07 Nov 2012
22 min 38 sec
Video Overview
Creators:
Unknown
བརྙན་འདི་ནི་རེབ་གོང་ཆུ་མ་སྡེ་བའི་རྒན་པོ་ཡི་ལོ་ཡིས་བཤད་པའི་ཁོང་རང་ཆུང་དུས་གྲྭ་བ་ཡིན་པ་དང་རིག་གསར་སྐབས་ཀྱི་དགོན་པའི་གནས་ཚུལ་སོགས་བཤད་པའི་བཅར་འདྲི་ཞིག་ཡིན།
This video is about Yulo talks about the local monastery, all the monks sent back home to work and no monks left in the monastery during the Culture Revolution.
- Repgong
- དེ་དུས་གྲྭ་བ་ཚང་མ་ཡུལ་ལ་འགྲོ་རུ་བཅུག་གམ།
- རོང་བོ་དགོན་པའི་གྲྭ་ཚང་གསུམ་པོ།
- རོང་བོ་གྲྭ་ཚང་ལ་གྲྭ་བ་སྟོང་ཕྲག་ཅིག་ཡོད་ཀི
- སྟོང་ཕྲག་ཅིག་གིས་ཚད་རྒྱུ་མ་རེད།
- རོང་བོ་དགོན་པ་གན་ན་གྲྭ་དགོན་མ་ལག་སུམ་ཅུ་སོ་ལྔ།
- གྲུབ་སྡེ་བཅོ་བརྒྱད།
- གྲྭ་ས་གསུམ་པོ།
- དེ་ལྟར་ན་གྲྭ་བ་རྫོགས་མེད་ཅིག་ཡོད་རྒྱུ་རེད།
- གཅིག་ཀྱང་མ་ཚང་ན་མི་ཆོག
- ཡོང་བ་མ་རེད།
- དེའི་ཚབ་ཏུ་སློབ་གྲྭ།
- སློབ་གྲྭ་ལས་པས་རྗེ་བཙུན་བྱམས་པ་ཡང་དེ་བས་བཤིག་པ་རེད།
- རྗེ་བཙུན་བྱམས་པ་ཡི་འབག
- དེའི་འཕྲོར་ཆོས་དང་དཔེ་ཆ།
- དེའི་འཕྲོར་ས་ཡིག་ཆུ་ཡིག
- དེ་ཡོངས་སུ་རྫོགས་པ་ཡར་འཇོག་མར་འཇོག་བྱས་པ་རེད།
- ས་ཡིག་ཆུ་ཡིག་ཆེན་པོ་ཞིག་མེད་པ་འདྲ།
- ང་ཚོ་ཆུ་མ་ཡི།
- ཆེན་པོ་ཞིག་ཡོད་པ་མ་རེད།
- ངས་བལྟས་ན་དེ་ཅིག་གིས་དོ་དམ་མ་བྱས་པ་རེད།
- དེ་ཅི་ཞིག་བྱས་པ་ཡིན་ནམ།
- དེང་མ་ལྔ་བརྒྱད་ལོར་ཡོད་ཟེར།
- ཨ་ཁུ་ཡར་འཕེལ་གཤེགས་པ་དེ་ཡིས་ཡོད་ཟེར།
- དགའ་བའི་ཕྱག་མཛོད་དེ་དག་ཚང་མ།
- དགའ་བའི་ཕྱག་མཛོད་དེ་ཡང་ས་ཆའི་ཚོད་ཀྱི་རི་དྭགས་ཞེས་པ་བཞིན།
- དེ་དུས་ཆ་རྐྱེན་མི་ལེགས་པ་དང་ཆ་རྐྱེན་མེད།
- དཔེ་ཆ་སྣ་རིང་འདི་འདྲ་ཞིག་ལ་བལྟ་བཞིན་ཡོད།
- བསེ་ཡི་ས་ཁྲ་དང་བསེ་ཡི་ས་རིས།
- ང་ཚོ་བསེ་ཆུ་མ་ཡི།
- བསེ་ས་ཆ་ཡི་དེ་ཡོད་པ་རེད།
- དཔེ་ཆ་དང་ཡི་གེ་མང་པོ་ཞིག་ཡོད་པ་འདྲ།
- གྲོང་བ་ཡི་ས་ཡིག
- བསེ་ཡི་ས་ཡིག
- དེ་གཉིས་ཀ་ཡོད་པ་རེད།
- གྲོང་བ་དེ་ཅི་ཞིག་ཡིན་ནམ།
- གཞུང་གྲོང་བ་སྟེ་གྲོང་མཆོག་པའི་གྲོང་བ།
- དེའི་ཚབ་ཏུ་ཡུལ་མགོ་སྒར་ཚགས་སྟེང་ཁྱོད་ཀྱིས་ཤེས་སམ།
- ཤེས་རྒྱུ་མ་རེད།
- ད་བར་གཤིས་གཞོང་ཤུལ་ན་ཡོད་པ་རེད།
- ཐུན་ཏེ་གྲོང་བ་རེད།
- དེ་ཆུ་མའི་གྲོང་བ་རེད།
- ཨ་ལགས་སྒ་བ་ཡི་ཡུལ་དེ་ཡང་གཞུང་གྲོང་བ་རེད།
- འདི་ལྟར་ས་ཡིག་ཆུ་ཡིག་དེ་ཡོད་པ་རེད་ཟེར་མོད།
- ཆུ་མ་ཡང་ཟོག་འཚོ་རྒྱུར་མི་དགའ།
- ཟོག་འཚོལ་རྒྱུར་མི་དགའ་བ་དང་རྒྱུ་འཚོལ་རྒྱུར་མི་དགའ།
- མ་དགའ་ན་ཁྱོད་ས་ཆ་དེར་སོང་ནས།
- ཁྱོད་ལ་རྩ་ས་ཞིག་མེད་ན་དེར་སོང་ནས་རྩོད་པ་རྒྱག་རྒྱུ་མ་རེད།
- མི་རྒྱག་གི།
- མ་བརྒྱབ་ན་རང་བཞིན་གྱིས་ཡལ་སོང་བ་རེད།
- དེ་ལྟར་བྱས་པ་རེད།
- རུས་མཛོད་ཀྱི་ནང་གི་ས་མིང་ཆུ་མིང་དེ་རྣམས།
- བསེ་ཡི་ས་ཡིག་དེ་རྣམས།
- ང་ཚོ་བསེ་ལུང་པ་གསུམ་དང་བསེ་རི་ཆུ་བར་གསུམ་གྱི་ས་ཡིག་ཡིན་ནམ།
- ཆུ་མ་གཅིག་པུ་ཡིས་ཡིན་ནམ།
- རེབ་གོང་རུས་མཛོད་ཀྱི་དེ།
- ནང་ན་ས་མིང་ཆུ་མིང་ཡོད་ཀི་ཟེར་བ་དེ།
- དེ་ཡོད་པ་རེད།
- དེ་ཆུ་མ་གཅིག་པུའི་རེད།
- ཆུ་མ་གཅིག་པུའི་རེད།
- ཆུ་མ་གཅིག་པུ་མ་རེད།
- ས་རེབ་གོང་ཚང་མ་དང་ཨོང་སྟེགས་ཚོ་བ་བརྒྱད་པོ་ཚང་མ་ཡོད་པ་རེད།
- མཆོ་སྔོན་པོ་ས་ཆའི་ཨོང་སྟེགས།
- ཨོ་ལེད་་་མཚོ་སྔོན་པོ་ཨོང་སྟེགས།
- ཨོང་སྟེགས་ཚོ་བ་བརྒྱད་པོ་འདི་ནས་རློན་ཆས་ལས་མཆེད་ནས་སོང།
- རློན་ཆས་མཆེད་ཁུངས་ཡིན་ཟེར།
- འདི་ན་ཨོང་སྟེགས་གོང་མ་དང་ཨོང་སྟེགས་ཞོལ་མ་གཉིས་ཀ་ཡོད།
- དེ་མ་གཞི་གཙོ་བོ་ས་ཡིག་ལས་ཀྱང་།
- རློན་ཆས་ལས་མཆེད་པ་ངོ་མ་རེད།
- བྲིས་ཡོད་དམ།
- རེབ་གོང་རུས་མཛོད་ཀྱི་ནང་དུ་ཡོད་པ་དེ་རེད།
- དེའི་འཕྲོར་རློན་ཆས།
- དེའི་འཕྲོར་ཅི་རེད་ཟེར་ན་བསེ་ཉིན་མཐའ།
- དེའི་འཕྲོར་རེབ་གོང་ཁོངས་ན་རུས་མཛོད།
- རང་གི་ལོ་རྒྱུས།
- ལོ་རྒྱུས་རེད་ཡ་་་རེད་དམ།
- དེ་རྒྱུས་དེ་ལ་ལ་ཞིག་ལ་མེད་ཀི།
- མེད་པ་ཞིག་ནི་ཤ་རིང་ལ་མེད་པ་དང་ཧོར་ནག་ལ་མེད་ཀི།
- དེ་གཉིས་རུས་མཛོད་ཀྱི་ནང་དུ་མེད་ཀི།
- ཆུ་མ་ལ་ཡང་ཡོད་དམ།
- ཆུ་མ་ལ་ཡོད།
- ཆུ་མ་ཡི་ས་ཡིག་ལ་ཁྱོད་ཀྱིས་བལྟས་མྱོང་ངམ།
- དེར་བལྟས་མ་མྱོང་།
- ཆུ་མ་ཡི་རུས་མཛོད་དེར།
- ཁྱོད་ཀྱིས་བལྟས་ཨེ་མྱོང་། ངས་མ་མྱོང་།
- དེ་ལྟར་གཞན་མེད།
- མ་གཞི་ནས་ཟོག་འཚོས་ན་མ་འདོད་ན་ས་དེར་ངོས་དག་བྱེད་ས་མི་འགྲོ།
- རང་ལ་ས་མེད་པ་མིན་མོད་བདག་མ་བྱས་པ་རེད།
- དེང་མ་ང་ཚོ་ཆུ་མ་ཡི་ས་མཚམས་ཆུ་མཚམས་གང་དང་གང་རེད།
- དེ་བཤད་ན་གྲལ་དུ་འགྲོ་འམ།
- བཤད་པ་ལ་སྲིན་པོའི་ཉག་ཀ་ཚུན་ཆད།
- རོང་བོ་ཆུ་ཁོལ་གྱི་ཚུན་ཆད་ཆུ་མའི་ས་ཆ་རེད།
- རོང་ཁོག་གཞོང་དང་བཅས་པ།
- ཀླད་ནས་ཨ་འགག་ལུང་པ་ཡན་ཆད་ཅེས་བཤད་པ།
- ཀླད་ནས་ཨ་འགག་ལུང་པ་ཡན་ཆད་ཅེས་བཤད་པ།
- ཧ་ཧ་་་དེ་མ་རེད།
- ཨ་འགག་ལུང་པ་གཉན་ཐོག་གི་གཉའ་ན་ཡོད་པའི་ཁྱ་ཚང་ལུང་པ་ཤེས་སམ།
- དེ་བཤད་པ་རེད།
- རྩ་གཟི་ཉིག་གི་ལུང་པ་འདི་ཆུ་མ་གཉེན་ཐོག་གཉིས་བར་གྱི་ས་མཚམས་རེད།
- ཤེས་སམ། རྩ་གཟི་ཉིག་གི་ལུང་པ།
- ཕ་རོལ་ནས་རྩ་གཟི་ཉིག་གི་ལུང་པ་ཡན་ཆད།
- ལུང་པ་དེའི་མགོ་བར་དང་དེའི་ཕན་ཆད།
- དེ་ནས་སོང་ན་གཉན་ཐོག་གི་གཉའ་ན་ལམ་ཡོད་པ་དེའི་མན་ཆད།
- དེ་ཁྱ་ཚང་ལུང་པ་དང་ཨ་འགག་ལུང་པ་རེད།
- དེའི་ཚུན་ཆད་པོ་ཡིན་དགོས་པ་རེད།
- དེ་ནས་ཕར་ལ་སོང་ན་ཐེའུ་གའི་གཡུལ་ཁ་ཟེར་བ།
- མར་གྱི་སྒོ་དམར་རིག་ས་དེ་ན།
- སྒང་ཐོ་ཞིག་གི་མགོ་ན་བདེ་བདེ་ཞིག་ཡོད་པ།
- དེ་ཐེའུ་གའི་གཡུལ་ཁ་དང་དེའི་ཡན་ཆད།
- རྡོ་སྦལ་བ་ཡན་ཆད།
- སྐ་སེར་གྱི་དེ་དག་བཤད་པ་རེད།
- ཕྱུགས་འཚོ་རྒྱུར་མི་དགའ།
- ཨེ་རེད།
- ཕྱུགས་འཚོས་ན་ཕྱུགས་དེ་གོང་འཕེལ་དུ་བཏང་ནས།
- ཟོག་གིས་རྩྭ་ཟ་བཞིན་ཟ་བཞིན་སོང་ན།
- ཨེ་རེད།
- རྩྭ་ཟ་བཞིན་ཟ་བཞིན་སོང་ན།
- ས་རྩོད་ཆུ་རྩོད་ཅིག་བརྒྱབ་ནའང་།
- དེ་ན་རྒྱལ་ཁ་ཞིག་འཚོས་ནས་ཡོང་།
- ད་ལྟ་ཟོག་ལུག་སོགས་ཟ་མཁན་མེད།
- མིས་ས་རྩོད་བརྒྱབ་ན་རྩྭ་དེ་ལྟར་བསྡད་ཡོད།
- རྩྭ་དེ་རྗེས་ནས་དེ་རེད།
- ཤ་སྦྲང་དང་ཆུ་མ་གཉིས་ན་ནིང་དེ་དུས་དེ་ལྟར་བྱས།
- དྲག་རྩེ་ཐང་གི་རྩྭ་དྲག་སྐྱ་དང་ལན་རྒྱག
- གོང་མོ་སྟེང་བཅས་གང་གི་རྩྭ་ཡོངས་རྫོགས་དོན་སྙན་གྱིས་ཟོས།
- དོན་སྙན་དང་ཡུ་ལོ་གཉིས་ཀྱིས་ཟོས།
- ང་ཚོར་མེད།
- འབྲོག་པ་ཞིག་ཡིན་རྒྱུ་ན་རྩྭ་ཟོས་ནས་སོང་ན་རྒྱལ་ཁབ་ཡིན་པ་རེད།
- དེ་མིན་ན་རྒྱལ་ཁབ་མེད།
- དེ་འདྲ་ཞིག་རེད།
- དེང་མ་ང་ཚོ་ཆུ་མ་འདི་འབྲོག་པ་དང་འབྲོག་ས་རེད་དམ།
- དེང་མ་སྒ་རིག
- འབྲུག་གི་ཆུང་ན་འབྲོག་ས་དང་རུ་ཨེ་ཡོད།
- དེའི་འཕྲོར་ཆུ་མ་ཡི་ཁྱིམ་ཚང་བཞི་བཅུ་ལྔ་བཅུ་ཞིག་འབྲོག་པ་བཅོས་ནས།
- དེ་ནས་སོང་སྟེ་འབྲུག་གི་ཆུང་གི་དེ་ནས་བསྡད་དེ།
- འདི་ནས་ལན་རྒྱག་དང་གོང་མོ་སྟེང་།
- དྲག་སྐྱ།
- དེ་ནས་ཕར་ལ་སོང་ན་ས་རེག
- དེ་ནས་ཕར་ལ་སོང་ན་བན་ལུང་།
- ཟས་འབྲུ།
- ལུང་ཀྱོག
- དེའི་འཕྲོར་གོག་གོང་།
- དངུལ་གོང་ལ་ཁ།
- གནའ་རག
- དེ་ནས་ཕར་ལ་སོང་ན་རྫ་ཁོག
- གསུམ་ཙོང་ཐང་།
- རྫག་ལེབ།
- རྐྱང་དགེ་གཉའ།
- དེ་ནས་མར་ལ་སོང་ན་ལྕང་འབྲེང་ལ་སྟེང་གི་དེ་ན།
- འགའ་རག་ལ་མོ་ཆེ་ཞེས་ཡར་ལ་གྱེན་དུ་སོང་ན།
- དེ་ན་མཐིལ་ཞིག་ཡོད་པ་དེ་དེང་མ་འགའ་རག་ལ་མོ་ཆེ་རེད།
- ཨོ་ལེད།
- དེ་ནས་བུད་དེ་འབྲུག་གི་ཆུང་དང་།
- དེའི་འཕྲོར་རུན་ཁོག་རྫོང་གྱེ་ནས་བུད་དེ།
- རུན་ཁོག་གཞོག་མདོ་ཡི་དེ།
- རུན་ཁོག་གཞོག་མདོ་ནས་བུད་དེ་རུན་ཁོག་གཞོག་དཀྱིལ་ནས་བུད་དེ།
- ཡར་ནས་སྒང་སྟོད་རྟ་རྒན་གཞུང་ནས་ཡང་བསྡད།
- རྐང་ཚ་འདུག་ས་རེད་དམ།
- ཨོ་ལེད། རློན་ཆས་ཀྱི་ཕྱོགས།
- རྐང་ཚའི་ཆུ་མ་ཐང་ཟེར་བ་དེ་དེང་མ་ཆུ་མ་ཡི་རེད་ཅེས་བཤད་སྲོལ་ཡོད།
- རྐང་ཚའི་ཕྱོགས་ཀྱི་རྐང་ཚའི་ཆུ་མ་ཐང་།
- ཨོ་ལེད། དེ་ནས་ཡར་ལ་འབྲོག་པར་བུད་སོང་།
- འབྲོག་སྒ་རུ་རེད།
- ལོ་དུ་མ་ལ་བསྡད།
- དེ་འབྲོག་པ་རེད།
- དེའི་འཕྲོ་ནས་འགའ་རག་བླ་མ་ཟེར་བ།
- ཁྱིམ་ཚང་མང་པོ་ཞིག་མེད་པར་ཁྱིམ་ཚང་ཅ་བཅུ་ལས་མེད་པ་འདྲ།
- དེ་འདྲ་ཞིག་བསྡད།
- དེ་ང་ཚོས་བལྟས་ཚོད་ཀྱིས་ཅི་རེད་ཟེར་ན།
- འགའ་རག་བླ་མ་བསད་པས་ཆུ་མ་ཡིས་གྱོད་བྱས་ནས།
- གྱོད་དེ་མ་འགྲིག་པར་ཤ་སྦྲང་དང་ཆུ་མ་གཉིས་གྱོད་ལ་མ་ཐུག
- རྐྱང་དགེ་གཉའ་ཁང་བའི་ནང་དུ་བསད་པ་རེད།
- བོའུ་ཡིས་བརྒྱབ་ནས་བསད་པ་རེད།
- སྐབས་ཐོག་དེར་རྐྱང་འབྲེང་གི་ལམ་དེ་བཅད་ནས།
- དེ་ནས་བཅད་པ་ལ་བལྟས་ན་ལམ་གྱི་ཡར་ཕྱོགས་ཤ་སྦྲང་དང་།
- མར་ཕྱོགས་ཆུ་མ་ཡིན་པ་རེད།
- དེ་ཕལ་ཆེར་ཆུ་མ་རེད།
- འབྲུག་གི་ཆུང་ནས་ཀྱང་ས་བཟང་ས་ཆུ་མ་རེད།
- མ་གཞི་ནས་གྱེ་གྱེ་ལ་དེར་ཤ་སྦྲང་ཡོང་ས་ཡོད་པ་མ་རེད།
- འབྲུག་གི་ཆུང་ལ།
- ཤ་སྦྲང་མ་གཞི་ནས་རུ་ཡོང་རེད།
- ཚེར་སྦྲ་བརྒྱབ་ཅེས་ཚེར་སྦྲ་བརྒྱབ་ནས་བསྡད་པས་ས་མ་བྱིན་པ་རེད།
- གྱང་རྡུང་སའི་གཞི་མ་ཡི་གཞི་ས་ཁོ་ཚོར་མ་བྱིན།
- ཤ་བདའ་རྒད་པོ་རེད།
- ཤ་བདའ་བའི་རྒད་པོ་ཞིག་ཡོང་ནས།
- རི་དྭགས་སོགས་བདའ་ནས།
- རེབ་གོང་ཁོག་འདིར་རི་དྭགས་མང་ཟེར།
- གཅན་གཟན་དང་རི་དྭགས་ཧ་ཅང་མང་།
- རྒད་པོ་ཤ་བདའ་ཞིག་ཡོང་ནས་བསྡད་དེ།
- ས་ཆ་མ་བྱིན་པར་ཚེར་སྦྲ་བརྒྱབ་ནས་བསྡད་པས་ཚེར་སྦྲ་དེ་ནས་ཐོགས་པ་རེད།
- དེ་ལྟར་བཤད་པ་རེད།
- དེ་ལྟར་ཡིན་པ་རེད།
- ཚེར་སྦྲ་ཁ་དེ་མ་གཞི་ནས་བཤད་མི་དགོས།
- ཤ་བདའ་རྒད་པོ་ཡོང་ནས་ཚེར་སྦྲ་བརྒྱབ་ནས་བསྡད་པས།
- དེའི་སྟབས་ཀྱིས་ཚེར་སྦྲ་ཁ་ཟེར།
- ཤ་སྦྲང་གི་ཕ་རོལ་གྱི་ངོ་དེང་མ་དེང་མགོར་ཡོང་བ།
- ཤ་བདའ་རྒད་པོ་ཡིན་པ་དང་ཚེར་སྦྲ་བརྒྱབ་ནས་བསྡད།
- རང་གི་ས་ལ་ས་བདག་མ་བྱས་པ་དང་ཆུ་ལ་ཆུ་བདག་མ་བྱས་ན།
- ས་ལ་ཟ་མཁན་མེད།
- མེད།
- དེ་འདྲ་རེད།
- ཆུ་མ་འདིས་འབྲོག་ལས་བྱས་ནས་རིམ་བཞིན།
- འགའ་རག་བླ་མ་བསད་ནས།
- འགའ་རག་བླ་མ་བསད་པ་དང་འགའ་རག་བླ་མའི་བུ་ཡང་བསད།
- འགའ་རག་བླ་མར་སྤུན་ཞིག་ཀྱང་ཡོད་པ་རེད།
- ཡིན་པ་ནི་འདི་འགའ་རག་ཚང་།
- དཔོན་ཚང་སྐྱབས་མགོན་ཚང་།
- ད་བར་འདི་ན་ཡོད་པའི་འགའ་རག་འཇའ་མོ།
- ཨ་ཁུ་ཁྲ་བྷ་ཡོད་ས་གན་འགའ་རག་འཇའ་མོ་ཡི་རེད།
- ཞོལ་གྱི་སྣ་ཁ་ན་དེང་མ་ལབ་ཙེ་ཡོད།
- དེ་དུས་གྱང་ར་ཡོད་པ་དེ་ངས་ཤེས།
- གྱང་རའི་ངོས་ན་ཐང་ཀ་ཧ་ཅང་མང་།
- ཅུང་ཙམ་རྙིང་བ་ཡིན་མོད།
- ད་བར་འདང་བརྒྱབ་ན་དེ་འདྲ་རྙིང་མེད་པ་འདྲ།
- གོན་པ་ཞིག་ལ་འདྲ་ན་ཅུང་ཙམ་གོན་ཡོད་པ།
- དེ་འདྲ་རེད།
- འགའ་རག་འཇའ་མོ་ཟེར་བ་དེ་ན་ཡོད།
- ད་ལྟ་ད་དུང་ཐམ་ཁང་ཡོད་པ།
- ཐང་ན་ཐམ་ཁང་ཞིག་ཡོད་པ།
- དེའི་ཅུང་ཙམ་གཡས་ཕྱོགས་ན།
- གཡས་ཕྱོགས་ཀྱི་མགོ་ན་ཡང་ཐམ་ཁང་ཞིག་ཡོད་པ།
- ཕལ་ཆེར་ཐམ་ཁང་དེའི་ཤུལ་དེ་རེད།
- ཡིན་པ་འགའ་རག་འཇའ་མོ་ཡིན་པ་རེད།
- ཨ་ལགས་འགའ་རག་ཤི་རྗེས་དེ་ནས་འདུག་མ་ཐུབ་པ་ཨེ་རེད།
- དེ་རྗེས་འགའ་རག་བླ་མ་ཡི་ཆུང་མ་ཡུག་ས་མ་དེ་རུ་བསྡད་ནས།
- ཤ་སྦྲང་གི་ཡར་འགྲོ་མར་འགྲོ་ཡོང་ན་དེའི་སྟེང་དུ་ཤོར་ནས་དེ་ལྟར་བྱེད་ཟེར།
- བསྐལ་བ་སྟོང་གི་ཚིག་བཤད་པ།
- དེ་འདྲའི་མནའ་བཅད་རྒད་པོ་ཡོད་པ་རེད།
- དེའི་རྗེས་ནས་ཅི་ཡང་མི་ཐུབ་པ་རེད།
- འབྲུག་གི་ཆུང་ཕྱོགས་ནས་ཡིན་ནམ།
- མིན་་་ཕྱུགས་འཚོས་ན་མ་འདོད་པར།
- ཕྱུགས་འཚོས་ན་མ་འདོད་ན་ཅི་ལྟར་བྱེད།
- བྱེད་ས་མི་འགྲོ།
- རང་ལ་ས་ཡོད་རུང་དེ་ལྟར་བསྡད།
- ཨ་ལགས་འགའ་རག་ཚང་སླེབས་རྗེས།
- ཨ་ལགས་འགའ་རག་མ་རེད་འགའ་རག་བླ་མ་རེད།
- འགའ་རག་བླ་མ་ཚང་ཤ་སྦྲང་གིས་བསད་པ་རེད།
- བསད་རྗེས་མར་ལ་ཡོང་བ་ཨེ་རེད།
- དམིགས་ས་ནི་འགའ་རག་བླ་མ་བསད་ཚེ་ས་ཆ་ཡོངས་ཁམས་དེར་འཁྱམ་འགྲོ།
- ད་བར་ས་ཆ་ལ་ལའི་མིང་ལ་ཤ་སྦྲང་གི་རྒད་པོ་རྣམས་ཀྱི་མིང་བཏགས་པ་ཡོད།
- ད་ལྟ་ད་དུང་ཤ་སྦྲང་ན་ཡོད།
- ཆོས་རྗེ་དོ་རིན་པོ་ཆེ་ཚང་ཤ་སྦྲང་དུ་འཁྲུངས་ཟེར།
- ཆོས་རྗེ་དོན་འགྲུབ་རིན་ཆེན་ཚང་གང་ནས་འཁྲུངས།
- ཆོས་རྗེ་དོན་འགྲུབ་རིན་ཆེན་ཚང་དེང་མ་ལྷ་ས་ནས་མར་སླེབས།
- ཁོང་གི་འཁྲུངས་ས།
- ཅིའི་ཕྱིར་ཕེབས་པ་དང་འཁྲུངས་སའམ་འཁྲུངས་ཡུལ།
- ལ་ལས་དོན་སྙན་ཡིན་ཟེར།
- ཡིན་ནི་མ་རེད།
- ཁོང་ལྷ་ས་ནས་མར་ལ་ཕེབས་ནས།
- ཁོང་ཚང་བཙལ་དུ་ཡོང་ནས།
- གཅིག་ནས་ཅི་རེད་ཟེར་ན་རྗེ་རིན་པོ་ཆེ་ཚང་གི་སྐུ་འཁྲུངས་ཡོད་པ་རེད།
- སྐུ་འབུམ་ན་འཁྲུངས་ཡོད།
- སྐུ་འབུམ་ན་འཁྲུངས་ཡོད་དུས།
- ལྷ་ས་ནས་མར་ལ་ཁྱོད་སོང་ནས་རྗེ་རིན་པོ་ཆེ་ཚང་གི་ཡོངས་འཛིན་ལ་བཞུགས་ཞེས།
- བཞུགས་ནས་རྗེ་རིན་པོ་ཆེ་ཚང་ལམ་ལ་སྤྲད་རྗེས།
- རྗེ་རིན་པོ་ཆེ་ཚང་ཡར་ལ་ལྷ་སར་ལམ་ལ་བཅུག་རྗེས།
- བསྟན་པ་མདོ་སྨད་ཡུལ་ན་ཡོད་ཟེར།
- ཁྱོད་འགྲོ་རྒྱུ་ཡིན་ནམ།
- བུད་ཐལ།
- མདོ་སྨད་ན་ཡོད་ཟེར།
- དེ་ཅི་རེད་ཟེར་ན་མདོ་སྨད་ནས་བྲག་བྱ་ཁྱུང་རྒྱབ་རིར་བརྟེན་ནས།
- རྫ་བྱ་ཁྱུང་མདུན་རི་བྱས་ནས།
- ཁྱོད་ཀྱིས་བྱ་ཁྱུང་དགོན་པ་འདེབ་དགོས་ཟེར།
- དགོན་པ་འདེབ་དགོས་ཟེར།
- བཏབ་རྗེས་དེའི་དགོན་བདག་བྱས་ནས་ཁྱོད་ཀྱི་བསྟན་པ་དེ་ན་ཡོད།
- དེ་རེད།
- དེ་ཅི་རེད་ཟེར་ན།
- རྒྱ་གར་ནས་མར་ལ་སླེབས་དུས་ཁོང་ཚང་ཡིན་ན་དེ་འདྲ་ཞིག་ཡིན་རྒྱུ་མ་རེད་འདོད།
- བཙལ་ནས་འགྲོ་དགོས་པ།
- ཁོང་ཚང་ལ་ངོ་ཤེས་ཤིག་ཡོད་རྒྱུ་རེད།
- ཡོད་རྒྱུ་ཨེ་རེད།
- དེ་ནས་མར་ལ་ཡོང་ནས་དོན་སྙིང་ལ་ཐོན་ནས།
- དོན་སྙན་གན་ལ་དོན་སྙན་ཅི་ལྟར་ཐོགས་པ་ཡིན་ཟེར་ན།
- ཁོང་ཚང་གི་དོ་རུ་དོན་སྙིང་གི་ས་གན་ནས་ཁོང་ཚང་གིས་གཏེར་ལ་སྦས།
- དེ་ན་དོ་རུ་ཟེར་བ་ཞིག་ཡོད་དམ།
- ཨོ་ལེད།
- དོན་སྙན་ཟེར་བ་ནི་ཆོས་རྗེ་དོ་རིན་པོ་ཆེས་དོ་རུ་ཞིག་དེ་ནས་གཏེར་ལ་སྦས་ཟེར་བ་རེད།
- དོན་སྙན་ཟེར་བ་དེ་ནས་ཐོགས་པ་ཡིན་ཟེར།
- དེ་བས་ཤ་སྦྲང་སྡེ་ཡིན་རུང་།
- རྫ་བྱ་ཁྱུང་།
- འདི་རྫ་བྱ་ཁྱུང་རེད།
- བྲག་བྱ་ཁྱུང་ད་དུང་མི་རྙེད།
- དེ་ནས་ཡོང་དུས་ཨ་ཡེ་ཞིག་གིས་ཡུར་མ་ཡུར་བ།
- ཤ་བདའ་རྒད་པོ་ཡིས་ཆུང་མས་ཡུར་མ་ཡུར་བཞིན་ཡོད་པས།
- ཁོ་དེར་ཡོང་ནས།
- ཁྱོད་ཀྱིས་ང་ལ་གུང་ཚིགས་ཤིག་དྲོངས་ཞེས་བཤད།
- དེ་ལྟར་བཤད་པས་ཤ་བདའ་རྒད་པོ་དང་ཁོང་གཉིས་བསྡད།
- ཤ་ཞིག་གི་བྲང་ཞིག་དྲངས་པ་རེད།
- བྲང་ཞིག་གུང་ཚིགས་ལ་དྲངས་པ་ཡིན་ནམ།
- གུང་ཚིགས་ལ་དྲངས།
- དྲངས་ནས་ཁོང་ཚང་གིས་དེ་བཞེས་བའི་སྐབས་སུ།
- ཁོང་ཚང་གིས་ཅི་ཞིག་བྱས་པ་རེད་ཟེར་ན་དྲིས་པ་རེད།
- ཁྱོད་ཀྱི་ཤ་འདི་ཅི་ཞིག་ཡིན་ཞེས་དྲིས།
- ཤ་འདི་ཤ་ཡི་བྲང་ཡིན།
- ཨོ་ན་མདུན་རི་འདིའི་མིང་ལ་ཅི་ཟེར་ཞེས་དྲིས།
- བཤད་པ་ལ་བྲག་དམར་པོ་ཟེར།
- བྲག་དམར་པོ་ཟེར་བ་གན་གི་བྲག་དེ་རེད་ཟེར།
- དེའི་འཕྲོར་གོང་གི་རི་འདི་ཅི་རེད་ཅེས་དྲིས་པར་དེར་བྲག་ནག་རིས་ཟེར།
- ཨོ་་་བྱ་ཁྱུང་དགོན་པ་འདི་ནས་འདེབ་པའི།
- དཔེ་འཇོག་རྒྱུ་ན་ཁོང་ཚང་བྲག་བྱ་ཁྱུང་རྫ་བྱ་ཁྱུང་གཉིས་ནོར་ནས།
- འདི་ནས་འདེབ་རྩིས་བྱས།
- སྟེང་གི་གཞི་མ་ནས།
- མ་རེད། སྟེང་གི་གཞི་མ་མ་རེད།
- ཤ་སྦྲང་ནས་འདེབ་རྩིས་བྱས།
- འདི་ཞིག་ནས་འདེབ་རྒྱུ་རེད།
- ཁོ་ཚོར་དྲིས་རྗེས་དེ་ལྟར་བྱས།
- ཨོ་་་བྲག་ནག་པོ་རྒྱབ་རི་མི་ཉན།
- རི་སྔོན་པོར་མདུན་རི་མི་ཉན།
- ཤ་བྲང་དེ་གུང་ཚིགས་མི་ཉན་ཞེས་རྟེན་འབྲེལ་ལོག་སོང་།
- དེ་ནས་སྟེང་གི་གཞི་མ་ཡི་རྗེ་བཙུན་བྱམས་པ་ཡི་ཁྲི་ཐོག་ནས་ཁོང་ཚང་གིས།
- སྟེང་གི་གཞི་མ་ནས་བཞུགས་ཏེ་རྗེ་བཙུན་བྱམས་པ་ཡི་ཁྲི་ཐོག་ནས།
- ཁྲི་ཆེན་པོ་ལེགས་པོ་ཞིག་བརྒྱབ་ནས་དུས་འཁོར་དབང་ཆེན་གྱི་དབང་གསུངས།
- དེའི་འཕྲོར་འཇིགས་བྱེད་ཀྱི་དབང་གསུངས་ཟེར།
- དེ་ལྟར་སྟེང་གི་གཞི་མ་འདི་ནས།
- འཇིགས་བྱེད་ཀྱི་སྙན་པ་བསྡད་ན་བགེགས་བར་ཆད་མེད་པ་དེ་ཡིན་ཟེར།
- དེ་དུས་དབང་གསུངས་ཟིན།
- མང་བ་རེད། འཇིགས་བྱེད་ཀྱི་དབང་གསུངས་པ་རེད།
- འཇིགས་བྱེད་སྙན་ཆེན་བཅུ་གསུམ་སྤེལ་པ་དང་།
- བཅུ་གཅིག་བཅུ་གཉིས་སྤེལ་བ་དེང་མ་མང་བ་རེད།
- དེ་ལྟར་ཁོང་ཚང་འདི་ནས་ལོ་མང་པོར་བཞུགས་ནས།
- དེ་ནས་མར་ལ་བྱ་ཁྱུང་དགོན་པར་ཕེབས་པ་རེད།
- དེ་ལྟར་བྱ་ཁྱུང་དགོན་པར་ཕེབས་པ་རེད།
- དེར་ཕེབས་དུས་ཅི་རེད་ཟེར་ན།
- བྱ་ཁྱུང་དགོན་པའི་མ་དགོན་སྟེང་གི་གཞི་མ་ཡིན་ཟེར།
- བཤད་རྒྱུན་དེ་འདྲ་བཤད།
- དེ་ནས་སོང་ནས་བྱ་ཁྱུང་དགོན་པ་བཏབས།
- རྗེ་རིན་པོ་ཆེ་ཚང་སྤྲུལ་སྐུ་ཆུང་།
- དེ་ལྟར་སྐུ་འབུམ་ནས་རྗེ་རིན་པོ་ཆེ་ཚང་གི་སྤྲུལ་སྐུ་ཆུང་གི།
- ཉིན་ཞིག་ཁོང་ཚང་གཅིག་པུས་ཁེར་བཤད་བརྒྱབ་ནས།
- ཅི་རེད་ཟེར་ན་ས་ཐོ་མ་ཐོ་ལས་ནས།
- འདི་སེ་ར་ཡིན།
- སྐུ་འབུམ་ན་ལུང་པ་གཉིས་ཡོད།
- ཕལ་ཆེར་ལུང་པ་ནང་ན་སྡོང་བོ་དེ་འདྲ་གསུམ་ཡོད།
- སེ་འབྲས་དགའ་གསུམ་པོ་དེ་ནས་འདེབས་རྒྱུ་བྱས་པ་རེད་ཟེར།
- དེའི་སྨོན་ལམ་བརྒྱབ་པ་རེད་ཟེར།
- རྩེད་ར་འདྲ་བོ་ལས་ནས།
- འདི་དགའ་ལྡན་ཡིན་དང་འདི་སེ་ར་ཡིན།
- འདི་འབྲས་སྤུངས་ཡིན།
- དེ་ལྟར་བྱེད་པའི་སྐབས་སུ།
- ཁོང་གི་དགེ་རྒན་གྱིས་གཅིག་བལྟས་པ་རེད།
- ཆོས་རྗེ་དོ་རིན་པོ་ཆེ་ཡིས་གཅིག་བལྟས་ནས།
- ཁོང་གིས་གཅིག་བལྟས་རྗེས་བཤིག་པ་རེད།
- སྐྲག་ནས་བཤིག་པ་རེད།
- བཤིག་པས་སྨོན་ལམ་ལོག་སོང་བས་ལྷ་ས་ནས་མ་བཏབ་པར་བཀོད་པ་མེད།
- དེ་བས་ཁོང་ཚང་གིས་ལམ་ལ་བཅུག་པས་ལྷ་སར་ཕེབས།
- དེ་འདྲ་རེད།
- ཆོས་རྗེ་དོ་རིན་པོ་ཆེ་ཚང་གི་དགོན་པ་བྱ་ཁྱུང་དགོན་པ་རེད།
- དེ་ལྟར་རེད།