Skip to main content Skip to search
15 Dec 2011
10 min 53 sec
Rating
0
No votes yet
Video Overview
Creators: 
Unknown

In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.

Show More

  • རྒན་ནོར་བྲང
    གངས་ཅན་མཛེས་མའི་དཔྱིད་ཀྱི་མངལ་ཁུར་ལས༎ བློ་གྲོས་ཡལ་འདབ་དར་བའི་ཤེས་ལྡན་རྣམས༎   ངོ་མཚར་གཏམ་གྱི་ལེགས་བཤད་སྐྱེས་འདོད་ན༎ དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་འདི་བསྟེན༎ ཟེར།
  • རྒན་ནོར་བྲང
    ད་འདི་དེབ་ཐེར་གྱི་མཚན་དེ་རེད་པ། ཨེ། དཱ་གངས་ཅན་གྱི་ཁྱོན་འདིར་མཛེས་མའི་དཔྱིད་ཀྱི་མངལ་ཁུར་ལས་ཐོན་པ་དེ་ཡིན་ན། ཁ་བ་རི་བའི་སྐྱེ་བོ་བློ་གྲོས་ཀྱི། ཁ་བ་ཁ་བ་ཁ་བ་རི་པའི་དེ་ནི་གནས་ལ་གནས་པའི་དེནི། 
  • རྒན་ནོར་བྲང
    བླ་གྲོས་ཀྱི་ཡལ་འདབ་ལྡན་པའི་དེ་ནི་ཤེས་ལྡན་རྣམས་ཀྱིས་ཟེར། གཞན་ལ་ལོ་རྒྱུས། རྣམས་ཀྱིས་གཞན་ལ་ལོ་རྒྱུས་ཇི་ལྟ་བ་བཞིན་སྨྲ་བའི་ངོ་མཚར། གཞན་ལ་ལོ་རྒྱུས་ཇི་ལྟ་བའི་བཞིན་སྨྲ་བའི་ངོ་མཚར་གཏམ་གྱི་ལེགས་བཤད་སྐྱེས་སྤྲོ་བར་འདོད་ན། ཟེར།
  • རྒན་ནོར་བྲང
    ངེས་པར་དུ་དེ་ནི་ལེགས་བཤད་གཏམ། ངེས་པར་དུ་སྤྲོ་བ་དེ་ནི་ངེས་པར་དུ་དེ་ནི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་འདི་བསྟེན་པར་འོས་་སོ་བྱས་ནས། ཡན་ལག་གཉིས་གཟུགས་ཀྱི་སྒོ་ནས་བསྟན་བཅོས་འདིའི་གལ་ཆེན་རང་བཞིན་བསྟན་པ་དེ་འདྲས་རེད་པ། རེད་ཟེར། འོང་། བསྟན་བཅོས་འདི་བྱས།
  • རྒན་ནོར་བྲང
    ཐུབ་བསྟན་ཀུན་གསལ་མཛེས་མའི་ཁོར་ཡུག་ཏུ༎ རང་མཐུན་གོས་ཀྱི་ཐུན་མཚམས་ཟོལ་བསྟེན་ནས༎        ངེས་གསང་ཐེག་པའི་ཡང་རྩེ་སྔོ་སྐྱེས་འབྲས༎ ཡོངས་སྨིན་གང་བུ་རྒྱས་པའི་གཡུར་ཟ་ལྡེམ༎         དེ་ལྟ་ན་ཡང་ངེས་པར་ལྔ་ལྡན་གཟུགས༎  བཤེས་གཉེན་དམ་པའི་ཨཱ་དརྴ་ཡི་ངོས༎           ཟློས་གར་བསྒྱུར་བའི་དྲིན་ལས་རིག་པའི་གནས༎ སྨྲ་ཚེ་དབྱངས་ཅན་དགྱེས་པའི་འཛུམ་གྱིས་བསུ༎ ཟེར།
  • རྒན་ནོར་བྲང
    ད་འདི་དེ་རེད། ད་ཡང་ལྔ་པ་ཆེན་པོ་རང་གི་དཔེར་ན། དེ་གང་ཟེར་དགོས་རེད་པས།
  • རྒན་ནོར་བྲང
    བཤེས་གཉེན་བསྟེན་པ་ལ་སོགས་དེ་ཚོ་ལ་གཞན་འདྲིང་མི་འཇོག་བའི་སྤོབས་པ་ཆེན་པོ་ཐོབ་པ་ལ་སོགས་པ་དེ་ཚོའི་ཐོག་ལ་བསྔགས་པ་གནང་བྱས་རེད་པ།
  • རྒན་ནོར་བྲང
    ལུང་དང་རྟོགས་པའི་དེ་ནི་ཐུབ་པའི་བསྟན་པ་ལ་ལུང་རྟོགས་ཀྱི་བསྟན་པ། ཀུན་གསལ་མཛེས་མའི་ནམ་མཁའི་ཁོར་ཡུག་ཏུ་མ་རུང་ཁོར་ཡུག་ཀུན་ཏུ་ཟེར་ན།
  • རྒན་ནོར་བྲང
    ད་ཐུབ་པའི་བསྟན་པ་པ་དེ་ནམ་མཁའི་གར་ཁྱབ་ཀྱི་ཐོག་ལ་དེ་ནི། རུང་མཐུན་གོས་ཀྱིས་ཟེར་ན་ད། འདུལ་བ་ནས་བསྟན་པ་ཇི་བཞིན་དམར་སེར་མདངས་ལྡན་ཆོས་གོས་རྣམ་པ་གསུམ་དང་ལྡན་པའི་ཉིད་ཀྱིས་དེ་ནི་ཉི་མ་འཆར་ཀའི་ཐུན་མཚམས་ཀྱི་་ལི་ཁྲིའི་ཟོལ་ལ་བསྟེན་ནས་ཟེར།
  • རྒན་ནོར་བྲང
    ཉི་མ་ཤར་དུས་ཙམ་པ་དེ་ནི། ནམ་མཁའ་གང་ལ་དེ་ནི་ཟླ་བ་སྤྲིན་པ་གཅིག་ཡོའོ་རེད་པ། སྤྲིན་པ་དེ་ཡང་ལི་ཁྲི་རེད་པ།
  • རྒན་ནོར་བྲང
    དེའི་ཟོལ་ལ་བསྟེན་ནས་ངེས་གསང་རྡོ་རྗེ་ཐེག་པའི་ཡང་རྩེ་སྔོ་བར་སྐྱེས་པ། སྔོ་བར་་་་།ངེས་གསང་རྡོ་རྗེ་ཐེག་པའི་དེ་ནི་ཡང་རྩེ། ཡང་རྩེ་སྔོ་བར་སྐྱེས་པ་ཟེར་ན།
  • རྒན་ནོར་བྲང
    དེ་ནི་ལྗོན་ཤིང་གི་འབྲས་བུ་ཡོངས་སུ་སྨིན་པའི་གང་བུ་རྒྱས་པའི་གཡུར་ཟ་ལྡེམ་པར་གནས་པ་མདོ་དང་སྔགས་ཀྱི་བསྟན་པ་ཆེས་ཆེར་དར་བ་དེ་ལྟ་ན་ཡང་ཟེར།
  • རྒན་ནོར་བྲང
    དེ་དག་མདོ་དང་སྔགས་ཀྱི་བསྟན་པ་བྱས་ནས། ད་འོ་ན་གནས་འོག་མིན་སྟུག་པོ་བཀོད་པ། དུས་འཁོར་བ་ཇི་སྲིད། སྐུ་ལོངས་སྤྱོད་རྫོགས་པ། གསུང་ཐེག་ཆེན་གྱི་ཆོས། འཁོར་བྱང་ཆུབ་སེམས་དཔའ་ཤ་སྟག་ཏུ་ངེས་པ་ལྔ་ལྡན་གཟུགས་སུ་གྲུབ་པ། ངེས་པ་ལྔ་ལྡན་གཟུགས་སུ་གྲུབ་པ།
  • རྒན་ནོར་བྲང
    བཤེས་གཉེན་དམ་པའི་མཁྱེན་པའི་ཨཱ་དརྴ་ཡི་ངོས་ཏེ་མེ་ལོང་ངོས་ལས་ཟློས་གར་བསྒྱུར་བའི་བཀའ་དྲིན་ཐོབ་པ་ལས། ཟེར་ན། དེ་ནི་ད་ཁོང་རང་དཔེར་ན་ངེས་པ་ལྔ་ལྡན་གྱི་དེ་ནི་ཨེ་བཤེས་གཉེན་དམ་པ་རྣམས་ཀྱིས་དེ་ནི་བཀའ་དྲིན་ལ་བསྟེན་ནས། ཁོང་གི་ཐུགས་དེ་ཨ་ནི་རང་ཉིད་ལ་འཕོས་ནས་རེད་པ།
  • རྒན་ནོར་བྲང
    ཟློས་གར་བསྒྱུར་བའི་བཀའ་དྲིན་ཐོབ་པ་ལས་རིག་པའི་གནས་སྤྱི་དང་། བྱེ་བྲག་ཨ་ནི་རང་ཉིད་ལ་ཆ་བཞག་ན་དེ་ནི་རིག་པའི། དེ་ནི་ལྔ་པ་ཆེན་པོས་རང་ཉིད་ལ་བསྟེན་ནས་ཐོབ་པ།
  • རྒན་ནོར་བྲང
    ཐོབ་པ་ལས་བཤེས་གཉེན་དམ་པའི་བཀའ་དྲིན་ལ་བསྟེན་ནས་རང་ཉིད་ལ་དེ་ནི་གང་འདྲས་ཟེར་ན། 
  • རྒན་ནོར་བྲང
    བྱས་ནས་རིག་པའི་གནས་སྤྱི་དང་བྱེ་བྲག་ད་ཨེནི་ལོ་རྒྱུས་སྨྲ་བའི་དེ་ནི་ཚེ་ན། དབྱངས་ཅན་ལྷ་མོ་འགྱེས་པའི་འཛུམ་གྱིས་བསུའོ་ཟེར།
  • རྒན་ནོར་བྲང
    ད་རིག་པའི་གནས་སྤྱི་དང་བྱེ་བྲག་དེ་ནི་ལོ་རྒྱུས་སྨྲ་བ་ཆ་ནས་དབྱངས་ཅན་ལྷ་མོ་ཡང་ད་ཨེནི་འགྱེས་པའི་བཞིན་དུ་དེ་ནི་འགྱེས་པའིདེ་ནི་འཛུམ་གྱིས་བསུའོ། མཐའ་དག་གཟུགས་ཅན་དང་། སྒེགས་པའི་ཉམས་ཀྱི་སྒོ་ནས་བཤེས་གཉེན་དམ་པའི་དྲིན་ལས་རིག་གནས་སྨྲ་བར་གཞན་དྲིང་མི་འཇོག་པའི་སྤོབས་པ་ཐོབ་པ། འང་སྤོབས་པ་ཐོབ་པ་བསྟན་པ་དེ་ཟེར།
  • རྒན་ནོར་བྲང
    དེ་ནི་རྦད་དེ་ཁོང་རང་གི་རྦད་དེ་ཨེ། ད་རིག་པའི་གནས་དེ་འདྲས་ཨེ་ལོ་རྒྱུས་དེ་འདྲས་སྨྲ་དུས་ཙམ་པ། བཤེས་གཉེན་དབྱངས་ཅན་ལྷ་མོ་འགྱེས་འཛུམ་གྱིས་བསུས་སོ་ཟེར། དེ་འདྲས་ཀྱི་ད་དཔེར་ན་གང་ཞུ་དགོས་རེད།
  • རྒན་ནོར་བྲང
    གཞན་དྲིང་མི་འཇོག་སྤོབས་པ་འཐོབ་པ་དེ། བསྟན་པ་དེ་འདྲས་རེད་ཟེར།
  • རྒན་ནོར་བྲང
    ལྷག་བསམ་རབ་དཀར་དྲི་བྲལ་ཡིད་ཀྱི་མཁར༎  བསྟན་བཅོས་ཆུ་ལྷའི་བུ་ཡི་པུསྟ་ཀས༎         སྐྱེ་རྒུའི་ཉོན་མོངས་འདུ་བ་འཁྲུགས་པའི་ནད༎ ལེགས་བཤད་ཆུ་ཀླུང་དྭངས་པོས་དྲུངས་འབྱིན་ཅིང་༎        འཛམ་བུའི་ལང་ཚོ་དར་བབས་འཁྲི་ཤིང་གིས༎ ཉེར་མཚོན་ཡངས་པའི་ནོད་འཛིན་སྐྱོང་བ་ཀུན༎         རྩུབ་གྱུར་དཔལ་གྱི་རྣོ་ངར་རབ་ཞི་ནས༎  དགེ་བཅུའི་ཁྲིམས་ཀྱིས་རྫོགས་ལྡན་འབོད་པར་ཤོག ཟེར་ནས་ད་དེ།   
  • རྒན་ནོར་བྲང
    གཅིག་མཇུག་སྡོམས་ཀྱིས་ཨེ་དེ་གཅིག་རེད་པ། བཀའ་རྩོམ་གཅིག་རེད་པ།
  • རྒན་ནོར་བྲང
    སྐྱེ་དགུའི་ཕན་བདེའི་ཆེད་དུ་བསྔོ་བའོ། གནང་ང་དེ་འདྲས་གཅིག་རེད་པ། འོང་། ལྷག་བསམ་རབ་ཏུ་དཀར་བ་དེ་ནི་ལྷག་བསམ་རབ་ཏུ་དཀར་བ་དེ་ནི་མ་རྟོགས་ལོག་རྟོག་གི་མ་རྟོགས་པ་དང་། ལོག་པར་རྟོག་པའི་ཆུ་འཛིན་གྱིས་དྲི་མ་དང་བྲལ་བ་ཡིད་ཀྱི་ནམ་མཁར་འཆར་བའི་དེ་ནི་བསྟན་བཅོས་ཆུ་ལྷའི་བུ་སྟེ། སྐར་མ་རྀ་ཥྀ་སྟེ། ཆུ་ལྷའི་བུ་ཟེར་ཡས་དེ་སྐར་མ་རྀ་ཥིའི་མིང་རེད་པ། 
  • རྒན་ནོར་བྲང
    ཆུ་ལྷའི་བུ་དེ་དེ་ནི་སྐྱེ་དགུའི་མ་རིག་པ་སྐར་མ་རྀ་ཥི་ནི་སྐྱེ་རྒུའི་རིགས་ཀྱི་མ་རིག་པ་དེ་དེ་ནི་འཁྲུ་ཐུབ་ཀྱི་ཡོད་ཟེར་གྱི་ཡོའོ་རེད་པ།
  • རྒན་ནོར་བྲང
    སྐྱེ་རྒུའི་མ་རིག་པ་དང་ཉོན་མོངས་པ་འོང་འདུ་བ་འཁྲུག་པའི་ནད་དེ་ནི། ད་ནད་རིགས་མཐའ་དག་བྱས་ན་ད་དེ་མ་ཤེས་པ་དེ་དེ་འདྲས་ཀྱི་དཔེར་ན་ནད་རིམ་མཐའ་དག་དེ་ནི་ལེགས་པར་ལེགས་བཤད་ཆུ་ཀླུང་དྭངས་པོས་དྲུངས་ནས། ལེགས་བཤད་ཀྱི་ཆུ་ཀླུང་དེ་ནི་རྦད་དེ།
  • རྒན་ནོར་བྲང
    ཨེ་སྐར་མ་རྀ་ཥི་ཤར་ནང་ལྟར་གྱི་ཐོག་ནས་ལེགས་བཤད་ཆུ་ཀླུང་དྭངས་པའི་དེ་ནི་སྐྱེ་རྒུའི་མ་ཤེས་པའི་འདུ་བ་འཁྲུགས་པའི་ནད་དེ་གྱད་དེ་གཙང་མ་དེ་ནི་གསལ་པོར་དྲུངས་ནས་འབྱིན་མེད་པར་བཟོས་ནས་ཟེར།
  • རྒན་ནོར་བྲང
    འཛམ་བུ་པྲི་ཤའི་ལང་ཚོ་དར་ལ་བབས་པའི་འཁྲི་ཤིང་གི་འབྲས་བུ་མ་དྲོས་པའི་མཚོ་ལ་ཟགས་པའི་སྒྲ་ལས་ཉེ་བར་མཚོན་པ་། འཛམ་བུ་གླིང་འདིའི་ཡངས་པའི་ནོར་འཛིན་སྐྱོངས་བ་ཟེར།
  • རྒན་ནོར་བྲང
    ད་དེ་འདྲས་ཀྱི་འཛམ་བུ་པྲི་ཤའི་ཨེ། འཛམ་བུ་པྲི་ཤའི་དེ་ནི་གང་ཟེར་དགོས་རེད་པས། འཛམ་བུ་པྲི་ཤའི་ཤིང་གི་དེ་ནི་འབྲས་བུ་ས་ལ་ཟགས་པ་ལ་བརྟེན། ཆ་བཞག་ན་དེ་མ་དྲོས་པའི་མཚོ་ལ་ཟགས་དུས་ཙམ་པ་འཛམ་ཞེས་བྱ་བ་བྱུང་བ་དེའི་ནང་ལྟར་གྱི་ཐོག་ནས་རེད་པ།
  • རྒན་ནོར་བྲང
    རེད་པ། འཛམ་བུ་པྲི་ཤའི་ལང་ཚོ་དར་ལ་བབས་པའི་འཁྲི་ཤིང་གི་འབྲས་བུ་ཨེ་དག་ལ་འཁྲི་ཤིང་གི་འབྲས་བུ་མཚོ་ལ་ཟགས་པ་ལྟར་གྱི་སྒྲ་ལས་ཉེ་བར་མཚོན་པ་འཛམ་བུ་གླིང་ཞེས་ཟེར་ཡས་ཀྱི་དེ་ནི།
  • རྒན་ནོར་བྲང
    དེ་ནི་ཡངས་པའི་ནོར་འཛིན་སྐྱོང་བ་རྒྱལ་པོ་རྒྱལ་རིགས་ཀུན་རང་དོན་ཕྲ་མོ་ལ་ཞེན་ནས་ཨ་ནི་སྐྱེ་བོ་། འོང་། རང་དོན་རྒྱལ་པོ་རྒྱལ་རིགས་ཀུན་རང་དོན་ཕྲ་མོ་ལ་ཞེན་ནས། སྐྱེ་བོ་གཞན་ལ་རྩུབ་པར་འགྱུར་པ་མི་བསྲུན་པའི་སེམས་དཔལ་གྱི་རྣོ་ངར་རབ་ཏུ་ཞི་ནས་ད་དེ་འདྲས་ཀྱི་རྒྱལ་པོ་དཔེར་ན།
  • རྒན་ནོར་བྲང
    རྒྱལ་པོ་རྒྱལ་རིགས་འཛམ་བུ་གླིང་གི་དེ་ནི་རྒྱལ་པོ་རྒྱལ་རིགས་ཀྱི་དཔེར་ན་རང་དོན་ལ་ཞེན་ནས། དཔེར་ན་གཞན་ལ་གནོད་པ་ལ་སོགས་པ་དེ་འདྲས་ཀྱི་དཔེར་ན་ད།
  • རྒན་ནོར་བྲང
    སྐྱེ་བོ་འོང་་་་་་་འོང་།རང་སེམས་དེ་ཞིག་ནས་གང་ཟེར་དགེ་བ་དེ་ཡི་ཐོག་ནས་གང་འདྲས་ཅིག་བྱུང་ནས། 
  • རྒན་ནོར་བྲང
    བསྲུན་པའི་སེམས་ཀྱི་རྣོ་དབལ་རབ་ཏུ་སྦྱིན་ནས། དེ་ནི་དགེ་བཅུའི་ཁྲིམས་ཀྱིས་དེ་ནི་རྟག་ཏུ། དུས་རྟག་ཏུ་རྫོགས་ལྡན་གསར་པའི་དགའ་སྟོན་ལ་མགྲོན་དུ་འབོད་པར་ཤོག་ཅིག་ཟེར། དེ་ནི་ད་འོང་། དེ་འདྲས་བརྩམ་པའི་རྐྱེན་གྱིས་དེ་ནི་ད་བོད་མ་ཟད་འཛམ་བུ་གླིང་གི་དེ་ནི་རྒྱལ་པོ་རྒྱལ་རིགས་ཀུན། རྒྱལ་རིགས་ཐམས་ཅད་ཀྱི་དེ་ནི་ཨེ་རང་སེམས་མཐའ་དག་ཞིག་ནས་ད་ཨེནི་དགེ་བཅུའི་ཁྲིམས་ཀྱི་དུས་རྟག་ཏུ་དེ་ནི་རྫོགས་ལྡན་གསར་པ་ཟེར་ཡས་དེ། དེ་ནི་རྫོགས་ལྡན་གསར་པ་ཟེར་ཡས་དེ་ཡིན་ན་བསམ་ཀྱིས་མི་ཁྱབ་པ་ཞིག་ཡོའོ་རེད་པ།
  • རྒན་ནོར་བྲང
    རྫོགས་ལྡན་གསར་པའི་དགའ་སྟོན་མགྲོན་དུ་འབོད་པ་ཤོག་ཅིག་ཅེས། ཟེར་ན། རྫོགས་ལྡན་གསར་པའི་དེ་ནི་དགའ་སྟོན་མགྲོན་དུ་འབོད་པ་ཤོག་ཅིག་ཟེར། ད་དེ་འདྲས་ཀྱིས་དེ་ཡིན་ན་བསྔོ་པ་གནང་བཞིན། ཤིས་བརྗོད་ཀྱི་སྒོ་ནས་བསྟན་བཅོས་བརྩམས་པའི་ཉིང་དགོས་དང་ཉིང་དགོས་དེ་དག་སྐྱེ་རྒུའི་ཕན་བདེའི་ཆེད། ད་དེ་ཡིན་ན་བསྟན་བཅོས་བརྩམས་པའི་དགོས་པ་དང་། འོང་ཉིང་དགོས་ཉིང་དགོས་དེ་ཡང་དེ་ནི་ཉིང་དགོས་དེ་ག་གི་རེད་ཟེར་ན།
  • རྒན་ནོར་བྲང
    སྐྱེ་རྒུའི་དཔེར་ན་བདེ་བའི་ཆེད་དུ་བསྔོ་བ་གནང་བ་དེ་འདྲས་གཅིག་རེད་ཟེར། 
  • རྒན་ནོར་བྲང
    ཕན་བདེའི་གདུགས་དཀར་སྲིད་པའི་རྩེ་མོའི་བར༎  ཁོར་ཡུག་གཅིག་ཏུ་ཁྱབ་པའི་ལེགས་པའི་ལམ༎       སྟོབས་བཅུའི་རྩལ་འཆང་རིང་ལུགས་སྙིང་པོའི་བརྒྱུད༎ འགྲོ་བའི་བསོད་ནམ་དོན་དུ་འབད་གྱུར་ཅོག ཟེར།
  • རྒན་ནོར་བྲང
    ཨེ་ཞེས་གསུངས་ནས་འགྲོ་བའི་ཕན་བདེའི་གདུགས་དཀར་པོ་སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་འདི་ན་སྲིད་པའི་རྩེ་མོའི་བར་གྱི་ཁོར་ཡུག་གཅིག་ཏུ་ཁྱབ་པའི་ལེགས་པའི་ལམ་འབའ་ཞིག་སྟེ། སྟོབས་བཅུའི་རྩལ་འཆང་བ་རྒྱལ་བ་ཉིན་མའི་གཉེན་རྒྱལ་བ་ཤཱཀྱ་ཐུབ་པ་ཉིན་མའི་གཉེན་གྱི་རིང་ལུགས་སྙིང་པོའི་བརྒྱུད་ཞྭ་སེར་གྱི་ཅོད་པན་འཛིན་པའི་རིང་ལུགས་འདི་ཉིད་ལྷ་དང་བཅས་པའི་འགྲོ་བ་ཡོང་གི་བསོད་ནམས་ཀྱི་ཞིང་དུ་དཔལ་འབར་བར་གྱུར་ཅིག་ཟེར།
  • རྒན་ནོར་བྲང
    ལྷག་པར་དུ་འོང་། ཨེ་བསོད་ནམས་ཞིང་དུ་དཔལ་འབར་བར་གྱུར་ཅིག་ཅེས་ཤིས་བརྗོད་ཀྱི་སྒོ་ནས་མཇུག་བསྔོ་བས་རྒྱས་བཏབ་པའོ། ཟེར་ད་དེ།
  • རྒན་ནོར་བྲང
    དེ་དེ་རེད་པ་གང་ཟེར་དགོས་རེད་པས། འོང་། ཨེ། འདི་ཡིན་ན་དེ་ལྷ་དང་བཅས་པ་འགྲོ་བ་ཡོངས་ཀྱི་ཞྭེ་སེར་ཅོད་པན་འཆང་བའི་རིག་ལུགས་འཛིན་པ་དེ། ལྷ་དང་བཅས་པ་འགྲོ་བ་ཡོངས་ཀྱི་བསོད་ནམས་ཞིང་དུ་དཔལ་འབར་གྱུར་ཅིག་ཅེས་ཟེར་ནས།དེ་ནི་ཤིས་བརྗོད་ཀྱིཐོག་ནས་་མཇུག་བསྡུ་བ། མཇུག་བསྔོ་བ་རྒྱས་བཏབ་པ་དེ་འདྲས་རེད། ཟེར།
  • རྒན་ནོར་བྲང
    ད་ཅེས་གངས་རིས་བསྐོར་བའི་ལྗོངས་སུ་མཆོག་གསུམ་དམ་པར་གཏན་གྱི་སྐྱབས་སུ་འཛིན་ཞིང་། རྣམ་འདྲེན་ཟས་གཙང་སྲས་པའི་བསྟན་པ་རིན་པོ་ཆེ་ལ། དེ་ལ་ཕུ་དུད་སོགས་བླ་ན་མེད་པར་བཀུར་བའི་ས་ལ་སྤྱོད་པའི་ཟེར། 
  • རྒན་ནོར་བྲང
    འོང་།བླ་ན་མེད་པར་བཀུར་བས་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གྱི་མཛད་པ་རྣམས་གཙོ་བར་བརྗོད་པའིདེབ་ཐེར་རྫོགས་ལྡན། གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་་དབྱངས་ཞེས་བྱས་བ་འདིས་ཟེར་ན།
  • རྒན་ནོར་བྲང
    ད་འདི་དེ་ནི་དེབ་ཐེར་དེ་དེབ་ཐེར་དེ་གང་འདྲས་རེད་ཟེར་ན། 
  • རྒན་ནོར་བྲང
    དེ་ནི་འདི་གཙོ་བོ་ཡིན་ན་དེབ་ཐེར་གྱི་སྤྱི་དོན་དེ་རེད་པ། སྤྱི་དོན་དེ་འདིའི་ནང་ལ་གསུངས་པ་སྤྱི་དོན་དེ་ཡིན་ན་སྤྱི་དོན་དེ་ཡིན་ན། དེ་ནི་གངས་རིས་བསྐོར་བའི་མཆོག་གསུམ་གྱི་དམ་པ་དེ་ནི་རྣམ་འདྲེན་ཟས་གཙང་གི་སྲས་པོའི་བསྟན་པ་རིན་པོ་ཆེ་ལ་ཕུ་དུད་སོགས་བླ་ན་མེད་པར་བཀུར་བའི་ས་ལ་སྤྱོད་པའི་རྒྱལ་བློན་གྱི་མཛད་པ་རྣམས་གཙོ་བོར་བརྗོད་པ་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་ཚལ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་དེའི་མཚན་འདི། ཞེས་བྱ་བ་འདི་ཡང་ཟེར།
  • རྒན་ནོར་བྲང
    སྟོབས་ཀྱི་དབང་ཕྱུག་གུ་ཤྲཱི་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་བཀའ་བསྐུལ་བར། བསྐུལ་པ་པོ་སུ་རེད་ཟེར་ན། བསྟན་འཛིན་ཆོས་ཀྱི་རྒྱལ་པོས་བཀས་བསྐུལ་བ་ལ་དཔེར་ན། དེ་ནི་ཁུངས་དེ་ག་ལ་གཏུགས་པ་ཟེར་ན།
  • རྒན་ནོར་བྲང
    བཀའ་ཆེམས་བཀའ་ཁོལ་མ་དང་། ཐུགས་རྗེ་ཆེན་པོའི་ཆོས་སྐོར་དང་། ད་ག་ནང་ལྟར་མཁས་པའི་དབང་པོ་འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་དེ་ནི་དེབ་ཐེར་ལ་སོགས་པ་དེ་ཚོ་ལ་དེ་ཡིན་ན། དེ་ཡིན་ཟེར།
  • རྒན་ནོར་བྲང
    ཨེ་འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་དེབ་ཐེར་སྔོན་པོ་དང་། ཚལ་པའི་དེབ་ཐེར་དམར་པོ་སོགས་ད་དེ་འདྲས་ཀྱི་དཔེར་ན། ཁུངས་ལྡན་གྱི་ཡིག་ཆ་རྣམས་ལ་མཛད་པ་གནང་བ་ཡིན་ཟེར།
  • རྒན་ནོར་བྲང
    དཔྱད་པ་གནང་བྱས་གཙོ་བོ་ད་གཙོ་བོའི་དཔྱད་གཞི་གནང་ཡས་དེ་འདྲས་གཅིག་ཡིན་ན་ཡང་དེའི་ནང་ལ་དཔའ་བོ་གཙུག་ལག་ཕྲེང་བའི་མཁས་པའི་དགའ་སྟོན་ནང་ལ་ཡིན་ན་ལྔ་བ་ཆེན་པོས་ཅིག་གི་ཡིན་ན་མང་པོ་གཅིག་གི་དཔེར་ན་འདིའི་ནང་ལ་ཡིན་ན། ཨེ་དཔྱད་གཞི་གནང་བྱས་དེ་དེ་འདྲས་རེད་ཟེར།
  • རྒན་ནོར་བྲང
    མཁས་རློམ་དྲེགས་ལྡན་གྱི་ཁུངས་མེད་བླུན་ཚིག་གི་གླེགས་བམ་རྣམས་ལ་དགག་གཞག་ཅུང་ཟད་བགྱིས་ཏེ། ཟེར་ན། འདི་ད་ལྟ་སྐབས་དེ་དུས་ད་ལྟ་མཁས་རློམ་དྲེགས་ལྡན་ཁུངས་མེད་བླུན་ཚོག་གི་གླེགས་བམ་དག་ལ། རྣམས་ལ་ཟེར་ན། ད་གཞན་དག་ད་གཙོ་བོ་ད་ལྟ་ལྔ་པ་དེའི། མཁས་པའི་དགའ་སྟོན་གནས་དོན་འགའ་ཞིག་ཐད་ལ་ལྔ་པ་ཆེན་པོས་དེ་ནི་ཟུར་ཟ་གནང་བྱས། དེ་འདྲས་རེད་ཟེར།
  • རྒན་ནོར་བྲང
    ཅུང་ཟད་བགྱིས་ཏེ། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཙོང་ཁ་པའི་བསྟན་པ་ལ་ཞུགས་པས་རྒྱུ་མཚན་ཤེས་ནས་མི་ལྡོག་པའི་དད་པ་ཐོབ་ཀྱང་། འཐད་ལྡན་གྱི་དེ་ནི། རྒྱལ་བ་གཉིས་པའི་ཨ་ནི་བསྟན་པ་ཞུགས་པའི་ཨ་ནི་རྒྱུ་མཚན་ཤེས་ནས་མི་ལྡོག་པའི་དད་པ་ཐོབ་ཀྱང་། འཐད་ལྡན་གྱི་གྲུབ་པའི་མཐའ་རྣམས་ལ་ཆོས་སྤོང་གི་སྒྲིབ་པས་མ་སྦགས་ཤིང་། ད་དེ་འདྲས་ཀྱི་དད་པ་ཐོབ་པ་ཡིན་ནའི་དེ་ནི་རྦད་དེ་གྲུབ་མཐའ་གཞན་ལ་དཔེར་ན་ཆོས་སྤོངས་ཀྱི་སྒྲིབ་པས་མ་སྦགས་ཤིང་།
  • རྒན་ནོར་བྲང
    བཅུ་ཕྲག་རིག་པའི་གནས་ལ་བློ་གྲོས་ཀྱི་འཇུག་པ་ཅུང་ཟད་ཤར་བའི་ཟ་ཧོར་གྱི་རིགས་ལས། དེ་ནི་རྩོམ་པ་པོ་འདི་སུ་རེད་ཟེར་ན།
  • རྒན་ནོར་བྲང
    རྩོམ་པ་པོ་དེ་རེད་པ། བཅུ་ཕྲག་རིག་པའི་གནས་པ་བློ་གྲོས་ཀྱི་འཇུག་པ་ཅུང་ཟད་ཤར་བའི་ཟ་ཧོར་གྱི་རིགས་ལས་ལོ་རྒྱུས་སྨྲ་བའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་ཟེར་བྱས། ད་དེ་རྩོམ་པོ་སུ་རེད་འདུག་ཟེར་ན།
  • རྒན་ནོར་བྲང
    ཨ་ནི་མི་དེ་ཟ་ཧོར་གྱི་རིགས་ལས་བྱུང་བའི་ཟ་ཧོར་རིགས་ལས་བྱུང་བའི་ལོ་རྒྱུས་སྨྲ་བའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོའམ་ལྔ་པ་ཆེན་པོའི་མིང་ལ་ཡ་ངག་དབང་བློ་བཟང་རྒྱ་མཚོའམ། ཨེ་མཚན་གཞན་ལ་དེ་ནི་ཚངས་སྲས་བཞད་པའི་སྒྲ་དབྱངས་རྡོ་རྗེ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོ་གསར་པའི་སྡེས།ཟེར།
  • རྒན་ནོར་བྲང
    ཐུབ་བསྟན་ལང་ཚོ་གསར་པ་སྡེ་དེ་ནི་ཨ་ནི་བཀའ་རྩོམས་གནང་མཁན་གྱི་ཁོང་གིས་བརྩམ་གནང་བ་ཡིན་ཟེར།
  • རྒན་ནོར་བྲང
    དེ་ནི་ག་དུས་རྩམས་གནང་ཟེར་ན། འགྲོ་བའི་བླ་མ་ཤཱཀྱ་སེང་གེ་དྲག་པོ་ཞེས་པ་ལྕགས་སྤྲེལ་ལོར་ལ་བལྟམས་ནས་ལོཉིསྟོང་དྲུག་བརྒྱ་དང་ཉག་མ་གསུམ་འདས་པ་ཟེར་མཁན་དེ་ད།
  • རྒན་ནོར་བྲང
    འགྲོ་བའོ་བླ་མ་ཤཱཀྱ་སེང་གེ་དེ་ནི་བཅོམ་ལྡན་འདས་འོང་། སྟོན་པ་སྐུ་མྱ་ངན་ལས་འདས་ནས་ལོ་ཉི་སྟོང་དྲུག་བརྒྱ་དང་ཉག་མ་གསུམ་འདས་པ་འཕགས་པའི་ཡུལ་དུ་སཱརྱ་ཞེས་པ་གངས་ཅན་གྱི་ལྗོངས་འདིར་ཉི་མར་གྲགས་ཤིང་ཟེར།
  • རྒན་ནོར་བྲང
    མ་ཧཱ་ཙི་ནའི་རྒྱལ་ཁམས་སུ་དབང་ཐང་དང་བསྟུན་ནས་པའི་སྐད་གུའི་ཝུའི། གངས་ཅན་གྱི་ཕྱོགས་འདིར་རབ་བྱུང་བཅུ་གཅིག་པའི་ཆུ་མོ་ལུག་ད་དེ་ག་དུས་བརྩམ་པ་རས༼རེད༽།ཟེར་ན།
  • རྒན་ནོར་བྲང
    ད་དེ་རབ་བྱུང་བཅུ་གཅིག་པའི་ཆུ་མོ་ལུག་སྤྱི་པོ་ཆིག་སྟོང་དྲུག་བརྒྱ་ཞེ་བཅུ་ཞེ་སུམ་ལོ་ལ་ཨེ་བཀའ་རྩོམས་གནང་བ་དེ་འདྲས་རེད། ཟེར།
  • རྒན་ནོར་བྲང
    དྲུག་ཅུ་རེ་གསུམ། གཅིག་སྟོང་དྲུག་བརྒྱ་ཞི་བཅུ་ཞེ་གསུམ་འོང་། ལོའི་དེ་ནི་བརྗོད་པའི་གླུ་དབྱངས་ཀྱི་ཟླ་བ་ཟེར་ན།
  • རྒན་ནོར་བྲང
    ཟླ་བ་དགུ་པའི་ཚེས་པ་གསུམ་ལ་ཨེ། ཟླ་བ་དགུ་པའི་ཕྱོགས་སྔ་མའི་རྒྱལ་བ་དང་པོའི་ཚེས་གསུམ་ལ། ག་སང་རྒྱལ་སྟོང་རྫོགས་པ་ལྔ་ཟེར་མཁན་དེ་འདྲས་གཅིག་ཡོའོ་རེད་པ།
  • རྒན་ནོར་བྲང
    དེ་ཡིན་དུས་ཙམ་པ། རྫོགས་པ། ཟླ་བ་དང་པོའི་ཚེས་གསུམ་ལ་སྨན་ལྗོངས་ཀྱིས་སའི་ལྟེ་བ་དགའ་ལྡན་ཕོ་བྲང་གི་མེ་ཏོག་མངོན་པར་བཀྲ་བའི་ལྡིང་ཁང་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། ཟེར་ནས་ད་དེ།
  • རྒན་ནོར་བྲང
    ཡི་གེ་པ་ནི་སྐབས་དེ་དུས། བཀའ་རྩོམས་གནང་ཡས་ཀྱི་ཡི་གེ་པ་དེ་ནི་ངག་དབང་དགེ་ལེགས་ཡིན་ཟེར་། དེ་ནི་རྩོམ་པ་གནང་ཡས་ལྔ་པ་ཆེན་པོ་ཡིན་པ། དུས་ཚོད་དེ་ཡིན་ན། ཆིག་སྟོང་དྲུག་བརྒྱ་ཞི་ཅུ་ཞེས་གསུམ་ཡིན་ཟེར།
  • རྒན་ནོར་བྲང
    མངྒ་ལམ། ཟེར་ན། དེ་ནི་དགེ་ལེགས་གྱུར་ཅིག་ཟེར། ད་དེ་མཇུག་བསྡོམས་གནང་ཡས་དེ་འདྲས་རེད་ཟེར། ད་དེ་རིང་དེ་གྱད་དེ་གང་ག་ཞུས་ཚར་སང་། ལགས།