་དབང་འདུས།ཁྲི་གཉན་གཟུང་བཙན་དང་དེའི་ལྕམ་འབྲོང་བཟའ་་་་འབྲོང་བཟའ་མོ་དུར་ཡངས་གཞེར་ལ་སྲས་འགྲོ་གཉན་ལྡེའུ་སྟེ་འཁྲུངས་ཟེར། འང་དེ་དེའི་ནང་ནས་གཅིག་གི་ལྕགས་དཔར་བརྒྱབ་མཁན་ཡིན་ནའི་འདྲ། ལྔ་པ་རང་གི་འཁྲུལ་པ་ཡིན་ནའི་འདྲ་འདིའི་ནང་ལ་ཡི་གེ་ཡིན་ན་ཡིག་ནོར་གཅིག་གཉིས་འདུག
- པ་སངས་དབང་འདུས།དེ་ཡིན་ན།འབྲོང་བཟའ་མ་རེད། འ་བར་བྲ་ན་རོ་འབྲོ་བཟའ་དུར་མོ་ཡངས་གཞེར་སྲས་ཀྱི་མིང་ལ་འགྲོ་གཉན་ལྡེའི་རུ་ཟེར་ཡས་དེ། འ་ག་ར་འགྲོ་མ་རེད་དེ་ནོར་པ་རེད། འ་བ་ར་ན་རོ་འབྲོ་འབྲོ་ཟེར་ཡས་དེ་ཀྱི་དེ་ཡིན་ན།
- པ་སངས་དབང་འདུས།ད་བོད་ཀྱི་སྐད་གྲགས་ལྡན་པའི་ལོ་རྒྱུས་ཨ་ནི་སྔ་རབས་ལོ་རྒྱུས་གྲགས་ཅན་གཅིག་རེད། ཨ་དེའི་སྲས་ཡིན་ན་འབྲོ་གཉན་ལྡེའུ་རུ་བཙན་ཟེར། ད་འབྲོ་གཉན་ལྡེའུ་རུ་ལ་བཙུན་མོ་དེ་ག་ནས་བསུས་པ་རེད། མཆིམས་བཟའ་ཀླུ་རྒྱལ་ངན་བུ་མཚོ་ཟེར་ཡས་གཅིག་ཁབ་ཏུ་བཞེས་ཡོའོ་རེད།
- པ་སངས་དབང་འདུས།དེའི་བཙུན་མོ་དེ་མཆིམས་བཟའ་ཟེར་ཡས་དེ་མཆིམས་ཡུལ་ནས་ཕེབས་པ་རེད། མཆིམས་ཡུལ་དེ་དེང་སང་གི་མཚམས་ལ་བྱས་ན་དྭག་པོ་དང་ཀོང་པོའི་མཚམས་ལ་ཡོའོ་རེད། དེ་ཡིན་དུས་ཙམ་པ་བཙུན་མོ་དེ་ད་ཀླུའི་ཡིན་པའི་རྟག་པར་ཡིན་གཅིག་སྦལ་པ་ཡིན་པའི་སྦལ་པ་གི་རོ་མར་ཁུ་བཙོས་ནས་མཆོད་ཀྱི་ཡོད་པ་དེ།
- པ་སངས་དབང་འདུས།དེ་འདྲས་ཟེར་བྱས་ནས་བཙུན་མོ་དེ་དཔེ་ཤིན་ཏུ་མཚར་དུ་དངར་བ་ཞིག་ཡོང་དུས་དེ་རྒྱལ་པོས་ཟེར་ན་དེ་ལ་རྣམ་རྟོག་སྐྱེས་ཀྱི་རེད། རྒྱལ་པོ་ལ་ཀླུ་ནད་ཐེབས་པ་དེ་ནས་དེ་ནི་ཁོང་གི་སྤྱན་དེ་དེ་ནི་གཅིག་དམུས་ལོང་ལ་གྱུར་པ་བྱས་ཙང་དེའི་སྤྱན་ལ་ཡིན་ན།
- པ་སངས་དབང་འདུས།ཨ་སྙུན་ནད་ཐེབས་ནས་ཁོང་རང་ལ། སྲས་ཀྱི་དཀྱིལ་ནས་གཅིག་གི་དམུས་ལོང་ཐེབས་པའི་སྲས་གཅིག་བྱུང་པ་རེད། སྲས་གཅིག་འཁྲུངས་སྲས་དེའི་མཚན་ལ་ཡིན་ན། དཀོན་པ་་་དམུས་ལོང་དཀོན་པ་བཀྲ་ཟེར་བཏགས་ཡོའོ་རེད་ཟེར།
- པ་སངས་དབང་འདུས།དེའི་རྒྱུ་མཚན་དེ་འདྲས་གཅིག ད་གཤམ་གྱི་དུམ་བུ་དེ་ཨ་ལས་ཡང་བསྐྱར་གཅིག་ཀློགས་བྱས། ཨ་ནི་འགྲེལ་བཤད་ཞུས།
- པ་སངས་དབང་འདུས།ཁྱོད་ཡབ་མེས་ཀྱི་གཉན་པོ་གསང་བར་མཆོད་པ་གྱིས། ཟེར། ཨོའོ་དེ་གོང་དུ་ཀློགས་ཚར་པ་རེད།
- པ་སངས་དབང་འདུས།ད་འདི་དུམ་བུ་དེ་ག་རེ་བཤད་ཀྱི་ཡོའོ་རེད་ཟེར་ན། ད་འབྲོ་གཉན་ལྡེའུ་རུ་གི་ཡིན་ན་རྦད་དེ་ཨ་ནི་ཁོང་གི་སྲས་ལ་ཁ་ཆེམས་ག་རེ་བཞག་ཡོའོ་རེད་ཟེར་ན།
- པ་སངས་དབང་འདུས།ཨ་ཁོང་རང་གི་ཕ་མེས་ཀྱིས་ལྷ་ཐོ་ཐོ་རི་གཉན་བཙན་དུས་ཀྱི་གཉན་པོ་གསང་བ་ཟེར་ཡས་དེར་ཡིན་ན་མཆོད་པ་མུ་མཐུད་ནས་ཕུལ་ཟེར།
- པ་སངས་དབང་འདུས།འོང་། འ་ཞའི་ཡུལ་ནས་ཡིན་ན་ད་རྦད་དེ་གཅིག་སྨན་པ་འདྲ་གཅིག་བྱས་ནས་སྲས་ཀྱི་སྤྱན་དེ་ཕྱེ། སྤྱན་དེ་ཕྱེ་པ་རེད་ཟེར།
- པ་སངས་དབང་འདུས།གལ་སྲིད་སྤྱན་དེ་འོང་། གཅིག་གི་སྤྱན་དེ་ཕྱེ་མ་ཐུབ་པ་བྱུང་པ་ཡིན་ན། སུམ་པའི་ཡུལ་ནས་འང་སྔ་མོ་ཡིན་ན་བཙན་པོ་ལ་ཡིན་ན་ཆུང་མོ་རྒྱལ་མོ་རྒྱ་ལྕམ་ཟེར་བ་གཅིག ཁོང་རང་གིས་ནུབ་ཅིག་འགྲོགས་པ། མཚན་གཅིག་ལ་གྲོགས་པོ་བྱས་པའི་ཨཱ། འབྲས་བུ་འདྲ་དེར༎
- པ་སངས་དབང་འདུས།སྲས་གཅིག་འཁྲུངས་ཡོའོ་རེད། དེ་ཡར་རྒྱལ་ས་ལ་གདན་ཞུས་ནས་རྒྱལ་སར་ཨ་ཆུག་ཟེར། ཞལ་ཆེམས་བཞག་བྱས་ཡིན་ན་ཁོང་རང་བཤགས་ཚར་པའི་རྗེས་ལ་ཡིན་ན་བང་སོ་དེ་ད་དོན་མཁར་མདའ་རུ་་ཡིན་ན་འོང་བཅུག་ཡོའོ་རེད་ཟེར། དེའི་དུས་ལ་ཁོང་རང་གི་ཡིན་ན་་མ་བཤགས་ཀྱི་གོང་ལ་ཡིན་ན།
- པ་སངས་དབང་འདུས།བང་སོ་ཞང་མདོར་བརྩིགས་པར་ཡབ་ཡུམ་གསོན་པོར་བཞུགས་པ་ཟེར། ད་འདིའི་འགྲེལ་བཤད་འཁྱུགས་ཙམ་བྱས་ན།
- པ་སངས་དབང་འདུས།བཙན་པོའི་དུས་ལ་ཡིན་ན་ལུགས་སྲོལ་དེ་འདྲས་གཅིག་གི་བཙན་པོ་སྐྱེས་དབང་མཐོ་བ་འདྲ་གཅིག་གི་སྐུ་མ་གཤེགས་གོང་ནས་གཅིག་གི་རྣམ་རྟོག་དང་རྐྱེན་གཞན་དག་དབང་གི་བང་སོའི་ནང་ལ་གཟུགས་འཇུག་པ་བང་སོའི་ནང་ལ་བང་སོ་གསོན་པོར་བཞུགས་པའི་སྲོལ་གཅིག་དེ་ཡིན་ན་བོད་ཀྱི་གནའ་རབས་མཐུན་མོང་མ་ཡིན་པའི་ལུགས་སྲོལ་གཅིག་རེད་ཤག
- པ་སངས་དབང་འདུས།བྱས་ཙང་འབྲོ་གཉན་ལྡེའུ་རུ་ཡིན་ན་ཁོང་རང་གིས་ད་གཅིག་གི་རྣམ་རྟོག་དང་ཀླུ་ནད་ཐེབས་པ་ཡིན་ཙང་། ཁོང་རང་དང་ཡབ་ཡུམ་གསོན་པོར་རྦད་དེ་ཨ་ནི་གཅིག་གསོན་པོ་ཨ་ནི་བང་སོའི་ནང་ལ་བཞུགས་པ་རེད།
- པ་སངས་དབང་འདུས།དེའི་དོན་དག་བཤད་ཀྱི་ཡོའོ་རེད། དེ་ནས་དེ་འབྲོ་གཉན་ལྡེའུ་རུ་སྲས་ཀྱི་དེ་ནི་ཡབ་ཀྱིས་གསུངས་པ་བཞིན་དུ་ཡིན་ན་མིག་དེ་ཕྱེ། ཨ་སྐྱིད་ཤོད་སྟག་མོ་རི་ལ་གཉན་འདུག་པ་གཟིགས་པས་ཡིན་ན་མཚན་དུ་སྟག་རི་གཉན་གཟིགས་སུ་གྲགས། ཟེར།
- པ་སངས་དབང་འདུས།ཨ་ནི་ཁོང་རང་གི་ཡིན་ན་སྨན་དེས་སྤྱན་དེ་ཕྱེ་ཚར་དུས་ཙམ་པ་ཡིན་ན་དེ་ནི་རྦད་དེ་སྐྱིད་ཤོད་ཀྱི་སྟག་མོ་རིའི་སྒང་ལ་སེམས་ཅན་གཉན་ཟེར་ཡས་དེ་ འདྲས་གཅིག་ཕར་རྒྱུགས་འགྲོ་གི་ཡོད་པ་གཟིགས་དུས་ཙམ་པ། སྲས་ཀྱི་མཚན་ལ་ཡང་སྟག་རི་གཉན་གཟིགས་ཟེར་འདུག་བཟོ་ཨོའོ་འདོགས་པ་རེད་ཟེར།
- པ་སངས་དབང་འདུས།ཨ་སྟག་རི་གཉན་གཟིགས་བཤགས་པའི་རྗེས་ལ་ཁོང་རང་གི་བང་སོ་དེ་དོན་མཁར་མདའ་རུ་བརྩིགས་པ། སྟག་རི་གཉན་གཟིགས་དང་ཁོང་གིས་བཙུན་མོ། འོལ་གོང་བཟའ་སྟོང་བཙུན་འབྲོ་དཀར་གྱི་སྲས་ལ་ཡིན་ན་དེ་ནི་སྲས་གནམ་རི་སྲོང་བཙན་འཁྲུངས། ད་རྒྱལ་པོ་དེའི་རིང་ལ་ཡིན་ན་རྒྱ་ནག་ནས་རྩིས་བྱུང་བ།
- པ་སངས་དབང་འདུས།རྩིས་དང་སྨན་བྱུང་བ། ཨ་རྦད་དེ་དེ་ནས་ས་ནས་ཚྭ་བརྙེད་པ། ཨ་དེ་འདྲས་ཀྱི་ཡ་མཚན་གྱི་གཅིག་གི་ད་ཨ་གཅིག་གི་དོན་དག་མང་པོ་གཅིག་བྱུང་བ། གནམ་རི་སྲོང་བཙན་བཤགས་ཚར་པའི་རྗེས་ལ། བང་སོ་ཡིན་ན་དོན་མཁར་མདའ་རུ་བརྩིགས་ཡོད་ཟེར།
- པ་སངས་དབང་འདུས།ད་གོང་དུ་བཞུས་པའི་དུམ་བུ་དེ་ཡིན་ན། ནང་དོན་རྡོག་རྡོག་དེ་འདྲས་འདྲས་གཅིག་ཞུ་གི་ཡོའོ་རེད།