06 Nov 2012
1 hr 23 min 24 sec
Video Overview
Creators:
Unknown
This video is about Yilö who is from Chuma Village, Repgong in Amdo. He is discussing Tibetan Esoteric Songs (Gurma) and singing some of these songs.
- སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།
- བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།
- བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས།
- འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག
- དེང་མ་སྔོན་ལ་སེར་དགའ་ལྡན་པོ་དེས།
- ཨ་ཁུ་རྒྱ་ལགས་དེ་དེང་མ་གྲྭ་ལོག་རེད།
- ཁོས་སྐོལ་བ་རེད།
- ཁོས་སྐོལ་བ་དང་ཁོའི་སྐད་ཡག་པ་རེད།
- ཁོས་སྐོལ་ན་གང་ཡིན་སར་ཡོད།
- དཔེ་འཇོག་རྒྱུ་ན་ཁོས་ལུག་རྗེས་ནས་མགུར་མ་སྐོལ་ནས།
- གན་ནས་སྐོལ་ན་ཕ་རོལ་ནས་སྐོལ་ན་ཚུར་རོལ་ནས།
- གྱ་རྡལ་དང་སེང་གེ་སྒང་གི་ཕྱོགས་ནས་གོ་བ་རེད།
- དེ་ལྟར་སྐོལ་བ་རེད།
- དེ་ནས་མི་རིང་ལ་དེ་ལྟར་སྐོལ་བ་རེད།
- སྐོལ་ན་ངས་ཀྱང་དེ་ནས་སྦྱོང་བ་འདྲ་བྱས་ནས།
- ལྷག་པར་སྦྱང་མི་དགོས་མོད།
- དེ་ལྟར་བྱས་ན་མཚམས་རེར་ཡིད་ནས་ཡལ་འགྲོ།
- ཡིད་ནས་མི་ཡོང་།
- མ་ཡོང་ན་ཉིས་སྐོལ་བྱེད་པ་འདྲ་བཞི་སྐོལ་བྱེད་པ་འདྲ།
- བཞི་སྐོལ་བྱས་ནས་བཞི་སྐོལ་བྱས་རྗེས་བུད་མེད་ཚོར་ཁྱོད་ཚོས་མ་ཎི་ཐོན།
- བཞི་སྐོལ་ཐོན་དང་ཞེས་བཤད་ན།
- ཁོ་ཚོས་བཞི་སྐོལ་གཅིག་བཏོན་ན་ངས་མྱུར་དུ་ཤེས་འགྲོ།
- དེ་བས་མྱུར་དུ་བཞི་སྐོལ་སྐོལ་བ་རེད།
- དེའི་འཕྲོར་མི་ཎི་འདི་སྐོལ་ནས་ཅི་འདྲ་ཞིག་འགོར་ཡོད་དམ།
- མཉམ་ལས་ཁང་གི་རྗེས་ནས་ཕལ་ཆེར།
- ཕལ་ཆེར་མང་པོ་ཞིག་སྐོལ་ཡོད་རྒྱུ་རེད།
- ལོ་བཞི་བཅུ་ལྔ་བཅུ་ཙམ་འགོར་ཡོད་རྒྱུ་རེད་པ།
- བཞི་བཅུ་ལྔ་བཅུ་མི་ཤེས་མོད།
- ཉི་ཤུ་སུམ་ཅུ་ཙམ་འགོར་ཡོད་རྒྱུ་རེད།
- འདི་ལྟར་འདང་བརྒྱབ་ན་རང་གིས་མ་ཎི་སྐོལ་ན།
- དེ་ལྟར་མ་ཎི་རང་གིས་སྐོལ་ན།
- ངས་མ་ཎི་སྐོལ་ན།
- བུད་མེད་ཚོས་འདོན་ཡང་ཤེས་པ་རེད།
- དེའི་འཕྲོར་གཞན་ཞིག་ཡོང་ནས་དཔེ་འཇོག་རྒྱུ་ན་སྐོལ་ན།
- གོང་གི་སྟག་འབུམ་རྒྱལ་དེ་ཡོང་ནས་ཐེངས་གཅིག་སྐོལ།
- ཡར་གྱི་གཤེགས་པ་ཚང་ལ་གཅིག་སྐོལ་དུ་བཅུག་ནས།
- ཨ་མ་བཀྲ་ལེགས་ལས་ལེགས་མ་དེར།
- ཆོས་སྐོལ་བ་རེད་ཟེར།
- དེའི་སྔོན་བར་དུ་ངས་སྐོལ་བ་རེད།
- སྐོལ་མོད་དེ་ནི་རོང་བོ་དགོན་གྱི་གྲྭ་བ་རེད།
- ཧོར་ནག་ལ་ཁ་ལ་སོགས་པ་ན་མིང་དུ་གྲགས་འདུག
- དེས་སྐོལ་བ་རེད།
- དེས་མགུར་རྟ་དེ་སྐོལ་བས་བུད་མེད་ཚོས་མ་ཎི་འདོན་མི་ཤེས།
- དེ་ལྟར་མགུར་མ་གཅིག་སྐོལ་བྱུང་།
- མ་ཤེས་པར་བུད་མེད་ཚོས་འདོདན་མ་ཐུབ་པ་རེད།
- དེའི་འཕྲོར་ཡང་མགུར་རྟ་གཞན་ཞིག་སྐོལ་བྱུང་།
- དེ་ཡང་མ་ཤེས་པ་རེད།
- དེ་ནས་ཡར་ནང་གི་གཤེགས་པ་དེས་ཤེས་རྒྱུ་མ་རེད་ཟེར།
- ཁྱོད་ཀྱིས་མགུར་རྟ་ཤེས་ཀྱིན་མེད།
- སྐོལ་ཤེས་ཀྱིན་མེད།
- ཁོ་ཚོས་འདོན་ཤེས་ཀྱིན་མེད།
- དེ་བས་ང་ལ་ཁྱོད་ཀྱིས་སྐོལ་ཟེར།
- དེ་ནས་ངས་སྐོལ་བ་རེད།
- ངས་སྐོལ་ནས་དངོས་གནས་བཤད་ན་ལོ་ཉི་ཤུ་སུམ་ཅུ་ཞིག་འགོར་ཡོད་རྒྱུ་རེད།
- མགུར་མ་དང་མ་ཎི་སྐོལ་བ་འདི་གང་ནས་ཀྱང་སྐོལ་ན་ཆོག་གམ།
- རིའི་སྒང་ལ་སོགས་པ་ནས།
- རིའི་སྒང་ནས་སྐོལ་ན།
- བྱ་བྱིའུ་འབའ་འབུ་ཚང་མས་དེའི་སྒྲ་དེ་ཐོས་ནས།
- དེའི་གསུང་སྐད་དེ་སངས་རྒྱས་ཀྱི་གསུང་དེ་གོ་ན།
- ཅི་རེད་ཟེར་ན་དགོས་པ་བསམ་གྱིས་མི་ཁྱབ་པ་ཡོད་ཟེར།
- དེ་རེད།
- དེའི་འཕྲོར་ཅི་རེད་ཟེར་ན་རང་གི་སྒོམ་རྒྱུའི་ཕྱོགས་ནས།
- འཕགས་པ་སྤྱན་རས་གཟིགས་སྒོམ་ན།
- མ་གཞི་རེབ་གོང་སྐྱབས་མགོན་ཚང་རེད།
- ཤར་སྐལ་ལྡན་རྒྱ་མཚོ་ཚང།
- འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དངོས་སུ་ཡིན་པ་རེད།
- སྤྲུལ་བ་ཡིན་པ་རེད།
- དེ་ཡིན་པ་རེད།
- དེའི་འཕྲོར་བོད་གངས་ཅན་ཏེ་མ་ཎི་ཡིག་དྲུག་མ་འདི་བོད་གངས་ཅན་གྱི་ཤ་སྐལ་རེད།
- རེད་ལ།
- ཨོ་ལེད་་་ཆོས་སྐལ་ཡིན་པ་རེད།
- དེའི་སྟབས་ཀྱིས་བོད་གངས་ཅན་གྱི་མི་ཞིག་ལ་མི་ཎི་ཁྲིད་དགོས་པ་མ་རེད།
- དེའི་ནང་སྒོས་སུ་རེབ་གོང་གི་མི་ཞིག་ལ་མ་ཎི་འདི་བྱིས་པ་ཆུང་ཆུང་ཞིག་ལའང་།
- ད་བར་འདིར་ཅུང་ཙམ་ཉམས་བཞིན་འདུག
- དེ་ཁྱོད་ཚོས་བལྟས་ན་ཤེས་པ་རེད།
- དེང་མ་ཆོས་ལུགས་དེ་སོ་མ་དར་དུས།
- ང་ཚོས་ཅི་ཞིག་བྱེད་ཀྱིན་འདུག་ཟེར་ན།
- རང་བཞིན་གྱིས་བྱིས་པ་ཆུང་ཆུང་འདི་འདྲ་ལ།
- ལོ་ཅ་བཅུ་དང་ལོ་བརྒྱད་དགུ།
- དེ་དག་གིས་གན་ན་མ་ཎི་གྱེར་ནས་བསྡད་ཡོད་པ་ལ་བལྟས་ན་ཡ་མཚན་ཡིན།
- ཆུང་ཆུང་རྣམས་ཀྱིས།
- ད་ལྟ་སློབ་གྲྭར་འགྲོ་བཞིན་པ་དཔེ་འཇོག་རྒྱུ་ན།
- རྡོ་རྗེ་སྒྲོལ་མ་ལྟ་བུའི་བྱིས་པ་ཆུང་ཆུང་དེ་དག་གིས།
- ཆུང་ཆུང་དེ་དག་ཆུང་བ་རེད།
- སློབ་རིམ་དང་པོ་དང་གྲ་སྒྲིག་འཛིན་གྲྭའི་ལོ་ཚོད་དེ་དག་གིས།
- ཅི་བྱས་རུང་དེའི་ལྟ་དང་ལད་མོ་དེ་ཤེས་པ་རེད།
- དེ་ཁྲིད་དགོས་པ་ཞིག་མིན་པར་དེའི་དབྱངས་རྟ་དེ་ཤེས་པ་རེད།
- རེབ་གོང་སྐྱབས་མགོན་ཚང།
- འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་པའི་སྟབས་ཀྱིས།
- སྤྲུལ་སྐུ་ཡིན་པའི་སྟབས་ཀྱིས།
- ཤེས་ཟེར།
- དེ་འདྲ་ཡིན་མོད་ད་བར་མེད།
- དེང་རྒན་མོ་ལོ་ལོན་རྣམས་དང་།
- ཆེ་བ་དང་ལོ་སུམ་ཅུ་བཞི་བཅུ་ཅན་རྣམས།
- དེ་དུས་ཅི་བྱེད་ཟེར་ན་ཡུར་མ་ལ་སོང་ན།
- དེ་དུས་ཇ་ཁྱེར་སྤྱད་ལ་ཚ་དེམ་ཡོད་མོད།
- དེའི་ནང་དུ་ཇ་ཁྱེར་རྒྱུ་མ་རེད།
- དེ་དུས་ནགས་དང་ཨོང་བ་ཁྱེར་ནས།
- ཞིང་ཁར་སོང་ནས་ཇ་སྐོལ་ཏེ།
- དེའི་འཕྲོར་དེའི་ཤུལ་དེ་ནས་ཚ་གསུར་ཕུལ་ཏེ་མ་གཡེང་བྱས་ནས།
- དེ་ལྟར་བྱེད་པ་རེད།
- མ་ཎི་བཏོན་ནས་་་ཨ་ལེད།
- དེ་ལྟར་བཏོན་ན་དེའི་ཕན་ཡོན་ནི།
- མ་ཎི་བཏོན་པ་དང་ཚ་གསུར་ཕུལ་བའི་ཕན་ཡོན་ནི།
- ཅི་རེད་ཟེར་ན་ཞིང་དེར་འབུ་མི་ཞུགས།
- ཞིང་དེར་འབུ་མི་ཞུགས་ཟེར་བ་རེད།
- དེའི་འཕྲོར་དེ་ན་ཞིང་དེར་ཡུར་མ་ཡུར་བཞིན་པའི་མི།
- དེ་དག་ཚང་མ་སྟེ་ཡོངས་རྫོགས་ཀྱི་ཉེས་དམིགས་སྲུང་ཡོད་ཟེར།
- དེའི་དགེ་བ་ཡིས་དེ་ལྟར་བྱེད་ཟེར།
- དེ་འདྲ་ཡིན་མོད་ད་བར་དེ་མེད།
- དེ་མེད་ན་ཅུང་ཙམ་ཞིག
- མ་ཎི་འདོན་མཁན་ཡང་མང་པོ་མེད།
- རྒན་མོ་མང་པོ་ཡིས་ཀྱང་ཤེས་ཀྱིན་མེད་དམ།
- ཨ་་་རྒན་མོ་མང་པོ་ཡིས་ཀྱང་ཤེས་ཀྱིན་མེད་དམ།
- རྒན་མོ་རྣམས་ཀྱིས་འདོན་མོད།
- ཆེན་པོ་ཞིག་འདོན་གྱིན་མེད་པ་འདྲ།
- དེ་འདྲ་མང་པོ་འདོན་གྱིན་མེད།
- མ་ཎི་སྐོལ་བ་དེ་འདྲ་མང་པོ་མི་རིག
- བླ་མ་ཕེབས་དུས་མ་ཎི་སྐོལ།
- བླ་མ་ལ་སོགས་ཕེབས་དུས།
- ཨ་ལགས་དང་བླ་མ་ཕེབས་དུས་བུད་མེད་རྣམས་ཀྱང་སྔུན་ལ་བུད་ནས།
- སྐྱེས་པ་བུད་མེད་ཚང་མ་སྔུན་ལ་བུད་ནས།
- བསུ་མ་བྱེད་པ་དང་མ་ཎི་སྐོལ་བ།
- ཚུར་ལ་ཡོང་དུས་མ་ཎི་སྐོལ་ཏེ་བསུས་ནས་ཡོང་།
- ཕྱིར་འགྲོ་དུས་ཀྱང་མ་ཎི་སྐོལ་ནས་སྐྱེལ་ནས་སོང།
- ཁྱོད་ཀྱིས་ཤེས་པ་རེད།
- མགུར་མ་གཉིས་སྐོལ་བ་དང་བཞི་སྐོལ་བ་གཉིས་ལ་ཅི་ཞིག་གི་ཁྱད་པར་ཡོད།
- མགུར་མ་བཞི་སྐོལ་དེ་དཔེ་འཇོག་རྒྱུ་ན་ཅི་ཟེར་དགོས་ཟེར་ན།
- མགུར་མ་བཞི་སྐོལ་འདི་གན་ལ་སྐོལ་བ་རེད།
- ཁྱད་པར།
- ཉིས་སྐོལ་འདི་མི་འདས་སོང་ན་ཉིས་སྐོལ་སྐོལ་བ་རེད།
- རང་བཞིན་གྱི་བླ་མ་སོགས་གཤེགས་སོང་ན་མ་ཎི་བཞི་སྐོལ་སྐོལ་བ་རེད།
- མ་ཎི་བཞི་སྐོལ་སྐོལ་བ་རེད།
- དེའི་འཕྲོར་ཆོས་སྐོར་ལ་འགྲོ་དུས་ཆོས་སྐོར་མ་ཎི་ཞེས།
- ཡང་ཆོས་སྐོར་མ་ཎི་ཞེས་མ་ཎི་ཞིག་ཡོད།
- དེ་ལས་གཞན་སྐོལ་རྒྱུ་མེད།
- དབྱངས་རྟ་མི་གཅིག་གམ།
- དབྱངས་རྟ་མི་གཅིག་གི
- ཨོཾ་མ་ཎི་་་ཞེས་འདོན་པ་དེ་གོང་དུ་འདོན་བཞིན་པ་དེ་རེད།
- ངས་དེའི་ལྟ་བྱེད་མི་ཤེས།
- དེ་ལྟར་ཆོས་སྐོལ་གྱི་མ་ཎི་བཏོན་ན་མ་ཎི་ཡག་པོ་ཡིན་ལ།
- ཆོས་སྐོར་གྱི་མ་ཎི་ཡང་གཞན་ཞིག་ཡོད་པ་རེད།
- དེའི་འཕྲོར་རང་ཆོས་ཡིན་ན་མ་ཎི་བཞི་སྐོལ་སྐོལ་བ་རེད།
- ཆོས་སྐོར་གྱི་མ་ཎི་ཡང་འཇོག་པ་རེད།
- ཤིན་ཏུ་མང་པོ་མི་འཇོག
- མ་གཞི་མ་ཎི་བཞི་སྐོལ་དེ་བླ་མ་ཞིག་ཕེབས་པའམ་གང་ཞིག་ཡིན་ན།
- མ་ཎི་བཞི་སྐོལ་སྐོལ་བ་རེད།
- བླ་མ་ཕེབས་དུས་མ་ཎི་ཉིས་སྐོལ་དེ་མི་འདོན།
- མི་འདོན་པ་ཞིག་རེད།
- ང་ཚོ་ཆུ་མ་ཡི་འདི་རེབ་གོང་གི་མ་ཎི་སྐོལ་སྲོལ་གཞན་དང་མི་འདྲ་བ་ཨེ་རེད།
- དེ་ཅུང་ཙམ་འདྲ་རྒྱུ་མ་རེད།
- དེ་མི་འདྲ་བ་རེད།
- མི་འདྲ་བ་ཅི་ཡིན་གསལ་བོ་མི་ཤེས།
- ལ་ལས་རྒྱལ་བོ་དྲི་མེད་ཀུན་ལྡན་གྱི་མགུར་རྟ་དེ་སྐོལ་བ་རེད།
- མ་ཎི་འདོན་པ་རེད།
- བགུར་རྟ་བཞེངས་བ་དེ་ལྟར་འདོན་པ་ཡང་ཡོད་མོད།
- མ་གཞི་འདི་རེད།
- མ་གཞི་གཙོ་བོ་མ་ཎི་བཞི་སྐོལ་ཡིན་ན་བཞི་སྐོལ་གྱི་མགུར་བཞེངས་བ་རེད།
- མགུར་རྟ་དེ་འདོན་དགོས་པ་རེད།
- ཉིས་སྐོལ་ཡིན་ན་ཉིས་སྐོལ་གྱི་མགུར་རྟ་ཡོད་པ་རེད།
- དེ་རེད།
- དེ་ཡང་མི་གཅིག་པ་རེད།
- དེང་མ་སྟེང་གི་གཞི་མའི་དེ་ཡང་བཞི་སྐོལ་རེད།
- ཡིན་མོད་ང་ཚོའི་བུད་མེད་ཚོའི་བཞི་སྐོལ་དང་གཉིས་མཐོ་མི་ཐུག
- མཐོ་མི་ཐུག
- གྲྭ་བ་ཚོས།
- གྲྭ་བ་ཚོས་སྐོལ་བཞིན་པ་དེ།
- ངས་དེང་མ་སོ་མ་འདིར་སྐོལ་བའི་སྐབས་སུ།
- དེ་དུས་ག་གསར་བུ་རེད།
- ཨ་ཁུ་ཚོས་ལྔ་མཆོད་སོགས་ལ་ཁྱོད་ཡོང་ནས་ཁྱོད་ཀྱིས་གཅིག་སྐོལ་དང་ཟེར།
- ཨ་་་ང་ལ་ཁྱོད་ཀྱིས་གཅིག་སྐོལ་དང་ཟེར།
- ང་ཡོང་ནས་ཁྱོད་ཚོར་སྐོལ་ན་དེ་འགྲིག་པ་མ་རེད།
- དེ་འགྲིག་པ་མ་རེད།
- དེ་ངས་མ་སྐོལ།
- ན་ནིང།
- དེང་མ་་་དཔེ་འཇོག་རྒྱུ་ན།
- སྟེང་གི་གཞི་མ་དེར་དེ་དུས་གྲྭ་བ་བཞི་བཅུ་ལྔ་བཅུ་ཙམ་ཡོད་རྒྱུ་རེད།
- ཁོ་ཚོ་ཡང་མགུར་རྟ་དེར་ཡ་མཚར་ཡོད།
- ཉིས་སྐོལ་བྱེད་པ་དེར་ཡ་མཚར་ཡོད།
- དེའི་འཕྲོར་བཞི་སྐོལ་བྱེད་པ་དེར་ཡ་མཚར་ཡོད།
- བཞི་སྐོལ་བྱས་ན་ཁོ་ཚོས་སྐོལ་བ་ཡང་བཞི་སྐོལ་རེད།
- རང་བཞིན་གྱིས་བུད་མེད་ཚོས་འདོན་པ།
- ཁོ་ཚོ་སྟེ་སྟེང་གི་གཞི་མ་ཡི་བཞི་སྐོལ་དེ་དང་།
- དེ་སྐོལ་ན་དཔེ་འཇོག་རྒྱུ་ན།
- ཆུ་མ་ཡི་བུད་མེད་ཚོས་བཞི་སྐོལ་བཏོན་ན།
- དེ་གཉིས་མཐོ་མི་ཐུག
- དབྱངས།
- དེ་གཉིས་ཀྱི་དབྱངས་གཉིས་ཀ་མཐོ་མི་ཐུག
- ངས་སྐོལ་བ་དེ་བུད་མེད་ཚོས་བཞི་སྐོལ་སྐོལ་ན།
- ཅི་ལྟར་སྐོལ་ན་གཉིས་ཀ་མཐོ་ཐུག་པ་རེད།
- ཧ་ཅང་གིས་མཐོ་ཐུག་པ་རེད།
- ངས་སྐོལ་ན་ཁོ་ཚོས་འདོན་ཡང་ཤེས་པ་རེད།
- ངས་ཀྱང་ཁོ་ཚོས་བཏོན་ན་ངའི་ཡིད་ལ་མགུར་རྟ་མ་ཡོང་ན།
- རེ་མ་དེར་གཅིག་ཉན་དུས་ངའི་ཡིད་ལ་མགུར་རྟ་ཡོང་།
- དེ་རེད།
- ང་ཚོ་ཆུ་མ་ཡི་མགུར་རྟ་འདི་གཙོ་བོ་གང་ནས་དར་ནས་ཡོང།
- མ་གཞི་གཙོ་བོ་དར་ནས་ཡོང་ས་ནི་གན་ཡིན།
- རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་ཡི་གསུང་བའི་དེང་མའི་མགུར་དེ་ཡིན་པ་རེད།
- དེ་ཡིན་པ་རེད།
- བླ་མ་རྣམས་ཀྱིས་མགུར་གསུང་ནས།
- དེང་མ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་ཚང་དཔེ་འཇོག་རྒྱུ་ན་གན་རེད།
- ཡར་ན་ཅི་ཡོད་ཟེར་ན་གྲུབ་ཆེན་བརྒྱད་ཡོད།
- གྲུབ་ཆེན་བརྒྱད་པོ་རང་བཞིན་གྱི་སློབ་མ་རེད།
- དེའི་འཕྲོར་གྲུབ་ཆུང་བརྒྱད་ཡོད།
- གྲུབ་ཆུང་བརྒྱད་པོ་དེ་དུས།
- སྐྱབས་མགོན་རིན་པོ་ཆེ་ཚང་དངོས་གནས་ཕྱོགས་ཡོངས་ལ།
- རེབ་གོང་བཤད་དགོས་པ་མ་རེད།
- ལ་ལུང་དང་མགོ་ལོག་ལ་སོགས་པ་ནས།
- མཚོ་སྙིང་ལ་སོགས་པ་ནས།
- ཁོང་ཚང་གིས་ཚང་མ་ལ་སྒྲུབ་སྦྱོང་བྱས་ནས་མཐར་བ་རེད།
- དེ་དུས་ཀྱི་མགུར་རྟ་དེ་རེད།
- དེར་མགུར་རྟ་ཟེར་ན་མི་ཟེར་ན།
- མ་གཞི་གཙོ་བོ་མ་ཎི་བཞི་སྐོལ་གྱི་མགུར་རྟ་འདི་རེད།
- འདི་དེང་མ་ནས་རེབ་གོང་དུ་འདོན་པ།
- དེ་མ་གཏོགས་རོང་བོ་མ་ནིང་གིས་ཀྱང་ཡག་པོ་འདོན་ཤེས་རྒྱུ་མ་རེད།
- རོང་བོ་མ་ནིང་གི་དེ་དང་ང་ཚོའི་འདི་གཉིས་ཀྱང་གཅིག་རྒྱུ་མ་རེད་པ།
- གཅིག་རྒྱུ་མ་རེད།
- མི་གཅིག་གི
- གོ་ཡང་མི་གོང་།
- རེབ་གོང་མ་གཏོགས།
- མ་དབྱངས་ངམ་མ་ཎི་བཞི་སྐོལ།
- ཉིས་སྐོལ།
- ཆོས་སྐོར་གྱི་མ་ཎི།
- འདི་འདྲ་འདོན་ཤེས་མཁན་ཡོད་རྒྱུ་མ་རེད།
- དེ་དུས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་ཚང་དེར་ཕེབས་ནས།
- སེམས་བསྐྱེད་སྤྱོད་པའི་དབང་གསུངས།
- དེ་དུས་ང་ཞོར་ལས་འདྲ་ཞིག་ལ་འགྲོ་བཞིན་ཡོད།
- བཟོ་བྱེད་དུ་འགྲོ་བཞིན་ཡོད།
- ཡར་ལ་རྐང་ཚ་སོང་།
- ང་དེ་རིང་ཐོན་པ་ཡིན་ན་སང་ཉིན་པན་ཆེན་རིན་པོ་ཆེ་སྐུ་འབུམ་ལ་ཕེབས་བཞིན་ཡོད་ཟེར།
- དེ་ནས་ངས་བསམ་ན་འཁོར་བ་ཡི་དོན་དག་འགྲུབ་རྒྱུ་ཡོད་པ་མ་རེད།
- མ་གཞི་གཙོ་བོ་བླ་མ་ཡི་དབང་ཞིག་ཐོབ་དགོས།
- སེམས་བསྐྱེད་སྤྱོད་པའི་དབང་ཐོབ་ན་ཅི་མ་རུང་།
- དེ་ནས་ཕྱིར་རླངས་འཁོར་ལ་བསྡད་ནས་ཡོང་།
- ཕྱིར་ཡོང་ནས་ང་སྐུ་འབུམ་དུ་པན་ཆེན་རིན་པོ་ཆེ་ཚང་མ་ཕེབས་པར།
- ཉི་མ་བཅོ་ལྔ་ཉི་ཤུ་ཙམ་ལ་སྒུག
- དེ་དུས་བུད་མེད་རྣམས་ས་ཆ་ཕྱོགས་མང་པོ་ནས་ཡོང་ཡོད་མོད།
- འབྲོག་པ་དང་རོང་བ་མང་མོད།
- རོང་བོ་མ་ནིང་ཡིན་ནམ་གང་གི་རྒན་མོ་གཉིས་ཀྱིས་མ་དབྱངས་ཤིག་བྱས་སོང་།
- དེ་མ་གཏོགས་མ་དབྱངས་བྱེད་མཁན་གཅིག་ཀྱང་མེད་ལ་སེམས་ཅན་ཡ་མཚར་ཐལ།
- དེར་བལྟས་ན་ང་ཚོ་རེབ་གོང་གི་མ་ཎི་ཡ་མཚར་ཞིག་རེད།
- ས་ཆ་གཞན་ན་མ་དབྱངས་འདི་མེད་དམ། ཡོད་པ་མ་རེད།
- འབྲོག་པ་ས་ཆ་ན་ཡོད་པ་མ་རེད།
- མེད་དེ་ང་ཚོ་རེབ་གོང་ས་ཆ་རེད།
- རྩེ་ཁོག་ན་མེད་ཀི།
- ཡབ་རྗེ་བླ་མ་སྐུ་ཕྲེང་དུ་བ་ཚང་ཡིན་ནམ།
- མགུར་མ་གསུང་མཁན།
- དེ་ནི་དེང་མ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་ཁོང་གི་སྐུ་ཕྲེང་གི་ཐོག་མ་ནས་ཡིན་པ་རེད།
- སྐུ་ཕྲེང་དང་པོ་ནས་ཡིན་ནམ།
- ཨོ་ལེད་་་དང་པོ་ནས་ཡིན་པ་རེད།
- ད་བར་སྐུ་ཕྲེང་བརྒྱད་པ་རེད།
- དེ་དུས་ཁོང་ཚང་བྲག་དང་བྲག་ཁུང་འགྲིམ་ནས།
- དེ་འཕྲོར་ཅི་རེད་ཟེར་ན་ཁོང་ཚང་གིས་མགུར་མ་གསུང་བ་རེད།
- མགུར་གསུང་ན་རི་དྭགས་ཐམས་ཅད་ལ་གསུངས།
- དེའི་འཕྲོར་དཔེ་འཇོག་རྒྱུ་ན་གཞི་བདག་ཐམས་ཅད་ཀྱི་གྲོགས་བྱས་ནས།
- གྲོགས་བྱས་ཏེ་མཐུན་རྐྱེན་སྐྲུན་ནས།
- ཨ་མྱེས་བྱ་ཁྱུང་འདི་སྡོད་ཁང་ནང་དུ་བསྡད་ན།
- སྡོད་ཁང་ནང་དུ་བཞུགས་ནས་བསྡད་ན།
- ཁོང་ཚང་གྲུབ་ཆུང་རེད།
- དེ་ནས་བཞུགས་ཏེ་བསྡད་ན་ཨ་མྱེས་བྱ་ཁྱུང་གིས་འབྲོང་གི་རྭ་ཡི་ཟེའུ་ཏོ་ནང་དུ།
- འབྲོང་ཞོ་ཁྱེར་ནས་ཡོང་ཟེར།
- དེ་འདྲ་ཡ་མཚན་ཡིན་པ་རེད།
- བྱ་ཁྱུང་གི་སྐྱབས་མགོན་རིན་པོ་ཆེ།
- དེའི་འཕྲོར་མར་གྱི་ཟངས་དཀར་ཐང་གི་གན་ན་ཡང་བྲག་ཁུང་ཞིག་ཡོད་པ་རེད།
- གན་ནས་བཞུགས་ན་ཡང་དེ་ལྟར་ཡོང་ཟེར།
- དེ་ཡ་མཚན་ཡིན་པ་རེད།
- རྒྱ་ལོ་ཚེས་གཅིག་སྔ་མོ་ལོ་གསར་ཁྱེར་དགོས།
- དེ་ལྟར་མགུར་གསུང་ནས།
- ཐ་དང་བྲག་གི་ནང་ནས་མགུར་གསུང་ན།
- ཐ་ན་བྱ་རི་དྭགས་ཐམས་ཅད་ཀྱིས་མགུར་གསུང་པ་དེར་ཉན་ནས།
- རི་དྭགས་གིས་ཀྱང་།
- དེ་ལྟར་བྱེད་ཟེར།
- རྗེ་བླ་མ་ཚང་གིས་དེང་མ་མགུར་གསུང་དུས་དབྱངས་རྟ་མང་རྒྱུ་རེད་པ།
- དབྱངས་རྟ་མང་རྒྱུ་རེད་མོད།
- ཕལ་ཆེ་བ་མ་ཎི་བཞི་སྐོལ་དང་ཉིས་སྐོལ།
- ཆོས་སྐོར་གྱི་མ་ཎི་མི་ཤེས་མོད།
- མ་གཞི་དེ་ཡིན་པ་རེད།
- དེ་ནས་བཟུང་དར་ནས་ཡོང་བ་རེད།
- དེ་མིན་ན་གང་།
- ཧོར་ནག་གི་མ་ཎི་དེ་ཅི་ལྟར་རེད།
- ཧོར་ནག་གི་མ་ཎི་དེ་ཅི་ལྟར་ཡིན་པ་མ་ཤེས།
- རོང་བོ་དགོན་གྱིས་ཤེས་པ་རེད།
- རོང་བོ་དགོན་དེང་མ་ནས་དེ་རེད།
- དེ་ང་ཚོས་འདོན་ཤེས་ས་མེད་ཀི།
- མ་ཎི་ཡག་པ་འདྲ།
- མགུར་རྟ་དེ་ཡང་སྐྱབས་མགོན་རིན་པོ་ཆེ་ཡི་མགུར་རྟ་ཡིན་ན་ཁྲིག་ཁྲིག་མེད།
- དེ་ཡིན་རྒྱུ་རེད་འདོད།
- མགུར་རྟ་ཡག་པོ་རེད།
- དེ་ཡང་ཀློག་བྱུང་ཕྱོགས་ཀྱིས་ཧོར་ནག་མ་ཎི་འདོན་པ་རེད་ཟེར།
- དེ་མ་གཏོགས་ང་ཚོ་ཆུ་མ་ཡིས་འདོན་ཤེས་པ་མ་རེད།
- རོང་བོ་ཕྱོགས་ཀྱིས་ཀྱང་འདོན་ཤེས་པ་མ་རེད།
- རོང་བོ་ཕྱོགས་ཀྱིས་འདོན་པ་ཡང་ང་ཚོ་ཆུ་མ་ཡི་མ་ཎི་འདི་རེད།
- ལ་ལར་མེད།
- དེ་འདྲ་རེད།
- ཆུང་དུས་ཁྱོད་གང་ནས་ནར་སོན།
- ཆུང་དུས་ང་སྟེང་གི་གཞི་མ་ཡི་གྲྭ་བ་རེད།
- དེང་མ་ང་རོང་བོ་གྲྭ་ཚང་གི་གྲྭ་བ་རེད།
- ང་ལོ་བཅུ་དྲུག་གི་སྟེང་ནས་གྲྭ་ཚང་གི་གྲྭ་བ་བྱས།
- ལོ་བརྒྱད་ཀྱི་སྟེང་ནས་ང་གྲྭ་བ་བྱས།
- གྲྭ་བ་བྱས་ནས་ལོ་བཅུ་དྲུག་བར་དུ་བསྡད།
- ལོ་བཅུ་དྲུག་ནས་བཟུང་སྟེང་གི་གཞི་མ་ནས་གྲྭ་བ་བྱས་ཏེ།
- བྱམས་ཁང་ནང་དུ་མཆོད་པ་བཤམས་ནས།
- ལོ་བཅུ་དྲུག་གི་སྟེང་ནས་ངས་ད་དུང་ཡི་གེ་གཅིག་ཀྱང་མི་ཤེས།
- ཀ་ཁ་ཡང་མི་ཤེས།
- ཨ་ཁུ་གཤེགས་པ་དེ་གཤེགས་སོང་།
- ཨ་ཁུ་གཤེགས་པ་ཡིས་ཁ་ཆེམས་ལ།
- ང་ཤི་སོང་ན་ཤུལ་ནས་ཁོ་རང་འདུག་ཏུ་བཅུག་ཅེས།
- དེ་ལྟར་ཁ་ཆེམས་བཞག་པ་རེད།
- ང་ལོ་བཅུ་དྲུག་གི་སྟེང་དུ་ཁོང་གཤེགས་སོང་བ་རེད།
- གཤེགས་སོང་བས་ཁང་ཆག་ནང་ནས་ང་བསྡད།
- དགོང་ཞག་ཚང་རག་བར་དུ་ངས་ཚ་གསུར་སོགས་བཅོས་ནས་ཆད་དུ་མ་བཅུག
- དེ་ལྟར་བྱས་པ་དང་དེའི་འཕྲོ་ནས།
- རྗེས་ནས་སྐྱབས་འགྲོ་ཞིག་ཁྲིད་དུ་བཅུག
- སྐྱབས་འགྲོ་ཁྲིད་མཁན་ཡང་རང་ལས་ཆེ་བ་རྣམས་ལ་ཁྲིད་དུ་བཅུག
- དེའི་འཕྲོར་ཡར་མར་ལ་སོང་ནས་ང་ལ་དཔེ་ཆ་ཞིག་ཁྲིད་ཅེས།
- དེར་ཁྲིད་དུ་བཅུག
- དེ་ལྟར་ཁྲིད་པ་རེད།
- དགེ་རྒན་མེད།
- ཁྲིད་རྗེས་ཀ་ངོ་ཡིག་ཆོད།
- དེ་དུས་གྲྭ་བ་ཚོ་འབྲོག་པ་ས་ཆར་རྒྱུ་བཙལ་དུ་འགྲོ།
- རང་གིས་དེ་ལྟར་རྒྱུ་བཙལ་རྒྱུ་མ་ཐུབ་པར།
- མཆོད་པ་སྟེ་བྱམས་ཁང་ནང་ནས་མཆོད་པ།
- གཉིས་པའི་ཚེས་གཅིག་ནས་བརྒྱད་པའི་ཚེས་གཅིག་བར་དུ་མཆོད་པ་བཤམ་དགོས།
- མཆོད་པ་བཤམ་ན་ཉིན་རེ་ལ་མཆོད་པ་བཤམ་མཁན་མི་ལྔ་ཡོད།
- མི་ལྔ་བོར་ཐེབ་ཙེ་ཉིས་བརྒྱ་རེ་ཡོད།
- དེ་ལྟར་ཡིན་ན་ཉིན་རེ་ལ་མཆོད་པ་སྟོང་གསུམ་བཤམ་པ་རེད།
- དེའི་ནང་དེར་འདོན་པ་སྐྱབས་འགྲོ་དང་དམིགས་བརྩེ་མ།
- སྐྱབས་འགྲོ་བརྒྱ་དང་དམིགས་བརྩེ་མ་བརྒྱ།
- དེ་ལྟར་འདོན་པ་འདོན།
- བླ་མཆོད་ཀྱི་མཆོད་པ་གཅིག་བཤམ་དགོས།
- ཉིན་མོའི་གུང་ཚིགས་དེར་དེ་་ལྟར་བྱེད་པ་དང་དེའི་རྗེས་ཀྱི་ཉིན་མོའི་གུང་ཚིགས་དེར།
- སྨན་བླ་འདོན་པའམ་སྨན་ཐུང་བཏོན་ནས་མཆོད་པ་བཤམ་དགོས།
- དབྱངས་ལ་གྱེར་ནས།
- དེའི་འཕྲོར་གུང་ཚིགས་གྲོལ་བ་དེ་རེད།
- དེའི་ནང་དེར་མང་བ་རེད།
- མཎྜལ་བརྒྱ་དང་ཕྱག་བརྒྱ།
- དེའི་འཕྲོར་ད་དུང་དེའི་ནང་དུ་འདོན་པ་མང་པོ་ཡོད་པ་རེད།
- དེ་ལྟར་བྱེད་པ་དང་དེའི་འཕྲོར་ཉིན་གུང་གུང་ཇ་འཐུང་རྗེས་ཕྱིར་ཡོང་ནས་ཐེབ་ཙེ་ཕྱིས་རྗེས།
- ཐེབ་ཙེ་འབྱིད་ཞོར་དུ་འདོན་པ་འདོན་རྒྱུ་མང་བ་རེད།
- དེ་འདོན་པ་དང་དེ་བཏོན་རྗེས།
- སྔ་དྲོ་སྨོན་ལམ་ལྔ་བོ་ནང་གི་ལ་ལ་བཏོན།
- ལ་ལ་དེའི་རྗེས་ནས་བཏོན།
- དེ་ལྟར་བཏོན་པ་དང་ཉིན་གུང་གི་ཇ་འཐུང་རྗེས་ཡང་མཆོད་པ་གཅིག་བཤམས།
- གཅིག་བཤམ་རྗེས་དེའི་ཐེབ་ཙེ་དེ་འབྱིད་ཞོར་དུ།
- ཆོས་སྐྱོང་གི་རིགས་ལ་བསྟོད་པ་འདོན།
- ཆོས་སྐྱོང་གི་བསྟོད་པ་བཏོན་རྗེས།
- དེའི་འཕྲོར་ཕྱག་མཆོད་ཀྱི་ཐེབ་ཙེ་འདི་འདྲ་བཅུ་བཞི་ཡོད།
- དེ་དང་མི་འདྲ་བ་ཞིག་ཕྱིས་ནས།
- ཅོག་ཙེ་ཐོག་མི་འདྲ་བ་ཞིག་ཕྱིས་ནས།
- དེ་ནས་མཆོད་པ་དེ་བཤམས་ནས།
- དེའི་འཕྲོར་མཆོད་རྔ་ལ་སོགས་རྡུང་ནས།
- དུང་ལ་སོགས་པ་བུས་ནས།
- དེ་ལྟར་དགེ་པ་ཚོགས་ཕྱོགས་ལ་བསྔོས་ནས།
- བསྔོས་རྗེས་ཚར་སོང་བས་དེ་རེད།
- དེའི་དུས་སྐབས་དེར་ང་དང་ཨ་ཁུ་ཤེས་རབ་གཤེགས་པ་དེ།
- ཨ་ཁ་ཤེས་རབ་གཤེགས་པ་དེ་ཡོད།
- དེ་ཁ་བཏོན་ཡག་པོ་འདོན་པའི་ཨ་ཁུ་ངར་བ་ཞིག་རེད།
- ཨ་ཁུ་བསམ་གཏན་གཤེགས་པ་དེ་ཁྱོད་ཀྱིས་ཤེས་རྒྱུ་མ་རེད།
- དེ་གཉིས་ནི་སྟེང་གི་གཞི་མ་ཡི་ཨ་ཁུ་དྲང་མོ།
- ཅི་ཟེར་ཞེས་ན་ཨ་ཁ་ཡག་པོ་གཉིས་རེད།
- དེ་གཉིས་ཀྱིས་ང་ལ་ཁྱོད་དབུ་མཛད་བྱོས་ཟེར།
- ཁྱོད་ཀྱིས་མགོ་ཚུགས།
- ང་ལ་དེ་དུས་སྐད་ཡག་པོ་ཡོད།
- ད་བར་ངས་འདང་བརྒྱབ་ན་ང་ལ་དཔེ་ཆ་བལྟ་རུ་འཇུག་ཆེད་དུ་དེར་བཞག་པ་རེད།
- དེ་བས་ངས་མཆོད་པ་བཤམ་པ་དང་འདོན་པ་འདོན་ཞོར།
- མཆོད་པ་བཤམ་པའི་འདོན་པ་གནད་དོན་ཞིག་མ་རེད།
- དེ་ལྟར་ཤེས་སོང་།
- དེ་དུས་ལོ་བཅུ་དྲུག་བཅུ་བདུན་དེ་འདྲ་རེད།
- མཆོད་པ་བཤམ་པ་མིའི་ཚབ་ཏུ་བཤམ་པ་རེད།
- མིའི་ཚབ་ཏུ་བཤམ་ན་ཟླ་གཅིག་ལ་སྒོར་ལྔ་རེ་རེད།
- དེར་ཡང་སྒོར་མོ་མི་སྟེར།
- གཟན་རྙིང་བ་རེ་སྟེར་བ་འདྲ།
- རྙིང་བ་ཧ་ཅང་རྙིང་བ་རེད།
- ཧ་ཅང་རྙིང་ཡོད་པ་དེ།
- གཟན་རྙིང་བ་ཞིག་བྱིན་ན་དེའི་ཆོག་ནས།
- ཟླ་བ་བཞི་རེ།
- གཉིས་པ་གསུམ་པ་བཞི་བ་ལྔ་བ་དྲུག་པ།
- བདུན་པ་དང་བརྒྱད་པ།
- རེད་ལ།
- བརྒྱད་པའི་ཚེས་གཅིག
- ཟླ་བ་དྲུག་ལ་བཤམས་པ་རེད།
- ཟླ་བ་དྲུག་ལ་བཤམ་ན་མཚམས་རེར་རང་གི་སྐལ་དེ་རེད།
- ཟླ་གཅིག་ཙམ་ལ་བཤམ་དགོས།
- དེའི་རྗེས་ནས་སེམས་ཅན་གྱི་ཚབ་ཏུ་བཤམ་ན་ཟླ་གསུམ་རེ་དང་བཞི་རེ།
- ཟླ་བ་གཉིས་རེ།
- དེ་ལྟར་ཚབ་ཏུ་བཤམས་པ་དེར་གླ་ཡང་ཆེན་པོ་མེད།
- ད་བར་འདང་བརྒྱབ་ན་དེ་བཟང་གི་འདོད།
- དེར་གླ་བྱིན་རུང་ཆེན་པོ་ཞིག་མེད།
- གླ་ཉུང་ཉུང་ཞིག་བྱིན་པ་དེ་བཟང་མོད།
- མ་བྱིན་རུང་བཤམས་པ་ཡིན།
- དེ་ལྟར་རང་གིས་བཤམས་ནས།
- དེ་ལྟར་ཉི་མ་བཏང་ནས།
- རྗེས་ནས་ལྔ་བརྒྱད་ཐོན་པ་རེད།
- ལྔ་བརྒྱད་ཐོན་པས་དེ་རེད།
- ལྔ་བརྒྱད་བར་དུ་བསྡད་པ་རེད།
- དེང་མ་ང་ཚོའི་སྟེང་གི་གཞི་མ་ན་གྲྭ་བ་ག་ཚོད་ཡོད་རྒྱུ་རེད།
- ལྔ་བརྒྱད་ལོར་གྲྭ་བ་བརྒྱ་དང་ལྔ་བཅུ་དྲུག་བཅུ་དེ་འདྲ་ཡོད་རྒྱུ་རེད།
- ད་བར་སྟེང་གི་གཞི་མ་ན་འདུ་ཁང་ཡོད།
- བྱམས་ཁང་ཡོད་ཀི།
- ཡར་གྱི་བན་ཁང་ཡོད་ཀི།
- དེ་དག་མ་གཏོགས་མེད་ཀི།
- ཡོད་པ་མ་རེད།
- དེང་མ་ཡང་དེ་ཚོ་རེད།
- ད་བར་ཡོད་པ་གན།
- ལྔ་བརྒྱད་ཀྱི་རྗེས་སུ་ཡང་བསྐྱར་ལས་པ་ཡིན་ནམ་དེང་མ་ཡོད་པ་དེ་ཡིན།
- ཡང་བསྐྱར་ལས་པ་ཡིན་ཏེ་མ་ལས་ན་གང་ན་ཡོད།
- མགོན་ཁང་གི་འདུ་ཁང་བཤིག་པ་རེད།
- བཤིག་ནས་ཁྱེར་ཡོང་སྟེ་འདི་ནས་འབུད་ཤིང་བྱས་པ་རེད།
- དེའི་འཕྲོ་ནས་མགོན་ཁང་ཡང་དེ་ལྟར་བཤིག་པ་རེད།
- མགོན་ཁང་དེ་ཡུན་རིང་ལ་བཤིག་མ་ཐུབ་པར་ཤིང་རུལ་ནས།
- རུལ་ནས་ས་ཆུ་མེ་རླུང་ལ་འཐིམ་སོང་།
- དེ་འདྲ་རེད།
- བཤིག་སོང་བ་རེད།
- རྗེས་ནས་དེ་ཡང་བསྐྱར་ལས་པ་རེད།
- དེ་རྣམས།
- ཡང་བསྐྱར་ལས་པ་རེད།
- བྱམས་ཁང་ཡང་དེ་རེད།
- བྱམས་ཁང་ཡང་དེང་མ་ཡི་བྱམས་ཁང་དེ་མ་རེད།
- དེའི་ཤུལ་ན་དེང་མ་ཡི་རྗེ་བཙུན་བྱམས་པ།
- ཆུ་མེད་བྱམས་པ་ཧྲིལ་པོ་རེད།
- ཆུ་མེད་གྲམ་པ་ནགས་ཚལ་རེད།
- ཆུ་མེད་ནས་ཕྱེ་དགུ་བརྩེགས་རེད་ཅེས་པ་དེ་ནས་དར།
- ཅི་ཟེར་ཞེ་ན།
- ཆུ་མེད་བྱམས་པ་ཧྲིལ་པོ་ཅིའི་ཕྱིར་ཡིན།
- ཆུ་མེད་བྱམས་པ་ཡིས་རེབ་གོང་ཁོག་འདིར།
- ནད་ཅིག་གམ་སིབ་ཡིན་པ་འདྲ།
- ནད་ཡམས་ཤིག་རེད།
- བྱིས་པ་མང་པོ་བཅོམ་ནས།
- རྗེ་བཙུན་བྱམས་པ་ཡིས་ནད་དེ་བཞེས་པ་རེད།
- ནད་དེ་བཞེས་རྗེས་ཉིན་བདུན་ལ་བྱམས་ཁང་སྒོ་མ་ཕྱེ།
- ཨེ་ཤེས།
- ཆུ་མེད་བྱམས་པ་ཡིས་སིབ་བཞེས།
- ཆུ་མེད་བྱམས་པ་ཡིས་སིབ་དེ་བཞེས་པ་རེད།
- སེམས་ཅན་ལ་ན་ནས་ཡོང་བ་དེ་ཁོང་གིས་བཞེས་རྗེས།
- ཉིན་བདུན་ལ་སྒོ་མ་ཕྱེ་པ་རེད།
- སྒོ་ཕྱེ་ནས་གཅིག་བལྟས་དུས།
- ངས་ཤེས་དུས་ཆུ་མེད་བྱམས་པ་ཧྲིལ་པོ་རེད་ཟེར་བ་དེ་ཅིའི་ཕྱིར་ཧྲིལ་པོ་ཡིན་པ།
- ཞལ་ཕུལ་ཡོད་མོད།
- འདི་དང་འདི་དང་རྐང་པའི་འདི་དང་།
- ང་ཚོའི་སྟེང་དུ་སྲན་པ་བརྡལ་བ་ལྟར་བདེ་བདེ་ཞིག་རེད།
- ལ་ལ་བཀོག་ནས་ཐང་ལ་ལྷུང་ཡོད་པའང་ཡོད།
- ལོག་ལོག་བྱས་ནས།
- ཨོ་ལེད།
- ཡ་མཚན་ཡིན་པ་རེད།
- ཆུ་མེད་བྱམས་པ་ཧྲིལ་པོ་ཟེར་བ་ཤེས་སམ།
- ལྔ་བརྒྱད་ཀྱི་སྔོན་དུ་ངས་མཆོད་པ་བཤམ་དུས།
- ཞབས་ལ་བཏང་ཡོད་མོད་ཞབས་ཕྲ་ཡོད།
- བདེ་བདེ་ཞིག་རེད།
- སྟེང་དུ་རྨ་ཆུང་ཆུང་འདྲ།
- ང་ཚོ་མིའི་ལུས་སྟེང་དུ་རྨ་ཆུང་ཆུང་བུད་ཡོད་པ་འདྲ།
- དེ་འདྲ་གཅིག་དང་གཅིག་འདྲེས་ནས།
- དེ་འདྲ་ཞིག་རེད།
- དེ་ལྟར་ནད་དེ་བཞེས་པས་ནད་ཡམས་དེ་ཆད་སོང་ཟེར།
- ཤེས་སམ།
- ད་བར་གྱི་བྱམས་པ་གན་ལྔ་བརྒྱད་ཀྱི་ནང་དུ་མ་བཤིག་གམ།
- ད་བར་གྱི་བྱམས་པ་དེ།
- ད་བར་གྱི་བྱམས་པ་འདིའི་ཤུལ་དེ།
- དེའི་ཁྲི་དང་རྗེ་བཙུན་བྱམས་པ་ཡི་འབག་གཉིས།
- མགོ་ན་ཁང་པ་སོགས་མེད།
- དེ་ལྟར་ཅི་ཟེར་ཞེ་ན།
- རྗེ་བཙུན་བྱམས་པའི་ཁྲི་ཡི་ཤུལ།
- ཤེས་སམ།
- ཤུལ་དེ་རུ་ས་ཐོ་ཡི་རྣམ་པ་བྱས་ནས་ཡོད་པ་རེད།
- དེ་ཅི་ཡིན་ཟེར་ན་རྗེ་བཙུན་བྱམས་པ་མེད་རུང་དེའི་བྱིན་རླབས།
- དེའི་ས་ཆ་དེར་འཐིམ་ནས་བསྡད་ཡོད་ཟེར།
- དེའི་སྟེང་དེ་ནས་རྗེ་བཙུན་བྱམས་པ་གན་བཞེངས་པ་རེད།
- གན་བཞེངས་དུས་ཡ་མཚན་ཡིན་པ་རེད།
- ལྔ་བརྒྱད་ཀྱི་རྗེས་ནས།
- ལྔ་བརྒྱད་ཀྱི་རྗེས་ནས་ཆོས་ལུགས་རང་དབང་ཡིན་དུས་བཞེངས་པ་རེད།
- དེ་དུས་སྟེང་གི་གཞི་མ་འདི་ལས་དུས།
- སྟེང་གི་གཞི་མ་ཡོངས་རྫོགས་དེ་དུས་ད་དུང་བཞེངས་མེད།
- དེང་མ་དེང་མགོར་རྗེ་བཙུན་བྱམས་པ་བཞེངས་པ་རེད།
- བཞེངས་དུས་མ་ནིང་གི་ཁོན་ཐར་རྒྱལ་དང་།
- འབག་བཟོ་དེ་ཕ་རོལ་གྱི་བྲིས་ཚང་ཟེར་བའི་ཨ་ཁ་རྡོ་ལོ།
- དེ་ཡིས་ཡོན་བདག་འབག་བཞེངས་མཁན་ཞིག་ཁྲིད་ནས་ཡོང་།
- དེ་བས་རྗེ་བཙུན་བྱམས་པ་དེང་མ་ཡི་རྗེ་བཙུན་བྱམས་པ་འདྲ་ཞིག་མ་ཡོང་།
- དེ་བཞེངས་དུས་བདུད་རྩི་བབས་ནས།
- ཆུ་མར་ལ་ཡོང་ནས་དེ་ལྟར་བབས་པ་རེད་ཟེར།
- དེ་བླངས་རྗེས་ཡར་མར་ལ་བཀྲམ་ན་ཆོག་མོད།
- དེ་ཁོ་ཚོས་ཅི་ཞིག་བྱས་པ་ཡིན་ནམ།
- ཅི་ཡང་མ་བྱས་པ་འདྲ།
- དམངས་ཚོགས་ཀྱི་ལག་ཏུ་ལ་ལར་ཡོང་ཡོད་ན་ཐང་།
- དེ་འདྲ་ཡོང་མེད་པ་འདྲ།
- རྗེས་བཙུན་བྱམས་པ་བཤད་ན་དེ་འདྲ་ཞིག་རེད།
- དེ་ལྟར་རེད།
- རྗེ་བཙུན་བྱམས་པ་རྗེས་ནས་བཞེངས་དུས་བདུད་རྩེ་བབས་ནས།
- དེ་ཡ་མཚན་རེད།
- དེ་འདྲ་རེད།
- ལྔ་བརྒྱད་ཀྱི་ནང་དུ་སྟེང་གི་གཞི་མ་ཅི་ལྟར་བཤིག་པ་རེད།
- སྟེང་གི་གཞི་མ་མི་ཡིས་བཞིག་པ་རེད།
- ལྔ་བརྒྱད་ལོར་དེ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་རེད།
- ས་ཞིང་བཅོས་བསྒྱུར་བྱེད་པ་ཡིན་ཞེས་ས་ཞིག་བཅོས་བསྒྱུར་བྱས་ནས།
- སྡེ་བའི་ནང་གི་ཕྱུག་པོ་མེད་པོ་ཐམས་ཅད་བསྙམས་ནས།
- ད་དུང་མི་ཡང་མིང་གྲགས་སམ་ཅི་ཡིན།
- ཅ་པོད་ཀྲང་ཞེས་དེང་མཱ་པུའུ་ཧྥང་གི་སྐབས་ཀྱི་མགོ་ཁྲིད་རྙིང་བ།
- མིང་བཏགས་ལ་བསྒྱུར་ཡོད་པའི་རྒད་པོ་མིང་བཏགས་རྣམས།
- དེའི་རིགས་ཡོངས་རྫོགས་བཟུང་བ་རེད།
- དགོན་པ་ཡིན་ན་དགོན་པའི་དགེ་སྐུ་ཡང་བཟུང་བ་རེད།
- དབུ་མཛད་ཀྱང་བཟུང་བ་རེད།
- དཔོན་ཡིན་ན་ཡང་དཔོན་མིང་གྲགས་ཡིན་ན་བཟུང་བ་རེད།
- ཆོས་ལུགས་རྨོངས་དད་ཡིན་ཞེས་བཟུང་ངམ།
- ཆོས་ལུགས་རྨོངས་དད་ཡིན་ཞེས་བཟུང་།
- དེ་དུས་ཆོས་ལུགས་པ་ཞིག་མིག་གིས་རིག་མི་ཉན།
- ད་བར་དེ་འདྲ་མ་རེད།
- དེ་དུས་མང་པོ་བཟུང་བ་རེད།
- སྔགས་པ་མང་པོ་ཡང་བཟུང་བ་རེད།
- བཟུང་བ་དང་རྗེས་སུ།
- མཉམ་ལས་ཁང་ཡང་ཡོད་པ་རེད།
- དེའི་རྗེས་སུ་མི་ཐམས་ཅད་ཀྱིས་ཟ་མའི་ལྟོགས་སྐོལ་མྱངས་ནས།
- མི་མང་པོ་ཤི་སོང་བ་རེད།
- མི་མང་པོ་ཤི་སོང་བ་རེད།
- དེའི་རྗེས་སུ་དེ་ནོར་སོང་ཞེས་བཤད་ནས།
- མཉམ་ལས་ཁང་དེ་དམར་གཏོང་བྱས།
- དམར་གཏོང་བྱས་རྗེས་རུ་ཁག་བཅོས།
- མཉམ་ལས་ཁང་གི་ནང་ནས་རུ་ཁག་བཅོས།
- རུ་ཁག་དེ་རྗེས་སུ་དམར་གཏོང་བྱས་ནས་སྒེར་ལ་བྱིན་པ་རེད།
- ལས་ཀ་ཡང་འགྲུབ་པ་མ་རེད།
- དེ་རིང་ལས་ཀར་འགྲོ་བ་ཡིན་ན་རང་བཞིན་གྱིས་བསྡད་མེད་པ།
- བསྡད་ཡོད་ཟེར་ན་བསྡད་མེད་པ་འདྲ།
- ལས་བཞིན་ཡོད་ཟེར་ན་ལས་བཞིན་མེད་པ་འདྲ།
- ལོ་ཡང་ཡོང་བ་མ་རེད།
- བགོད་བྱ་ཡང་ཆེན་པོ་མེད།
- དེ་ལྟར་མ་ཐུབ་པས་དམར་གཏོང་བྱས་པ་རེད།
- དམར་གཏོང་བྱས་ནས་སྒེར་ལ་བྱིན་པ་རེད།
- སྒེར་ལ་བྱིན་ན་དཔེ་འཇོག་རྒྱུ་ན་རུ་ཁག་ཅིག་གི་ལས་ཀ་དེ་མྱུར་མོར་ལས་པ་རེད།
- ཉི་མ་གཉིས་ཀྱི་ལས་ཀ་ཉི་མ་གཅིག་ལ་ལས་པ་རེད།
- དེ་ལྟར་རིམ་བཞིན་ཟ་མ་ཡིས་འདང་ནས།
- རུ་ཁག་ཡིན་དུས་ཀྱང་ཟ་མ་བཟང་མོད།
- ཡག་པོ་མི་འདང་།
- དེའི་འཕྲོར་སྒེར་ལ་བྱིན་རྗེས་ཟ་མ་རང་གིས་བཏབ་ནས།
- ལས་ཀ་ཡང་ལས་དུས་ལས་ན་མི་ལས་དུས་ལས་མི་དགོས།
- མཉམ་ལས་ཁང་ལ་དེ་རིང་ཡང་འགྲོ་དགོས་སང་ཉིན་ཡང་འགྲོ་དགོས།
- ཚད་ཡོད་པ་མ་རེད།
- དེ་ནས་ཆོས་ལུགས་ལ་རང་དབང་ཡོང་།
- བྱིས་པ་ཚོས་ཀྱང་མ་ཎི་བཏོན་ནས།
- དེའི་རྗེས་ནས་བླ་མ་སོགས་ཞུས་ན་མ་ཎི་བཏོན་ནས་སྔུན་ལ་བུད།
- བསང་ཕུད་ནས།
- དུང་བུས་ནས།
- དེ་ལྟར་མ་དབྱངས་བྱས་ནས་བསུ་མའམ་བསུ་རུ་སོང་།
- དེའི་འཕྲོར་བླ་མ་དེ་ཕྱིར་ཕེབས་དུས་ཡང་།
- མ་དབྱངས་བྱས་ནས་ཕར་ལ་སྐྱེལ་ནས་སོང་།
- དེ་འདྲ་ཞིག་རེད།
- རེབ་གོང་གི་གཞོབ་ནག་མ་ཎི་ཟེར་བ་ཡག་པོ་ཡིན་ཟེར་མོད།
- དེ་ཡང་ཧ་ཅང་ས་ཁྱབ་རྡོ་ཁྱབ་ལ་སོང་མེད་པ་འདྲ།
- ཀློག་བྱུང་རྨེ་རུ་ཕྱོགས་ཀྱིས་ཅུང་ཙམ་ཤེས།
- འབྲོམ་ལུང་ཕྱོགས་ཀྱིས་ཀྱང་ཤེས།
- དེ་མ་གཏོགས་ཤེས་ཀྱིན་མེད།
- མ་གཞི་གཙོ་བོ་ཤེས་མི་ཤེས་མེད་པ་ནི་མ་ཎི་བཞི་སྐོལ་དང་ཉིས་སྐོལ།
- དེ་གཉིས་ཀ་རེད།
- ཆོས་སྐོར་མ་ཎི་དེ་རང་རེབ་གོང་གི་ཡུལ་འདི་ནས་ཅི་བཤད་རུང་ཤེས།
- སྡེ་བ་ཚང་མས་ཤེས་སམ།
- ཤེས།
- དེ་མ་གཏོགས་མར་གྱི་ལུང་བ་ནང་གི་དེ་དག་གིས་ཀྱང་མི་ཤེས།
- མ་དབྱངས་བྱེད་མོད་མ་གོ།
- སྐད་མ་གཅིག་པ་ཡིན་ནམ་ཅི་ཡིན།
- མར་ཀ་རིང་ཟེར་བ་དེ་རེད།
- དེའི་ཕྱོགས་ཀྱི་རྒན་པོ་ཚོས་མ་དབྱངས་བྱས་མོད།
- ང་ཚོའི་མ་དབྱངས་ཀྱི་དབྱངས་རྟ་དེ་མ་རེད།
- རང་གི་མ་ཎི་ཡིན་པའི་སྟབས་ཀྱིས་མ་གཏོགས།
- རང་གིས་མ་དབྱངས་བྱེད་པ་འདིའི་ཡག་ཅིག་མེད།
- འདིའི་ཡག་ཅིག་མེད་ལ་གཞན་གྱི་མ་ཎི་ཤེས་རྒྱུ་མ་རེད།
- དེ་མ་དབྱངས་བྱས་ན་ཤེས་པ་རེད།
- མགུར་རྟ་ཡང་དེ་རེད།
- བཞི་སྐོལ་ཡིན་ན་བཞི་སྐོལ།
- ཉིས་སྐོལ་ཡིན་ན་ཉིས་སྐོལ།
- དེ་མཐུན་དགོས་པ་རེད།
- དཔེ་འཇོག་རྒྱུ་ན་མ་དབྱངས་བྱས་ནའང་དེ་རེད།
- དཔེ་འཇོག་རྒྱུ་ན་རང་གིས་མ་དབྱངས་བྱས་པའི་མགུར་རྟ་དེ།
- བུད་མེད་ཚོས་མ་ཎི་སྐོལ་བའི་དབྱངས་རྟ་དེ་ཡོང་དགོས།
- དབྱངས་རྟ་མ་ཡོང་ལ་འདོན་ཡང་ཤེས་པ་མ་རེད།
- འདོན་ཡང་ཤེས་རྒྱུ་མ་རེད་ལ་འདོན་རྒྱུ་ཡང་མ་རེད།
- ཁ་རོག་གེར་འདུག་རྒྱུ་དེ་རེད།
- འཛམ་གླིང་གྲགས་ལྡན་ཞེས་པའི་གཙུག་གི་རྒྱན།།
- མཁྱེན་གཏེར་ངག་དབང་འཕྲིན་ལས་རྒྱ་མཚོ་དང་།།
- བསྟན་སྲུང་བྲན་དུ་འཁོལ་བའི་རིག་རྗེ་བདག།
- དགེ་འདུན་འཕྲིན་ལས་རབ་རྒྱས་གསོལ་བ་འདེབས།།
- བྱམས་དང་སྙིང་རྗེ་རང་མདངས་གཟུགས་ཅན་བཞིན།།
- མངོན་གྱུར་བློ་བཟང་ཆོས་གྲུབ་རྒྱ་མཚོ་དང་།།
- གཞོན་ནུ་ཉེ་གནས་མཁས་པའི་མཐར་སོན་པ།།
- བློ་བཟང་འཕྲིན་ལས་རྒྱ་མཚོར་གསོལ་བ་འདེབས།།
- ཁྱོད་ཀྱིས་རྗེས་ནས་སློབ་མ་ལ་འདི་ལྟར་བཤད་ན་བཟང་།
- མི་འགྲིག་གི།
- བཤད་རུང་མི་འགྲུབ།
- བྱམས་པ་ཡིས་སྐོལ་མོད།
- མགུར་རྟ་ཡག་པོ་མི་ཡོང་།
- སྐོལ་ན་སྐད་ཡག་པོ་རྣམས་ལ་ངས་ཁྲིད་མོད།
- རྗེས་ནས་དེ་ལྟར་བྱེད་འདོད་མོད་དེའི་བར་དུ་འདུག་མི་འདུག་ཤེས་པ་མ་རེད།
- དེ་ཨེ་རེད།
- དགེ་བ་ཅི་ཙམ་སྒྲུབ་ཐུབ་ན་ཐུབ་ཚོད་ཀྱིས་སྒྲུབ་ན་བཟང་།
- སྡིག་པ་ཉུང་ཉུང་བྱེད་རྒྱུ།
- ཨེ་རེད་་་རེད།
- སྡིག་པ་ཉུང་ཉུང་བྱེད་རྒྱུ།
- ཉུང་ཉུང་བྱེད་རྒྱུ་དེ་འཁོར་བའི་ནང་ནས་དཀའ་མོད།
- རང་གིས་ལས་ཀ་ཞིག་ལས་ན་སྡིག་པ་ཡོད་ངེས་མོད།
- དེར་ཡང་རང་གིས་ཁའི་ནང་ནས་ཅིག་བཏོན་ནས།
- མ་ཎི་ཡིག་དྲུག་མ་ཞིག་བཏོན་ནས་གསོལ་བ་བཏབ་ནས།
- དེ་ལྟར་བྱས་ན་རང་གི་སྡིག་པ་དེ་བཤགས།
- ལས་ཀ་ལས་དུས་ཁ་དམ་ནས།
- དེ་ལྟར་འདུག་མི་ཉན།
- ཁྱོད་སྡོད།
- ཕྱོགས་བཅུ་དུས་དག་པའི་བླ་མ་ལ་སྐྱབས་སུ་མཆིའོ།།
- སངས་རྒྱས་ལ་སྐྱབས་སུ་མཆིའོ།།
- ཆོས་ལ་སྐྱབས་སུ་མཆིའོ།།
- དགེ་འདུན་ལ་སྐྱབས་སུ་མཆིའོ།།
- དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི།
- སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།།
- དེ་བཞིན་གཤེགས་པ་རྡོ་རྗེའི་སྙིང་བོ་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ།།
- དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ།།
- དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།།
- སྣབས་ལུག་བཞིན་འདུག
- དེ་བཞིན་གཤེགས་པ་ཙན་དན་དཔལ་ལ་ཕྱག་འཚལ་ལོ།།
- དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ།།
- དེ་བཞིན་གཤེགས་པ་འོད་དཔལ་ལ་ཕྱག་འཚལ་ལོ།།
- དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ།།
- དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ།།
- དེ་བཞིན་གཤེགས་པ་མེ་ཏོག་དཔལ་ལ་ཕྱག་འཚལ་ལོ།།
- དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར།
- རྣམ་པར་རོལ་བས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ།།
- དེ་བཞིན་གཤེགས་པ་་་
- སྐྱབས་མགོན་མགུར་མ་ཡིན་ན་ཆོག་གི་ཞབས་དཀར་བ་ཡིན་ན།
- དེའི་ནང་ན་ཡོད་པ་རེད།
- དགེ་སྡིག་གི་དབྱེ་བ་བཤད་བཞིན་ཡོད།
- མ་གཞི་གཙོ་བོ་དཀར་པོ་ཆོས་ཀྱི་དགེ་བའི་ཕྱོགས་ལ་ཅུང་ཙམ་འབད་པ་བྱོས་ཟེར་བ་དེ་རེད།
- ད་ཐེངས་ཀྱི་ཚེ་འདིར་ཡོང་ནས་རང་ལ་མི་ལུས་ཤིག་ཐོབ་པ་འདིར།
- འབྲས་བུ་ཅུང་ཙམ་ཞིག་ལེན་དགོས་ཟེར།
- དེ་ལྟར་ཡིན་ན་དཔེ་འཇོག་རྒྱུ་ན་མ་ཎི་ཡིག་དྲུག་མ།
- མ་ཎི་ཡིག་དྲུག་མས།
- ལས་ཆོག་པ་གཅིག་ཀྱང་མེད་མོད།
- མ་ཎི་ཡིག་དྲུག་མས་མི་བཤགས་པ་གཅིག་ཀྱང་མེད།
- དེ་དང་བསྟུན་ནས་རང་གིས་འགྱོད་བཤགས་བྱས།
- དེའི་འཕྲོར་མ་ཎི་ཡིག་དྲུག་མ་བཏོན་ནས།
- རང་གིས་གསོལ་བ་བཏབ་ན་བཤགས་ཟེར།
- ཞབས་དཀར་བའི་མགུར་མ་ཡིན་ན་ཆོག་གི།
- གཅིག་ཡིན་ཏེ་གཉིས་ཀ་གཅིག་རེད།
- ཡབ་རྗེ་ཚང་གི་མགུར་མ།
- ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་ཚང་དང་གཉིས་ཀ།
- བླ་མ་གཅིག་གིས་གསུངས་བྱུང་སྙམ་པ་དེ་འདྲ་རེད།
- དེ་ཁྱིམ་པ་རྣམས་ཀྱིས་འདི་ལྟར་ཉན་ན་གོ་སླ་བ།
- དེ་གསལ་བ་རེད།
- དེའི་རྒྱུ་མཚན་ཅི་རེད།
- ཁོང་ཚང་གིས་གོ་སླ་མོ་བྱས་ནས་གསུངས་ཡོད།
- སྐད་ཆ་བྱས་ནས་མ་གསུངས་ན་གོ་རྒྱུ་མ་རེད།
- རེད་ལ།
- གོ་བ་མེད། རེད་ལ།
- སྐད་ཆ་བྱས་ནས་མ་གསུངས་ན་གོ་བ་ལོན་པ་མ་རེད།
- ཕ་རོལ་ནས་སྒྲ་དང་སྙན་ངག
- དག་ཡིག་ལ་སོགས་པ་མི་ཤེས།
- ཨ་་་མི་ཁྲིད་པ་དང་མི་ཤེས།
- མ་ཤེས་པ་དང་མི་ཤེས་པའི་སྟབས་ཀྱིས།
- ཁྱིམ་པ་བའི་མགུར་མ་འདི་ཁོང་ཚང་གི་ཐུགས་ངོས་ན་ཡོད་པ་རེད།
- ཉི་མ་རེ་རེ་ལ་མགུར་མ་སྐོལ་ན།
- མགུར་མ་སྐོལ་ན་གོ་བ་ཞིག་ལོན་དགོས་ཞེས།
- དོན་གོ་བ་ཞིག་བཅའ་དགོས།
- ཞེས་གོ་སླ་བར་གསུངས་ཡོད།
- ལ་ལས་དེ་གོ་བ་སྐོར་ལོག་ཏུ་བླངས་ནས།
- གསར་ཁ་དེ་འདྲ་མི་གསལ།
- རྙིང་ཁ་ཧ་ཅང་གསལ།
- སྐྱབས་མགོན་མགུར་མ་ཡང་གསལ་བོ་རེད།
- ངོ་མས་གསལ་བོ་རེད།
- དེ་དཔེ་འཇོག་རྒྱུ་ན་ཆོས་པ་ཡིན་ན།
- ཆོས་སྒྲུབ་མཁན་ཞིག་ཡིན་ན།
- ཆོས་སྒྲུབ་མཁན་གྱི་ནང་ན་ཡང་ངར་བ།
- ངོ་མས་བྱང་ཆུབ་སེམས་དཔའ་ཡར་བ་ཡོད་པ་རེད།
- དེ་དག་མཐོ་རིམ་དམའ་འབྲིང་གསུམ་པོར་སོང་བ་རེད།
- ཡིན་ན་མིན་ན་འཁོར་བ་བློས་བཏང་ནས།
- བློས་གཏོང་ཐུབ་ན་ཨང་དང་པོ་རེད།
- རེད་ལ།
- གཏོང་མི་ཐུབ་རུང་འཁོར་བའི་ནང་ནས་ཆོས་ཅི་ལྟར་སྒྲུབ་རྒྱུ།
- ཚེ་ཕྱི་མ་ལ་ཆོས།
- མ་ཎི་ཡིག་དྲུག་རང་གིས་བཏོན་ན་ཆོག
- ལས་ཀ་ལས་དགོས་ན་ལས་ཞོར་དུ་ཕྲེང་བ་བགྲང་ན་ཆོག
- དེ་ནི་གཙོ་བོ་རང་གིས་སེམས་ཐག་ཆོད་དགོས།
- རེད་ལ་་་སེམས་ཐག་ཆོད་དགོས།
- གཤིན་རྗེ་ཆོས་རྒྱལ་གྱི་མདུན་དུ་འགྲོ་བ་ཡིན་ན།
- ངས་འདི་འདྲ་ཞིག་བཏོན་ཡོད་དང་གན་འདྲ་ཞིག་བཏོན་ཡོད་ཅེས་པ་དེ་རེད།
- དེ་མིན་རུང་ཅི་འདྲ་ཞིག་ཡིན་པ་དེ་གཤིན་རྗེ་ཆོས་རྒྱལ་གྱི་མེ་ལོང་ནང་དུ་ཤར་ཡོད་པ་རེད།
- ཚིག་གཅིག་ཀྱང་ཆུ་ཟོས་སུ་འགྲོ་བ་མ་རེད།
- དེ་བཏོན་ན་ཆོག
- དེ་ཡང་འདོན་པ་མ་རེད།
- ངས་དེ་ཡིན་ང་ཚོའི་འདི་ན་མ་ཎི་བསྐོར་བཞིན་པའི་རྒན་མོ་ཚོར།
- ང་ཉིན་རྒྱུན་མི་འགྲོ་མོད་མཚམས་རེར་བསང་ཁྱེར་ནས་འགྲོ་དུས།
- ང་མ་ནིང་ནས་ཡོང་དུས་ཁོ་ཚོས་ཁ་བརྡ་བྱས་ནས་ཆ་འདུག
- གཅིག་གིས་བཤད་པ་དང་གཅིག་གིས་བཤད་ནས།
- ང་རིག་དུས་ཧད་སེ་བཏང་འགྲོ།
- དེ་ལྟར་རེད།
- ཁྱོད་ཚོས་ང་རིག་ན་ཧད་སེ་འགྲོ་མི་དགོས།
- རེད་ལ།
- ངས་ཁྱོད་ཚོར་གཞན་ཞིག་བཤད་པ་མིན།
- དཔེ་འཇོག་རྒྱུ་ན་ཁྱོད་ཀྱིས་དུས་ཚོད་གཅིག་ལ་མ་ཎི་སྐོར་ཐུབ་ན།
- མ་ཎི་འདོན་ཐུབ་ན།
- དཔེ་འཇོག་རྒྱུ་ན་དུས་ཚོད་ཕྱེད་ཀ་ཙམ་ལ་ཐུབ་ན།
- དེའི་ནང་དེར་ཁྱོད་ཀྱིས་ལུས་ངག་ཡིད་གསུམ་པོར་བདག་བྱེད་ཐུབ་པར་གྱིས།
- རེད་ལ།
- དཔེ་འཇོག་རྒྱུ་ན་ཁྱོད་ཀྱིས་ཁ་ནང་ནས་དོན་མེད་ཅིག་བཤད།
- མ་ནི་གཡུག་པ་རེད།
- ལག་གིས་སྐོར་བཞིན་ཡོད།
- ལག་གིས་སྐོར་བཞིན་ཡོད་མོད་སེམས་ཀྱི་དད་པ་མེད།
- ངག་གི་དད་པ་མེད།
- ཁྱོད་ཚོས་ཅི་ཞིག་བྱེད་བཞིན་ཡོད་དམ།
- ཁྱོད་ཚོ་མ་ཎི་སྐོར་དུ་འགྲོ་བཞིན་ཡོད་ཟེར།
- དེའི་འཕྲོར་ཁ་བརྡ་བྱས་ན་དོན་མེད་ལུང་སྟོང་བཤད་ནས།
- ཁྱོད་ཚོས་དེ་འདྲ་མ་བྱེད།
- དེ་འདྲ་བྱས་ན་རང་གི་ལུས་སྟེང་ལ་ལྷན་པ་བརྒྱབ་པ་རེད།
- རྒན་མོ་ཚོས་མ་ཎི་བཏོན་པ་དེ་འདྲ་རེད།
- ཚེས་ཉི་མ་བརྒྱ་བོར་ཁ་བརྡ་བྱེད་པ་རེད།
- ཚེས་ཉི་མ་བརྒྱ་བོར་བཤད་པ་རེད།
- བཤད་ནས་མི་ཚར་བ་ཅི་ཡོད།
- མ་གཞི་མ་ཎི་བཏོན་ནས་དད་པ་བྱོས་དང་།
- ལུས་ངག་ཡིད་གསུམ་གྱིས་དད་པ་བྱོས་དང་།
- མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་མ་ནི་བཏོན་ན།
- ཕན་ཡོན་ཡང་ཆེ་བ་རེད།
- བཟང་ཡང་བཟང་བ་རེད།
- དེ་ལྟར་བཤད་རུང་དེ་འདྲ་མ་རེད།
- ཨོ་རྒྱན་རིན་པོ་ཆེ་ཚང་གིས་གསུངས་ཡོད་པ།
- བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ།
- དེ་ལྟར་བཤད་ཡོད།
- དེ་གསུངས་ཡོད།
- དེ་འདྲ་རེད།
- ཁྱོད་ལ་དགའ་བོ་བཤད་རྒྱུ་རེད།
- ཁྱོད་ལ་གནས་མེད།
- ཤེས་སམ།
- ཁྱོད་ཀྱང་དེ་འདྲ་ཞིག་མིན་ཞེས་བཤད་ངེས་རེད།
- ང་དེ་འདྲ་ཞིག་ཡིན་མིན་ལ་ཐུག་མེད།
- ངས་ཁྱོད་ཚོར་མ་གཞི་ནས་དེ་བཤད་དོན་མེད།
- ཁྱོད་ཚོ་ཁོམ་ན་ཡོང་ནས་མ་ཎི་ཞིག་བཏོན་ནས།
- དད་པ་དག་སྣང་གི་སྒོ་ནས།
- མ་ཎི་བཏོན་ན་དེའི་ཕན་ཡོན་ཡང་ཆེ་བ་རེད།
- ངོ་བས་བཟང་བ་རེད།
- དེ་ལྟར་མ་བྱས་པར་ཁ་བརྡ་དོན་མེད་ལུང་སྟོང་བཤད་ནས།
- གཅིག་གི་བླ་བཙག་པ་འདྲ།
- གཅིག་ལ་བསྟོད་པ་བྱེད་པ་མ་རེད།
- དཔེ་མེད།
- དེ་ལྟར་བྱས་ན་འགྲིག་པ་མ་རེད།
- ཁྱོད་ཀྱི་ལུས་དེ་ཡོང་ཡོད་ན་སྐོར་དགོས།
- དཔེ་འཇོག་རྒྱུ་ན་ཁྱོད་མ་ཎི་སྐོར་དུ་ཡོང་ན་མ་ཎི་སྐོར།
- དུས་ཚོད་གཅིག་ལ་སྐོར་ན།
- ཡག་པོ་བྱས་ནས་སྐོར་ན་ད་དུང་དེ་ལེགས།
- ཁྱོད་ཚོས་མ་ཎི་འཐེན་རེས་མ་རྒྱག
- མ་ཎི་གན་ན་ཡོད་ན་གན་ནས་ཕར་ལ་འཐེན་པ་དང་འདི་ནས་ཚུར་ལ་འཐེན།
- ད་དུང་ཤེད་ཀྱིས་འཐེན།
- དེ་ལྟར་མ་བྱེད།
- དེ་ནི་མ་གཅིག་ཡིན་ནའང་དེ་རེད།
- མ་ཎི་གན་ན་ཡོད་ན་ཁྱོད་ཀྱིས་མ་ཎི་ལ་བཟུང་ཐག་བརྒྱབ་ནས།
- གན་ནས་བཟུང་ཐག་གིས་བཟུང་ནས་མ།
- དེ་ནས་འདིར་ཡོང་ནས་མ་ཎི་ཡང་གིས་སྐོར་ན་མ་ཎི་ཡག་པོ་སྐོར་ཐུབ།
- མ་ཎི་ཡག་པོ་བྱས་ནས་སྐོར་ན་ཕན་ཡོན་དེའི་ཚོད་ཀྱི་ཕན་ཡོན་ཡོད།
- ཕར་ལ་འཐེན་ཚུར་ལ་འཐེན།
- ཡང་སྐད་ཆ་བཤད་ནས་དེ་ལྟར་བྱས་ན་ནང་དོན་མེད།
- སྡིག་ནག་བཅའ་བ་རེད།
- སྐད་ཆ་ཞིག་ཤོད་ཟེར་དུས་བཤད་མ་ཐུབ་ན་ནུས་པ་མེད་པ་རེད།
- དེ་འདྲ་རེད།
- མ་ཎི་འདི་ཁོམ་པ་ཡོད་དུས་ངོ་མས་ཡག་པོ་ཞིག་བཏོན་ན་བཟང་སྙམ་མོད།
- དེ་མིན་གཞན་ཡོད་པ་མ་རེད།
- ངས་དད་པ་ཡར་ལ་བཞག་ནས།
- ལ་ལས་ཁྱོད་ཀྱང་དེ་འདྲ་ཞིག་མིན་ཟེར་རྒྱུ་རེད།
- མཚམས་རེར་དེ་འདྲ་ཟེར།
- དེ་འདྲ་ཟེར།
- ང་དེ་འདྲ་ཞིག་མ་རེད།
- ང་དེ་འདྲ་ཞིག་མིན་མོད།
- རང་གིས་མ་ཎི་ཞིག་འདོན་ན་གྲལ་དག་ཅིག་ཐོན་དང་།
- དད་པ་དག་སྣང་གི་སྒོ་ནས་ཡག་པོ་ཞིག་ཐོན་དང་།
- དེ་བཟང་བ་རེད།
- ཕན་ཡོན་ཡོད་པ་རེད།
- རང་གི་མདུན་དུ་ཡོད་པ་རེད།
- དཔེ་འཇོག་རྒྱུ་ན་ད་ཐེངས་ཀྱི་ཚེ་འདིར་ཅི་ཡིན་རུང་རང་གིས་བཏོན་ན།
- ཚེ་འདི་ནས་བཟང་ལ་ཕྱིར་མར་སོང་ནའང་བདེ་མོ་ཡིན་པ་རེད།
- ཚེ་འདི་ཕྱི་གཉིས་ཀ་བཟང་བ་རེད།