Video Overview
In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.
- Tibet
- Gesarling
- Densatil
- Nedong
- Lhamo
- Tangpoché
- Gyeltang
- Yapzang Gön
- Sakya Gön
- Yarlung
- Puhreng
- Gongkar Khül
- Samyé
- Taklung Gön
- Ü
- Shamchu
- Ngari
- Damzhung
- Drigung Til
- Shelkar Khül
- Drakkar
- Lhatsé
- Rinpung Khül
- ལགས་སོ། ལགས་སོ།
- ད་འདི་ད་ལྟ་འདི་ཕག་མོ་གྲུབ་པའི་སྐོར་རེད་པ། བྱས་ནས་ད། བོད་དེ་རུ་དཔལ་ཕག་མོ་ཨེ། དཔལ་ཕག་མོ་གྲུ་པའི་དཔལ་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པ་ཟེར་མཁན་དེ། དྭགས་པོ་བཀའ་བརྒྱུད་ཟེར་མཁན་དེ་ནི།
- བོད་ཀྱི་ཆོས་ལུགས་ནང་ནས་དྭགས་པོ་བཀའ་བརྒྱུད་ཟེར་མཁན་ཆོས་ལུགས་གཅིག་རེད་པ། དྭགས་པོ་བཀའ་བརྒྱུད་ཀྱི་གཙོ་བོ་དེ་ནི་དེ་རེད་ཟེར། གང་ཟེར་དགོས་རེད་པས། ཨོའོ་གཙོ་བོ་ཡིན་ན་གང་ནས་འབྱུང་བ་རེད་ཟེར་ན།
- དྭགས་པོ་བཀའ་བརྒྱུད་ཟེར་མཁན་དེ་ཡིན་ན། གཙོ་བོ་ནི་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་ནས་དྭགས་པོ་བཀའ་བརྒྱུད་ཟེར་མཁན་དེ་ནི་གཙོ་བོ་ནི་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་ནས་དེ་ནི། འགོ་བཙུགས་པ་དེ་འདྲས་གཅིག་རེད། ཟེར།
- དྭགས་པོ་བཀའ་བརྒྱུད་ཟེར་མཁན་དེ་འདྲས་རེད་ཟེར། དེ་ཡིན་ནའི་དེ་ནས་མར་བྱས་དྭགས་པོ་བཀའ་བརྒྱུད་ཡིན་ན། མགོ་ཚུགས་པ་དེ་འདྲས་ཡིན་ནའི། དེའི་མཇུག་ལ་ད་ཆོས་སྲིད་ཀྱི་ད་ཆོས་སྲིད་ཀྱི་དྭགས་་པོ་ཀའ་བརྒྱུད་པའི་ཆོས་སྲིད་ཀྱི་བྱེད་པ་བླ་ན་མེད་པ་སྤེལ་ཡས་དེ་ནི། དེ་ནི་སྤྱན་སྔ་རིན་པོ་ཆེ་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱི་ཐོག་ནས་བྱུང་བ་དང་། ད་ག་ནང་ལྟར་ཏའི་སི་ཏུ་གོང་མ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ལ་སོགས་པ་དེ་ནི། རླངས་ཀྱི་དེ་ནི་གདུང་རབས་རིམ་པར་བྱོན་པ་རྣམས་ནས་བྱུང་བ་ཡིན་ཟེར།
- དེ་ནི་རླངས་ཀྱི་གདུང་རབས་རིམ་པར་བྱོན་པ་རྣམས་ཀྱི་ནང་ནས་བྱུང་བ་ཡིན། ཟེར། དེ་ནི་རླངས་ཀྱི་པོ་ཏི་བསེ་རུའི་ནང་ལ་གང་ཟེར་ན། རླངས་ཀྱི་པོ་ཏི་བསེ་རུའི་ནང་དུ་རླངས་ཀྱི་ལོ་རྒྱུས་ཡོད་པའི་པུ་ཏི་བསེ་རུའི་ནང་ལ་ག་རེ་ཟེར་ན། ལར་སྐྱེས་པའི་མི་ལ་དེ་ནི་དེ་དགོས་ཟེར། རླངས་ཀྱི་པོ་ཏི་བསེ་རུའི་ནང་ལ་ལར་སྐྱེས་པའི་མིས་རང་གི་སྐྱེ་བརྒྱུད་མ་ཤེས་ན་ནགས་ཁུང་གི་སྤྲེའུ་དང་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་དང་འདྲ། ཡབ་མེས་ཀྱི་ཀྱི་ཆེ་གེའི་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ། ཟེར་ནས།
- ད་དེ་འདྲས་ཀྱི་དཔེར་ན་ད་སོ་སོའི་གཅིག་གི་ད་གང་ཟེར་དགོས་རེད། ཨོང་སྐྱེས་པའི་མི་ལ་དེ་ནི་རང་གི་སྐྱེས་བརྒྱུད་དེ་མ་ཤེས་ན། དེ་ནི་ནགས་ཀྱི་སྤྲེའུ་ནང་ལྟར་འདྲ་བ་རེད། གསུངས་ཡས་ལ་སོགས་པ་དེ་ནི་རང་གི་སྐྱེས་བརྒྱུད་དང་ད་ག་ནང་ལྟར་དེ་ནི་རང་ཉིད་ཀྱི་ཆོ་འབྲང་དང་། དེ་ནི་དེ་འདྲས་ཀྱི་དཔེར་ན། ཡབ་མེས་ཀྱི་ཡིག་ཚང་ངེས་པར་དུ་ཤེས་དགོས་ཡས་ཀྱི་ཐོག་ལ་ཡིན་ན་གསལ་པོ་གསུངས་བྱས་དེ་ནི་དེ་འདྲས་རེད། ཟེར།
- ཨེ། དེ་ནི་ད་ག་་ནང་ལྟར་སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས། བྱས་པའི་ཆོས་ལ་གྲུབ་པའི་མཐའ་དགོས། ཆེ་བའི་མི་ལ་མཐོ་བའི་རྟགས་དགོས། ཟེར་ན། དེ་ནི་སྐྱེས་པའི་མི་ཟེར་ཡས་དེ་ལ་དེ་ནི་ཡིན་ན་གྲགས་པའི་གཏམ་དགོས་ཀྱི་རེད། ཟེར།
- གཅིག་གི་ལས་ཀ་འཚམས་པོ་བྱས་པ་གྲགས་པའི་གཏམ་དགོས་ཀྱི་རེད་ཟེར། ཨེ་བྱས་པའི་ཆོས་ལ་གྲུབ་པའི་མཐའ། ཆོས་ཟེར་མཁན་དེ་བྱས་པའི་རྗེས་ལ་དེ་ནི་མཐའ། མཐའ་ལ་དེ་ནི་ལྟ་བ་སོགས་པ་དེ་འདྲས་ཀྱི་ཐོག་ནས་དེ་ནི་གྲུབ་མཐའ། གྲུབ་པའི་མཐའ་དེ་ནི་ལྟ་བ་ཡང་དག་པ་དེ་ནི་གྲུབ་པའི་མཐའ་དགོས་ཀྱི་རེད། ཟེར།
- ཆེ་བའི་མི་ལ་དེ་ནི་མཐོ་བའི་རྟགས་དགོས་ཀྱི་རེད་ཅེས་གསུངས་པ་དང་། ཟེར། བྱས་ནས་དེ་ནི་དེ་འདྲས་ཀྱི་ད་ཨེ་བོད་ཀྱི་ནང་ལ་ཆ་བཞག་ན་དཔེར་ན་ད་གང་ཟེར་དགོས་རེད། ཨེ། གང་ཟེར་དགོས་རེད། དེ་ནི་རླངས་ཀྱི་པོ་ཏི་རུ་ལས་དེ་ནི། འབངས་ཀྱི་མི་རབས་ལས་དེ་ནི། ཐོག་མ་དེ་ནི་རླངས་ཀྱི་གདུང་བརྒྱུད་དེ། རླངས་ཀྱི་གདུང་བརྒྱུད་བྱུང་སྟངས་དེ། ཨེ་རིམ་པར་གསུངས་བྱས་དེ་འདྲས་རེད། ཟེར།
- འབངས་ཀྱི་མི་རབས་ལ། འབྱུང་བ་སྣ་ལྔའི་སྙིང་པོ་ལ། སྒོ་ང་ཆེན་པོ་གཅིག་ཡོངས་པ། ཕྱིའི་སྒོང་ཤུན་ལྷ་བྲག་དཀར་པོ་ཆགས། ནང་གི་སྒོ་ང་ལ་དུང་མཚོ་དཀར་མོ་འཁྱིལ། བར་གྱི་སྒོ་ངའི་དར་ཆ་ལ། རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ། སྒོ་ང་འཕྲུམ་གྱི་བཅོ་བརྒྱད་ཆགས། སྒོ་ང་བཅོ་བརྒྱད་འབྲིང་པོ་དེ། དུང་སྒོང་གཅིག་ཡར་ནས་བྱུང་། ཟེར། འདི་ད།
- ཐོག་མའི་དེ་ནི་ད། གང་ཟེར་དགོས་རེད། གཅིག་གི་མིའི་འགྲོ་བ་ཆགས་པའི་ཁ་གཏུག་ལ་ཆ་བཞག་ན་དེ་ནི། ཐོག་མར་དེ་ནི་སྒོ་ང་ཆེན་པོ། འབྱུང་བ་སྣ་ལྔའི་སྙིང་པོར་བརྟེན་ནས། དེ་ནི་སྒོ་ང་ཆེན་པོ་གཅིག་བྱུང་བ་ལ་སོགས་པ་དེ་ནི། ད་གསུངས་ཚུལ་གཅིག་རེད། རེད་པཱ།
- འོང་། དེ་ནི་དུང་གི་སྒོ་ང་ཆེན་པོ་དེ་ལ་དེ་ནི་དབང་པོ་ལྔ་དང་ཡན་ལག་རྣམས་སོ་སོར་དོད་དེ་མཚར་སྡུག་གི་དེ་ནི་ཁྱིའུ་ཡིད་ལ་སྨོན་པ་གཅིག ལྟ་བུ་བྱུང་བ་ལས་དེའི་མིང་ལ། དེ་ནི་ཡེ་སྨོན་རྒྱལ་པོ་བྱུང་ཟེར་ཡས་གཅིག་དེ་བྱས། ཡེ་སྨོན་རྒྱལ་པོ་བྱས་དེའི་ཇོ་མོ་ལྕག་རྒྱལ་མོ་ལ། འཁྲུངས་སྲས་དབང་ལྡན་འཁྲུངས། ད་དེ་ནས་མར་བྱས་གཅིག་གི་རིམ་པས་རིམ་པར་བརྒྱུད་ནས། རེད་པཱ།
- རིམ་པར་རིམ་པར་བརྒྱུད་ནས་དེ་ནི། གང་ཟེར་དགོས་རེད་དེ་ནི་མཐའ་མ་མཐའ་མ་ཡིན་ན། ཨེ་མཐའ་མ་མཐའ་མ་དེ་ཡིན་ན། སྲས་ལ་དཀར་ནག་གསུམ་ལ་སོགས་པ། དེ་འདྲས་ཀྱི་རིམ་པས་རིམ་པར་བརྒྱུད་ནས། མཐའ་མ་དེ་གང་ཟེར་ན་དེའི།
- ཨེ་སྲས་འབྲམ་རེ་ཤེལ་མིག དེའི་སྲས་ཨ་རྗེ་གཙུག་གསུམ། དེ་ལ། གནམ་ལྷ་མཆེད་བརྒྱད་ཀྱི་ལྔ་པས་སྲས་སུ་སྤྲུལ་པའི་མིང་མང་ལྡོམ་སྟག་བཙན། ཟེར་མཁན་གཅིག་བྱུང་ཡོའོ་རེད། ཟེར།
- མང་ལྡོམ་སྟག་བཙན་ཟེར་ཡས་གཅིག་བྱུང་བྱས། དེའི་དེ་ནི་ཇོ་མོ་རོང་བཟའ་ཁྱེ་ལྕམ་ལ་སྲས་མ་བྱུང་བས་ཐུགས་མ་བདེ་བར་ལྷ་ཡུལ་དུ་བྱིན་ཏེ་རང་གི་གཅེན་པོ་དེ་གས་དེ་ལ་ལ་དྲིས་པ་རེད། ཟེར།
- རང་གི་གཅེན་པོ་དེ་གས་དེ་ལ་དྲིས་བྱས་དེ་ནི། རང་རེ་ལྷ་སྲས་མཆེད་བརྒྱད་ཀྱི། ཁྱེད་ནི་མི་ཡུལ་སྲས་སུ་སྤྲུལ། དྲིས་པའི་གཞུག་གུ་ལ་དེ་ནི་ང་རང་ཚོ་སྤུན་མཆེད་ཀྱི་བརྒྱད་ཀྱི་ནང་ནས་དེ་ནི། མིའི་སྲས་ནང་ལ་སྤྲུལ་གྱི་རེད། ཟེར།
- ཁྱེད་ལ་བུ་དང་སྲས་མེད་པས་དེ་ནི་ཐུགས་ཆད་ན། ཐུགས་མོས་པ་བྱུང་ན་དེ་ནི། ཟླ་བ་བཅུ་གསུམ་གྱི་སྒྲུབ་པ་མཛད་ནས་དེ་ནི་དེ་ནས། ཡིད་དམ་གྱི་ལྷ་ལ་ཡིད་དམ་བསྒོམས་ལ་གསང་སྔགས་བགྲོངས། ཟེར། ལོ་གསར་ཟླ་བ་བཅུ་གསུམ་ལ། ལྷ་རི་གཉན་པོ་ཅན་དུ་བྱོན། ལོ་གསར་ཟླ་བ་བཅུ་གསུམ་ལ་ལྷ་རི་གཉན་པོ་ཅན་བྱོན་ཟེར། བསངས་དང་མཆོད་པ་གསོལ་བ་དེ་འདྲས་བྱས་སོང་ན། དེ་ནས་ལྷ་ཚངས་སྲས་མོ་འགྲུབ། ལྷ་སྲས་ཚངས་སྲས་མོ་འགྲུབ་སྟེ་འོང་། ཟེར།
- ལྷ་སྲས་ཚངས་མ་འགྲུབ་པ་ན། ལྷ་ཡི་སྲས་ལ་མི་ཡི་བརྒྱུད། རིགས་བརྒྱུད་ཁྱད་དུ་འཕགས་པ་འོང་། ལྷ་སམ་ལྷ་སྲས་མ་དེ་ཚངས་པའི་སྲས་མོ་དེ་འདྲས་གཅིག་དེ་ནི་ཁྱེད་རང་ལ་དེ་ནི་རྦད་དེ་གཉེན་དུ་འགྱུར་པ་ནི་དེ་ནི་རིགས་བརྒྱུད་ཁྱད་དུ་འཕགས་པ་ཡོང་བྱས་ནས་དེ་འདྲས་གསུངས་བ་རེད། ཟེར།
- མི་རབས་བདུན་ཅུ་རྩ་གསུམ་པར། བླ་མ་མི་དཔོན་རྒྱུན་མི་ཆད། སེམས་ཅན་ཀུན་གྱི་འདྲེན་པ་དང་། དཔའ་བོས་རྒྱལ་ཁམས་འདུལ་བ་དང་། གྲགས་པས་ས་སྟེང་ཁེབས་པ་ཡོང་ཟེར། དེ་ནི་མི་རབས་བདུན་ཅུ་རྩ་གསུམ་པ་ལ་དེ་ནི་བླ་མ་དང་མི་དཔོན་དེ་ནི་རྒྱུན་མི་ཆད་པ་དང་། སེམས་ཅན་ཀུན་གྱི་འདྲེན་པ་དང་། དཔའ་བོས་དེ་ནི་རྒྱལ་ཁམས་འདུལ་བ་དང་། གྲགས་པས་ས་སྟེང་ཁེབས་ཡོང་གསུངས།
- ཡོང་ཟེར། ད་དེ་འདྲས་ཀྱིས། ཞེས་གསུངས་པ་དང་མཐུན་པར་མི་ཡུལ་དུ་བྱོན་ཏེ་སྒྲུབ་པ་མཛད་པའི་ཟེར་ན། དེ་ནི་ཁོང་གིས་དཔེར་ན། མང་ལྡོམ་སྟག་བཙན་གྱི་དེ་ནི་མི་ཡུལ་ལ་ཕེབས་ནས་སྒྲུབ་པ་མཛད་ནས། སྒྲུབ་པ་མཛད། དེ་ནི་ལ་གསར་གྱི་ཟླ་བ་གཅིག་ལ་ལྷ་རིའི་རྩེར་བྱོན་ཏེ་མཆོད་པ་མཛད་པས། ནམ་མཁའ་ལས་འཇའ་ཚོན་སྣ་ལྔ་པ་བྱུང་ཞིང་། བར་ལ་རོལ་མོའི་སྒྲ་སོགས་ཆོ་འཕྲུལ་སྣ་ཚོགས་བྱུང་བས། ཟེར།
- དེ་ནི་ཚངས་སྲས་ལྷ་མོ་འཁོར་བརྒྱད་དང་བཅས་པ་བྱོན་པ་གཟིགས་ཏེ། ཆུང་མ་མཛད་པར་གསོལ་བ། དེ་ནི་བླ་མ་ལ་ངའི་ཆུང་མ་གནང་རོགས་གནང་ཟེར། གསོལ་བ་བཏབ་པ་བྱེད་དུས་ཙམ་པ་དེ་ནི། འཁོར་དེ་གས་དེ་ནི་འོད་དུ་ཡལ། ལྷ་མོ་ཁོང་རང་རང་གིས་དེ་ནི་རྦད་དེ་མང་ལྡོམ་སྟག་བཙན་གྱི་དེ་ནི་ཆུང་མ་མཛད་ཡས་ཐོག་ལ། ལྷ་མོས་ཞལ་གྱིས་བཞེས་པ་རེད། ཟེར།
- ལྷ་མོས་ཞལ་གྱིས་བཞེས་པའི་གཞུག་གུར། དེ་ནིརྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་ཆུས་ཇོ་མོའི་སྐུ་ལུས་བཀྲུས་ནས་དེ་ནི་ལྷ་ཡུལ་དུ་སླར་ཡང་། དེ་ནི་ཡུལ་དུ་བྱོན་ཟེར། ཡང་ལྷ་ཡུལ་ལ་བྱོན་པ་རེད་ཟེར།
- ཡུན་རིང་དུ་སོང་ཀྱང་སྲས་མ་བྱུང་། སྐབས་ཤིག་ནམ་མཁའ་ནས་སྒྲ་ཞིག་ལ། མང་ལྡོམ་སྟག་བཙན་དམག་ལ་བྱོན། རྒྱ་དམག་བོད་དུ་ལྷགས་དོགས་ཡོད། རྒྱ་དམག་བོད་དུ་ལྷགས་པ་ན། ཁྱོད་མིན་གང་གིས་ཐུབ་མི་འགྱུར། ཟེར། ད་དེ་འདྲས་ཀྱི་དཔེར་ན་ལུང་གཅིག་བསྟན་པ། ནམ་མཁའ་ནས་སྒྲ་ཞིག མང་ལྡོམ་སྟག་བཙན་དམག་ལ་བྱོན་ཟེར། དེ་ནི་རྒྱ་དམག་བོད་དུ་དེ་ནི་ལྷགས་དོགས། དེ་ནི་རྒྱ་དམག་བོད་དུ་ལྷགས་པ་ན། ཁྱོད་མིན་པ་གཞན་དག་སུ་ཞིག་གིས་ཐུབ་ཀྱི་མ་རེད་བྱས་ནས་དེ་ནི་བྱུང་ཡོང་དུས་ཙམ་པ།
- མང་ལྡོམ་གྱི་ཆིབས་ངང་དཀར་གཡུ་གཤོག་ལ་ཆིབས། དངུལ་དཀར་གྱི་དུང་ཁྲབ་དང་ཤེལ་དཀར་གྱི་རྨོག་དེ་གྱོན། འོད་འབར་གྱི་མཚོན་བཏགས་ནས། ནམ་མཁའ་ལ་ལྷ་དམག་དང་ཆུ་རྒྱུད་ལ་ཀླུ་དམག་རྣམས་འགྲིམ་དུ་བཅུག་སྟེ་བྱོན་པས། རྒྱ་རྣམས་བྲོས་ཏེ་གཡུལ་ལས་རྒྱལ་ཟེར།
- ད་དེ་འདྲས་ཀྱི་དཔེར་ན། ལྷ་དམག་དང་ཀླུ་དམག་བྱས་ནས་འགྲོ་དུས་ཙམ་པ་དེ་ནི་རྒྱའི་དམག་དེ་གས་དེ་ཡིན་ནའི། ཞེད་སྣང་སྐྱེས་བྱས་བྲོས་པ་རེད། ཟེར།
- སྐབས་དེ་དུས་དེ་ནི་སྨན་བཙུན་གྱིས་ལྷ་ཡུལ་ནས་ཁྲིད་པའི་དུང་གི་མཛོ་མོ་བྲོས་པ་མང་ལྡོམ་གྱིས་བཀག ལྷ་ཡུལ་ནས་དེ་ནི་སྨན་བཙུན་གྱིས་ཁྲིད་པའི་དེ་ནི་དུང་གི་མཛོ་མོ་དེ། དེ་ནི་དེ་ཕར་བྲོས་པ་དེ་གས་དེ་མང་ལྡོམ་གྱིས་བཀག་ཟེར།
- སྨན་བཙུན་གྱིས་མཛོ་མོ་འཚོལ་དུ་འོངས་པ་གཟིགས་ནས། སྨན་བཙུན་གྱིས་དེ་ནི་མཛོ་མོ་དེ་འཚོལ་དུ་འོངས་བ་གཟིགས་དུས་ཙམ་པ་དེ་ནི། མཛོ་མོ་མི་འགྲོ་བའི་ཕྱག་རྒྱས་བཅིངས་ཏེ་མཛོ་མོ་དེ་དེ་ནི་ཕར་འགྲོ་ཡས་མེད་པ་ཕྱག་རྒྱས་བཅིངས། རང་ཉིད་དེ་ནི་ཕ་བོང་གུར་འདྲའི་ནང་དུ་བྱོན་ནས། དེ་ནི་སྒོ་བསྡམས་ཏེ་ཟུར་གཅིག་ནས་དེ་ནི་བལྟས་པ་རེད། ཟེར།
- བལྟ་དུས་ཙམ་པ་དེ་ནི་སྨན་བཙུན་གྱིས་མཛོ་མ་ལ་འོ་མ་བཞོས་པའི་ཕུད་ཀྱིས་དཀོན་ཅོག་དང་། དེ་ནི་སྨན་བཙུན་གྱིས་མཛོ་མོ་དེ་ལ་དེ་ནི་འོ་མ་བཞོས། འོ་མ་བཞོས་པའི་དེ་ནི་ཕུད་ཀྱིས་དཀོན་ཅོག་ལ། མང་ལྡོམ་གྱི་སྐྱབས་ལྷ་ལ་མཆོད་པ་ཕུལ། ལྷག་མ་ཆུ་ལ་བླུགས་ནས། རིགས་བརྒྱུད་ཁྱད་འཕགས་འབྱུང་བའི་སྨོན་ལམ་བཏབ་པས་མང་ལྡོམ་མཉེས། ཟེར། ད་དེ་འདྲས་ཀྱིས་དཔེར་ན་འོང་། གདོང་ལ་ལྷ་ལ་མཆོད་པ་ཕུལ་པ། ལྷག་མ་དེ་དེ་ནི་ཆུ་ལ་བླུག་ནས། རིགས་བརྒྱུད་ཁྱད་དུ་འཕགས་པ་འབྱུང་ཡས་ཀྱི་ཐོག་ནས་དེ་ནི་གསོལ་བ་བཏབ་དུས་ཙམ་པ། དེ་ནི་མང་ལྡོམ་མཉེས་པོ་བྱུང་བ་རེད། ཟེར།
- དུས་དེར་ནས། དུས་དེར་ནམ་མཁའ་ནས་སྤྲུལ་པའི་ལྷ་བརྒྱུད་སྤེལ་རན་པས། སང་ཕོད་དུས་ཀྱི་ད་ཙམ་ན། རིགས་སྲས་བུ་འཁྲུང་བར་འགྱུར། ཟེར། སྒྲ་བྱུང་བ་དང་ཟེར། ཨ་ནི་དེ་ནི་ནམ་མཁའ་ནས་སྤྲུལ་པའི་ལྷ་བརྒྱུད་སྤེལ་རན་པས། ད་དཔེར་ན་ཁྱེད་རང་སྤྲུལ་པའི་ལྷ་བརྒྱུད་སྤེལ་རན་པ་རེད། དེ་ནི་སང་ཕོད་དུས་ཀྱི་ད་ཚོད་ཙམ། དེ་ནི་རིགས་ཀྱི་སྲས་བུ་འབྱུང་བར་འགྱུར་ཟེར། ཟེར་བའི་དེ་ནི་སྒྲ་བྱུང་བ་རེད། ཟེར།
- མང་ལྡོམ་གྱིས་སྨན་བཙུན་གྱི་རྩར་བྱོན་ནས་གཟིམས། ཐོ་རངས་མི་དཀར་རྟ་དཀར་དུ་སྤྲུལ་ནས། མཆེད་བདུན་ལ་གསུང་བ་བཞིན་བྱས་ཡོད། ཟེར། སྲས་ཇི་ལྟར་འཁྲུངས་ཞུས་པའི་ལན་དུ། དེ་ནི་སྲས་གང་འདྲས་འཁྲུངས་ཀྱི་རེད་ཟེར་དུས་ཙམ་པ། མི་བརྒྱུད་ལྷ་རབས་གསུམ་དུ་ཡོང་། གཅིག་གི་བླ་མའི་བརྒྱུད་པ་འཛིན། སེམས་ཅན་ཀུན་གྱི་འདྲེན་པ་བྱེད། གཅིག་གིས་བོད་ཁམས་དཔོན་དུ་འགྱུར། བོད་ཁམས་ཀུན་གྱི་རྗེ་བྱེད་ཅིང་། གཅིག་གིས་དཔའ་བའི་རིགས་སུ་ཡོང་། བྱས་ནས་དེ་ནི།
- དེ་ནི་མི་བརྒྱུད་དེ་མི་རབས་གསུམ་དུ་བྱུང་ནས་གསུམ་པོ་དེས་གཅིག་གིས་བླ་མའི་བརྒྱུད་པ་འཛིན་པ། གཅིག་གི་དེ་ནི་བོད་ཁམས་ཡོངས་ཀྱི་རྗེ་བོ་བྱས། གཅིག་གིས་དེ་ནི་དཔའ་བའི་ལས་སུ་འགྱུར་པ་དེ་འདྲས་བྱུང་པ་རེད་ཟེར་བྱས་ནས་གསུངས་པ་རེད། ཟེར།
- དེ་ནས་འོང་། དེ་ནས་ཟླ་བ་བདུན་རྫོགས་པའི་ཁ་གཏུག་ལ། དེ་ནི་ཉམས་སད་པའི་ཕྱིར་དུ། དེ་ནི་སྨན་བཙུན་པས་ཁྱེད་རང་གིས་དེ་པར་ལ་སྲས་ཀྱི་ཡོད་པ་དེ་ནི། ངའི་སྲས་མ་རེད་ཟེར། གསུངས་དུས་ཙམ་པ་དེ་ནི། ཨེ་དེ་ནི་སྨན་བཙུན་གྱི་སྔར་དེ་ནི་གཟིམས་ས་དེ་ལ་ཕྱིན། མནལ་ལམ་དུ་བྱོན་ནས་གཟིམས་དུས་ཙམ་པ། དེ་ནི་མནལ་ལམ་དུ་གསེར་གྱི་མཆོད་རྟེན་རིན་པོ་ཆེས་སྤྲས་པ་ལ། ཨེ་བང་རིམ་གྲངས་མེད་ཅིང་ཐོག་མཐའ་བར་གསུམ་ལ་རིམ་བཞིན་བླ་མ། གསེར་གྱི་མཆོད་རྟེན་ཆེན་པོ་གཅིག་བྱུང་། ཆེན་པོ་དེ་ལ་དེ་ནི་བང་རིམ་མང་པོ་ཡོད་བྱས། དེའི་ཐོག་མཐའ་བར་གསུམ་དེ་ནི་བང་རིམ་རེ་རེ་ལ་བླ་མ་དང་། ལྷའི་བུ་བུ་མོ་ལ་སོགས་པས་བསྒྲིགས་པ་ཞིག་པང་དུ་བྱུང་བ་རྨིས་པས།
- འོང་། སང་སྲས་འཁྲུངས་པ་ལྷ་རིའི་རྩེར་ཁྱེར་ཏེ། དེ་ནས་དེ་ནི་དེ་འདྲས་ཀྱི་མནལ་ལམ་བྱུང་བ་དེ་ནི་སང་ཉིན་དེ། དེ་ནི་སྲས་འཁྲུངས། སྲས་འཁྲུངས་བ་དེ་དེ་ནི་ལྷ་རིའི་རྩེ་ལ་ཁྱེར་ནས། གཡམ་སྒྲོམ་གྱི་ནང་དུ་སྲས་བཞག་པ་རེད། ཟེར།
- འོང་། ད་དེ་ནས་སྒྲོམ་བཞག་ནས་དེ་ནི་སོ་སོའི་བདེན་པ་དར་ཡས་ལ། དེ་ནི་མང་ལྡོམ་གྱི་སྲས་ཡིན་ན་མི་བརྒྱུད་ལྷ་ལས་སྲ་བ་དང་། མིན་ན་བྱ་དང་གཅན་གཟན་གྱིས་ཟ་བའི་སྨོན་ལམ་བཏབ། མིན་ན་དེ་ནི་བྱ་དང་གཅན་གཟན་གྱིས་ཟ་བའིསྨོན་ལམ་བཏབ་ཟེར།
- མིའིདྲི་མ་ཕོག་པའི་སྟབས་ཀྱིས་ལྷ་གནས་སུ་མ་ཐོན་པར་ཡུལ་དུ་ལོག དེར་མང་ལྡོམ་ལ་རྒྱུ་མཚན་རྣམས་བཤད་པས། དེ་ནས་དེ་ནི་མིའི་དྲི་མ་ཕོག་པའི་སྟབས་ཀྱིས་དེ་ནས་ལྷ་གནས་སུ། ལྷའི་གནས་སུ་མ་འཕོས་པ་བྱས་བྱས། དེ་ནི་ཡུལ་དུ་ལོག་ནས་མང་ལྡོམ་ལ་དེ་ནི་རྒྱུ་མཚན་རྣམས་ཞིབ་ཏུ་གསུངས་པས། དེ་མ་ཐག་ཏུ་དེ་ནི་མང་ལྡོམ་དང་སྨན་བཙུན་གཉིས་ཀྱིས་དེ་ནི། ཡབ་ཡུམ་གཉིས་ཀྱི་ལྷ་རིའི་རྩེ་ལ་འགྲོ་དུས་ཙམ་པ། ཁྱེའུ་དེ་དེ་ནི་གང་འདྲས་གཅིག་ཡོའོ་རེད་ཟེར་ན།
- གཡུའི་ཟུར་ཕུད་ཅན་སྤྱི་གཙུག་ན་རླང་དཀར་པོ་ཡོད་པ་གཅིག གཡུ་འབྲུག་གིས་ངར་ཆུ་བླུད། དེ་ནི་ཁྱེའུ་སྙིང་རྗེ་པོ་གཅིག་རེད་པ། དེ་ནི་སྤྱི་གཙུག་ནས་རླང་པ་དཀར་པོ་ཡོད་པ་གཅིག་ལ། དེ་ནི་གཡུ་འབྲུག་གིས་ངར་ཆུ་བླུད། སེང་གེས་ནུ་ཞོ་བསྣུན། རྒོད་ཀྱིས་གཤོག་པས་བཀབ་ནས། གཅན་གཟན་རི་དྭགས་ཀྱིས་སྐོར་བ་བྱེད། ཟེར།
- ཨེ་རྒོད་ཀྱིས་གཤོག་པས་བཀབ། ད་ག་ནང་ལྟར་འཁྱགས་ཀྱིས་དོགས་པས་གོས་བྱས། གཅན་གཟན་རི་དྭགས་ལ་སོགས་པ་དེ་འདྲས་ཀྱིས་སྐོར་བ་བྱེད་པ་དང་། ཨེ་འཇའ་ཚོན་གྱི་གུར་ཕུབ་པ་འདུག་པ་ཞིག་གཟིགས་པས། ཡབ་དགྱེས་ཏེ། རླངས་སོ་རླངས་སོ། ལན་གསུམ་རླངས། གསུངས་པས། དེ་ནི་རླངས་ཀྱི་གདུང་བརྒྱུད་ཟེར་ཕག་མོ་གྲུ་པ་ལ་རླངས་ཀྱི་གདུང་བརྒྱུད་ཟེར། འབྱུང་ཡས་ཀྱི་ཐོག་མའི་བརྒྱུད་པ་དེ། རྒྱུ་མཚན་དེ་དེ་འདྲས་ཡིན་ཟེར།
- དེ་ནས་འགའ་ཞིག་ཏུ་རླངས་ཀྱི་གདུང་བརྒྱུད་ཟེར་བྱས་ནས། བྱུང་བ་ཡིན་ཟེར་བྱས་ནས་ད་དེ་རེད། འོང་། ཨེ། ཐོག་མའི་འབྱུང་སྟངས་ཁོ་དེ་འདྲས་རེད།
- ཨེ། ད་དེ་ནས་འདིའི་མཇུག་ལ་ཆ་བཞག་ན་དེ་ནི། ད་དེའི་རིམ་པས་རིམ་པས་བརྒྱུད་པས་ལས་སྒང་བཟའ་ལྷོ་མོ་ལ། དེ་ནས་བྱུ་རུ་བཀྲ་ཤིས་འོད་འབར་བྱས། དེ་ནས་མི་ཐོག་མང་པོའི་རིང་ལ་གྲུབ་ཐོབ་སེང་ཨེ་རབ་གནས་སུ་གདན་དྲངས་པའི་ཚེ། ད་དེ་ཟེར་མཁན་གཅིག་ཡོའོ་རེད། དེའི་སྲས་་་སྲས་པོ་ཆེ་དར་དཔལ། དེ་དང་མ་ཕམ་གཡུ་མཚོའི་སྟེང་དུ། ཟེར། དེ་ནི་སྲས་ཀྱི་རིམ་པར་བརྒྱུད་པའི་དེ་ནི་སྲས་པོ་ཆེ་དར་དཔལ། མ་ཕམ་གཡུ་མཚོའི་འགྲམ་དུ་གསེར་གྱི་ཤཱཀྱ་མུ་ནི་བཞེངས།
- ཨེ། གཡུ་སྣང་བ་འོད་ལྡན་ཡོན་དུ་ཕུལ། བྱུ་རུ་བཀྲ་ཤིས་འོད་འབར་གྱི་མཆོད་རྗས་བྱས་ནས། གྲུབ་ཐོབ་སེང་གེ་རབ་གནས་སུ་གདན་དྲངས་པའི་ཚེ། སྒང་བཟའ་ལྷ་མོ་ལ་སྲས་གཅིག་འཁྲུངས་པས། སྒང་བཟའ་ལྷ་མོ་ཟེར་མཁན་དེ་ལ་སྲས་གཅིག་འཁྲུངས་བ་དེ་རེད་པཱ། སྲས་གཅིག་འཁྲུངས་དུས་ཙམ་པ་དེ་ནི་གྲུབ་ཐོབ་ཀྱིས་མཚོ་ནི་བཟང་ཞིང་སྲས་འདི་ལྷའི་སྤྱན་གྱིས་གཟིགས་པ་ཞིག་བྱུང་བས། མཚོ་བཟང་ལྷ་གཟིགས་སུ་ཐོགས། གསུངས།
- དེ་ནས་བཟུང་སྟེ་རླངས་ལྷ་གཟིགས་སུ་གྲགས། ཟེར་བྱས་ནས་ད། དེ་ནས་རྦད་དེ་རླངས་ཀྱི་བརྒྱུད་པ་ལ་ཆ་བཞག་ན་སྟག་པོ་ཆེ་དར་དཔལ་དང་སྒང་བཟའ་ལྷ་མོ་འདུས་པ་ལ། ཆ་བཞག་ན་དེ་ནི་མཚོ་བཟང་ལྷ་གཟིགས་ཟེར་མཁན་དེ་ནི་དེ་ནས་བྱས་རླངས་ཀྱི་ནང་ལ་རླངས་ལྷ་གཟིགས་སུ་གྲགས་པ་དེ་འདྲས་བྱུང་བ་ཡིན་ཟེར།
- ད་དེ་ནས་རླངས་ལྷ་གཟིགས་དེའི་སྲས་ཨ་མི་བྱང་ཆུབ་འདྲེ་འཁོལ་ཏེ། ད་དེའི་ནང་ནས་བྱེད་དུས་ཙམ་པ། ད་སྲས་ཀྱི་ནང་ནས་ཨ་མེས་བྱང་ཆུབ་འདྲེ་འཁོལ་ཟེར་ཡས་དེ་འཁྲུངས་བྱས། དགུང་ལོ་བརྒྱད་ལ་ཨོ་རྒྱན་དུ་བྱོན་པ་དང་རྒྱ་གར་ལ་བྱོན་པ་དང་། ད་ག་ནང་ལྟར་གྱི་སྲིན་པོ་བཏུལ་ནས་ཕྱིར་བྱོན་པའི་ཚེ། ཡི་དམ་གྱི་ལྷའི་ཞལ་གཟིགས་པ་དང་། ད་ག་ནང་ལྟར་གེ་སར་ཡིན་ནའི་གླིང་ཡུལ་དུ་ལན་གཉིས་གདན་དྲངས་པའི་དེ་ནི་ཕྱི་མའི་ཚེ། ཕྱི་མའི་ཁ་གཏུག་ལ་ཕ་བོང་གྲ་བ་རྟ་འདྲ་བ་ལ་ཆིབས་ནས་ཕྱོགས་བཞིར་གདོན་ཆེན་པོ་བཞི་བཏུལ་བ་སོགས་རྫུ་འཕྲུལ་ནི་མཐའ་ཡས་ཤིང་། གེ་སར་མཐའ་མ་གདན་ཞུས་པའི་མཐའ་མ་དེ་ལ། ཕ་བོང་གྲ་པ་རྟ་འདྲ་བ་ཞིག་ལ་ཆིབས་ནས་ཕྱོགས་བཞིར་གདོན་ཆེན་པོ་མང་པོ་དེ་འདྲས་བཞི་བཏུལ། རྫུ་འཕྲུལ་ཡིན་ན་ད་ཞེ་དྲག་ཆེན་པོ་དེ་འདྲས་བྱུང་ཡོའོ་རེད། ཟེར།
- སྔར་དེ་ནི་མཚན་ལ་བྱང་ཆུབ་རྡོ་རྗེ་ཟེར། མཚན་ལ་དེ་ནི་བྱང་ཆུབ་རྡོ་རྗེ་ཟེར་ཡང་། ཕྱིས་ལྷ་སྲིན་བྲན་དུ་འཁོལ་བས་འདྲེ་འཁོལ་དུ་མཚན་ཆགས། བྱང་ཆུབ་བྲན་འཁོལ་ཟེར་ཡས་དེ་ཆགས་ཟེར། དེ་ལ་ཡིན་ན་སློབ་དཔོན་པད་མ་འབྱུང་གནས་ཀྱིས་ཡིན་ནའི། བྱང་དང་ཆུབ་ཅེས་བྱ་བ་ཡི། མི་བུ་ཁྱད་དུ་འཕགས་པ་འོང་། དེ་ནི་ང་ཡི་ཐུགས་ཀྱི་སྲས། ཟེར་གསུངས།
- ཨོའོ་དེ་ད་ག་ནང་ལྟར་སློབ་དཔོན་རིན་པོ་ཆེ་ཀྱིས་ཡིན་ནའི། བྱང་དང་ཆུབ་ཅེས་བྱ་བ་ཡི། མི་བུ་ཁྱད་དུ་འཕགས་པ་ཡོང་། དེ་ནི་ང་ཡི་ཐུགས་ཀྱི་སྲས། ཡིན་བྱས་ནས་དེ་འདྲས་གསུངས་ཡོའོ་རེད།ཟེར། བྱང་ཆུབ་འདྲེ་འཁོལ་ཉིད་ཀྱི་གསུང་དུ་ཡང་། བྱས་ནས། ད་ནི་ནས་མི་རབས་བཅུ་གསུམ་ན། བོད་ཁམས་ཡོངས་ཀྱི་བདག་པོ་ཡོང་བྱས་ནས། ད་དེ་ནས་མི་རབས་གསུམ་ནས། མི་རབས་བཅུ་གསུམ་ནས་བོད་ཁམས་ཡོངས་ཀྱི་བདག་པོ་ཡོང་བྱས་ནས་དེ་འདྲས་ཀྱིས་གསུངས་བ་ཡིན་ཟེར།
- ཞེས་ལུང་བསྟན་པ་དང་། འཇམ་དབྱངས་གོང་མ་རྒྱལ་པོའི་ཕོ་བྲང་ཚུན་གྱི་མཆོག་དམན་སྐྱེ་བོ་མཐའ་དག་གི་མིག་དང་རྣ་བའི་སྤྱོད་ཡུལ་དུ་འགྱུར་པ་དེ་ལྟར་ཡིན་ལ། ཟེར། དེའི་ཇོ་་མོ་སྐལ་ལྡན་མ་ལ་སྲས་དཔལ་གྱི་སེང་གེ གཉན་ཐོག་ཨ་ཁྲོམ། སྟག་ཚབ་གསུམ་ལས། འབྲིང་པོ་གཉན་ཐོག་ཨ་ཁྲོམ་གྱི་སྲས་གཉན་པོ་ཉ་མོག་ཁྲི། དེའི་སྲས་རླངས་སྟོན་བྱ་ཞུ་ནག་པོ། དེ་ནི་ཡིན་ན་རླངས་ཀྱི་ནང་ནས་སྐད་གྲགས་ཆེ་བ་གཅིག་རེད། རླངས་སྟོན་བྱ་ཞུ་ནག་པོ།
- དེའི་སྲས་ཨ་སེང་། དེའི་སྲས་ཨ་སེར། དེའི་སྲས་སྐྱབས་བདུན་དཔལ་དང་བརྒྱད། བཙན་དང་དགུ་ཞེས་པའི་ཆེ་བ་ཡོན་ཆེན་རྒྱལ་བ་སྐྱབས་ཡིན་ལ། རྒྱལ་བ་སྐྱབས་ཟེར་མཁན་དེ། བྱུང་བ་ཡིན་ཟེར། ད་ཨེནི་ཡོན་ཆེན་རྒྱལ་བ་སྐྱབས་ཡིན་ལ། དེ་ཡང་རླངས་སྟོད་ཐོ་ཡི་སྤྱི་དཔོན་མཛད། ཟེར།
- མགོ་རུམ་སེང་གེས་རྒྱ་བཅོམ། རྩེ་འཐོན་གྱི་དྲག་པོ་སྤུན་བཞི་བཏུལ། ལྡོང་སྲས་ཀྱིས་འདན་ཡུལ་དབང་དུ་བསྡུས་པ་སོགས་འཇིག་རྟེན་མི་ཆོས་ནས་མངོན་པར་མཐོ་བ་ཤིན་ཏུ་མང་ཞིང་། ཟེར། དམ་པའི་ལྷ་ཆོས་ཀྱི་སྒོ་ནས། དེ་ནི་དམ་པའི་ཆོས་ཀྱི་སྒོ་ནས་ཡིན་ནའི། དེ་ནི་བྱང་ཆུབ་འདྲེ་འཁོལ་ནི་གོང་དུ་སྨོས་ཟིན་པ་དང་། དེའི་སྲས་གསུམ་གྱིས་དཔག་པར་དཀའ་བའི་སྤྲུལ་སྒྱུར་མཛད་པ་དང་། རླངས་ཁམས་དེའི་ནང་ནས་རླངས་ཁམས་པ་གོ་ཆས་རབ་ཏུ་བྱུང་བའི་རེད། དེ་ནས་བྱས་ག་རེ་ཟེར་དགོས་རེད། གཅིག་དགུ་དེའི་ཁ་གཏུག་ལ། ཨོའོ། གཅིག་དགུ་ག་རེ་ཟེར་དགོས་རེད། འོང་གཅིག་དགུ ཁྲི་སྲོང་ལྡེའུ་བཙན་ཁ་གཏུག་ལ་དེ་ནི་བོད་ལ་དེ་ནི་སད་མི་མི་བདུན་གྱི་རབ་ཏུ་བྱུང་བ།
- སད་མི་བདུན་ཟེར་མཁན་དེ་ནི་བར་པ་ལ་ཡིན་ན་རླངས་ཁམས་པ་གོ་ཆས་ཟེར་མཁན་དེ་སད་མི་བདུན་གྱི་བར་ལ་ཡིན་ན། རེད། རླངས་དཔལ་གྱི་སེང་གེས་སློབ་དཔོན་ཆེན་པོའི་ཐུགས་སྲས་ཀྱི། རླངས་དཔལ་ཀྱི་སེང་གེ་ཟེར་མཁན་དེ་ནི་སློབ་དཔོན་ཆེན་པོའི་ཐུགས་སྲས་དེ་ནི་གྲུབ་པ་བརྙེས། རྗེས་མ་རླངས་དཔལ་གྱི་སེང་གེ་ཟེར་མཁན་དེ་ནི་སློབ་དཔོན་ཆེན་པོའི་ཐུགས་སྲས་མཛད་ནས་གྲུབ་པ་བརྙེས། ཡེ་ཤེས་རྡོ་རྗེས་ཉི་མ་ལྟོང་ལ་མནན། ཡེ་ཤེས་སེང་གེས་དཔལ་ཐང་དུ་ཇག་པ་བཏུལ། དཔལ་གྱི་འབྱུང་གནས་ཀྱིས་ལྷ་འདྲེ་དམ་ལ་བཏགས། དར་མ་སེང་གེས་དུར་ཁྲོད་བསིལ་བ་ཚལ་དུ་བྱོན། དཔལ་གྱི་རྡོ་རྗེས་ཉི་ཟེར་ལ་ཆོས་གོས་བཀལ་བ་སོགས་གྲུབ་པ་བརྙེས་པའི་མཐུ་སྟོབས་དང་རྫུ་འཕྲུལ་དཔག་པར་དཀའ་བ་ཤ་སྟག་མང་པོ་དེ་འདྲས་བྱུང་བ་ཡིན་ཟེར།
- ད་དེ་ནས་མར་བྱས་ནས། དེ་ནས་མར་དེ་ཡང་ཡོན་ཆེན་རྒྱལ་བ་སྐྱབས་ལ་ཇོ་མོ་འབྲོ་ལྡོག་བཟའ་དང་། དེ་གུ་མ། འབྲོ་བཟའ་ཡེ་ཤེས་མཚོ་དང་། གསུམ་ལས། དང་པོའི་སྲས་རྗེ་སྤྱན་སྔ་རིན་པོ་ཆེ་དཔོན་སངས་རྒྱས་བསྐྱབས། དཔོན་ཤེས་རབ་རྒྱལ་གཉིས་པའི་སྲས་དཔོན་མགོན་པོ་རྒྱལ་མཚན། གསུམ་པའི་སྲས་རྒྱལ་བ་རིན་པོ་ཆེ། བཅུ་གཉིས་པ་གཏེར་རྒྱལ་བ་རིན་ཆེན་རྡོ་རྗེ་རྣམས་ལས། ཟེར།
- རྗེ་སྤྱན་སྔ་རིན་པོ་ཆེ་ནི་སྤྱན་སྔ་གྲགས་པ་འབྱུང་གནས་ནི་དེ་ནི་ཡབ་མེས་ཀྱི་བཀའ་བརྒྱུད་ཀྱི་ཆོས་གཙོ་བོ་མཛད། ཡབ་མེས་ཀྱི་བཀའ་བརྒྱུད་ཀྱི་ཆོས་ཀྱི་གཙོ་བོ་མཛད། བཀའ་བརྒྱུད་ཀྱི་ཆོས་ཀྱི་གཙོ་བོ་མཛད། རྒྱལ་བའི་གསུང་རབ་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་ལྷུར་བླངས་པས། དེ་ནི་རྒྱལ་བའི་གསུང་རབ་རྒྱ་མཚོ་ལྟ་བུ་ལ་དེ་ནི་ཐོས་བསམ་གནང་། ཐོས་བསམ་ལྷུར་བླངས་པས། སྒྲུབ་རིས་ཡོངས་ཀྱི་དེ་ནི་བསྟན་པའི་བདག་པོར་འགྱུར་པ་དེ་འདྲས་རེད། ཟེར།
- དེ་ནི་སྐབས་དེ་དུས་ཤར་རྒྱལ་པོའི་ལུང་གིས་མཐོང་ཚད་བསད་ན་ཐོས་ཚད་སྐྲག་པའི་ལས་རྔམ་པོ་ཆེ་གསོག་པའི་་བྱེད་པོ་དོ་ཐག་ནག་པོ་བོད་ལ་སླེབས་པའི་ཁ་གཏུག་ལ་ཆ་བཞག་ནའི། ཁོང་གིས་དཔེར་ནསྤྱན་སྔ་གྲགས་པ་འབྱུང་གནས་ཀྱི་དེ་ནི་རྫུ་འཕྲུལ་གྱིས་འདུལ་བར་མཛད་པས། དེ་ནི་བོད་ལ་ཡིན་ན་ཁོང་ཡིན་ན་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན་ཟེར།
- དེའི་རྗེས་ལ་དེ་ནི་རྒྱལ་བ་རིན་པོ་ཆེ་རབ་ཏུ་བྱུང་བའི་མཚན་ལ་གྲགས་པ་བརྩོན་འགྲུས་ཞུ་གྱི་ཡོད་ཟེར། དབུས་སུ་ཕེབས་ནས་རྗེ་སྤྱན་སྔ་རིན་པོ་ཆེས་བྱིན་གྱིས་བརླབས་པས་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྟོགས་པ་འཁྲུངས་ཟེར།
- མཁས་གྲུབ་ཀྱི་ཡོན་ཏན་ཕུལ་དུ་བྱུང་བ་དེ་འདྲས་བྱུང་བ་རེད། ཟེར། ནམ་མཁའ་ལས་ཐོག་བས་པ་སྐུ་ཆོས་སུ་གཏུམས་པས་རྒྱས་སྲས་ཐོག་རྡུགས་ཞེས་ནུས་མཐུའི་སྙན་པ་ཆེ། ད་རྒྱལ་བ་ཐོག་རྡུགས་པ་ཟེར་མཁན་དེ་ནི་སྤྱན་སྔའི་ནང་ནས། རྒྱལ་བ་ཐོག་རྡུགས་པ་ཟེར་མཁན་དེ་ནི་སྐད་གྲགས་ཆེ་བ་གཅིག་རེད།
- རྒྱལ་བ་ཐོག་རྡུགས་པ་ཟེར་མཁན་དེ་ནི་དེ་དུས་སྙན་པ་ཡིན་ན་ཆེན་པོ་བྱུང་པ་རེད་ཟེར། གདན་སར་ཕེབས་ནས་སིང་གྷ་གླིང་ཏི་ར་ཧུ་ཏི་ཡ་རྩེ་རྒྱལ་པོ་རྣམས་ཀྱིས་རྣམ་ཐོས་ཀྱི་བུ་ལ་འགྲན་པར་ནུས་པའི་མཁོ་དགུའི་ཡོ་བྱད་བསམ་གྱི་མི་ཁྱབ་པ་ཕུལ་ཞིང་། དེ་ནི་དེ་འདྲས་ཀྱི་དཔེར་ན་གདན་སར་ཕེབས་པའི་མཇུག་གུ་ལ་དེ་ནི་སིང་གྷ་གླིང་ཏི་ར་ཧུ་ཏི་ཡ་རྩེ་རྒྱལ་པོ་ལ་སོགས་པ་དེ་ཚོས་ཡིན་ནའི། དེ་ནི་འབུལ་བ་ཡིན་ན་རྒྱ་ཆེན་པོ་དེ་འདྲས་ཕུལ། ཁྱད་པར་དུ་དེ་ནི་སོག་པོ་རྦད་འགྱེལ་དུ་གྲགས་པའི་ནོར་བུ་ལ་སོགས་པ་དེ་འདྲས་ཡིན་དུས་ཙམ་པ། སྐབས་དེ་དུས་འོང་།
- འོང་། ཕེབས་དུས་ཙམ་པ་ནོར་སྣའི་རིགས་ཀྱི་མཆོད་རྗས་བོད་ཡུལ་དུ་གདན་ས་ཐེལ་བཟང་བ་གྲགས་པ་དེ་ཡང་འདིའི་དུས་བྱུང་། ད་ནི་ཕེབས་དུས་ཙམ་པ་ནོར་བུ་སོགས། དེ་ནི་ནོར་སྣའི་རིགས་ཀྱི་དེ་ནི་མཆོད་རྗས་ཡིན་ན་ཕོན་ཆེན་པོ་ཡིན་དུས་ཙམ་པ། སྐབས་དེ་དུས་བོད་ལ་ཆ་བཞག་ན་དེ་ནི་གདན་ས་ཐེལ་ཟེར་མཁན་དེ། དེ་ནི་རྦད་དེ་ནོར་བུའི་རིགས་བསམ་གྱིས་མི་ཁྱབ་པ་ཡོང་བ་དེ་ནི་གྲགས་པ་ཡིན་ནའི་བྱུང་བ་རེད། ཟེར།
- སྤྱན་སྔ་རིན་པོ་ཆེ་དེ་ཡན་ཆད་དུ་གོང་མའི་འཇའ་ས་སོགས་མེད་ན་ཡང་། དེ་ཉིད་ཀྱི་དུས་ལ་ཧུ་ལ་ཧུ་གཏོགས་པ་རྣམས་ཀྱི་གོང་མའི་ལུང་གི་འཇའ་ས་དང་བཅས་ལྡན་མ་སྒོམ་བརྩོན་གྱིས་སྤྱི་དཔོན་བྱས་ནའང་ད་དེ་ནི། སྤྱན་སྔ་ད་ལྟ་དེ་རེད། འོང་གྲགས་པ་བརྩོན་འགྲུས་ཁ་གཏུག་ལ། ཆ་བཞག་ན་དེ་ནི་ཨེ། སྒོམ་བརྩོན་ལྡན་མ་སྒོམ་བརྩོན་གྱིས་དེ་བྱས་པ་རེད་དའི་དེ་ཡིན་ནའི་དེ། ལྡན་མ་སྒོམ་བརྩོན་གྱིས་བྱས་པ་ཡིན་ནའི་དེ། དེས་སྤྱི་དཔོན་བྱས་ནས་ལུགས་དང་མཐུན་པ་དེ། དེ་ནི་ཡག་པོ་དེ་འདྲས་རང་བྱུང་ཡོའོ་མ་རེད། ཟེར།
- དེའི་རྗེས་ལ་ད་ཨེནི་དཔོན་རྡོ་རྗེ་པ་ཟེར་མཁན་དེ་ནི་དཔལ་རྐང་བཞིའི་དཔོན་བྱེད་ཀྱིན་ཡོད་པ་ནི། དེ་ནི་རྒྱལ་བ་རིན་པོ་ཆེས་ཚུར་བཀུག་ནས་ཁྲི་དཔོན་དུ་བརྐོས། དེ་ནི་གོང་སར་ལན་གསུམ་བྱོན་ནས། ད་ག་ནང་ལྟར་ཕོ་བྲང་སྒང་དང་། ཚོང་འདུས་བྲག་ཁ། སྣེའུ་གདོང་དང་། སྣ་མོ་དང་ཧ་ལ་སྒང་། ཐང་པོ་ཆེ་གླིང་སྨད། འཕྱོས་གཞི་ཀ མོན་མཁར་བཀྲ་ཤིས་གདོང་། རྒྱལ་ཐང་། ལྕགས་རྩེ་གྲི་ཁུ། མཆོད་རྟེན་གླིང་། ཆད་དཀར་ཏེ་ཁོང་གིས་ཡིན་ན། དེ་ནི་རྦད་དེ་ཨེ། རྡོ་རྗེ་དཔལ་གྱིས་ཡིན་ན་དེ་ནི་གཞིན་ཆེན་བཅུ་གཉིས་ཡིན་ན། གཞི་ཀ་བཅུ་གཉིས་ཡིན་ན་དེ་འདྲས་བརྩེགས་བྱས་དེ་ནི་ད། ཕག་མོ་གྲུ་པ་ལ་མངའ་ཐང་ཡིན་ན་ད། ཤིན་ཏུ་མཐོ་པོ་དེ་འདྲས་བྱུང་པ་རེད། ཟེར།
- ཁོང་རང་དེ་ནི་ཁོང་རང་ཡིན་ན་ཡང་དེ་ནི་རྦད་དེ་དཔོན་མགོ་ལ་སྒོམ་ཞྭ་དང་། ལུས་ལ་ཆོས་གོས་རྣམ་གསུམ་གྱོན་ནས། བཙུན་ཚུགས་མ་དོར་བས་ལུགས་གཉིས་ཐད་ནས་དེ་ནི་ཀུན་གྱི་མཐོ་བཟོས་ཆེ་བ་དང་། ད་ག་ནང་ལྟར་ཁོང་གིས་རྦད་དེ་ཁོང་གི་བློན་པོ་ལ་སོགས་པ་དེ་ནི་གཤམ་གྱི་གཡོག་པོ་དེ་ཚོ་ལ་ཆ་བཞག་ན། དཔེར་ན་གཅིག་གི་རྦད་དེ་འོང་འཆུན་ཆེ་བཅུན་མཁས་པོ་བྱེད་དུས་ཙམ་པ། དེ་ནི་དྲག་གཞན་མཐའ་དག་གི་དཔོན་གྱིས་གཟིགས་སར་སུ་ཡིན་ནའི། དེ་ནི་ཁཽང་རང་གི་རྦད་དེ་གཟིགས་སར་བག་ཡངས་སྤྱོད་པ་བྱེད་མི་ནུས་པ་བྱུང་བ་རེད། ཟེར་དེ་འདྲས། འཆུན་བདེ་བ་ཞེ་དྲག་ཡག་པོ་དེ་འདྲས་བྱུང་པ་རེད། ཟེར།
- ད་དེ་ནས་མར་བྱས་ནས་གང་ཟེར་དགོས་རེད། འགྲོ་མགོན་རིན་པོ་ཆེའི་སྤྲུལ་པ་བཅུ་གཉིས་རིན་པོ་ཆེ་ལ་སོགས་པ་དེ་འདྲས་ཀྱི་རིམ་པ་དེ་འདྲས་མར་བརྒྱུད་པ་རེད། ཟེར།
- རིམ་པར་བརྒྱུད་བྱས་མཐའ་མ་བ་ག་པར་བྱུང་བ་རེད་ཟེར་ན། དེ་ནི་རིམ་པར་བརྒྱུད་པའི་དཔོན་རིན་ཆེན་སྐྱབས་ལ་ཇོ་མོ་ཞང་ལྕམ་མ་དང་། ཁྲ་སྨོན་འབུམ་སྐྱིད་གཉིས་ལས། དེ་ནི་དང་པོའི་སྲས་རྒྱལ་མཚན་དཔལ་བཟང་དང་། གྲགས་པ་རྒྱལ་མཚན། གྲགས་པ་བཟང་པོ་གསུམ་དང་། འབུམ་སྐྱིད་ཀྱི་སྲས་གོང་མ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། གྲགས་པ་ཤེས་རབ། བསོད་ནམས་བཟང་པོ་སྟེ། དེ་ནི་ཡུམ་མི་གཅིག་པའི་སྐུ་མཆེད་དྲུག་བྱུང་བ་རེད། ཟེར།
- གྲགས་པ་རྒྱལ་མཚན་གྱི་ཐོས་བསམ་སྒོམ་པ་མང་དུ་མཛད་ཅིང་། ཁྱད་པར་དེ་ནི་མགོན་པོའི་བཀའ་བབས་བྱུང་ཞིང་གདན་ས་ཡིན་ནའི་དེ་ནི་གདན་ས་ཐེལ་ཡིན་ནའི་ཁྲི་པ་ཡིན་ན་ཡུན་རིང་དུ་གནས་པ་དེ་འདྲས་རེད། ཟེར།
- དེའི་དུས་སུ་སློབ་དཔོན་རྒྱལ་མཚན་བཟང་པོས་གོང་མའི་དྲུང་དུ་ཕྱིན་ཏེ། ལུང་དང་ལག་རྟགས་སྦྲེལ་ནས་ཁྲི་དཔོན་བྱས་ནའང་། དེའི་ཁ་གཏུག་ལ་ཆ་བཞག་ན། སློབ་དཔོན་རྒྱལ་མཚན་བཟང་པོས་དེ་ནི། གོང་མའི་དྲུང་དུ་ཕྱིན་ནས་ལུང་དང་ལག་རྟགས་སྦྲེལ་ནས་ཁྲི་དཔོན་བྱས་ནའང་། བག་ཡངས་ཀྱི་དབང་དུ་སོང་ནས་དེ་ནི་ལུགས་གཉིས་ཀྱི། ལུགས་གཉིས་ཀྱི་འཛིན་བཀོད་དེ་དེ་ནི་ཡག་པོ་རང་བྱུང་ཡོའ་མ་རེད། ཟེར།
- དེའི་རྗེས་ལ་དེ་ནི་རྒྱལ་མཚན་སྐྱབས་ཀྱིས་ཁྲི་དཔོན་གྱི་གོ་སར་བསྡད་ཀྱང་། ཁོང་རང་ཡིན་ན་ཁོང་གི་འཁོས་ཀ་ཆུང་བ་དང་དེ་འདྲས་ཀྱི་ཀུན་གྱིས་བརྙས་པ་བྱས་ཏེ། ཕག་མོ་གྲུབ་པའི་སྡེ་སྲིད་ཀྱི་འཛིན་ཚུགས་ལ་དེ་ནི་ཉག་ཕྲ་བ་ཡག་པོ་རང་དེ་འདྲས་རང་བྱུང་ཡོའོ་མ་རེད་ཟེར།
- ད་དེའི་རྗེས་ལ་ད་ནི་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་དེ་ནི་ཁྲི་དཔོན་གྱི་གོ་སར་ཕེབས་ཡིན། ཟེར། འདི་ཉིད་ནི་ཟེར། དེ་ནི་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ནི་གང་འདྲས་རེད་ཟེར་ན། ཐང་ཡིག་ལས། ཡར་ཀླུངས་མཐིལ་ནས་རྣམ་སྨིན་བསྐྱེད་རྒྱལ་འབྱུང་། ཕག་གིས་ས་རློག་དབུས་ཁམས་ས་ཧོར་ཟ། བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འབྱུང་། ཞེས་པའི་ལུང་བསྟན་ཐོག་དུ་བབས་པ་སྟེ།
- འཇིག་རྟེན་ཐམས་ཅད་ཀྱི་བྱེད་པོ། དེ་འདྲས་ཀྱི་རྦད་དེ་ཁོང་ཡིན་ན་རྦད་དེ་ལུང་གིས་ཟིན་པ་དང་ད་ག་ནང་ལྟར་དཔེར་ན། ཁོང་ཡིན་ན། འཇིག་རྟེན་ཐམས་ཅད་གསེར་མངལ་ཅན་གྱིས་གནམ་ཀ་བ་མེད་པའི་སྒོ་ཕྱེ་ནས། འོང་ད་རྦད་དེ་འཇིག་རྟེན་ཐམས་ཅད་ཀྱི་བྱེད་པོ་གསེར་མངལ་ཅན་གྱི་དེ་ནི་གནམ་གྱི་ཀ་བ་མེད་པའི་སྒོ་ཕྱེ་ནས། རིན་པོ་ཆེ་སྣ་བདུན་དུ་འགྲོ་བ་ཅན་གྱི་གདོང་ལྔའི་དབང་པོ་གད་རྒྱངས་ཟད་མི་ཤེས་པར་སྒྲོགས་པའི། ཁྲི་ཆེན་པོར་སྙིང་སྟོབས་དཔའ་རྟགས་ཀྱི་ལུས་སྟོབས་ཡོངས་སུ་རྫོགས་པའི་ས་སྲུང་དབང་པོའི་སྣར་རིགས་པ་དང་། མི་རིགས་པའི་སྡེ་བཞིའི་སྤྱོད་ཚུལ་ལ་རྨོངས་པའི་དྲ་བ་མཐའ་དག་གཅོད་པའི། ཤེས་རབ་ཀྱི་སྤུ་གྲི་རྣོན་པོ་རང་བྱན་དུ་འཁོར་ཡང་།
- ངོ་ཚ་དང་ཁྲེལ་གཞུང་སོགས་ཡ་རབས་དམ་པའི་སྤྱོད་ཚུལ་འཛམ་བུ་ཆུ་བོའི་གསེར་གྱི་རྒྱན་བཟང་པོས་རྒྱན་པར་འགྱུར་པས་ཟེར། ད་ཁོང་རྦད་དེ་གཅིག་ཡིན་ན། ད་ཁོང་ལྔ་པ་ཆེན་པོས་དེ་ལ་རྦད་དེ་བསྟོད་བསྔགས་ཡིན་ན་ཞེ་པོ་གནང་བྱས། ཁོང་ཡིན་ན་ད་སྔ་མོའི་སྲིད་ཆོས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནང་ལྟར་དེ་འདྲས་རྦད་དེ་བྱུང་བ་རེད་ཟེར།
- སྐྱེ་རྒུ་མཐའ་དག་གི་རལ་པའི་ཅོད་པན་གྱི་རྩེ་མོར་འགྱིང་པ་ལ་སྐྱེ་བས་ཐོབ་པའི་སྐལ་བ་མཆོག་གི་ལེགས་བྱས་ཀྱི་ཞགས་པ་རིང་པོ་སྟེང་། སྤྱི་ཕུད་ཀྱི་རྒྱལ་ཁམས་སུ་ཁྲིམས་ཀྱི་ཐིག་དྲང་པོར་འདེབས་པའི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་པོ། དེ་ནི་མཐོ་རིས་ཀྱི་རྒྱལ་པོ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ཟེར་ཡས་དེ་ཡིན་ན། དེ་ནི་རྦད་དེ་ད་བསམ་གྱིས་མི་ཁྱབ་པ་རྦད་དེ་གསེར་གྱིས་འཁོར་ལོས་བསྒྱུར་བ་ནང་ལྟར་གྱི་ཐོག་ནས་དེ་འདྲས་ཀྱི་དཔེར་ན། སྙན་གྲགས་དང་མཛད་པ་ཡིན་ན་བསམ་གྱིས་མི་ཁྱབ་པ་དེ་འདྲས་བྱུང་བ་རེད། ཟེར།
- ཁོང་དེ་ནི་ཆུ་ཕོ་སྟག་གི་ལོ་ལ། འཁྲུངས་ཡས་དེ་ག་ལ་འཁྲུངས་པ་རེད་ཟེར་ན། ཆིག་སྟོང་གསུམ་བརྒྱ་བཅུ་མེད་གཉིས་ལོ་ལ་སྐུ་བལྟམས་པ་རེད། ཟེར། དགུང་ལོ་གསུམ་ལ་དེ་ནི་ཡི་གེ་འབྲི་ཀློག་མཁྱེན་པ་དང་། དྲུག་ལ་ཆོས་སྐྱོང་བྱ་རོག་གདོང་ཅན་གྱི་རྗེས་གནང་གསན་པས་ཤིན་ཏུ་འགོ་བ་བྱུང་བ་རེད། ཟེར།
- དགུང་ལོ་བདུན་པ་ལ་སྤྱན་སྔ་ཆོས་བཞི་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་མནོས། ཆོས་བཞི་པའི་དྲུང་དུ་དགེ་བསྙེན་པའི་སྡོམ་པ་བཞེས་ནས་མཚན་ལ་དེ་ནི་བྱང་ཆུབ་རྒྱལ་མཚན་དེ་འདྲས་ཞུས་པ་རེད། ཟེར། དགུ་པ་ལ་མཁན་ཆེན་ཚུལ་དར་བ་དང་། སློབ་དཔོན་པུ་རངས་པ་ལ་རབ་ཏུ་བྱུང་། བདེ་མགོན་གྱི་བསྙེན་པ་མཛད་པས་དངོས་གྲུབ་ཀྱི་མཚན་མ་ཁྱད་པར་ཅན་དེ་འདྲས་བརྙེས་པ་རེད། ཟེར།
- དགུང་ལོ་བཅུ་བཞི་ལོན་པའི་ནག་པ་ཟླ་བའི་ཆེས་བཅུ་བདུན་ལ་ས་སྐྱར་བྱོན་པའི་གྲབས་མཛད་ཟེར། ཟླ་བ་བཞི་པའི་ཟླ་སྟོད་ལ་སྣེའུ་གདོང་ནས་ཐོན་ཏེ་གླུར་བཞུགས་པའི་དགོངས་འཁོར་རྣམས་ཀྱིས། འོང་། དེ་ནས་དེ་ནི་བདེ་མཆོག་དང་མགོན་པོའི་བསྙེན་པ་མཛད། དངོས་གྲུབ་ཀྱི་མཚན་མ་ཁྱད་པར་བརྙེས།ཟེར།
- དགུང་ལོ་བཅུ་བཞིར་ལོན་པའི་ནག་པ་ཟླ་བའི་ཚེས་བཅུ་བདུན་ལ་ས་སྐྱར་འབྱོན་པའི་གྲབས་མཛད་ཟེར། དེ་ནི་དགུང་ལོ་བཅུ་བཞི་ལ་ལོན་པའི་ཟླ་བ་གསུམ་པའི་ནང་ལ་ས་སྐྱ་ལ་ཕེབས་ཡས་ཀྱི་གྲབས་གནང་བ་རེད། ཟེར།
- ཟླ་བ་བཞི་པའི་ཟླ་སྟོད་ལ་སྣེའུ་གདོང་ནས་ཐོན་ཏེ་གླུར་བཞུགས་པའི་དགོངས་འཁོར་རྣམས་ཀྱིས། ཟེར་ན་དེ་ནི་ཟླ་བ་བཞི་པའི་ནང་ལ་དེ་ནི། སྣེའུ་གདོང་ནས་ཟླ་སྟོད་ལ་སྣེའུ་གདོང་ནས་ཡར་ས་སྐྱ་ལ་ཕེབས་དུས་ཙམ་པ་དེ་ནི་རྦད། གྲུ་ལ་བཞུགས་ནས་ཕེབས་པའི་ཁ་གཏུག་ལ་ཆ་བཞག་ནའི། ཁོང་གིས་དེ་ནི་འཁོར་གཡོག་པ་ཞབས་ཕྱི་དེ་ཚོས་དེ་ནི་ཆང་མང་དུ་བླངས་ཏེ་བག་མེད་ཀྱི་སྤྱོད་པ་བྱེད་པར་བརྩམས་པས།
- ཨེ་དེ་ནི་རྦད་དེ་གཡོག་པོ་དེ་གས་དེ་ཁོང་གིས་ཞབས་ཕྱི་དེ་གས་ཆང་བཏུང་བས་དེ་འདྲས་བག་མེད་སྤྱོད་པ་བྱས་པ་དེ་ཚོར། དེ་ནི་ཁོང་དེ་ལ་མཉེས་པོ་མ་བྱུང་བ་བྱས་ནས། སྐབས་དེ་དུས་དེ་ནི་ས་སྐྱ་བདག་ཆེན་པོ་ཆེར་འབུལ་ཡས་ཀྱི་དེ་ནི་རྟ་གཅིག་དེ་ནས་ཁྲིད་པ་གནང་། དེ་ལ་དེ་ནི་མ་བཞུགས་པར་དེ་ནི་ཁོང་རང་ཡིན་ནའི་སྐུ་རྐྱང་མར་དེ་འདྲས་ཕེབས་པ་རེད། ཟེར།
- ཁོང་རང་དེ་ནི་སྐུ་རྐྱང་མར་ཕེབས་དུས་ཙམ་པ་དེ་ནི། ག་རེ་བྱས་པ་རེད་ཟེར་ན། གཞན་དག་ཞབས་ཕྱི་དེ་གཡུག་ནའི་ཕེབས་རྗེས་ལ་ཡོང་དགོས་ཡས་དེ་འདྲས་བྱུང་བ་རེད། ཟེར།
- ཨོའོ། དེ་ནི་སྐབས་འགར་གུང་གི། སྐབས་འགར་ལ་དེ་ནི་ཉི་མའི་གསོལ་ཚིགས་དེ། དེ་ནི་འཕྱིས་པ་དེ་འདྲས་བྱུང་པ་ཡང་། མ་བཞེས་པ་བྱས། ཉིན་མའི་གསོལ་ཚིགས་ཟེར་ཡས་དེ་ད། རབ་ཏུ་བྱུང་བ་ཟེར་ཡས་དེ་དངོས་སུ་བྱས་པ་ཡིན་ན་དེ་ནི། དེ་རེད། ཕྱི་དྲོའི་ཁ་ཟས་སྤོངས་བ་ཟེར་ཡས་ཟེར་བྱས་ནས། ཉིན་དགུང་ཡོལ་སོང་ན། ཁ་ཟས་མཆོད་ཆོག་གི་ཡོའོ་མ་རེད།
- ཁ་ཟས་མཆོད་ཆོག་གི་ཡོའོ་མ་རེད། བྱས་ཙང་། དེ་འདྲས་ཡིན་དུས་ཙམ་པ། ཉིན་དགུང་ཡོལ་ནས་ཁ་ཟས་མ་མཆོད་ལ་སོགས་པ་དེ་ནི། དེ་ནི་རབ་ཏུ་བྱུང་བའི་བླ་མར་ཁས་འཆེ་བ་འགའ་ཞིག་ལས་འདི་ཉིད་བསླབ་པ་ལ་གུས་ཤིང་། འདི་འདྲས་ཀྱི་དཔེར་ན་རབ་ཏུ་བྱུང་བ། ཁས་འཆེ་བའི་དེ་ནི་བླ་མ་འགའ་ཞིག་ལས་ཁོང་ཡིན་ནའི་དེ་ནི་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ནི་དེ་ནི་བསླབ་པ་ལ་གུས་ཤིང་། བསླབ་པ་ལ་གུས་པ་དེ་འདྲས་ཅིག་རེད། ཟེར།
- ད་སྐབས་དེ་དུས་དེ་ནི་གོང་དཀར་ཡོལ་ས་སྐྱ་ལ་ཕེབས་དུས་ཙམ་པ། གོང་དཀར་བས་དེ་ནི་ཁོང་གིས་མི་དང་ཁལ་ལ་གནོད་པ་བྱས་རུང་། དེ་ནི་ཁོང་གིས་ད་ཁྱེད་རང་ཚོ་རྦད་དེ་ཁོང་རང་གིས། ངོས་ཀྱིས་བྱོན་ཏེ་ཟེར།
- བཅྭ་ཧུ་བསྟན་ནས། བཅྭ་ཧུ་ཟེར་ན་སྐབས་དེ་དུས་ད་བསྟན་འཛིན་བཟོ་འདྲས་ཡོའོ་རེད་པ། དེ་བབསྟན་ནས། ངའི་འགོ་ཁག་ཁྱེད་རྣམས་ལ་ཡོད་དོ། ཞེས་སོགས་དེ་འདྲས་ཀྱི་དཔེར་ན། དགུང་ལོ་ཆུང་ཆུང་ཡིན་ནའི་གསུང་དེ་ནི་ནན་པོ་དེ་འདྲས་གསུངས་བྱས། མི་རྦད་དེ་ཚང་མ་ཞེད་དགོས་ཡས་དེ་འདྲས་ཀྱི་གནས་ཚུལ་དེ་འདྲས་བྱུང་བ་རེད། ཟེར།
- བྱུང་དུས་ཙམ་པ། ཁོང་ཚོས་ཡིན་ནའི་རྦད་དེ། དེ་ནི་དགོངས་པ་ཁྱོན་ནས་མ་འཚོམས་ཟེར་ཡས་དེ་འདྲས་ཀྱི་དཔེར་ན། བཟོད་གསོལ་དེ་འདྲས་ཡིན་ནའི་བྱུང་བ་རེད་ཟེར། གན་པ་ཕུར་ལྕང་གོང་གི་རྒྱལ་པོས་བར་ཆད་བརྩམ་པ། ལྕང་གོང་རྒྱལ་པོས། ལྕང་གོང་རྒྱལ་པོ་ཟེར་ཡས་དེས་དེ་ནི་བར་ཆད་བརྩམས་ནས། རེད་པ། དེ་ནི་འབུད་པ་ལ་སོགས་པ་དེ་འདྲས་ཀྱི་རྣམ་འགྱུར། ཆུ་འཕྲུལ་འདྲ་པོ་བསྟན་ནས། ཡིན་ནའི་དེ་ཚོ་ལ་ཁོང་རང་གིས་བསྒོམ་བཟླས་མཛད་པས། ཨེ་བར་ཆད་དེ་ཚོ་ཡིན་ནའི་བཟློག་ཐུབ་པ་དེ་འདྲས་བྱུང་ཡོའོ་རེད། ཟེར།
- དེ་ནས་རིམ་བཞིན་ས་སྐྱར་ཕེབས་ཏེ། དེ་ནས་རིམ་པར་བྱས་ཏེ་ས་སྐྱར་ཕེབས་བྱས་དེ་འདྲས་རེད། ས་སྐྱར་ཕེབས་ནས་དཔོན་ཆེན་འོད་ཟེར་སེང་གེས་བན་རྩ་བྱས་ནས་ཟེར་ན། དཔོན་ཆེན་ས་སྐྱའི་དཔོན་ཆེན་འོད་ཟེར་སེང་གེ་ཟེར་མཁན་དེ་རུ་བཞུགས་བྱས། བདག་ཆེན་རིན་པོ་ཆེར་། དེ་རུ་བཞུགས་བྱས་བདག་ཆེན་རིན་པོ་ཆེ་ལ་དེ་ནི་ཕག་གྲུ་དཔོན་པོ་དེས་སློབ་གཉེར་བྱུང་ན་རབ། དེ་ནི་མ་བྱུང་ན་བཞི་ཐོག་པའི་དྲུང་འཁོར་ལས་ཚན་ཞིག་ཞུས་འདུག་པ་ལྟར་དམ་གཉེར་ལ་བསྐོས་ནས། ཟེར།
- ད་སྐབས་དེ་དུས་བྱས་ནས་ཕག་གྲུའི་དཔོན་པོ་དེ་བྱུང་ན། སློབ་གཉེར་ལ་བྱུང་ན་རབ་རེད། ཟེར། མཐའ་མ་བྱུང་བ་ཡིན་ནའི་ཨ་ནི་རྦད་དེ་བཞི་ཐོག་པའི་དྲུང་འཁོར་ལས་ཚན་ཞིག ལས་ཚན་ཞིག བཞི་ཐོག་པའི་དྲུང་འཁོར་ལས་ཚན་ཞིག་ཞུ་གི་འདུག་ན་དེ་འདྲས་གཅིག་གནང་རོགས་གནང་ཟེར།
- ཨེ་ཞུས་པ་རེད། ཟེར། ཞུས་པ་ནས་བྱས་ནས་དེ་ནས་ཁོང་གིས་དེ་ནི་བཞི་ཐོག་བ་དམ་གཉེར་ལ་བསྐོས་པ་རེད། ཟེར།
- བདག་ཆེན་པའི་ཐུགས་གཏུམ་པས་གསོལ་གཟིམས་དམ་གཉེར་སོགས་ལ་བཀའ་བཀྱོན་འཕྲལ་འཕྲལ་ཡོང་བ་ཞིག་འདུག་པས། དེ་ནི་དབག་ཆེན་དེ་ཐུགས་གཏུམ་པོ་བྱས་བྱས་དེ་ནི་གསོལ་གཟིམས་དང་ད་ནང་ལྟར་དམ་གཉེར་དང་ལ་སོགས་པ་དེ་ཚོ་ལ་ཡིན་ན། རྟག་པར་ཡིན་ན་དེ་ནི་བཀའ་བཀྱོན་མང་པོ་གནང་གི་ཡོའོ་རེད། བྱས་ཙང་། དེ་འདྲས་ཡིན་དུས་ཙམ་པ་ཁོང་གིས་དེ་ནི་རྦད་དེ། ཨོའོ། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་དེ་ནི་དེ་གས་དེ་རྦད་དེ་ཐུགས་ལ་དེ་མ་བྱས་པ་བྱས་ནས། དགོངས་པ་ཞུས་ནས་དེ་ནི་རང་བཞིན་གྱི་ལས་ཚན་ལ་བཞུག་པ་རེད་ཟེར།
- ཨོའོ། སྦྲུལ་ལོའི་དཔྱིད་ཆོས་ལ་ཆུ་མིག་ཏུ་ཕེབས་སྐབས་ཞབས་ཕྱིར་མཚན་ཉིད་ཀྱི་བླ་མ་འཇམ་དཔལ་དང་། དེ་ནི་སྦྲུལ་ལོའི་དཔྱིད་ཆོས་ཀྱི་ཁ་ཐུག་ལ་དེ་ནི་ཆུ་མིག་ལ་ཕེབས་པའི་ཁ་གཏུག་ལ་དེ་ནི་ཞབས་ཕྱིར་ལ་དེ་ནི། བདག་ཆེན་རིན་པོའི་མཚན་ཉིད་ཀྱི་བླ་མ་འཇམ་དཔལ་དང་། སྔགས་ཀྱི་བླ་མ་ཀུན་དབང་སོགས་ཨེ་དེ་ནི་དགེ་བའི་བཤེས་གཉེན་གྱི་རིམ་པ་དང་། ད་ག་ནང་ལྟར་དེ་ནི་དཔོན་ཆེན་དབང་ཕྱུག་དཔལ། སང་ཡེ་དཔོན་པོ། བ་དེ་ལུང་པའི་དཔོན་པོ། སྟག་ལུང་དཔོན་པོ་རྣམས་ཀྱི་སྡེབས་ཁར། སི་ཏུ་ཡང་ཕེབས་ཡོའོ་རེད། ཟེར།
- སི་ཏུ་ལ་དེ་ནི་སྐུ་སྟོད་ལ་གཞན་དག་མཚན་ག་རེ་ཞུས་ཀྱི་ཡོའོ་རེད་ཟེར་ན། ཕག་གྲུ་དཔོན་པོ་ཡིན་ནའི་ཟེར་གྱི་ཡོའོ་རེད།ཟེར།
- དཔོན་པོ་རྣམས་ཀྱི་ཡིན་ནའི་དེ་ནི། སྐབས་དེ་དུས་རྣམས་ཀྱི་ནང་ནས་དེ་ནི་མཐོང་བཟོས་ཆེ་བར་མཛད་ཅིང་། དེ་ནི་བདག་ཆེན་རིན་པོ་ཆེ་ཡིན་ན་ནི། ཡིན་ནའི་དེ་ནི་དཔོན་པོ་གཞན་དག་ནང་ལས་དེ་ནི་ཏའི་སི་ཏུ་ལ་མཐོང་བཟོས་ཡིན་ན་ཆེན་པོ་མཛད་པ་རེད། ཟེར།
- ཆག་ཆག་ལ་ཁར་ཟེར་མཁན་དེ་ཡིན་ན། ས་སྐྱ་ལ་ཕེབས་སའི་ལ་དེ་རུ་བདག་ཆེན་རིན་པོ་ཆེས་ཆིབས་བཤོལ་སྐབས། བདག་ཆེན་རིན་པོ་ཆེ་ཡིན་ན་ཆིབས་བཤོལ་སྐབས་དེ་ནི་དེ། སི་ཏུའི་ཆིབས་འཛིན་པ་སྔོན་ལ་སོང་ནས་མེད་པས། དེ་ནི་སྐབས་དེར་བདག་ཆེན་པའི་ཆིབས་བཤོལ་དུས་ཙམ་པ། དེ་ནི་སི་ཏུ་ཡིན་ནའི་ཆིབས་ནས་བཤོལ་དགོས་ཀྱི་ཡོའོ་རེད་པ།
- དེ་བྱེད་དུས་ཙམ་པ། དེ་ནི་དེ་སི་ཏུའི་ཆིབས་འཛིན་པ་དེ་སྔོན་ལ་ཕྱིན་པས། ཆིབས་འབྲོགས་ཏེ་ཆིབས་འབྲོགས་ནས་དེ་ནི་རྒྱང་རིང་པོར་ཁྱེར་བས། དེ་ནི་རྒྱང་རིང་པོ་དེ་ནི་ཆིབས་པ་དེ་འཁྱེར་དུས་ཙམ་པ། དེ་ནི་རྒྱལ་ཚ་རིན་དབང་གི་རྟ་ནས་བབས་ཏེ་རོགས་བྱས་འདུག་པར། ཟེར།
- སྐབས་དེར་རྒྱལ་ཚ་རིན་དབང་ཟེར་མཁན་དེས་དེ་ནི། ཨེ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ལ་རོགས་པ་ཞུས་བྱས། དེ་ནི་རྦད་དེ་རྟ་དེ་ནས་འབྲོགས་པ་དེ་ནས་ཟིན་བྱས། དེ་འདྲས་བྱུང་བ་རེད། དེ་ཡིན་དུས་ཙམ་པ་དེ་ཡིན་ན། ཡར་ཀླུངས་པའི་ཞེན་ཡིན་འདུག་ཅིང་། གསུངས།
- བཀའ་ཆེམས་སུ། དེ་ནི་ཏའི་སི་ཏུའི་བཀའ་ཆེམས་སུ་གང་འདྲས་གཅིག་གསུངས་ཡོའོ་རེད་ཟེར་ན། ང་རྟ་ཐོག་ནས་མ་ལྷུངས་པ་ཁོའི་དྲིན་ཡིན། སྐབས་དེ་དུས་ང་རྟ་ཐོག་ནས་མ་ལྷུངས་པ་དེ་ནི་ཁོའི་དྲིན་ཡིན་བྱས་ནས་དེ་འདྲས་གསུངས་པ་རེད་ཟེར།
- ས་སྐྱར་ཕེབས་སྐབས་དྲུང་འཁོར་རྣམས་ཆང་གི་དགའ་སྟོན་བྱེད་པར། འོང་། ས་སྐྱར་ཕེབས་སྐབས་དྲུང་འཁོར་རྣམས་ཆང་གི་དགའ་སྟོན་བྱེད་པར། བྲང་ཁང་ཤར་ན་སི་ཏུ་བད་ཡོད་པར། བདག་ཆེན་པའི་སྐུ་གཞོགས་ནས་འབོད་མཁན་བསྟུད་མར་གནང་བྱུང་བ་ལ་བྱོན་པས་ཟེར།
- བཏང་བྱུང་བ་ལ་བྱོན་པས། གསོལ་རས་གསེར་གྱི་ཐེབ་རྩེའི་ནང་དུ་ཟེར་ན། ད་དུང་ཨེ། བྲག་ཁང་ཤར་ནས་གདན་འདྲེན་ཞུ་བའི་ཁ་ཐུག་ལ་བྱས་ནས་དེ་ནི་བདག་ཆེན་རིན་པོ་ཆེས། གསོལ་རས་གསེར་གྱི་ཐེབ་རྩེའི་ནང་དུ་གནང་ཆེས་མེད་པར་ཕྱག་རྗེན་པས་བཟུང་ཆོག་པའི་ད་གཞན་དག་ལས་དམིགས་བསལ་ཡིན་ན། སྐབས་དེ་དུས་དེ་ནི་བདག་ཆེན་རིན་་པོས་གསོལ་རས་གནང་ང་དེ་གས་དེ་ཡིན་ན། གོས་དང་རས་ལ་སོགས་གང་ཟེར་དགོས་རེད། ཨེ་གསོལ་རས་ཞུ་དུས་ཙམ་པ། གང་བཟུང་ལག་པ་ཐད་ཀར་ལ་མ་ཡིན་པའི་གཅིག་གི་ད་་་་ཞུ་དགོས་ཀྱི་ཡོའོ་རེད་དའི། ཡིན་ནའི་ད་དེ་ཚོ་མ་བརྗེད་པ་བྱས་ནས་དེ་ནི་གསོལ་རས་སོ་སོའི་ལག་པ་ལ་བླངས་ཆོག་ཆོག་དེ་འདྲས་ཡིན་ན་བྱུང་བ་རེད། ཟེར།
- བདག་ཆེན་རིན་པོ་ཆེ་མངོན་མཁྱེན་ཐོགས་མེད་མངའ་བས། སི་ཏུ་ལ། ཁྱེད་ལ་ཁྲི་དཔོན་ཡོང་གཡུ་རྒྱལ་སློབས། ཟེར། དེ་ནི་ཕྱིན་བྱས་ཡིན་ན་ཁྱེད་ལ་ཁྲི་དཔོན་དེ་འདྲས་ཡོང་གི་རེད། ཟེར།
- གཡུ་རྒྱལ་སློབས་ཟེར། གསུངས་པ་སོགས་མ་འོངས་པ་མཁྱེན་པའི་གསུང་མང་དུ་མཛད། མཇུག་མ་ཕྱིན་བྱས་མ་འོངས་པའི་གསུངས་མང་པོ་དེ་འདྲས་ཡིན་ནའི་མཛད་པ་རེད། ཟེར།
- དེའི་རྒྱུ་མཚན་གྱིས་བཀའ་ཆེམས་སུ། དེའི་རྒྱུ་མཚན་གྱིས་དེ་ནི་བཀའ་ཆེམས་སུ་ཟེར། སི་ཏུའི་བཀའ་ཆེམས་སུ་གང་འདྲ་རེད། ཟེར་ན། བླ་མ་བདག་ཆེན་པའི་དྲུང་དུ་ཐུགས་ལ་དཔེ་མེད་བཏགས་པ་དེ་ངའི་བསོད་ནམས་ཆེན་པོ་ཡོད་པ་འདི་མཁྱེན་པར་འདུག་བསམ་པའི་དག་སྣང་དང་། མོས་གུས་བསམ་གྱིས་མི་ཁྱབ་པ་ཡོད། གསུངས།
- བླ་མ་བདག་ཆེན་པའི་དྲུང་དུ་དེ་ནི། ཐུགས་ལ་དཔེ་མེད་བཏགས་པ་དེ། ངའི་བསོད་ནམས་ཆེན་པོ་ཡོད་པ་དེ་ཁོང་གིས་དེ་ནི་མཁྱེན་པར་འདུག་བསམ་པའི་དེ་ནི་བདག་སྣང་དང་། མོས་གུས་བསམ་གྱིས་མི་ཁྱབ་པ་ཡོད། གསུངས། ཡོད་བྱས་ནས་གསུང་བ་དེ་འདྲས་ཡིན་ན་འཁོད་ཡོད། ཟེར།
- སྟོན་ཆོས་ཐོག་ལ་བླ་མ་མཉམ་མེད་པའི་དྲུང་དུ་བརྟག་གཉིས་ཀྱི་གསན་སྦྱོང་མཛད་སྐབས། བརྟག་གཉིས་ཀྱི་གསན་སྦྱོང་མཛད། སློབ་དཔོན་ནམ་བློ་དང་མ་འཆམ་པའི་ཚིག་རྩོད་ཀྱི་གཏམ་བླ་མས་གསན་པས། ཟེར་ན། སློབ་དཔོན་ནམ་བློ་ཟེར་མཁན་དེ་དེ་ནི་བརྟག་གཉིས་ཀྱི་དེ་ནི་གསན་སྦྱོངས་མཛད་པའི་ཁ་ཐུག་ལ་དེ་ནི། སློབ་དཔོན་ནམ་བླ་ཟེར་མཁན་དེ་དང་དེ་ནི་སི་ཏུ་གཉིས་མ་འཆམ་པའི་ཁ་ཐུག་ལ་ཚིག་གི་རྩོད་པ་གནང་བའི་ཁ་གཏུག་ལ་ཆ་བཞག་ན། དེ་ནི་བླ་མས་གསན་དུས་ཙམ་པ་།
- དེ་ཁྱེད་རང་ཚོ་རླུང་གིས་བདས་བྱེ་རི་ཡིན། བྱེ་རི་ཟེར་མཁན་དེ་ལ་གའི་ཡོའོ་མ་པཱ། ལྷག་པ་བརྒྱབ་སོང་ན་རྦད་དེ་བྱེ་རི་ཡིན་འཁྱེར་འགྲོ་ཡས་དེ་འདྲས་རེད་པ། ཕག་གྲུ་དཔོན་པོ་ནི་སྲིད་པས་བསྐོས་པའི་གངས་རི་ཡིན། ཕག་གྲུའི་དཔོན་པོ་ཟེར་མཁན་དེ་ཡིན་ན། དེ་ནི་སྲིད་པས་བསྐོས་པའི་གངས་རི་རེད། དེ་ལ་ཡིན་ན་སུས་ཡང་འགྲན་ཟླ་ཡོའོ་མ་རེད་བྱས་ནས་དེ་འདྲས་ཡིན་ན་གསུངས་པ་རེད། ཟེར།
- དེ་འདྲས་གསུངས་བ་རེད་ཟེར། དེ་ནས་འོང་། དེ་ནས་རྟ་ལོའི་ལོ་གསར་ལ་རིན་ཆེན་སྒང་དུ་དཔོན་ཆེན་རིན་ཆེན་སེང་གེའི་རྩར་བྱོན་པས། འབྲུམ་པས་བསྙུང་དེ། རིན་ཆེན་སེང་གེའི་རྩར་ཕེབས་དུས་ཙམ་པ། དེ་ནི་འབྲུམ་པས་སྙུང་། འབྲུམ་པས་སྙུང་བ་དེ་གྲག་པ་དང་། རྗེས་སུ་ཟླ་བ་གསུམ་བཞི་ཅིག་བཞུགས་པ་རེད། ཟེར།
- དེ་ནས་འོང་། དེ་ནས་དབུས་སུ་ད་མར། ས་སྐྱ་ནས་མར་ད་དབུས་སུ་འབྱོན་ཁར་བདག་ཆེན་རིན་པོ་ཆེའི་དྲུང་དུ་ཕྱག་འབུལ་ལ་བྱོན་པས། ཕེབས་དུས་ཙམ་པ་དེ་ནི་བླ་མས། མཁས་བཙུན་པ་དང་། སི་ཏུ་གཉིས་ཕྱག་སྦྲེལ་ནས། ཨེ་ད་ཨེནི་སྐབས་དེ་དུས་བདག་ཆེན་རིན་པོ་ཆེ་བླ་མ་མཁས་བཙུན་པ་དང་སི་ཏུ་གཉིས་ཕྱག་སྦྲེལ་ནས། མཁས་བཙུན་པས་སི་ཏུ་བའི་མགོ་གཉེར་དང་། མཁས་བཙུན་པས་ཡིན་ན་སི་ཏུ་པའི་མགོ་བྱེད་དགོས་ཀྱི་ཡོའོ་རེད་ཟེར།
- སི་ཏུས་ཡིན་ན་མཁས་བཙུན་པའི་ཞབས་ཏོག་ཏུ་འགྱུར་བ་བྱེད་དགོས་པའི་དེ་ནི་གསུང་ནན་ཆེ་བ། གསུང་ནན་པོ་དེ་འདྲས་བྱོན་པ་རེད། ཟེར།
- དེ་ནས་དབུས་སུ་བྱོན་ཏེ་དེ་ནས་དབུས་སུ་བྱོན་ཏེ་མི་རིང་བར་གོང་མ་རྒྱལ་པོས་སྟག་མགོ་ནོར་བུ་གསུམ་པ་དང་བཅས། དེ་ནས་དབུས་སུ་བྱོན་ཏེ། མི་རིང་བར་གོང་མ་རྒྱལ་པོས་སྟག་མགོ་ནོར་བུ་གསུམ་པ་དང་བཅས་ཁྲི་དཔོན་གྱི་ལས་ཀ། སྟག་མགོ་ནོར་བུ་གསུམ་པ་ཟེར་མཁན་དེ། དེ་ནི་སི་ཏུའི་ད་ལྟ་དེ་ཕག་གྲུའི་ད་ལྟ་དབང་བསྒྱུར་བྱེད་ཡས་ཀྱི་དེ་རྩིས་དེ་རེད་པ། སྟག་མགོ་ནོར་བུ་དང་བཅས་དེ་ནི་ཁྲི་དཔོན་ལས་ཀ་གནང་ཟེར།
- ཁྱི་ལོ་ཟླ་བ་བརྒྱད་པའི་ནང་ཚུན་དུ་རྒྱལ་མཚན་སྐྱབས་ཀྱིས་ཁྲི་དཔོན་བྱས་ནའང་། འོང་ལུགས་གཉིས་ཀྱི་བྱེད་པ་མཐུ་དམན་ཞིང་ཁྱད་པར་ཁོང་རང་གིས་ལས་ཀ་ལེན་པར་གོང་མའི་གསེར་ཞལ་ལན་གསུམ་མཐོང་བའི་རྒྱལ་དཔལ་སྒྲོལ་མ། ཨེ་ཁྱེད་རང་མཐུ་དམན་ཞིང་ཁྱད་པར་ཁོང་རང་གི་ལས་ཀ་ལེན་པར་གོང་མའི་གསེར་ཞལ་ལན་གསུམ་མཐོང་བས་རྒྱལ་དཔལ་སྒྲོལ་མ་སྐྱིད་འཕྲོག་པའི། འཕྲོག་འདོད་པའི་ཆེད་དུ་བསད་ཅིང་། སི་ཏུ་ལ་ཚིག་ངན་བསྐུར་བ་སོགས་ཀྱིས།
- དེ་ནི་སི་ཏུས་བླ་ཆེན་ཀུན་བློ་གོང་མའི་གམ་ནས་ས་སྐྱར་བསྙེན་རྫོགས་ལ་བྱོན་པའི་སྡེབས་ཀར་སི་ཏུ་རིན་ཆེན་གྲགས། དཔལ་ལྡན་ཇུ་དབེན་ཧུན་དཔོན་གྱི་དམ་ཁ་ཁྲིམས་ར་དང་བཅས་འབྱོར་འདུག་པའི་སྐབས་སུ་དེ་ནི་གཏུག་གཤེར་གནང་ང་རེད། ཟེར།
- གཏུག་གཤེར་གནང་བྱས་དེ་ནི་རྒྱལ་མཚན་སྐྱབས་ལས་ཀ་ནས་ཕབ། ཁྱི་ལོ་ཟླ་བ་དགུ་པའི་ཚེས་དགུའི་ཉིན་བཀའ་ཤོག་བཅྭ་ཧུ་རྣམས་བསྒྲགས། བཅུ་བཞི་ལ་དེ་ནི་སྣེའུ་གདོང་རྩིས་བཞེས་པ་རེད། ཟེར།
- རྩིས་བཞེས་ནས་དེ་ནི་གཞོན་ནུ་འོད་ཟེར་མཁན་དེ་གཉེར་པ་ལ་བསྐོས་ཀྱང་། དེ་ནི་ཕྱི་ནང་གི་ལས་ཀ་ཞིབ་ཚགས་ཚུལ་དང་མཐུན་པ་མ་བྱུང་ཙམ་པ། ཨེ་ཞིབ་ཚགས་པ་མ་བྱུང་ཙམ་པར། གཉེར་པ་དེ་རྩིས་ལེན་པ་ཙམ་ལས། དེ་ནི་གཞན་དག་གི་དཔེར་ན། གཅིག་གི་ད་དེ་ནི་བདག་འདེགས་འདྲ་པོ་རྒྱུན་ནས་གནང་ཡོའོ་མ་རེད། ཟེར།
- འབྲུག་ལོ་ལ་ཨ་ཏུ་ལ་ཡར་ཀླུངས་སུ་བྱོན། ཡུན་རིང་བཞུགས། འབྲུག་ལོ་ཨ་ཏུ་ལ་ཟེར་མཁན་དེ་འདྲས་དེ་ནི་སྐབས་དེ་དུས་དཔོན་པོ་གཅིག་རེད་ཤག དེ་ཡར་ཀླུངས་ལ་ཕྱིན་པའི་ཁ་གཏུག་ལ། ཉིན་གཅིག་དེ་ནི་ཨ་ཏུ་ལས་སི་ཏུ་རྟ་རར་ཁྲིད་ནས། རྟ་བྲེས་ཀྱི་རྟ་ར་ལ་ཁྲིད་བྱས། རྟ་རར་ཁྲིད་ནས་དེ་ནི་རྟ་རའི་དེ་ནི་ཤིང་གི་བྲེས་ཀ་དེ་གས་དེ་གོག་ལ་ཁད་ཅིག་འདུག་པ་དེ་བསྟན་ནས། ཁྲི་དཔོན་ཟེར་མཁན་དེ་དེ་ནི་བློ་ཞིབ་དགོས་ཀྱི་རེད་ཟེར།
- དེ་ལ་དེ་ནི་འདི་ལས་ཕག་གསུམ་བཞག་ན་འགྲིག་གི་རེད་པཱ། ཟེར། ད་ད་དེ་ནི་མུ་མཐུད་ནས་ཨེ་གང་ཟེར་དགོས་རེད། ཨེ་བྲེས་ར་དེ་ནི་ལོག་རོ་དེ་འདྲས་ཆག་སོང་ན། དེ་ནི་རྟ་ལ་གཅིག་གི་སྐྱོན་བྱུང་སོང་ན། དེ་ནི་རྟ་ལ་དཔེར་ན་རབ་རྟ་རབ་རེ་ལ་དངུལ་བྲེ་རེ། དངུལ་བྲེ་དོ་ཡིན་ན་སྤྲད་དགོས་རེད། ཟེར། གསེར་སྲང་བརྒྱད་ཡིན་བྱས་ནས་དེ་འདྲས་རེད་པ།
- རེད་པཱ། ཟེར་བྱས་ནས་དེ་ནི་དེ་འདྲས་ཀྱི་སྐབས་དེ་དུས་དེ་ནི། ཨ་ཏུ་ལས་འཇིག་རྟེན་མི་ཆོས་ལ་དགོས་པའི་བསླབ་བྱ་དེ་འདྲས་ཆེ་ཕྲ་དུ་མ་ཡིན་ན་གནང་བྱུང་གསུངས་བ་རེད། ཟེར། གནང་ང་རེད་ཟེར།
- དེ་ནས་་་་དེ་ནས། སྦྲུལ་ལོ་སི་ཏུའི་རབ་ཏུ་བྱུང་བའི་མཁན་པོ་ཚུལ་དར་བའི་དབོན་པོ་འཕྱོང་རྒྱས་པ་ཧོར་གཞོན་ནུ་བཟང་པོ་གཉེར་དུ་བསྐོས་ཟེར།
- དེ་ནས་རྦད་དེ་འཕྱོང་རྒྱས་པ་དེ་ནི་ཚུལ་དར་བའི་དབོན་པོ་འཕྱོང་རྒྱས་པ་ཧོར་གཞོན་ནུ་བཟང་པོ་གཉེར་དུ་བསྐོས་ཟེར། དེ་རྗེས་གཞིས་ཀ་རྣམས་ཀྱི་གསོ་ཕྲན་དང་། ཡུལ་གྲུ་སོ་སོར་སྐྱེ་ཤིང་འཛུགས་པ། གཤམ་ཆུ་ལ་ཟམ་མོ་ཆེ་འཛུགས་པ། སྣེའུ་གདོང་རྩེའི་ཕོ་བྲང་རྒྱ་བསྐྱེད་དེ་རྣམ་པར་བཀྲ་བའི་ཁང་བཟང་ས་ལ་འཕོས་པ་ལྟ་བུ་མཛད། ད་ད་ལྟ་ཕོ་བྲང་གི་ཡིན་ན་བྱེད་དུས་ཙམ་པ་དེ་ནི། ཧོར་གཞོན་ནུ་བཟང་པོས་ཡིན་ན་། དེ་ནི་རྦད་དེ་དེ་ནི་གཞི་ཀ་རྣམས་ཀྱི་གསོ་ཕྲན་དང་། ད་ག་ནང་ལྟར་ཡུལ་གྲུ་སོ་སོར་སྐྱེ་ཤིང་འཛུགས་ཡས་དང་། གཤམ་ཆུ་ལ་ཟམ་པ་བཙུགས་ཡས་དང་། ད་ག་ནང་བཞིན་པའི་དེ་ནི་སྣེའུ་གདོང་གི་ཕོ་བྲང་དེ་ནི་ཡིན་ན་རྒྱ་བསྐྱེད་བྱེད་ཡས་ལ་སོགས་པ་དེ་འདྲས་ཡིན་ན། མང་པོ་བྱས་པ་རེད་ཟེར།
- དེ་ནས་མི་རིང་བར་དེ་ནི་གཡའ་བཟང་པ་དང་དེ་ནི་གཡའ་བཟང་ཁྲི་དཔོན་དང་དེ་ནི་ཕག་གྲུ་གཉིས་བར་ལ་དེ་ནི། ཨེ་དེ་མང་པོ་དེ་འདྲས་བྱུང་ཡོའོ་རེད་ཟེར། ག་རེ་ཟེར། ཨེ་ཁ་མཆུ་མང་དུ་བྱུང་བ་རེད། ཟེར།
- གཡའ་བཟང་པ་ཟེར་ཡས་དེ་ཆོས་ཕྱོགས་ནས་ཕག་གྲུའི་སློབ་བརྒྱུད་དང་གཅིག་པ་གཅིག་རྐྱང་རེད། ཟེར། ཨེ་རླངས་ཡིན་ནའི་ཕག་གྲུའི་ཕག་མོ་གྲུ་པའི་སློབ་བུ་རེད། གཡའ་བཟང་དེ་ཕག་གྲུའི་སློབ་བརྒྱུད་རེད། ཟེར།
- འཇིག་རྟེན་ནས་ཧུ་ལ་ཧུར་གཏོགས་པའི་ཕག་གྲུའི་འོག་ཏུ་ཡོང་དགོས་རྒྱུ་ཡིན་ནའང་། འཇིག་རྟེན་གྱི་ཕྱོགས་ནས་བྱས་ནའི་ཧུ་ལ་ཧུ་གཏོགས་པའི་རྐྱེན་གྱིས་དེ་ནི་ཕག་གྲུའི་འོག་ཏུ་ཡོང་དགོས་རྒྱུ་ཡིན་ན་ཡང་ཟེར། ལས་ཀྱི་ཤུགས་ཀྱི་བདས་པ་ན། བློ་ཆེན་ལོག་པའི་ལམ་ལ་འགྲོ། ཟེར། ཞེས་གསུངས་པ་ནང་ལྟར་གྱི་ཐོག་ནས་ཨེ། མི་སྟེགས་བྱེད་ཀྱི་སྟོན་པ་མཆོག དབང་ཕྱུག་སྨྱོན་པའི་བརྟུལ་ཞུགས་འཛིན། ཟེར།ཞེས་དེ་ནི་ས་སྐྱ་ལེགས་བཤད་ནང་ལ་གསུངས་བ་ནང་ལྟར་གྱི་ཐོག་ནས། དེ་ནི་དཔེར་ལྟར་གཡའ་བཟང་པས་ཕག་མོ་གྲུ་པཔའི་སྟེང་དུ་དེ་ནི་དམག་གི་ཚུར་འགེབས་དེ་འདྲས་ལན་ཁ་ཤས་བྱས་པ་རེད། ཟེར།
- བྱས་པ་ཡིན་ནའི་དཔེར་ན། བྱས་པ་དང་ད་ག་ནང་ལྟར་དཔེར་ན་བྱས་ཤིང་ཚལ་པ་དེ། གཡའ་བཟང་པའི་རྒྱབ་ལ་ཚལ་པ་ཡོད་པ་ལ་སོགས་པ། དེ་འདྲས་ཀྱི་དཔོན་ཆེན་རྣམས་ཀྱང་། དེ་ནི་ས་སྐྱའི་དཔོན་ཆེན་རྣམས་ཀྱང་དེ་ནི་རྦད་དེ་དྲང་པོ་དྲང་བཞག་མེད་པའི་ཐོག་ནས། ཁ་མཆུ་ཡང་གཡའ་བཟང་པ་རྒྱལ་བ་འགའ་རེ་བྱུང་ནའི། དེ་ནི་ས་སྐྱར་ཁྲིམས་ལ་ཐུག་དུས་ཙམ་པ་ཡིན་ནའི་དེ་ནི་ཁ་མཆུ་ཡིན་ནའི་གཡའ་བཟང་པ་ལ་རྒྱལ་བ་ཚར་ཁ་ཤས་བྱུང་བ་རེད། ཟེར།
- ཡིན་ན་ཡང་། ཁ་མཆུའི་རྩ་བ་མ་ཆོད་པས་གཡའ་ཕག་བར་ཐང་དུ་གཡུལ་འཁྲུགས་པས་ཕག་གྲུ་ཕམ་སྟེ། ད་དུང་གཅིག་གི་རྩ་བ་དེ་མ་ཆོད་པ་བྱས་བྱས་དེ་ནི་གཡའ་བཟང་ཕག་བར་ལ་དེ་ནི་དམག་དེ་འདྲས་བརྒྱབ་བྱས། གནས་སྐབས་དེ་ལ་བྱས་བྱས་དེ་ནི་ཕག་གྲུ་ཕམ་ནས། སྟོན་པ་གཞོན་འོད་ཀྱིས་འགོ་བས་མི་གཅེས་བཅུ་གསུམ་ཙམ་བསད། ཟེར།
- དེ་ནི་སྟོན་པ་གཞོན་ནུ་འོད་ཟེར་མཁན་དེ་འགོ་བྱས་མི་གཅེས་བཅུ་གསུམ་ཙམ་དེ་འདྲས་ཡིན་ནའི་ཕག་གྲུའི་མི་དེ་འདྲས་ཡིན་ནའི་བསད་པ་རེད་ཟེར། གཡའ་བཟང་བས། སི་ཏུ་དང་མཉམ་དུ་གཞོན་ནུ་བཟང་པོས་འགོ་བྱས་མི་བཅོ་ལྔ་ཙམ་མ་གཏོགས་ཕལ་ཆེར་བྲོས། དེ་ནི་སི་ཏུ་དང་མཉམ་དུ་དམག་རྒྱག་པའི་ཁ་གཏུག་ལ། སི་ཏུ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་དང་མཉམ་དུ་དེ་ནི་གཞོན་ནུ་བཟང་པོ་མ་གཏོགས་དེ་ནི་འགོ་བྱས་མི་བཅོ་ལྔ་ཙམ་མ་གཏོགས་ཨ་ནི་ཕལ་ཆེ་བྲོས་དགོས་ཡས་དེ་འདྲས་ཡིན་ན། གནས་ཚུལ་བྱུང་བ་རེད་ཟེར།
- ཨེ། དེ་ནས་དེའི་མཇུག་ལ་དེ་ནི་དཔོན་ཆེན་དབང་ཕྱུག་དཔལ་པའི་དྲུང་དུ་དེ་ནི་གཡའ་ཕག་གིས། གཡའ་བཟང་པ་དང་ཕག་གྲུ་གཉིས་གཏུག་བཤེར་བྱས་པའི་ཐོག་ནས་ཕག་མོ་གྲུ་པ་བདེན་པ་ཡིན་ན་ཆེ་ཙམ་དེ་འདྲས་བྱུང་བ་རེད་ཟེར།
- ཡིན་ནའི་དེ་ས་སྐྱའི་དཔོན་ཀུན་རྡོར་གྱིས་ད་ནི། ད་ཁྲིམས་གྱོག་བཏང་པ་ལ་དེ་ནི་གཡའ་བཟང་པ་ལ་དེ་ནི་རྒྱལ་ཁ་དེ་འདྲས་ཐོབ་པ་རེད། ཟེར།
- དེ་ནས་མི་རིང་བར་དཔོན་ཆེན་དབང་བརྩོན་གྱི་དོག་ལུམ་པར་སི་ཏུ་སྟོན་མོ་ལ་བོས་ཐོག དེ་ནི་དེ་ནས་མི་རིང་བར་དེ་ནི་དཔོན་ཆེན་དབང་བརྩོན་གྱི་དོག་ལུམ་པར་དེ་ནི་སི་ཏུ་སྟོན་མོ་ལ་བོས་ནས། ལབ་བསླུས་ཀྱི་རྣམ་པར་སྟག་མགོ་གཏོང་དགོས་པའི་དེ་ནི་ཚ་འཇམ་ཅི་ཡང་བྱས། ཚ་འཇམ་དེ་འདྲས་མང་པོ་བྱས་ཟེར། བྱས་པ་རེད་ཟེར།
- ཞག་བཅུ་དགུ་ཙམ་གྱི་རིང་ཞག་བཅུ་དགུ་ཙམ་གྱི་རིང་གུང་ཐང་དུ་བཙོན་དུ་བཅུག་པ་སོགས་བྱས། ཞག་བཅུ་དགུ་ཙམ་གྱི་རིང་དེ་ནི་སི་ཏུ་དང་ཁོང་ཚོ་གུང་ཐང་དུ་བཙོན་ལ་འཇུག་པ་སོགས་དེ་འདྲས་ཡིན་ནའི་བྱས་པ་རེད། ཟེར།
- ཡིན་ནའི་ཤེས་རབ་ལྡན་པ་མགོ་བསྐོར་ཡང་། བྱ་བའི་ཆ་ལ་རྨོངས་མི་འགྱུར། སྲོག་ཆགས་གྲོག་མོ་མིག་མེད་ཀྱང་། མིག་ལྡན་གཞན་ལས་ལྷག་པར་མགྱོགས། ཞེས། ས་སྐྱ་ལེགས་བཤད་ནས་གསུང་པ་ནང་ལྟར་གྱི་ཐོག་ནས་མཁྱེན་རབ་དང་སྙིང་སྟོབས་དེ་ནི་སི་ཏུ་དེ་ནི།མཁྱེན་རབ་དང་སྙིང་སྟོབས་ཕུལ་དུ་བྱུང་བ་ལ་བརྟེན་ནས། དཔོན་ཆེན་གྱིས་གླགས་མ་རྙེད་པར་ཕྱིར་ཕེབས། ཟེར།
- དེ་ནི་དེ་ནི་དཔོན་ཆེན་དེ་ནི་དེར་གང་ཟེར། དབང་བརྩོན་གྱིས་གླགས་མ་ཁྱེར་པ་བྱས་བྱས། དེ་ནི་རྦད་དེ་ས་སྐྱ་ལ་ཡར་ཕྱིར་ཕེབས་དགོས་་བྱུང་བ་རེད་ཟེར། དེ་ནས་སི་ཏུ་དར་མ་རྒྱལ་མཚན། མངའ་རིས་ཕྱིན་གྱི་འཇགས་བྱེད་པ་དང་། བོད་ཆོལ་ཁ་གསུམ་གྱི་ཕྱེ་གསལ་བྱེད་པར་བྱོན་དུས། འདམ་དང་ཚོང་འདུས་འགུར་མོ་གཉིས་གཏུག་གཤེར་བྱེད་མི་ཐུབ་ཀྱང་ཟེར།
- དེའི་མཇུག་གུ་ལ་དེ་ནི་སི་ཏུ་དར་མ་རྒྱལ་མཚན་ཟེར་མཁན་དེ་ད་མངའ་རིས་ལ་ཕྱིན། དར་མ་རྒྱལ་མཚན་མངའ་རིས་ཕྱིན་གྱི་འཇགས་བྱེད་པ་དང་། བོད་ཆོལ་ཁ་གསུམ་གྱི་ཕྱེ་གསལ་བྱེད་ཕེབས་པའི་ཁ་གཏུག་ལ། འདམ་དང་ཚོང་འདུས་འགུར་མོ་གཉིས་སུ་དེ་ནི་གཡའ་ཕག་གཉིས་གཏུག་གཤེར་བྱེད་མི་ཐུབ་ཀྱང་ཟེར།
- མངའ་རིས་འཁོར་ནས་ཡར་ཀླུངས་སུ་སེ་ཆེན་རྒྱལ་པོའི་འཇའ་ས་དེ་ནི་མངའ་རིས་འཁོར་ནས་ཡར་ཀླུངས་སུ་ཕེབས་ནས་དེ་ནི་གཏུག་གཤེར་བྱེད་ཅིང་། སྐབས་དེ་དུས་དེ་ནི་ཕག་གྲུའི་སེ་ཆེན་རྒྱལ་པོའི་འཇའ་ས་སྭ་ལི་ཇི་བཅུ་ཧུ་སོགས་ཡིག་རིས་རྣམས་བསྟན་པས་སི་ཏུ་དར་རྒྱལ་བ་ཧ་ལས། སི་ཏུ་དར་རྒྱལ་བ་ད་དེ་ནི་ཁྱེད་རང་རྦད་དེ་ད་ཞེ་པོ་གཅིག་རེད་ཟེར་བྱས་ནས། ཧ་ལས་པ་རེད། ཟེར།
- དེ་ནི་གཡའ་ཕག་ཁ་མཆུའི་བཅད་མཚམས་ལེགས་པ་བྱས་ནའང་། གཡའ་བཟང་དང་ཕག་གྲུའི་བར་གྱི་དེ་ནི་ཁ་མཆུ་བཅད་མཚམས་ཡིན་ནའི་ཡག་པོ་དེ་འདྲས་བྱས་ཡོའོ་རེད། ཟེར།
- ཡིན་ན་ཡང་དེ་ནི་གཡའ་བཟང་རྦད་དེ་ཚུལ་འབུམ་འོད་ཀྱིས། ཨེ་གཉལ་གྱི་དམག་རྣམས་བསྐུལ་ཏེ་རྡོག་པོ་རྒྱུད་དུ་འཁྲུགས་པས་ཕག་གྲུ་རྒྱལ་ཏེ་ཟེར། ཡིན་ན་ཡང་དེ་ནི་ཨེ་ཁ་མཆུའི་ཐོག་ནས་བྱེད་དུས་ཙམ་པ་དཔེར་ན། གཡའ་ཕག་གཉིས་ཀྱི་ཐོག་ལ་བྱེད་དུས་ཙམ་པ་ཨེ། དེ་རྒྱལ་པ་རེད་ཟེར།
- འོང་། ཕག་གྲུ་རྒྱལ་པ་རེད་དའི་ཡིན་ནའི་གཡའ་བཟང་བས་དེ་ནི་དེ་ལ་ལན་མ་ཁྱབ་པ་བྱས་ནས། གཡའ་བཟང་པ་ཚུལ་འབུམ་འོད་ཀྱི་དེ་ནི་ཨེ་དང་གཉལ་གྱི་དམག་རྣམས་བསྐུལ་ཏེ་དེ་ནི་དོག་པོ་རྒྱུད་དུ་འཁྲུགས་པས་དེ་ནི་ཕག་གྲུ་ལས་རྒྱལ་ཏེ། འཁྲུགས་པས་ཕག་གྲུ་རྒྱལ་ཏེ་ཟེར། ཨེ་དེ་ནི་ཕག་གྲུ་གཡའ་བཟང་པ་ལས་རྣམ་པར་རྒྱལ་ནས། མ་དགའ་དགྲ་དགས། དེར་གང་ཟེར་དགོས་རེད་པས། གཡའ་བཟང་མ་དགའ་དགྲ་གས་གཙོ་བོ་བྱས་པའི་ཁོ་མི་ཉི་ཤུ་ཙམ་ཅིག་བསད་པ་རེད་ཟེར།
- དེའི་ཁ་གཏུག་ལ་ཡང་གཡའ་བཟང་པས་འབྲས་མོའི་ནང་དུ་གཞོན་ནུ་དཔོན་གཡོག་སྟེང་དུ་དེ་ནི་བཀབ་ནས་དེ་ནི། སི་ཏུ་དཔོན་གཡོག་གིས་འགོ་དམངས་འབྱོར་ཏེ། གཡའ་བཟང་པའི་དམག་རྣམས་ཕྱིར་བྲོས། ཟེར། གཡའ་བཟང་དགོན་པ་དང་གཞིས་ཀ་རྣམས་རྩིས་བླངས་ཟེར། ཨེ་གཡའ་བཟང་དགོན་པ་དང་གཞིས་ཀ་རྣམས་བརྩིས་བླངས་དེ་འདྲས་རེད། ཟེར།
- ད་དེའི་མཇུག་ལ་ས་སྐྱ་ལ་དེ་ནི་ད་དེའི་མཇུག་གུ་ལ་ཆ་བཞག་ནའི་ས་སྐྱར་དེ་ནི་བླ་མ་ཀུན་སྤངས་དང་། དཔོན་ཆེན་རྒྱལ་བ་བཟང་པོ་གཉིས་ཀྱིས། རྒྱལ་བཟང་བ་གཉིས་ཀྱིས་རྒྱབ་ནས་ག་རེ་བྱས་པ་རེད་ཟེར་ན།
- ཨོའོ། སི་ཏུ་གསོད་ཟེར། སྣེའུ་གདོང་རྩིལ་ལེན་པའི་གྲོས་ངན་བཤམས་པ་རིམ་གྱིས་མཆེན་ནའང་། ད་དེ་འདྲས་ཀྱི་དཔེར་ན། སི་ཏུ་བསད། སྣེའུ་གདོང་རྩིས་ལེན་ཡས་ཀྱི་དེ་ནི་གྲོས་ངན་བཤམས་པ་རིམ་གྱིས་དེ་ནི། ཁོང་གིས་གསན་པ་དེ་འདྲས་རེད། ཟེར།
- གསན་ན་ཡང་། སྔ་ནས་དེ་ནི་ས་སྐྱ་དང་ཕག་གྲུ་གཉིས་ཀྱི་འབྲེལ་བ་གཟབ་པ་དང་། ཁྱད་པར་དུ་དེ་ནི་སི་ཏུ་རང་ཉིད་བདག་ཆེན་པོ་བཟང་པོ་དཔལ་བའི་དྲུང་འཁོར་ཡིན་པའི་སྟོབས་ཀྱིས། དེ་ནི་སི་ཏུ་རང་ཉིད་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱི་དྲུང་འཁོར་ཡིན་པའི་སྟོབས་ཀྱིས། དེ་ནི་དཔོན་ཆེན་ལ་དགྲ་དཔང་མཆོངས་བྱེད་པའི་རྩིས་ཡོད་སྐབས། དེ་ནི་དཔོན་ཆེན་ལ་དགྲ་དཔང་མཆོངས་ཟེར་ན། དཔོན་ཆེན་དེ་ནི་མི་ཆེན་མི་སྟོབས་བྱེད་ཡས་ཡོད་པའི་སྐབས་ཟེར།
- དཔོན་ཆེན་རྒྱལ་བཟང་པ་དབུས་ཕྱོགས་སུ་བྱོན་ཏེ་དཔོན་ཆེན་རྒྱལ་བ་བཟང་པོ་ཟེར་ཡས་དེ་རིམ་གྱིས་དེ་ནི་དབུས་ཕྱོགས་སུ་ཕེབས་ཏེ། རིམ་གྱིས་དབུས་ལ་ཕེབས་པ་རེད། ཟེར། སང་གཡའ་ཕག་གཉིས་གཏུག་གཤེར་བྱེད་རྒྱུའི་ཉིན། སི་ཏུ་བས་གཞོན་ནུ་བཟང་པོས་འགོས་བྱས་བློན་པོ་རྣམས་ལ། དེ་དུས་དེ་ནི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་དེ་ནི་གཞོན་ནུས་གཙོ་བོ་བྱས། ཨེ་གཞོན་ནུ་བཟང་པོས་རེད་པ།
- གཞོན་ནུ་བཟང་པོས་འགོ་བྱས་པས་དེ་ནི་བློན་པོ་རྣམས་ལ་དེ་ནི་ཕག་གྲུའི་བློན་པོ་རྣམས་ལ། ད་སང་ང་དང་གཡའ་བཟང་པ་གཉིས་དེ་ནི་ཁྲི་དཔོན་གྱི་མདུན་དུ་གཏུག་གཤེར་བྱེད་རྒྱུ་ཡིན་པས་ཟེར།
- ད་གལ་སྲིད་ཡང་མ་ངེས་པའི་དཔོན་ཆེན་གྱིས་ངེད་བཟུང་བ་དེ་འདྲས་བྱུང་སོང་ན། ངེད་ཀྱི་དེ་ནི་འཛིན་བཟུང་བྱས་ན་དེ་ནི་ངའི་ལྤགས་པ་དམར་བཤུས་བྱེད་ཀྱིན་འདུག་ཟེར་ན་ཡང་། ཟེར་ན་ཡང་ཁྱེད་རང་གིས་དེ་ནི་སྣེའུ་གདོང་། སྣེའུ་གདོང་དེ་ཁྱེད་རང་གཏོང་རྒྱུ་ཡོའོ་མ་རེད། ཟེར།
- དེ་འདྲས་ཀྱི་དཔེར་ན་སྣེའུ་གདོང་དེ་ཕྲ་ཏག་ཏག་ཟིན་དགོས་ཀྱི་རེད་ཟེར་བྱས་ནས་དེ་འདྲས་ཀྱི་བསླབ་དོན་གནང་བྱས། བསླབ་དོན་གནང་བྱས་དེ་ནི་བསླབ་དོན་གནང་བ་དེ་འདྲས་རེད། ཟེར།
- ད་སང་ཉིན་དཔོན་ཆེན་གྱིས་སི་ཏུ་བཟུང་ཀྱང་ཐེལ་ཙེ་མི་ལ་བསྲེགས་པས་ཡི་གེ་ལེན་རྒྱུ་མ་བྱུང་། ད་སང་ཉིན་དེ་ནི་དཔོན་ཆེན་རྒྱལ་བ་བཟང་པོས་དངོས་གནས་བྱས་ན། དེ་ནི་སི་ཏུ་བཟུང་བྱས་ད་དེ་ནས་རྦད་དེ་དེ་ནི་མགོ་དགུར་ཡས་ཀྱི་ཡི་གེ་དེ་ལེན་ཡས་རེད་དའི་ཡིན་ནའི། སྐབས་དེ་དུས་དེ་ནི་སི་ཏུ་གང་གནང་། དེ་གསུངས་པ་རེད། གང་ཟེར་དགོས་རེད། དབུ་སྙུང་གིས་གསུངས་ནས། བཙོན་ལ་བཞུགས་ནས། བཙོན་བཟུང་ཚོ་ལ། དེ་བྱེད་རོགས་བྱེད། མི་གཅིག་ཁྱེར་ཡོང་རོགས་བྱེད། ད་ང་རླུང་དུག་འདྲ་པོ་དེ་འདྲས་བདུག་གི་ཡིན་བྱས་ནས་དེ་འདྲས་གསུངས་བྱས་དེ་འདྲས་རེད། རླུང་དུག་བདུག་གི་ཡིན་བྱས་མེ་དེ་ཕུལ་དུས་ཙམ་པ་དེ་ནི་དེའི་ནང་ལ་སྟག་མགོ་དེ་འདྲས་ཡོད་དུས་ཙམ་པ་དེ་ནི་སི་ཏུ་ལ་ཡི་གེ་དེ་འདྲས་ལེན་ཡས་བྱུང་ཡོའོ་མ་རེད།
- ཨེ། ཡིན་ནའི་ཡི་གེ་ལེན་ཡས་མ་བྱུང་བ་ད་དུང་དཔོན་ཆེན་གྱི་དེ་ནི་རྦད་དེ་དེ་འདྲས་པོ་མ་བྱས་འདོད་པ་མ་ཚེམས་བྱས་སྣེའུ་གདོང་ལ། ཕར་དམག་བརྒྱབ་བྱས། དེ་ནི་བློན་པོ་རྣམས་ཀྱིས་དེ་ནི་གཞོན་ནུ་ནོར་བཟང་ལ་སོགས་པ་ཨེ། གཞོན་ནུ་བཟང་པོ་ལ་སོགས་པ་དེ་ཚོ་ཡིན་ན་ད་དཔོན་ཆེན་ལ་དེ་ནི་དེ་བྱེད་ཀྱི་རེད། ཟེར།
- དེ་དུས་གང་ཟེར་ན། དེ་ནི་རྩ་བ་ནས་མ་སྤྲད་པ་རེད། ཟེར། བྱས་ནས་དེ་ནི་སྣེའུ་གདོང་ཁྱོན་ནས་ལེན་མ་ཐུབ་པ་དེ་འདྲས་རེད། ཟེར། དེ་ནས་དེ་ནི་དཔོན་ཆེན་རྒྱལ་བཟང་གིས་སི་ཏུ་ལ་ཀོ་ཤ་བརྒྱ་དང་སུམ་ཅུ་རྩ་ལྔ་ཙམ་བརྒྱབ། ད་ག་ནང་ལྟར་ཞྭ་རྔ་མ་གཅིག་དབུ་ལ་བསྐོན་ནས་དེ་ནི་བཙོན་ཆས་ཀྱི་རྣམ་པས་ཡར་ཁྲིད་ནས་དེ་ནི་སྐྱིད་ནག་བར་དུ་དེ་ནི་ཚལ་པའི་དམག་གིས་བསྐྱལ་བས་ཁ་ངན་གཏོང་བ་དང་ཟེར། ད་དེ་འདྲས་ཀྱི་དཔེར་ན་བཙོན་ཆས་ཀྱིས་ཁྲིད་པ་རེད། ཟེར།
- འོང་། དེ་ལྟར་ཟེར། ཆེན་་པོ་རེ་ཞིག་གུད་གྱུར་ཀྱང་། དེ་ལ་གདུང་བ་སྐྱེ་མི་དགོས། ཟླ་བ་རེ་ཞིག་གཟས་ཟིན་ཀྱང་། དེ་མ་ཐག་ཏུ་གྲོལ་བ་འགྱུར། བྱས་ནས་དེ། གང་ཟེར་དགོས་རེད། ས་སྐྱ་ལེགས་བཤད་ཀྱི་ཐོག་ནས་གསུང་བ་ནང་ལྟར་གྱི་ཐོག་ནས། དེ་ནི་ཉུག་ཆོས་རྫོང་དུ་ཟླ་བ་ཕྱེད་གཉིས་ཙམ་དང་། ཀོ་སྦྲེལ་དུ་ཟླ་བ་གཅིག་དེ་ནི་བཞུགས་དགོས་ཡས་དེ་འདྲས་བྱུང་བ་རེད། ཟེར།
- ཨེ། ད་དེ་ནས་དེ་ནི་དེ་ནས་བོ་དོང་དུ་དཔང་ལག་གི་ཐོག་ནས་དཔོན་ཆེན་དབང་བརྩོན་པའི་འཇའ་ས་དང་བཅས་མཐོང་སྨོན་དུ་སླེབས་པ་དང་། དཔོན་ཆེན་དབང་བརྩོན་ཟེར་མཁན་དེ་ཡིན་ན་སླེབས་དུས་ཙམ་པ་དེ་ནི། དཔོན་ཆེན་རྒྱལ་བཟང་པས་ད་ཕྱིན་ཆད་དེ་ནི་དཔོན་ཆེན་དབང་བརྩོན་དང་རྒྱལ་བཟང་གཉིས་ཁོང་རང་གཉིས་དེ་འགལ་བ་ཡོད་བྱས་འགལ་བ་འདྲ་ཡོད་བྱས་དེ་འདྲས་རེད།
- དེ་ཡིན་དུས་ཙམ་པ་དཔོན་ཆེན་དབང་བརྩོན་ཟེར་མཁན་དེ་ལ་ཁོ་ལ་རྒྱལ་ཁ་འཐོབ་པའི་ཁ་གཏུག་ལ་དེ་ནི་ད་དཔོན་ཆེན་རྒྱལ་བ་ཟང་པོས་ད་ང་། རྦད་དེ་འཐོབ་རྩོད་དེའི་ཐོག་ལ་ཡིན་ན་ངེས་པར་དུ་དེ་ལ་མ་བརྟེན་ན། སི་ཏུ་ལ་མ་བརྟེན་ན་དེ་ནི་ཡོང་བ་མི་འདུག་བསམ་ནས་དེ་ནི་སླར་ཡང་། དེ་ནི་དཔོན་ཆེན་རྒྱལ་བཟང་གིས་སི་ཏུ་ལ་སྔར་ནང་ལྟར་དེ་ནི་དམ་སྦྲགས་མ་བྱས་པ་བྱས། དེ་ནི་སི་ཏུ་མར་དབུས་སུ་ཕེབས་ཐུབ་པ་དེ་འདྲ་བྱུང་བ་རེད།
- དེ་ནི་སྣེའུ་གདོང་དུ་མར་ཕེབས་བྱས་གང་ཟེར་ན། གཞོན་ནུ་བཟང་པོ་ལ་སོགས་པའི་བློན་པོ་རྣམས་ལ་ད་དེ་ནས། ཁ་མཆུ་དེའི་དབྱེ་གསལ་མ་བྱུང་བར་ལ་ཁྱེད་རང་ཚོས་སུ་གཅུག་གིས་ཡིན་ནའི། དཔེར་ན་ཆོས་བྱས་ཟེར་ཡས་དེ། དེ་ནི་ཆོས་བྱེད་ཀྱི་ཡིན་ཟེར་ཡས་དེ་ནི་ཁ་ནས་བཤད་ཆོག་མ་ཡོང་། ཨོའོ་ཁ་ནས་བཤད་མི་ཆོག་གི་དེ་འདྲས་ཀྱི་བཀའ་ལན་བསྐུར། དེ་ནས་དཔོན་ཆེན། ཁས་ལེན་བསྐོར། དེ་ནས་དཔོན་ཆེན་དབང་བརྩོན་གྱིས་ཁྲི་དམག་རྣམས་བསྡུས་ཏེ། དོག་ལུང་པར་བྱུང་བ་དང་། སི་ཏུས་ཀྱང་རྫོང་རྣམས་འཛིན།
- ད་དེ་ནས། དེ་ནནས་མར་སླར་ཡང་དཔོན་ཆེན་དབང་བརྩོན་གྱིས་ཁྲི་དམག་རྣམས་བསྡུས་ནས་དེ་ནི་དོག་ལུང་པར་བྱུང་བ་དང་། སི་ཏུས་ཀྱང་དེ་ནི་རྫོང་རྣམས་ཀྱི་འཛིན་ཆ་དང་དཔུང་གི་བསྡུ་གསོག་མཛད། བྱང་གི་ལ་ཁར་ཁྲོམ་པོ་ལྷ་བཙུན་དཔོན་གཡོག་བརྒྱ་སྐོར་དང་། དཔོན་ཆེན་གྱིས་དམག་རྣམས་ཐུག་པ་ལྷ་བཙུན་པས་དཔངས་ལག་མཐོ་བར། དེ་ནི་ལྷ་བཙུན་པས་དཔངས་ལག་མཐོ་བར་བྱུང་ནས། དེ་ནི་དེ་བྱས་པ་རེད་ཟེར།
- དཔོན་ཆེན་གྱི་དམག་དེ་ཕམ་པ་རེད། ཟེར། དེ་འདྲ་ཀྱི་ཐོག་ནས་གཏམ་སྙན་པོ་སླེབས་པ་མཛད། སང་་་་དེའི་སང་ཉིན་དེ་དེ་ནི་དཔོན་ཆེན་གཞོན་ནུ་བཟང་པོས་དམག་དཔོན་བྱས་ནས། དེ་ནི་ཕག་གྲུ་ཁྲི་སྐོར་གྱི་དམག་རྣམས་བཏེག་ལྷུམ་སྟེང་དུ་དྲོ་ལ་སླེབ། ཟེར།
- དེར་དེ་ནི་རྟ་རྣམས་ཀྱིས་སྒུགས་ཁ་སླངས། ད་ཕར་ཚུར་དམག་བརྒྱབ་བྱས་རེད་པ། བབ་ཅོལ་དུ་སྤྱོད་པ་མ་ཡིན་པར་དེ་ནི་དེ་ལ་གཅིག་གི་དམག་རྒྱག་པའི་ཁ་གཏུག་ལ་དཔའ་བོ། དམག་ལ་ཆས་པ་སྟག་ལྟར་མཆོང་བ་ལ་མེད་མི་རུང་བའི་དེ་ནི་མི་བཞི་ཟེར་ཡས་དེ། གང་འདྲས་རེད་ཟེར་ན། ཐུག་དཀར་བས་ལྷ་གསོལ། གཡུལ་རྒྱལ་བས་ལྟོ་བསྒྱུར། དུས་ཚོད་རྩིས་དང་བསྟུན་ནས་དཔུང་རྣམས་འགྲིམས། དཔོན་ཆེན་གྱི་ཁྲི་དམག་་་་་་དེ་འདྲས་བྱས་ནས། ཨེ་མི་དུ་མུ་རུང་བ་མི་བཞིའི་ནང་གི་ཐུག་དཀར་བས་དེ་གས་དེ་བྱས་ནས་རེད་པཱ། དེ་ནི་དཔོན་ཆེན་གྱི་ཁྲི་དམག་མོན་མཁར་མདའ་རུ་དེ་ནི་རུ་བསྒྲིགས་པའི་སྟེང་དུ་བཀབ་ནས་འཁྲུགས་པས། ས་སྐྱ་བས་དེ་ནི་དབུས་གཙང་གི་ཁྲི་དམག་མཐའ་དག་དེ་ནི་རྩ་མེད་བཟོས་པ་དེ་འདྲས་རེད། ཟེར།
- ཕག་གྲུ་པའི་ཇུས་རྣམ་པར་རྒྱལ་བ་དེ་ནི་རུ་མཚོན་སྲིད་རྩེའི་བར་དུ་བསྒྲེང་ནས། དེ་ནི་ཕག་གྲུ་བའི་སྲིད་རྣམ་པར་རྒྱལ་པ་དེ་འདྲས་བྱུང་བ་རེད་ཟེར།
- ཨེ། ད་ག་ནང་ལྟར་དགྲ་མགོ་རུ་དར། ད་ག་ནང་ལྟར་དགྲའི་མགོ་ལར་དང་རུ་དར་དང་བཅས་པ་དེ་ནི་ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེར་ལག་རྟགས་སུ་བསྐུར་བས། ལག་རྟགས་སུ་བསྐུར་བྱས་དེ་འདྲས་རེད། ཟེར།
- ཨོའོ། ལག་རྟགས་སུ་བསྐུར་བས་ཀུན་གསལ་སྒེག་མོ་རླུང་གི་རྒྱལ་མཚན་གྱི་གོས་གྱོན་པ་ལྟར་རྣམ་པར་བཀྲ་བའི་དར་གྱི་ལྷབ་ལྷུབ་དང་། གྲགས་སྙན་་རྫ་རྔའི་སྒྲ་ཆེན་པོས་ནམ་མཁའི་ནོར་བུ་ཡང་སྐྲག་ནས་གླིང་བཞི་བསྐོར་བའི་ཟོལ་གྱིས་རྒྱུ་བར་བྱས་སོ། འོ་ད་དེ་འདྲས་ཀྱི་རྦད་དེ་། འོང་སྒྲ་སྙན་དེ་འདྲས་ཡིན་ན། གཏམ་སྙན་འདྲ་པོ་དེ་འདྲས་ཡོང་དུས་ཙམ་པ། དེ་ནི་ཕག་གྲུ་ནམ་མཁར་ཡིན་ནའི་དར་ཆེན་ལྷུབ་ལྷུབ་ཏུ་གཡོ་བ་ལ་སོགས་པ་དེ་འདྲས་ཡིན་ན། ཨེ་སྒྲ་སྙན་གྱི་རྫ་རྔ་དེ་འདྲས་ཡིན་ན་ཆེན་པོ་དེ་འདྲས་བསྒྲགས་པ་རེད། ཟེར།
- དེ་འདྲས་བསྒྲགས་དུས་ཙམ་པ་ནམ་མཁའི་ནོར་བུ་ཉི་མ་ཡིན་ནའི་དེ་ནི། སྐྲག་ནས་དེ་ནི་གླིང་བཞི་ལ་དེ་ནི་བསྐོར་བའི་ཟོལ་གྱི་དེ་ནི་འགྲོ་དགོས་ཡས་ཡིན་ནའི་བྱུང་བ་རེད། ཟེར།
- ད་དེ་ནས། སྔར་དཔོན་ཆེན་རྒྱལ་བཟང་གིས་སི་ཏུ་བཟུང་བའི་སྐབས་ཕོ་བྲང་ཆེན་པོར་འཁྲ་ཕུར་ཚུགས་ཤིང་། ཉེ་ལམ་དབང་བརྩོན་གྱི་ཁྲི་སྐོར་བཅུ་གསུམ་གྱི་དཔུང་བཤམས་པ་བཏུལ་བ་སོགས་དེ་ནི་གཞན་སྡེ་རྣམ་པར་འཇོམས་པའི་དགྲ་ཐབས་ཀྱིས། ཕག་མོ་གྲུ་པའི་བསྟན་ཇུས་ཚུགས་པའི་རྩ་བ་ལྟ་བུ་ཧོར་གཞོན་ནུ་བཟང་པོ་ཡིན་པས། ཟེར།
- ཧོར་གཞོན་ནུ་བཟང་པོ་ཟེར་མཁན་དེ་ནི་རྦད་དེ་ཕག་མོ་གྲུ་པའི་སྡེ་སྲིད་ཀྱི་བསྟན་ཇུས་ཀྱི་དེ་ནི་རྩ་བ་ཚུགས་པའི་དེ་ནི་རྩ་བ་ལྟ་བུ་དེ་འདྲས་ཡིན་ན། དེ་ནི་བཀའ་ཆེམས་སུ། སྣེའུ་གདོང་དགྲ་ལག་ཏུ་མ་ཤོར་བ་བྱུང་བས། ངའི་་་་། དགྲ་ལག་ཏུ་མ་ཤོར་བ་བྱུང་ནས། ངའི་སྲོག་མགོ་ཐོན། དེ་ལ་བརྟེན་ནས་དེ་སྡེ་འདི་ཟུག་ཆགས་བྱུང་བས། ཁོ་དྲིན་ཆེ་བ་ཡོད་པའི་དོན་དེ་ཡིན་ཞིང་།
- དེ་ནི་གཞོན་ནུ་བཟང་པོ་ཟེར་མཁན་དེ་ནི། དེ་ནི་རྦད་དེ་སྣེའུ་གདོང་དེ་དགྲ་ལག་མ་ཤོར་བ་བྱུང་བས་དེ་ནི་ངའི་སྲོག་མགོ་ཐོན་པ་རེད་ཟེར།
- དེ་ལ་བརྟེན་ནས་དེ་ནི་སྣེའུ་གདོང་གི་སྡེ་སྲིད་དེ་ཡིན་ན་ད་ལྟ་བར་དུ་གནས་ཐུབ་པ་དེ་འདྲས་བྱུང་བ་རེད། དེ་འདྲས་ཡིན་དུས་ཙམ་པ། ཁོང་ཡིན་ན་བཀའ་དྲིན་ཆེན་པོ་ཡིན་བྱས་དེ་འདྲས་གསུང་བ་རེད། ཟེར།
- འོང་། ད་དུང་ཚུན་ཆད་དུ་ང་ལ་ཡང་སྔས་གཏོད་པ་འདི་ཡིན་པས། ཤི་གསོན་གང་བྱུང་ན་ཡང་ཚུན་ཆད་དེ་ནི་ང་ལ་དེ་ནི་རྦད་དེ་ང་ཡིན་ན་མགོ་ཐོན་ནས་བསྡད་ཡོའོ་རེད། ད་ཤི་གསོན་ག་རེ་འདྲ་གཅིག་བྱུང་པ་ཡིན་ནའི། ནང་ནས་བསྡུར་དགོས། ད་ལྟའང་གཞོན་ནི་རྒྱལ་མཚན་གྱིས་འདི་ཡིན་པས། ཤོ་གསོན་གང་བྱུང་པ་ཡིན་ནའི་ནང་ནས་བསྡུར་དགོས་ཟེར།
- དེ་ནི་ཁོང་ལ་ཤི་གསོན་ག་རེ་བྱུང་ནའི་ང་རང་ཚོས་ངེས་པར་དུ་ཁོང་ལ་དེ་བྱེད་དགོས་རེད་ཟེར། མགོན་སྐྱབས་བྱེད་དགོས་ཀྱི་རེད་ཟེར།
- ད་ལྟ་གཞོན་ནུ་རྒྱལ་མཚན་གྱི་འགོ་བྱས། སྤུན་སྐྱ་སེར་ཀུན་ལ་བློ་ཐུབ་པ་དང་། ནང་མི་འཆེལ་བའི་དོན་དེ་ཡིན་གསུངས། ད་ལྟ་གཞོན་ནུ་རྒྱལ་མཚན་དེའི་བཟང་པོའི་མཇུག་ལ་དེ་ནི་རྒྱལ་མཚན་བཟང་ཁོང་ཚོའི་སྤུན་ཀྱག་གཅིག་ཡོའོ་རེད་པ། ད་ལྟ་རྒྱལ་མཚན་གྱི་འགོ་བྱས། སྐྱ་སེར་ཀུན་ལ་བློ་ཐུབ་དང་། ནང་མི་འཆེལ་བའི་དོན་དེ་ཡིན་ནའི་དེ་འདྲས་ཡིན་ཟེར།
- དེ་ཡིན་གསུང་ལ་ཟེར། དེ་ནས་སི་ཏུ་རང་ཡང་དཔུང་ཐོག་ཏུ་ཕེབས། གྲ་ཕྱི་འཕྱོང་རྒྱས་སོགས་ལྷོ་རྒྱུད་ཀྱི་ས་ཆ་རྫོང་གཞིས་ཕལ་ཆེར་བླངས། འཐབ་རྩོད་སྔ་ཕྱིར་བྱུང་ཡང་། གཞན་དག་རྣམས་རྨེག་མེད་པར་བཅོམ། ད་དེ་འདྲས་ཀྱི་དཔེར་ན་དམག་རིམ་པ་བརྒྱབ་བྱས། དེ་ནི་ས་སྐྱ་ལ་ཡར་ཕེབས་བྱས། བླ་མ་དམ་པའི་དེ་ནི་འོང་། དེ་ནས་དཔོན་ཆེན་དབང་བརྩོན་གྱི་དམག་བསགས་པར་བླ་མ་དམ་པས་བཀའ་ཕེབས་དང་། དེ་རྗེས་ཁ་མཆུ་བསྡུམ་མཁན་མང་དུ་བྱུང་ཡང་། དཔོན་ཆེན་གཞན་གྱིས་བསྐྱོད་སྟབས་སུ་སོང་བས་མ་འགྲིག་པའི་ཟིར་བུན་གྱི་ངང་ལ། སི་ཏུས་གོང་དཀར་བླངས།
- ད་དེ་འདྲས་ཀྱི་དཔེར་ན་བླ་མ་དམ་པས་ས་སྐྱའི་བླ་མ་དམ་པས་ཡིན་ན། ཕན་ཚུན་བཀའ་བསྡུམ་དེ་འདྲས་གནང་བྱས་ཡིན་ན། ཨེ་དེ་ནི་དེ་འམ་བྱས་པ་རེད། ཟེར།
- གོང་དཀར་བླངས། དེ་ལ་དཔོན་ཆེན་གྱི་དཔུང་བཅུག་པར་བསད་བཟུང་ཚུལ་ལྕི་བ་སོགས་མང་དུ་བྱུང་ནས་སི་ཏུ་བ་རྒྱལ་ཏེ། འོང་ས་སྐྱ་དེ་ནི་ཕག་གྲུས་དམག་མང་པོ་བརྒྱབ་པ་ལ་བརྟེན་ནས། དེ་ནི་ཕག་གྲུ་རྣམ་པར་རྒྱལ་བྱས། ཁ་རག་ཕྱིན་གཙང་ལ་ཡར་གཏོགས་ལྷ་འབྲུག་རྣམས་རྟ་རྨིག་འོག་ནས་དེ་ནི། ཁ་རག་ལ་ཡར་གཏོགས་པའི་དེ་ནི་ལྷ་འབྲུག་རྣམས་དེགས་དེ་ཡིན་ན་རྟའི་རྨིག་པའི་འོག་ནས་བླངས་བ་ཡིན་ཟེར།
- རྟ་རྨིག་འོག་ནས་བླངས་པ་ཡིན་ཟེར། དབེན་པ་དང་མཇལ་ཏེ་གོང་མའི་དྲུང་དུ་ཁྱེད་རང་འགྲོའམ་མི་འགྲོ། མི་གཏོང་བ་སོགས་གང་རིས་འཐད་གསུངས་པ་བཞིན་དབང་ཕྱུག་དང་ཤེས་རབ་རྡོ་རྗེ། དེ་ནི་དབེན་པ་དང་མཇལ་ནས་གོང་མའི་དྲུང་དུ་དེ་ནི་ཁྱེད་རང་ཕེབས་གམ། ཡང་མིན་ན་མི་གཞན་དག་བཏང་གས་བྱས་དེ་འདྲས་གསུངས་དུས་ཙམ་པ། དེ་ནི་དབང་ཕྱུག་དང་ཤེས་རབ་རྡོ་རྗེ་ཟེར་མཁན་དེ་ནི། བཏང་ནས་ཁོང་ཚོ་ལ་ཉེས་མེད་བྱས་ནས་དེ་ནི་ཁྲི་བསྐོར་ལ་དགོས་པའི་དངུལ་གྱི་དམ་ཁ་དང་བཅྭ་ཧུ་སོགས་བསྒྲུབ་པ་རེད། ཟེར།
- དེ་ནས་འབྲི་གུང་སྒོམ་པ་ཀུན་རྡོར་གྱིས། དེའི་མཇུག་ལ་དེ་ནི་འབྲི་གུང་དང་དེ་ཚོ་ལ་ཆ་བཞག་པ་ཡིན་ན་ད་གང་ཟེར་དགོས་རེད། ཨེ་ཕག་གྲུའི། འབྲི་གུང་དང་ཕག་གྲུ། འབྲི་གུང་དང་ཕག་གྲུ་གཉིས་ཀྱི་ཐོག་ལ་ཡིན་ནའི་འགལ་བ་དེ་འདྲས་བྱུང་བྱས། བྱུང་པ་ཡིན་ཙང་དམག་དེ་འདྲས་བརྒྱབ། ད་ག་ནང་ལྟར་འབྲི་གུང་དང་པ་དང་། ནམགྲགས་པ། གཡའ་བཟང་པ་གསུམ་གྱིས་གྲོས་བཤམས་ནས། ཕག་གྲུའི་སྟེང་དུ་བཀབ་པ་དེ་ནི་གཞོན་ནུ་བཟང་པོས་འགོ་བྱས། ཡར་སྟོད་ཀྱི་དམག་རོགས་འབྲས་མོ། ད་ག་ནང་ལྟར་དེ་ནི་འབྲི་གུང་དང་། ནམ་གྲགས་པ་དང་གཡའ་བཟང་པ་ལ་སོགས་པ་དེ་འདྲས་ཀྱི་དཔེར་ན། ཕག་གྲུའི་ད་ལྟ་དམག་དེ་བྱུང་པ་རེད་དའི་ཡིན་ན་ཡང་།
- ཨ་ནི་དེ་ཚོ་ལ་ཆ་བཞག་ན། གཞོན་ནུ་བཟང་པོས་འགོ་བྱས་ཨ་ནི་སི་ཏུ་རང་གིས་གཙོ་བྱས་པའི་དེ་ནི་དཔུང་ཆེན་སྟེང་ནས་དེ་ནི། བྱང་ཁར་བཏོན་ནས་དེ་ནི་འབྲི་གུང་པ་ལ་ཇུས་ཉེས་བཏང་། གཡའ་བཟང་པ་ཡང་ཕྱིར་བྲོས། ཚལ་པ་དང་། ནམ་གྲགས་པ་གཉིས་ཀྱི་ཁྲོན་པ་རི་དང་གཡུ་རྩེ་བྲག་ལ་རྫོང་རྩིག་པ་སོགས་ཀྱི་བྱེད་པར་བརྟེན་ནས། ཕག་གྲུའི་དམག་རྣམས་གསང་མདར་ཡོངས་ཐོག གཡའ་བཟང་པ་འབུམ་ཕྲག་འོད་ཀྱིས་གཉལ་དམག་རྣམས་ཁྲིད་ནས་ལྷུན་པོ་རྩེར་སླེབ་པའི་འཕྲོད་བྱུང་བ་དང་། ཕྱིར་ལོག་སྟེ་འཁྲུགས་པས་འབུམ་ཕྲག་གི་འོད་ཀྱིས་འགོ་བྱས། དགུ་བརྒྱ་ཙམ་ལྷུན་པོ་རྩེའི་ནང་ལ་བཅུར་ཟེར།
- དེ་རྗེས་གཉལ་དམག་ཡོངས་པ་རྣམས། གཉལ་དམག་ཡོངས་པ་རྣམས་ཀྱང་མང་དུ་བསད་ཅིང་གོ་མཚོན་རྣམས་ཐོབ། གཉལ་དམག་མང་པོ་ཡོངས་པ་དེ་གས་དེ་ཡིན་ནའི་བསད་ནས་དེ་ནི་གོ་མཚོན་རྣམས་ཕང་གྲུ་ལ་ཐོབ་པ་རེད། ཟེར། འབུམ་གྲགས་འོད་དཔོན་གཡོག་རྣམས་ཀྱིས་འབབ་ཁ་བླངས། ཟེར
- ཨེ་མགོ་རྟགས་པ་དེ་འདྲས་ཡིན་ན་བླངས་ཟེར། གཉལ་ཤེལ་མཁར་སོགས་གཞིས་ཀ་རྣམས་སུ་རྫོང་དཔོན་བཏང་ཞིང་ཟུག་པ་བཙུགས་ཟེར། དེ་ནས་སྐབས་གཅིག་ལ་ཆོས་རྗེ་བླ་མ་དམ་པས་བར་མཛད་ནས། དེ་ནི་སི་ཏུ་དང་དཔོན་ཆེན་རྒྱལ་བ་བཟང་པོ་གོང་དཀར་དུ་མཇལ་འཕྲད་མཛད། དཔོན་ཆེན་གྱི་དེ་ནི་སི་ཏུ་ལ་བཟོད་གསོལ་བྱས་ནས་དེ་ནི་སྔར་ཡིན་ནའི་ང་རང་གིས་རྦད་དེ་གང་མིན་ཚད་ཀྱི་ཁྱེད་རང་ལ། བཙོན་ལ་བཅུག་ཡས་ཉེས་བརྡུངས་གཏོང་ཡས་ལ་སོགས་པ་དེ་ཚོ་གང་མིན་ཚད། བྱུང་སོང་བྱས་ནས་དེ་འདྲས་ཟེར་བྱས་པ་རེད། ཟེར།
- མཐུན་སྐབས་གསོལ་བཟོད་བྱས་ནས་མཐུན་སྐབས་དེ་ནི། དེ་ནི་ནམ་གྲགས་ཟེར་མཁན་དེ་ཡིན་ན་ཤངས་མཐོང་སྨོན་ལ་བརྒྱབ་པས། དཔོན་ཆེན་གྱི་རོགས་སུ་ཕག་གྲུའི་དམག་རྣམས་ཆེན་པོས་འགོ་བྱས་ཕྱིན་པ་ཤབ་ཤུའི་ལྷོ་ཁར་འཁྲུགས་ཏེ། ནང་པའི་དཔུང་གནང་ཟེར། ད་ཨེ་ནི་ནང་པའི་དཔུང་བཅོམ་པ་རེད། ཟེར།
- དེ་ནས་དེ་ནས་ས་སྐྱའི་དམག་རྣམས་ས་སྐྱར་འགྲོ་བ་ཐག་བཅད་ཀྱང་། དཔོན་ཆེན་གཞན་གྱིས། དེ་ནི་སྐབས་དེ་དུས་ས་སྐྱ་ལ་དེ་ནི་ཕག་གྲུའི་དམག་དེ་རྣམས་ས་སྐྱར་འཐོབ་ཁ་འགྲོ་ཡས་དེ་འདྲས་རེད་དའི། ཡིན་ནའི་དེ་ནི་དཔོན་ཆེན་གཞན་གྱིས་དེ་ནི་མགོ་བསྐོར་གྱི་དབང་དུ་སོང་ནས། དེ་འདྲས་བྱས་བྱས་རེད་པཱ། འོང་མ་ཕྱིན་པ་བྱས་བྱས། མ་ཕེབས་པ་བྱས་བྱས་དེ་ནི་དཔོན་ཆེན་རྒྱལ་བ་བཟང་པོ་ས་སྐྱར་ཕེབས་དུས་ཙམ་པ་དེ་ནི། ས་སྐྱའི་བླ་མ་ཏི་ཤྲིའི་སྲས་པོ་གཉིས་ཀྱིས་བཙོན་དུ་བཅུག་པས། དེ་ནི་སི་ཏུས་གཙང་དུ་དེ་ནི་བཙོན་དུ་བཅུག་པ་རེད་ཟེར།
- བཙོན་དུ་བཅུག་དུས་ཙམ་པ་དེ་ནི་སི་ཏུས་ཡིན་ན་སླར་ཡང་གཙང་དུ་བཏེགས། ཞི་དྲག་གི་ཐབས་དུ་མའི་སྒོ་ནས་དེ་ནི་དཔོན་ཆེན་རྒྱལ་བ་བཟང་པོ་བཙོན་ནས་བཏོན་ཡས་དང་། གཙང་གི་ས་ཆ་ཕལ་ཆེར་ཆབ་འོག་དུ་བཅུག་ཟེར།
- ཕྱིར་བྱོན་པའི་ལམ་ཞོར་དུ་གཞིས་ཀ་རིན་སྤུངས་རྩིག་པའི་ཞལ་བཀོད་མཛད། དེ་ནི་དེ་གས་དེ་དཔེར་ན་གནད་དོན་དེ་གས་དེ་ཐག་གཅོད་གྲུབ་པའི་མཇུག་གུ་ལ་དེ་ནི་ཕྱིར་ཕེབས་པའི་ལམ་ཞོར་ལ་དེ་ནི་གཞི་ཀ་རིན་སྤུངས་རྩེག་པའི་ཞལ་བཀོད་དེ་འདྲས་གནང་། ཟེར།
- དེ་ནས་དེ་ཡང་སྐབས་འདི་དག་ཏུ་ས་སྐྱ་པ་ཞལ་ངོ་མང་བས་ད་དེ་འདྲས་ཀྱི་དཔེར་ན། ས་སྐྱ་པ་ལ་བར་སྐབས་གཅིག་ལ་ཆ་བཞག་ན། ས་སྐྱ་པ་ལ་ཞལ་ངོ་ཡིན་ན་མང་པོ་ཡོད་པ་བླ་བྲང་ཕྱོགས་བཞིར་གྱེས་ཡས་དང་། ནང་མི་མཐུན་པ་མང་པོ་བྱུང་བ་སོགས་ཀྱིས་བསྟན་ཇུས་མཐའ་དག་ཕག་གྲུ་པའི་འོག་ཏུ་ཤོར་བ་ནི་ཟེར།
- ས་ནང་གྲུམས་ནས་ཕག་གིས་ས་རློག་འཇིག ཡར་ཀླུངས་ནང་ནས་ཕྱག་རྡོར་སྤྲུལ་པ་འབྱུང་། ཟེར། ད་དེ་འདྲས་ཀྱི་དཔེར་ན་སྔ་མའི་ཨེ་ལུང་བསྟན་ནང་ལ་ཡོད་པ་དེ་དང་མཐུན་པའི་ཐོག་ནས་དེ་ནི་གོང་མ་ཏའི་སི་ཏུ་འདི་ཉིད་ནི་དེ་ནི་གསང་ཆེན་རྡོ་རྗེ་ཐེག་པའི་བཀའི་བསྡུ་བ་པོ་དེ་ནི་རྗེ་བཙུན་ཕྱག་ན་རྡོ་རྗེའི་གསང་བ་གསུམ་གྱི་རྨད་དུ་བྱུང་བའི་ཟློས་གར་ཡིན་ཟེར།
- ཆོས་ཀྱི་་་་དེ་ནི་ཡིན་ན་གང་འདྲས་རེད་ཟེར་ན། ཆོས་ཀྱི་རྒྱལ་པོ་མེས་དབོན་གསུམ་གྱི་མཛད་པའི་སྣང་བརྙན་དྲི་མས་ཅུང་ཟད་སྦགས་པ་བསལ་བའི་སླད་དུ་དེ་ནུ་དབུས་གཙང་རུ་བཞིའི་རྒྱལ་ཁམས་ལ་དེ་ནི་སྟོབས་ཀྱིས་མངའ་སྒྱུར་བར་གནམ་གྱིས། ཨོའོ། གནམ་གྱིས། རུ་བཞིའི་རྒྱལ་ཁམས་ལ་སྟོབས་ཀྱིས་མངའ་སྒྱུར་བར་གནམ་གྱི་ལུང་གིས་སྤྱི་བོ་ནས་དབང་བསྐུར་བ་གོར་མ་ཆག་ཟེར།
- དེ་ནས་གོང་མ་རྒྱལ་པོས། ད་ར་ཁ་ཆེ་སོགས་གསེར་ཡིག་པ་མངགས་པ་ཏེ་ཏའི་སི་ཏུའི་མིང་དང་དམ་ཁ་གནང་། ཟེར། བྱས་ནས་དེ་ནི་དེ་འདྲས་ཀྱི་དེ་ནི་གོང་མས་ཏའི་སི་ཏུའི་མིང་དང་དམ་ཁ་སོགས་པ་དེ་འདྲས་གནང་བ་རེད། ཟེར།
- དེ་ནས་དེའི་མཇུག་གུ་ལ་དེ་ནི་འབྲི་གུང་པས་ཕག་གྲུའི་སྟེང་དུ་དམག་རྒྱག་ཡས་ལ་སོགས་པ་དེ་འདྲས་ཀྱི་དེ་ནི། མང་པོ་འདྲ་པོ་བྱུང་བ་རེད་ཟེར།
- མང་པོ་འདྲ་པོ་བྱུང་བྱས་མཐའ་མ་ཁོ་ག་རེ་བྱས་པ་རེད་ཟེར་ན། ཨེ། འབྲི་གུང་པས་དམག་ཚན་ཆེར་བསགས་པར་བརྟེན། སི་ཏུས་གོང་དཀར་གྱི་དམག་རྣམས་བཏང་སྟེ་བྲག་དཀར་ཕབ། དེ་ནས་ས་སྐྱའི་བླ་མ་ཀུན་སྤངས་པ་བཀྲོངས་པ་སོགས། ས་སྐྱར་དེ་ནི་བླ་མ་ཀུན་སྤངས་པ་བཀྲོངས་པ་ལ་སོགས་པ་ནང་འཁྲུག་བྱུང་བས། དེ་ནི་ཁ་མཆུ་ལབ་པར་སི་ཏུ་གཙང་དུ་བྱོན། ཟེར།
- ཨེ་སི་ཏུ་ཡིན་ན་གཙང་ལ་བྱོན་པ་རེད།ཟེར། དཔོན་ཆེན་རྒྱལ་བཟང་འབོད་པར་གཏང་བ་དང་། ཁོང་ལྷ་རྩེར་བཀའ་གྲོས་ལ་བྱོན་ཐོག་དཔོན་ཆེན་དབང་བརྩོན་དང་མཁན་པོ་ནམ་མཁའ་ཡེ་ཤེས་ཀྱིས་དུག་བཏང་ཡང་ཟེར། དཔོན་ཆེན་རྒྱལ་བ་བཟང་པོ་ལ་དེ་ནི་དཔོན་ཆེན་དབང་བརྩོན་དང་མཁན་པོ་ནམ་མཁའ་ཡེ་ཤེས་གཉིས་ཀྱི་དུག་བཏང་པ་ཡང་ཡིན་ཟེར།
- ཡང་ཁོང་རང་གིས་ཨ་རག་འཐུང་མང་བའི་ཟེར་གྱི་ཡོའོ་རེད། གང་ལྟར་དཔོན་ཆེན་ཡིན་ན་གྲོངས་པ་རེད་ཟེར། དེ་ནས་སི་ཏུས་ས་སྐྱར་ལ་ཕེབས་བྱས་རེད་པཱ། ཆེ་གཉན་རྣམས་ཀྱི་བཅྭ་ཚེ་བླངས་མཇུག་བསྡོམས་ད་གཅིག་གི་མཐའ་མཇུག་གི་མཇུག་བསྡོམས་དེ་གས་གནང་ནས། བཅྭ་ཚེའི་ནང་དང་འགལ་བ་བྱུང་ན་རྩ་ར་གཏོང་བའི་ཁྲིམས་བསྒྲགས་དེ་ནི། བཅྭ་ཚེ་ཁྲིམས་བསྒྲགས་པ་དེ་ལས་ཁྲིམས་སྲོལ་བཟོས་པ་དེ་ལས། དེ་ནི་འགལ་བ་བྱུང་སོང་ན། དེ་ནི་དེ་ཚོ་ལ་རྦད་དེ་བརྡུངས་འདེགས་བཏང་གི་ཡིན་བྱས་ནས་དེ་འདྲས་བསྒྲགས་པ་རེད། ཟེར།
- ས་སྐྱ་ལྷ་ཁང་ཆེན་མོར་རིན་ཆེན་འོད་ཀྱིས་འགོ་བྱས་བརྒྱ་སྐོར་ཞིག་ཟུག་པར་བཞག ས་སྐྱའི་ལོ་རྒྱུས་ན་དེ་སྐབས་རྫོང་ཆུང་པ་གཟུངས་ཀྱི་དཔལ་བས་སི་ཏུ་ལ་མངོན་སྤྱོད་ཀྱི་ལས་མཛད་པས་མཚན་མ་ཁྱད་པར་ཅན་བྱུང་སྐད། དེའི་ཁ་གཏུག་ལ་དེ་ནི་རྫོང་པ་ས་སྐྱའི་རྫོང་ཆུང་པ་ཟུངས་ཀྱི་དཔལ་བ་ཟེར་ཡས་དེས། སི་ཏུ་ལ་དེ་ནི་མངོན་སྤྱོད་ཀྱི་ལས་མཛད་པས་དེ་ནི་མཚན་མ་ཁྱད་པར་ཅན་བྱུང་བ་རེད། ཟེར་བྱས་ནས་བཤད་སྲོལ་དེ་འདྲས་ཡོའོ་རེད་ཟེར།
- དེ་ནས་སི་ཏུ་དབུས་སུ་བྱོན་རྗེས། ལྷ་རྩེ་པ་དང་བྱང་པ་འཁྲུགས། དེ་ལ་བཅྭ་ཚེ་དང་མཐུན་པའི་རྩ་ར་གཏོང་བར་ཆེན་པོས་གཙོས་པའི་དེ་ནི་དེའི་མཇུག་གུ་ལ་ལྷ་རྩེ་དང་བྱང་པ་གཉིས་འཁྲུགས། འཁྲུགས་དུས་ཙམ་པ་དེ་ནི་དེ་ལ་ཁྲིམས་བཟོ་བཅྭ་ཚེ་དང་མཐུན་པས་རྩ་ར་གཏོང་བར་ཆེན་པོས་གཙོས་པའི་དེ་ནི་སི་ཏུའི་དཔོན་པོ་ཆེན་པོས་གཙོས་པའི་དམག་བརྫངས་པ་སྙི་ཚར་སླེབས་དུས། ལྷ་རྩེ་ནས་དཔོན་ཆེན་དབང་བརྩོན་གྱི་དཔུང་གིས་ས་སྐྱ་ལྷ་ཁང་། ལྷ་རྩེ་ལ་སླེབས་པའི་ཁ་གཏུག་ལ་ཨ་ནི་དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་ཀྱི་དཔུང་གིས་ས་སྐྱ་ཆེན་མོར་བསྐོར་བ་ཐོས་པས་དེ་ནི་དཔུང་རྣམས་སྙི་ཚར་ནས་ས་སྐྱ་ལ་ཕྱིན་ཏེ། ཨེ་དེ་ནི་ལྷ་རྩེ་ལ་མར་མ་ཕྱིན་པར་ས་སྐྱ་ལ་ཡར་ཕྱིན་ནས་འཁྲུགས་པས་མང་དུ་བསད།
- དཔོན་ཆེན་བཟུང་། བཞི་བརྒྱ་སྐོར་ལ་ཁྲིམས་ལུགས་བྱས། ད་ད་ག་ནང་ལྟར་དཔོན་ཆེན་དབང་བརྩོན་ཁོང་རང་རང་ཟིན། བཞི་བརྒྱ་མི་བཞི་བརྒྱ་སྐོར་ལ་དེ་ནི་ཁྲིམས་ལུགས་བྱས། དེ་ནི་ཏི་ཤྲི་ཀུན་དགའ་རྒྱལ་མཚན་དང་། སློབ་དཔོན་བསོད་ནམས་བློ་གྲོས། གཡའ་བཟང་ཁྲི་དཔོན། ཚལ་པ་ཁྲི་དཔོན་སོགས་ཀྱིས་གོང་མར། སི་ཏུས་ས་སྐྱ་དམག་གིས་བཅོམ། ཁྲི་དཔོན་གཞན་རྣམས་ལ་མཐར་འདེད་བྱས་སོགས་ཀྱི་ཞུ་ལོག་རིམ་པར་ཕུལ་བར་བརྟེན། དེ་འདྲས་ཀྱི་དེ་ནི་གོང་མ་ལ་ཡིན་ནའི་དེ་འདྲས་ཀྱི་དཔེར་ན་དེ་གཅིག་བསྐུར། ཀུན་དགའ་རྒྱལ་མཚན་དང་སློབ་དཔོན་བསོད་ནམས་བློ་གྲོས། གཡའ་བཟང་ཁྲི་དཔོན་དང་ཚལ་པ་ཁྲི་དཔོན་སོགས་ཀྱིས་དེ་ནི་གོང་མར་ཞུ་ལོག་དེ་འདྲས་ཕུལ་པ་རེད། ཟེར།
- ཡིན་ནའི་ད་གོང་མ་དེ་ནི་གོང་མ་ཐུགས་ཚོམ་པ་སེལ་བའི་ཆེད་དུ། དྲུང་ཆེན་ཤེས་རབ་བཀྲ་ཤིས་ཀྱིས་སེང་གེ་དཀར་མོའི་པགས་པ་སྡེར་བཞི་མ་ཉམས་པ་ས་གཙོས་པའི་འབུལ་བ་དང་བཅས་དེ་ནི་གོང་མའི་སར་ཡར་བཏང་བ་རེད། ཟེར།
- ཨེ། གདུང་རབས། བཏང་པ་ཡིན་ནའི་ད་བཏང་བའི་རྗེས་ལ་དེ་ནི་གདུང་རབས་ནས་གདུང་རབས་སུ་ཕན་པའི་འཇའ་ས་དང་ལུང་བཟང་པོ་འགྲུབ་པ་རེད། ཟེར།
- ཨོའོ་དྲུང་ཆེན་ཤེས་རབ་བཀྲ་ཤིས་དེ་ནི་གོང་མའི་ལུང་བཟང་པོ་རག་པ་རེད་ཟེར། དེ་ལྟར་འབྲི་ཚལ་གཡའ་བཟང་ས་སྐྱའི་དཔོན་ཆེན་སོགས་སྟོབས་སྦྱོར་དྲེགས་པས་མྱོས་པའི་རྒོལ་བའི་ཀླན་ཀ་ཅན་རྣམས་ལ། ཅེ་སྤྱང་དུས་མིན་དུ་ང་རོའི་སྐད་འབྱིན་པར། གདོང་ལྔའི་དབང་པོ་དགྲ་ཟླར་མི་སེམས་པའི་ངང་ཚུལ་བཞིན་མཛད་ཀྱང་། ཟེར།
- དེ་འདྲས་མང་པོ་དེ་འདྲས་བྱུང་བ་དང་། དེ་ཚོ་ལ་ཆ་བཞག་ན་ཡིན་ནའི་སྡུག་བསྔལ་འགྲན་ཟླར་མ་མཆིས་པའི་ངང་ཚུལ་བཞིན་མཛད་ཀྱང་ཟེར། ཚུར་འགེབས་ཀྱི་བྱེད་པ་དུག་སྦྲུལ་སྒོང་འཁྱེར་གྱི་སྣང་ཚུལ་ལ་བརྟེན་ནས། ཟེར། དེ་ནི་ཚུར་ཚུར་འགེབས་ཀྱི་དེ་ནི་ཚུར་བྱེད་པ་དུག་སྦྲུལ་སྒོང་འཁྱེར་གྱི་ཟེར་ན། དུག་སྦྲུལ་ཟེར་མཁན་དེ་རྦད་དེ་ཚུར་མི་ལ་དུག་གཏོང་དུས་ཙམ་པ་ཡིན་ནའི་ཁོ་རའི་མགོ་ཁོ་ལ་དེ་ཡོའོ་རེད། གང་ཟེར།
- ནོར་བུ་ཡོད་པ་ཡིན་དུས། གཞན་སྡེའི་མངའ་ཐང་ཐམས་ཅད་དཔུང་ཤེད་ཀྱིས་བཅད་ནས་ཟེར། དེ་ནི་ཚུར་འགེབས་བྱེད་དུས་ཙམ་པ། དུག་སྦྲུལ་གྱི་སྒོང་འཁྱེར་བ་ནང་ལྟར་གྱི་ཐོག་ནས་དེ་ནི་གཞན་སྡེའི་མངའ་ཐང་ཐམས་ཅད་དེ་མཐའ་མ་དེ་ནི་ཕུང་བྱེད་ཀྱི་རྦད་དེ་ཕག་མོ་གྲུ་པའི་ཕྱག་ལ་སོན་ཐུབ་པ་དེ་འདྲས་བྱུང་བ་རེད། ཟེར།
- བཅད་ནས་ནུབ་ཕྱོགས་ཆུ་ལྷའི་མཐར་ཐུག་བར་དུ་བཀའ་རྟགས་ཀྱི་ཕྱག་རྒྱ་བཙན་པོས་གསེར་གྱི་གཉའ་ཤིང་ལྟ་བུར་ལྕི་བའི་རྒྱལ་ཁྲིམས་ཀྱི་འོག་ཏུ་བཅུག དེ་ནི་ནུབ་ཕྱོགས་ཀྱི་ཆུ་ལྷའི་མཐར་ཐུག་པའི་བར་དུ་ལ་དེ་ནི་བཀའ་རྟགས་ཀྱི་ཕྱག་རྒྱ་བཙན་པོས་གསེར་གྱི་གཉའ་ཤིང་ལྟ་བུར་ལྕི་བའི་རྒྱལ་ཁྲིམས་ཀྱི་འོག་ཏུ་བཅུག་ནས། ཉི་འོག་གི་རྒྱལ་ཕྲན་མཐའ་དག་གིས་ཡུལ་སྲོལ་དང་མཐུན་པའི་ནོར་གྱི་དཔྱ་འབུལ་བ་སོགས། བྱས་ནས་ད་ཉི་འོག་གི་དཔེར་ན་ད་རྒྱལ་ཕྲན་ཐམས་ཅད་ཀྱི་ཡུལ་སྲོལ་དང་མཐུན་པའི་ནོར་གྱི་དཔྱ་ཁྲལ་འབུལ་བ་ལ་སོགས་པ། མདོར་ན་བསིལ་ལྡན་གངས་རིས། གངས་ཀྱི་རི་བོ་དར་དཀར་གྱི་ཡོལ་བ་བྲེས་པའི་ཁོངས་སུ་འཁོད་སྐྱེ་རྒུ་མཐའ་དག་མི་བདེ་བའི་རྩ་རྐྱེན་བྱེད་པོ།
- ང་རྒྱལ་བའི་གདོང་པ་མད་ནས་གཏིང་སེལ་གཙང་བར་ཚར་བཅད། གོང་དཀར། ད་ག་ནང་ལྟར་བྲག་དཀར། སྣེའུ། འོལ་ཁ་སྟག་རྩེ། བསམ་གྲུབ་རྩེ། ལྷུན་གྲུབ་རྩེ། རིན་སྤུངས་སོགས་དབུས་གཙང་འཛིན་མའི་ལྟེ་བའི་ས་མདུད་རྣམས་ལ་རྫོང་ཆེན་བཅུ་གསུམ་བརྩིགས། ཟེར། དེ་ནི་དེ་འདྲས་ཀྱི་དེའི་མཇུག་གུ་ལ་དེ་ནི་ས་སྐྱར་དེ་ནི་ཕག་གྲུས་དབང་སྒྱུར་བྱས་པའི་མཇུག་གུ་ལ། དེ་ནི་ད་ག་ནང་ལྟར་གོང་དཀར་དང་བྲག་དཀར་དང་། སྣེའུ། སྟག་རྩེ། བསམ་གྲུབ་རྩེ། ལྷུན་གྲུབ་རྩེ། རིན་སྤུངས་ལ་སོགས་པ་དེ་འདྲས་ཀྱི་དབུས་གཙང་འཛིན་མའི་ལྟེ་བའི་ས་མདུད་རྣམས་རྫོང་ཆེན་བཅུ་གསུམ་བརྩིགས་ནས།
- འོང་ད་ག་ནང་ལྟར་ཕོ་བྲང་ཆེན་པོ་སྣེའུ་གདོང་གི་རྒྱལ་སྒོ་ཕྱི་ནང་གསུམ་དུ་ཆ་བཞག་ནའི་སྣེའུ་གདོང་ད་སྐབས་དེ་དུས་རྒྱལ་ས་འདྲ་པོ་དེ་འདྲས་རེད་པ། རྒྱལ་སྒོ་ཕྱི་ནང་གསུམ་དུ་རྒྱལ་སྒོ་ནང་མ་ལ་དེ་ནི། ནག་ཆང་གི་ཁྲིམས་བསྡམས་ཤིང་། ནག་མོ་དང་ཆང་དེ་འདྲས་ཀྱི་ཁྲིམས་བསྡམས་ཤིང་ཟེར།
- སི་ཏུ་རང་ཉིད་རང་ནས་ཆང་དང་དེ་ནི་ཕྱི་དྲོའི་ཁ་ཟས་སྤོང་བ་སོགས་ཨ་ནི་ཕྱི་དྲོའི་ཁ་ལག་མི་བཞེས་པ་ལ་སོགས་པ་དེ་འདྲས་ཀྱི་དེ་ནི་རབ་བྱུང་ཆོས་ལ་ཚུལ་ལ་གནས་པའི་ལྷ་སྡེ་དང་མི་སྡེ་ཀུན་གྱི་སྤྱི་བོར་ཅོད་པན་དུ་ནོར་བུ་དབང་གི་རྒྱལ་པ་ལྟར་བསྟན། ཨེ། ནོར་བུ་དབང་གིས་རྒྱལ་པོ་བཀུར་བ་དང་། དེ་ནི་ད་ཁོང་རང་ཡིན་ནའི་ལྷ་སྡེ་དང་མི་སྡེ་ཀུན་གྱི་དེ་ནི་སྤྱི་བོའི་ཅོད་པན་དུ་གཙུག་གི་ནོར་བུ་ལྟ་བུར་དེ་ནི་བཙན་པོའི་དབང་སྒྲུར་ཐུབ་པ་དེ་འདྲས་བྱུང་བ་རེད། ཟེར།
- ད་དེ་ནས་བྱས་ནས་སྔར་དཔལ་ལྡན་ས་སྐྱ་པས་བོད་ཙམ་མ་ཟད་བོད་ཆེན་པོའི་རྒྱལ་ཁམས་ལ་མངའ་སྒྱུར་ནའང་། གདུང་བརྒྱུད་ཀྱི་ད། སྔ་མ་ཡིན་ན་ད་དཔལ་ལྡན་ས་སྐྱ་པས་བོད་ཙམ་མ་ཟད་བོད་ཆེན་པོའི་རྒྱལ་ཁམས་ལ་མངའ་སྒྱུར་ནའང་། དེ་ནི་གདུང་བརྒྱུད་གཅིག་གི་ཞལ་ངོ་རྣམས་ཐུགས་འདོད་ཀྱི་འཐེན་ཕྱོགས་སོ་སོར་སོང་ནས། དཔོན་ཆེན་རྣམས་ཀྱང་དེ་ནི་དེ་འདྲས་ཀྱི་རྦད་དེ་ཏིག་མི་ཆགས་པར་བརྟེན་ནས། ཨོའོ་སྤོ་ལེན་མང་བ་དང་། གོང་མའི་ཁྲིམས་ཀྱང་དེ་ནི་ཧོར་གྱི་ཤན་ཤོར་བའི་ཧང་ཟོམ་སོགས་ལ་བརྟེན་ནས།
- ཐང་ལྷོད་དང་ཡང་ན་མཐོ་དམན་ཅི་རིགས་དང་། ད་དུང་ཁྱད་པར་དུ་ཧོར་ཁྲིམས་ལ་མི་བསད་ན་སྲོག་ཚབ་ཏུ་སྲོག་གཏོང་བས་མཚོན་ཁྲིམས་རྣམས་སྡིག་པའི་ལས་ཤས་ཆེ་བར་བརྟེན། ཁྲིམས་རྣམས་དེ་ནི་ཁྲིམས་དེ་ཚོ་ཡིན་ན་སྡིག་པའི་ལས་ཤས་ཆེ་བར་བརྟེན། བོད་ཆོས་རྒྱལ་གོང་མའི་ལུགས་སྲོལ་བཟང་པོ་དགེ་བ་བཅུས་ཁྲིམས་བྱུང་བ་དེ། སྔར་དེ་ནི་སྲོང་བཙན་སྒམ་པོས་གསར་གཏོད་གནང་བ་དེ་ནི་ཆོས་རྒྱལ་ཆེན་པོའི་དགེ་བ་བཅུའི་ཁྲིམས་བཟོས་པ་དེ། དེ་ཉིད་དེ་གཙོ་བོར་བཟུང་ནས། གཞི་ནས་གང་ཟེར། ཏའི་སི་ཏུས་གཙོ་བོར་མཛད་པ་བཞེད་དེ།
- ཚུལ་དེ་ཉིད་སྒྲུབ་པར་བྱེད་པ་ལས་ཁས་ཞན་རྣམས་ཡལ་བར་དོར་ཞིང་། དྲེགས་པོ་རེངས་སུ་བཅུག་པ་མ་ཡིན་པའི་བདེན་རྫུན་ཐང་མར་བརྡལ་ནས། དེ་ནི་རྦད་དེ་ཁས་ཞན་པ་རྣམས་ཡལ་བར་དོར་ཞིང་། ད་ག་ནང་ལྟར་དྲེགས་པ་རྣམས་རེངས་སུ་བཅུག་པ་མ་ཡིན་པའི་དེ་ནི་བདེན་པ་དང་རྫུན་མ་ཐང་མར་དེ་ནི་བདེན་པ་བདེན་པ། རྫུན་མ་རྫུན་མ་ཐང་མར་བརྡལ་བའི་དཀར་ནག་ཤན་འབྱེད་པ་ཁྲིམས་ཀྱིས་རྒྱལ་ཁམས་རྒན་མོ་གསེར་ཁུར་ལྟ་བུར་བདེ་བའི་ཆེད་དུ། ཟེར།
- ད་ད་ག་ནང་ལྟར་དཔེར་ན། ཁྲིམས་དེ་འདྲས་ཡིན་ན་དཔེར་ན། གཙང་མ་བཟོས་བྱས་རེད་པ། རྒྱལ་ཁམས་ཐམས་ཅད་རྒྱལ་མོ་གསེར་ཁུར་ཟེར་ན། དེ་ནི་རྦད་དེ་རྒན་མོ་གསེར་ཁུར་མཁན་དེ་ཚོ་རྦད་དེ་བཅོམ་མཁན་མེད་པ་ལ་སོགས་པ་དེ་འདྲས་ཀྱི་དཔེར་ན་བདེ་འཇགས་ཡིན་ན་བཟང་པོ་དེ་འདྲས་གཅིག་གི་ཆེད་དུ། དེ་ནི་དཔའ་བོ་སྟག་གི་ཞལ་ལྕེ། སྡར་མ་ཝའི་ཞལ་ལྕེ། སྣེ་མོ་ལས་འཛིན་གྱི་ཞལ་ལྕེ། ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ་གསུམ། བཟུངས་བཀྱིགས་ཁྲིམས་རའི་ཞལ་ལྕེ། ནག་ཅན་ཁྲག་བཅོར་གྱི་ཞལ་ལྕེ། དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ། ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། བསད་པ་སྟོང་གི་ཞལ་ལྕེ། རྨས་པ་ཁྲག་གི་ཞལ་ལྕེ། སྨྱོན་ཧམ་མནའ་དག་གི་ཞལ་ལྕེ། བརྐུས་པ་འཇལ་གྱི་ཞལ་ལྕེ། ཉེ་འབྲེལ་འབྲལ་བཟླུམས་ཀྱི་ཞལ་ལྕེ། བྱི་བྱས་བྱི་རིན་གྱི་ཞལ་ལྕེ། ནམ་བར་ཚུར་གྱི་ཞལ་ལྕེ།ཁྲིསྨ་ཡིག་ཞལ་ལྕེ་བཅོ་ལྔ་ཟེར་ཡས་དེ། དེ་དུས་ཁ་གཏུག་ལ་ཆ་བཞག་ན་དེ་ནི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་ཟེར་ཡས་དེ་གཏན་ལ་ཕབ་པ་རེད། ཟེར།
- དེ་ནི། ད་དེ་ནས། དེ་ཡང་མི་བསྲུན་ལོག་པར་འཁུ་བའི་དགྲ་སྡེ་རྣམས་ཚར་བཅད་ནས། མི་བསྲུན་ལོག་པར་འཁུ་བའི་དེ་ནི་དགྲ་སྡེ་ཐམས་ཅད་ཚར་བཅད། དེ་ནི་རང་གི་བཞེད་དོན་ཡིན་ན་དུས་ཐོག་ཏུ་འཁྱོལ་བའི་ཐབས་སུ་དྲག་པོ་དཔུང་གི་སྦྱོར་བ་བཤམས་ཚུལ། ཚུར་འགེབས་ལ་བཙན་པོའི་རྫོང་ལ་འཁྲ་འཕུར་བྱེད་ཚུལ། ད་ཡིན་ན་ཚུར་གྱི་རེད་པ། དགྲ་བོས་ཚུར་འགེབས་བྱེད་ཚུལ་ལ་དེ་ནི་བཙན་པོའི་རྫོང་ལ་འཁྲ་འཕུར་བྱེད་ཚུལ་དང་། སྣེ་མོར་མངགས་སླེབ་རྣམས་ཀྱིས་རྣམ་དཀར་གྱི་ལས་ལ་སྤྱོད་ཅིང་ཉེ་འགྱངས་སྤངས་པའི་གཞུང་དོན་གཙོ་བོར་བྱེད་ཚུལ། ད་ག་ནང་ལྟར་སྣེ་མོར་མངགས་སླེབ་བ་རྣམས་ཀྱིས་དེ་ནི་རྣམ་དཀར་གྱི་ལས་ལ་སྤྱོད་ཅིང་། དེ་ནི་ཉེ་འགྱངས་སྤངས་པས་གཞུང་དོན་གཙོ་བོར་བྱེད་ཚུལ། མི་བསད་ལ་་་་ལན་འཇལ་གྱི་གཉིས་ཕུང་སྡིག་ལས་བྱེད་དུ་མི་འཇུག་པར་སྟོང་སྤྲོད་ལེན་་སོགས། ད་མི་བསད་པ་ལ་ཆ་བཞག་ནའི།
- མི་བསད་པ་ལ་མིའི་དེ་ནི་བསད་མི་དགོས་པ་དེ་བསད་པ་ལ་དེ་ནི་སྟོང་སྤྲོད་ལེན་སོགས་འཇལ་དགོས་པ་ལ་སོགས་པ་ཕྲ་ཞིབ་མཛངས་པའི་བློ་ཁྲིམས་ཀྱི་ད་ག་ནང་ལྟར་ཁྲིམས་ལུགས་ཀྱི་ཐོག་ནས། དེ་ནི་གང་གནང་བ་རེད་ཟེར་ན། བོད་ཡོངས་ལ་དེ་ནི་ཁྲིམས་ལྟར། ཁྲིམས་ཀྱི་འཇམ་དར་ཡུག་གཅིག་བརྐྱངས་པའི་འཛུམ་གྱིས་རྫོགས་ལྡན་གསར་པའི། ཁྲིམས་གཅིག་ཏུ་ཡུག་གཅིག་ཏུ་བརྐྱངས་པའི་དེ་ནི་འཛུམ་དཀར་གྱིས། དེ་ནི་རྫོགས་ལྡན་གསར་པའི་མགྲོན་རིང་ནས་འགུགས་པར་མཛད་དོ། ཟེར། ད་དེ་འདྲས་ཀྱི་དཔེར་ན། ཕག་གྲུས་ཡིན་ནའི་རྫོགས་ལྡན་གསར་པའི་མགྲོན་པོ་དེ་ནི་རིང་དུ་འགུགས་པར་མཛད་དོ་ཟེར་བྱས་ནས། ད་དེ་རྦད་དེ་སྔར་ནང་ལྟར་སྐལ་པ་བཟང་པོ་དེ་འདྲས་བྱུང་སོང་ཟེར་ཡས་དེ་འདྲས། ད་དེ་འདྲས་གཅིག་རེད།
- གོང་དུ་བཞུས་པ་རེད། ད་ལྟ་ཨེ་ཕག་གྲུའི་ཐོག་ལ་ཁྲིམས་ལུགས་ཞལ་ལྕེ་བཅོ་ལྔ་ཟེར་ཡས་དེ་འདྲས་གཅིག་ད་གཏན་ལ་ཕབ་གནང་ང་རེད་པ།
- ད་དེ་ལ་གསལ་པོ་འདྲས་གཅིག་ཞུས་པ་ཡིན་ན། དང་པོ་དེ་དཔའ་བོ་སྟག་གི་ཞལ་ལྕེ་ཟེར་ཡས་དེ་གང་འདྲས་རེད། ཟེར་ན།
- དེ་ནི་དགྲ་བོ་འདུལ་བའི་ཁ་གཏུག་ལ་བྱས་ན། དགྲ་བོ་འདུལ་བའི་གཡུལ་འགྱེད་བྱེད་པའི་ཁ་གཏུག་ལ་ཆ་བཞག་ན། བྱས་རྗེས་ཡོད་པའི་མི་ལ་ཡིན་ན། དཔའ་བོ་སྟག་གི་མིང་གིས་གཟེངས་བསྟོད་དགོས་པ་ས་སོགས་པའི་སྐོར་གྱི་ཞལ་ལྕེ་དེ་ཡིན་ཟེར། དེ་ནི་དཔའ་བོ་དེ་ཚོ་ལ་སྟག་སློག་གྱོན་དགོས་པ་ལ་སོགས་པ་ཨོའོ་དེ་འདྲས་ཀྱི་ཐོག་ནས་མི་ལ་དཔའ་བོ་སྟག་གི་ཞལ་ལྕེ་ཟེར་ཡས་དེ་ཡིན་ཟེར་གྱི་ཡོའོ་རེད།
- གཉིས་པ་དེ། སྡར་མ་ཝའི་ཞལ་ལྕེ་ཟེར་མཁན་དེ་ནི། གཡུལ་འགྱེད་པའི་ཁ་གཏུག་ལ་བྱ་བའི་ནང་དགྲ་བོར་མགོ་བཏགས་པ་སོགས་ད་དེ་འདྲས་ཀྱི་དཔེར་ན་ནང་རུལ་པ་འདོན་པ་ལ་སོགས་པ་དེ་འདྲས་ཀྱི་དགྲ་བོ་ལ་མགོ་བཏགས་བྱེད་མཁན་དེ་ཚོ་ལ། སྡར་མ་ཝའི་མིང་གིས་ཟེར་ན། དེ་ནི་ཝའི་ཞྭ་མོ་དེ་འདྲས། གཞུག་གུ་དེ་འདྲས་དེ་ནི་མགོ་ལ་གཡོགས་ཡས་ལ་སོགས་པ། ཨོའོ་དེ་འདྲས་ཀྱི་ཐོག་ནས་སྡར་མ་ཝའི་མིང་གིས་དེ་ནི་དམའ་འབེབས་དགོས་པའི་དེ་ནི་ཞལ་ལྕེ་དེ་འདྲས་ཡིན་ཟེར།
- མཐོ་བ་དེ་ལ་གཟེགས་བསྟོད་དགོས་ཡས་དང་དམའ་བ་དེ་ལ་དམའ་འབེབས་དགོས་ཡས།
- གསུམ་པ་ནི། སྣེ་མོ་ལས་འཛིན་གྱི་ཞལ་ལྕེ་ཟེར་ཡས་དེ་ནི། དེ་ནི་སྣེ་མོ་ལས་འཛིན་ཟེར་ན་དེ་ནི་རྫོང་གཞིས་དང་ད་ག་ནང་བཞིན་མི་ཟེར་གྱི་འགོ་དཔོན་ལ་སོགས་པ། དེ་ནི་འགོ་ཁྲིད་དེ་གས་དེ་ལས་ཀ་བྱེད་པའི་ཐོག་ལ་རང་དོན་སྤངས་ནས་རེད་པ། གཞུང་བསམ་རྨ་མེད་པའི་སྒོ་ནས་དཀོན་མཆོག་ལ་བཀུར་བསྟི་དང་། ཆབ་འབངས་མི་སེར་ལ་སྐྱོང་ཐབས་སྐོར་གྱི་ཞལ་ལྕེ་དེ་འདྲས་ཡིན། ཟེར།
- བཞི་པ་དེ། ཞུ་བཞེས་བདེན་འཛིན་གྱི་ཞལ་ལྕེ་ཟེར་མཁན་འདི་ནི། དེ་ནི་འགྱོད་ཁ་མཆུའི་སྐོར་དེ་འདྲས་ཐུག་པ་ཡིན་ན། ཐོག་མར་ལ་དེ་ནི་མི་དོད་སྙམ་དགོས་ཟེར་བ་ནི། ཨེ་མི་དོད་སྙམ་དགོས་ཟེར་བ་ནི། དེ་ནི་ཁྲིམས་ལུགས་མདུན་དུ་མི་རྣམས་འདྲ་མཉམ་གྱི་དཔེ་བཞིན། དེ་ནི་ཁྲིམས་ལུགས་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་ཟེར། དཔེ་བཞིན་དེ་ནི་གྱོད་ཡ་གཉིས་པོའི་གནས་བབས་མཐོ་དམར་མི་བལྟ་བར་ལ། དེ་ནི་བདེན་རྫུན་ཞུ་བཤེར་གྱི་སྒོ་ནས་ཁྲིམས་ཐག་གཅོད་དགོས་ཡས་དེ་ནི་སུ་ལ་བདེན་པ་ཡོད་པ་དང་། དེ་ནི་སུ་ལ་རྫུན་ཡོད། དེ་ནི་ཞུ་བཤེར་གྱི་སྒོ་ནས་ཁྲིསྨ་ཐག་གཅོད་དགོས་ཡས་ཞལ་ལྕེ་ཡིན། ཟེར།
- ལྔ་པ། བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ་ཟེར་ན། ཉེས་ཅན་པ་ཐོག་བཟུང་བཀྱིགས་ཇི་ལྟར་བྱེད་དགོས་པ་དང་། དེ་ནི་ཉེས་ཅན་པ། ཐོག་མར་དེ་ནི་བཟུང་བཀྱིགས་ཇི་ལྟར་བྱེད་དགོས་ཀྱི་ཡོད་པ་དང་། དེ་ནས་ཉེས་བབས་ལ་གཞིགས་པའི་དེ་ནི་སྐབས་ཐོབ་ཀྱི་ཁྲིམས་གཅོད་དགོས་པའི་དེ་ནི་ཞལ་ལྕེ་དེ་འདྲས་ཡིན། ཟེར།
- དྲུག་པ། ནག་ཅན་ཁྲག་བཅོར་གྱི་ཞལ་ལྕེ་ཟེར་མཁན་དེ་ནི། མཚམས་མེད་ལྔའི་ལས་བྱས་པ་དང་། དུག་སྦྱོར་དང་། ད་ག་ནང་ལྟར་འབངས་གྱེན་ལྡོག་སོགས་བྱས་པ། དེ་ནི་ཉེས་ཚབས་ཤིན་ཏུ་ཆེ་བར། ཆེན་པོ་བྱས་པ་དེ་ཚོ་ལ་དེ་ནི་ཁྲག་གི་སྦྱོར་བ་དང་། སྦྱོར་བ་ཟེར་་མཁན་དེ་ནི། དེ་ནི་དབང་པོ་གཅོད་འབྲེག་ལ་སོགས་པ་ཁྲིམས་གཅོད་བྱེད་སྟངས་སྐོར་གྱི་ཞལ་ལྕེ་དེ་འདྲས་ཡིན། ཟེར།
- བདུན་པ། དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ་ཟེར་མཁན་འདི་ནི། ལུས་སྟེང་དུ་ཆད་གཅོད་མི་ཐོབ་པ་སྤྱིར་བཏང་ཁྲིམས་འགལ་གྱི་མི་ལ་སྔར། ཨོའོ་ལུས་སྟེང་དུ་ཆད་གཅོད་མི་དགོས་པ་སྤྱིར་བཏང་ཁྲིམས་འགལ་གྱི་རིགས་ལ། དེ་ནི་སྔར་འགྱོད་ཕྱིས་བསྡོམས་བྱེད་དགོས་ཡས་དང་། ད་ག་ནང་ལྟར་དངོས་པོའི་ཉེས་ཆད་གཅོད་སྟངས་སྐོར་གྱི་ཞལ་ལྕེ་དེ་འདྲས་ཡིན། ཟེར།
- བརྒྱད་པ། ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། ཟེར་ན། རང་རང་དཔོན་ཁུངས་ཀྱི་མི་སྣར་བརྩི་འཇོག་དགོས་པ་དང་ཟེར། གཞུང་དོན་ཕྱོགས་སུ་འགྲོ་བ་དང་དྲོ་ཆས་དང་། རྐང་གླ་འོས་འཚམས་སྤྲོད་དགོས་པའི་སྐོར་གྱི་ཞལ་ལྕེ། དེ་ནི་རང་རང་དཔོན་ཁུངས་མི་སྣར་བརྩི་འཇོག་བྱེད་དགོས་པ་དང་། དེ་ནི་གཞུང་དོན་ཐོག་ལ་གཞུང་གི་དོན་དག་ཐོག་ཕྱོགས་་ལ་འགྲོ་དུས་ཙམ་པ་དེ་ཚོ་ཡིན་ན། དྲོ་ཆས་དང་རྐང་གླ་ཟེར་མཁན་དེ་ཚོ་དེ་ནི་འོས་འཚམས་སྤྲད་དགོས་ཡས་ཁོ། སྤྲོད་དགོས་པ་ཁོ་བྱ་བྱེད་དེ་འདྲས་ཡིན། ཟེར།
- དགུ་པ་ནི། བསད་པ་སྟོང་གི་ཞལ་ལྕེ་ཟེར་མཁན་འདི་ནི། མི་གསོད་བྱུང་བར་དེ་ནི་སྲོག་ཚབ་ལ་སྲོག་གཏོང་མ་དགོས་པ་གཤིན་པོའི་ནང་མིར་སྟོང་ཐོབ་དང་། འདས་མཆོད་སོགས། ད་ད་ག་ནང་ལྟར་མི་བསད་པ་ལ་དེ་ནི་མི་བསད་པ་ལ་མི་བསད་ཡས་དེ་འདྲས་མི་ཡིན་པ་རེད་པ། ད་བར་སྐབས་ཡིན་ནའི་ས་སྐྱའི་དུས་སྐབས་དེ་འདྲས་བྱུང་ཡོད་ཟེར། ད་དེ་འདྲས་མ་ཡིན་པ་བསད་པ་སྟོང་གི་ཞལ་ལྕེ་ཟེར་ཡས་དེ་ནི། མི་བསད་པ་བྱུང་ན་སྲོག་ཚབ་ལ་སྲོག་གཏོང་མི་དགོས་པ་དེ་ནི་གཤིན་པོའི་ནང་མིར་སྟོང་ཐོབ་དང་། ད་ག་ནང་ལྟར་འདས་མཆོད་སོགས་གཤིན་པོའི་མི་རབ་འབྲིང་མཐའ་གསུམ་གང་ཡིན་པ་ལ་བརྟེན་ནས། སྒྲུབ་སྤྲོད་དགོས་པའི་སྐོར་གྱི་ཞལ་ལྕེ་དེ་འདྲས་ཡིན། ཟེར།
- བཅུ་པ། རྨས་པ་ཁྲག་གི་ཞལ་ལྕེ་ཟེར་ན། ཕན་ཚུན་རྩོད་འཛིངས་སྐབས་གྱི་མཚོན་གྱི་རྨས་པ་ལ་སོགས་རྨ་གསོས་དང་། ཕན་ཚུན་རྩོད་འཛིངས་བྱེད་པའི་ཁ་གཏུག་ལ་དེ་ནི་མཚོན་གྱིས་རྨས་པ་ལ་སོགས་པ་ལ་རྨ་གསོས་དང་། ཁྲག་ཤོར་ཆེ་ཆུང་གི་བབས་ལ་གཞིགས་པའི་དེ་ནི་ནད་གསོས་སྨན་ཡོན་གང་འདྲས་སྤྲོད་དགོས་མིན་དེ་འདྲས་ཐོག་ལ་ཞལ་ལྕེ་ཡིན། ཟེར།
- བཅུ་གཅིག་པ། སྨྱོན་ཧམ་མནའ་དག་གི་ཞལ་ལྕེ་ཟེར་མཁན་འདི་ནི། ཉེས་དོན་ཡིན་མིན་ཤ་ཆོད་མ་བྱུང་བའི་རིགས་ལ། ད་ཉེས་དོན་དེ་ཡིན་དང་མིན་གྱི་དེ་ནི་ཤ་ཆོད་པ་མ་བྱུང་བ་དེ་ནི་གང་དང་དེ་ནི་དབྱེ་གསལ་མ་བྱུང་བའི་རིགས་ལ་དེ་ནི། ལྷ་སྲུང་དཔང་པོར་ལ་བཞག་ནས། བདེན་པར་བདར་ཏེ་མནའ་སྐྱེལ་བའི་ཐབས་ལ་བརྟེན་ནས་དེ་ནི། ཉེས་དོན་ཐག་གཅོད་བྱེད་སྟངས་སྐོར་གྱི་ཞལ་ལྕེ་དེ་འདྲས་ཡིན། ཟེར།
- བཅུ་གཉིས་པ། བརྐུས་པ་འཇལ་གྱི་ཞལ་ལྕེ་ཟེར་ན། རྐུན་མ་རྐུ་ཡུལ་གྱི་གནས་བབས་མཐོ་དམར་གཞིགས་ནས་ཟེར། དེ་ནི་རྐུན་མ་རྐུ་ཡུལ་གྱི་གནས་བབས་མཐོ་དམར་ལ་གཞིགས་པའི་དེ་ནི། བརྐུས་འཇལ་ཆེ་ཆུང་ཇི་ལྟར་སྤྲོད་དགོས་པའི་སྐོར་གྱི་ཞལ་ལྕེ་ཡིན། ཟེར།
- བཅུ་གསུམ་པ། ཉེ་འབྲེལ་འབྲལ་བཟླུམས་ཀྱི་ཞལ་ལྕེ་ཟེར་ན། དེ་ནི་བཟའ་ཚང་གྱེས་བསྡུམ་སྐབས་ཕོ་མོ་སུས། དེ་ནི་མོས་སྐྱུར་འདུག་ཟེར། དེ་ནི་ཕོས་སྐྱུར་འདུག་ཟེར། དེ་འདྲས་རེད་པ། དེའི་ལན་དེ་ག་ལ་ཆགས་འདུག་གམ། དེའི་དབྱེ་བ་དང་། རིགས་རུས་ཀྱི་ཁྱད་པར། ད་ག་ནང་ལྟར་གཅིག་གི་དེ་ནི་སྔ་མའི་གཉེན་ཡིག་ལ་སོགས་པའི་ཡིག་དན་ཡོད་མེད་སོགས་ལ་གཞིགས་པའི་ཐག་གཅོད་བྱེད་སྟངས་སྐོར་གྱི་དེ་ནི་ཞལ་ལྕེ་དེ་འདྲས་ཡིན། ཟེར།
- བཅུ་བཞི་པ། བྱི་བྱས་བྱི་རིན་གྱི་ཞལ་ལྕེ་ནི། ལོག་པར་གཡེམ་པའི་གནད་དོན་དེར། ཨཱ་དེ་ནི་ལོག་པར་གཡེམ་པའི་གནད་དོན་དེར། དེ་ནི་དེ་ལ་བདག་པོ་ཡོད་དམ་མེད། ཕོ་མོ་སུ་ལ་དེ་ནི་ཕོ་མོ་དེ་ནི་ལེ་སུར་འཁྲི་བཅས་ལ་གཞིགས་པའི་དེ་ནི་ཉེས་ཆད་གཅོད་སྟངས་སྐོར་གྱི་ཞལ་ལྕེ་ཡིན་ཟེར།
- བཅུ་ལྔ་པ། ནམ་ཕར་ཚུར་གྱི་ཞལ་ལྕེ་ནི། ཟེར། སེམས་ཅན་རྟ་དྲེལ་མཛོ་གཡག་སོགས་གཡར་བའི་བདག་པོར་འཕྲོད་མིན་བྱུང་རིགས་དང་། སེམས་རྟ་དང་དྲེལ་དང་མཛོ་དང་གཡག་ལ་སོགས་པ་དེ་འདྲས་བདག་པོར་འཕྲོད་བདག་མིན་དེ་འདྲས་བྱུང་སོང་ན། དེ་ནི་ད་ག་ནང་ལྟར་སྒལ་རྨ་སོགས་བྱུང་བ་ལས། དེ་ནི་སྤྲོད་པའི་དུས་ནམ་ཕར་ཚུར་ལྟ་བུ་དེ་ནི་སྤྲོད་དུས་ཀྱི་ནམ་ཕར་ཚུར་ལྟ་བུ། དུས་ཚོད་གང་འདྲས་ཡིན་པ་དེ་ནི་དེ་ཚོའི་ཐད་ལ་དུས་ཚོད་གང་ཡིན་ཐད་ནས་དེ་ནི། རྩ་བ་ཟིན་དགོས་ཡས་གང་ཡིན་དང་། མ་འཕྲོད་པའི་འགན་དེ་དེ་ནི། འགན་དེ་གཡར་མཁན་དང་དེ་ནི་གཡར་ཡུལ་སུས་འཁྱེར་དགོས་པར་སོགས་པ་དེ་འདྲས་ལ་གཞིགས་ནས་དེ་ནི། སྐྱིན་པ་དང་། གུན་གསབ་སྤྲོད་དགོས་པའི་ཞལ་ལྕེ་ཡིན་བྱས་ནས་དེ་ནི་དེ་འདྲས་ཀྱི་དེ་ནི། ཞལ་ལྕེ་བཅོ་ལྔའི་སྒོ་ནས་ཁྲིམས་ལ་གཏན་ལ་ཕབ་པ་སོགས། དེ་འདྲས་རེད། ཟེར།
- དེ་འདྲས་ཀྱི་ཐོག་ནས་ད་ཁྱོན་ནས་ཕག་མོ་གྲུ་པའི་ཁ་གཏུག་ལ། ཨ་ནི་ཕག་གྲུས་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་ཐོག་ལ་ཆ་བཞག་ན། དེ་ནི་རྦད་དེ་བོད་མི་དམངས་ལ་ཕན་པའི་བྱ་བ་ཡིན་ན་བཟང་པོ་གནང་ཡོད། དེ་ནི་དེ་ཚོ་ལ་ལ་ཡིན་ན་ལྔ་པ་ཆེན་པོས་ཞེ་དྲག་གི་དཔེར་ན། བདེན་འཇོག་ཡིན་ན་ཆེན་པོ་གནང་བྱས་དེ་འདྲས་རེད།
- དེ་ནི་དེའི་མཇུག་སྡོམས་ལ་ཆ་བཞག་ན། འཇིགས་བྲལ་སྲ་བརྟན་གཡུལ་ངོར་དཔའ་བའི་རུ་མཚོན་རྩེ་ལ་དགྲ་སྡེའི་སྲོག་དབུགས་བླངས་པ་ན༎ གསེར་ལྡན་རུས་དཀར་ཁྱབ་པའི་མདངས་ཀྱིས་ཟླ་གཞོན་སྐྲག་སྟེ་བྱང་གླིང་ངོས་ཀྱི་མཁའ་ལ་བྲོས༎ ཁྲག་གི་རྦ་རླབས་འཕྱུར་བའི་འོད་དམར་གཟི་ཡིས་རྒོད་མ་ཁ་དེ་རྒྱ་མཚོའི་འགྲམ་དུ་ཡིབས༎ རྣམ་པར་རྒྱལ་བའི་རྫ་རྔ་ལྡིར་བས་སུན་རྩེན་བདག་པོ་འདུད་པར་གྲོས་པའི་ཅ་ཅོ་གླིང་༎ ཟེར་མཁན་དེ།
- དེ་ནི་སྙན་ངག་གི་ཚིགས་བཅད་གཅིག་རེད། དེ་ཡིན་ན་གང་འདྲས་རེད་ཟེར་ན།
- འོང་། དཱ། གཅིག་འཇིགས་བྲལ་ཟེར་ཡས་དེ་ནི་འཇིགས་པ་དང་བྲལ་བ་རེད་པ། འཇིགས་པ་དང་བྲལ་བ་ཟེར་ཡས་དེ། འོང་། ཨེ་ད་ག་ནང་ལྟར། འཇིགས་པ་བྲལ་བ་ཟེར་ཡས་དེ་དེའི་ནང་ལ། འཇིགས་པ་བྲལ་བ་ཟེར་ན་དེ་ནི་ཞེད་སྣང་དང་སྐྲག་པ་སོགས་དེ་ནི་རང་ལ་གནོད་ཅིང་འཚེ་བ་ལྡན་པ་ཞིག་ལ་གོ་དགོས་ཡས། དེ་འདྲས་ཡིན་ཟེར།
- དཔེར་ན་རྗེ་དགེ་འདུན་གྲུབ་པས་ཡིན་ནའི་གསུང་ཡོའོ་རེད། རྗེ་བཙུན་སྒྲོལ་མའི་བསྟོད་པ་ལེགས་བྲིས་མར་ལ་ཨ་ནི། འཇིགས་ཆེན་སྡུག་བསྔལ་བརྒྱད་དང་འབྱུང་པོའི་གདོན༎ ཉོན་མོངས་ཤེས་བྱའི་སྒྲིག་པས་འཇིགས་པ་རྣམས༎ ཁྱོད་ཞབས་དྲན་པའི་མོད་ལ་སྐྱོབས་མཛད་མ༎ ནུས་པ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ༎ ཟེར།
- སོགས་པ་དེ་འདྲས་ཀྱི་དེ་ནི། འཇིགས་པ་ཆེན་པོ་བརྒྱད་ཡོད་པ་གསུངས་ཡས་དེ་འདྲས་ཡིན་ནའི་རེད་པཱ། བྱས་ནས་སྐབས་དེ་དུས་ད། ཨེ་སྐབས་འདིའི་འཇིགས་པ་ཟེར་ཡས་དེ་གང་འདྲས་རེད་ཟེར་ན།
- དེ་ནི་འཇིགས་པ་དང་བྲལ་བ་ཟེར་ཡས་དེ་སྐབས་དེར་འཇིགས་པ་དང་བྲལ་བ་ཟེར་ཡས་དེ་ནི། གཞན་འབྱོར་ཕུན་ཚོགས་ལ་མི་བཟོད་པ། ཕ་རོལ་ཁྱད་དུ་གསོད་པ། ཕྲག་དོག་དང་ང་རྒྱལ་གྱི་ཀུན་ནས་བསླངས་པ་གཡའ་བཟང་པ་སོགས་ཀྱི་རྒོལ་བ་ངན་པ་ཇི་མི་སྙམ་ཞིང་། ཟེར།
- སྲ་བ་སྟེ་གཞན་གྱི་མཚོན་རྣོན་པས་འབིག་པར་མི་ནུས་པ་རང་ཉིད་བརྟན་པོར་གནས་ཐུབ་པའི་གོ་ཆ་ཁྲབ་རྨོག་སོགས་བགོས་པའི་དེ་ནི་དྲག་པོའི་གཡུལ་གྱི་མདུན་པའམ། གཡུལ་ངོར་དཔའ་བའི་ཕག་མོ་གྲུ་པའི་དཔུང་གུ་རུ་དར་སྔོན་དུ་འགྲོ་བའི་མཚོན་ན་རྣོ་དབལ། ད་དེ་ནི་ཕག་མོ་གྲུ་པའི་རྦད་དེ་ས་ཕག་ཡིན་ནའི་རེད། དེ་ནས་ཨེ་གཡའ་བཟང་པ་དང་། དེ་འདྲས་ཀྱི་དེ་ནི་དམག་ཐོབ་ནང་བཞུགས་ནས་དེ་ནི་གཡུལ་ངོར་ཕག་མོ་གྲུ་པའི་དཔུང་གི་རུ་དར་སྔོན་དུ་འགྲོ་བའི་མཚོན་ཆ་རྣོ་དབལ་ཅན་གྱི་རྩེ་ལ་རང་གི་དགྲ་བོར་གྱུར་པ་གཡའ་བཟང་པ་དང་། དེ་ནི་ས་སྐྱ་པ་སོགས་དེ་ནི་དཔུང་སྡེའི་སྲོག་དབུགས་བླངས་པ་དེའི་ཚེ་ན།
- གསེར་ལྡན་ནམ་གཡུལ་གྱི་དོ་རར་གྱུར་པའི་ས་གཞི། གསེར་ལྡན་ནམ་ཟེར་ན་དེ་ནི་གཡུལ་ས་ལ་ཡོད་པའི་ས་གཞི་དེའི་ནང་ལ་དེ་ནི། ཀུན་ཏུ་ཁྱོན་ཀུན་ཏུ་དེ་ནི་དགྲ་བོ། དེ་ནི་བསད་པའི་དེ་ནི་རུས་པ་ཡིན་ན་དཀར་པོ་དེ་འདྲས་ཡོངས་སུ་ཁྱབ་པ་དེ་འདྲས་ཡིན་དུས་ཙམ་པ། དེའི་དཀར་མདངས་ཀྱིས་འཇིག་རྟེན་ན་ཤིན་ཏུ་དཀར་བའི་དཔེ་རུ་འདྲེན་པ་དེ།
- དེ་ནི་ཟླ་བ་གཞོན་ནུ་ཡིན་ན་ཡང་། དེ་ནི་རང་གི་ཁ་དོག་དང་མཐུན་པ་དེ་ནི་ས་གཞི་ཐམས་ཅད་ལ་ཁྱབ་ཡོད་པ་ཡིན་དུས་ཙམ་པ་དེ་ནི་རང་ཉིད་ཡང་དེ་ནི་རྦད་དེ་དཀར་པོ་དེས་འཇོམས་མི་ཡོང་ངམ་བསམ་པའི་དེ་ནི་ཉེ་བར་མཐོང་ནས་སྐྲག་སྟེ། ལྷོ་ཕྱོགས་འཛམ་བུའི་གླིང་གླིང་འདིར་སྡོད་མ་བཟོད་པ་དེ་ནི། ཨེ་དེ་ནི་དེའི་ལྡོག་ཟླ། དེ་ནི་བྱང་སྒྲ་མི་སྙན་གྱི་གླིང་ངོས་ཀྱི་ནམ་མཁའ་ལ་བྲོས་ཤིང་། ཟེར།
- དཱ། འོང་། ནམ་མཁའ་ཡིན་ན་ད་དེ་རབ་བཏགས་ཐོག་ནས་གསུང་པ་རེད་པ། དེ་ནི་རུས་པ་དཀར་པོ་དེགས་དེ་མཐཽང་དུས་ཙམ་པ། ད་ང་ལས་དཀར་ར་ནང་ལྟར། ད་དུང་རུས་པ་དཀར་པ་ཡིན་དུས་ཙམ་པ་ད་ང་ཡང་མཇུག་མ་དེ་ནི་ད་ང་ཡང་ཕག་གྲུས་བཅོམ་མ་ཡོང་བསམ་པའི་དེ་འདྲས་ཀྱི་ཐོག་ནས་དེ་ནི། ལྷོ་ཕྱོགས་འཛམ་བུའི་གླིང་ལ་མི་སྡོད་པ་དེ་མ་ཉིད་དུ་དེ་ནི་བྱང་སྒྲ་མི་སྙན་གྱི་གླིང་ལ་བྲོས་པ་རེད། ཟེར།
- དགྲ་བོའི་ཡན་ལག་དང་ཉིང་ལག་བཅད་པ་དང་། ལྟོ་བ་འབིག་པ་ལས་བྱུང་བ་མིའི་ཁྲག་གི་མཚོ་ཆེན་འཁྱིལ་བ། དེ་ནི་དགྲ་བོའི་མགོ་དང་རྐང་པ་ལ་སོགས་པ་དེ་འ་དྲས་མང་པོ་བཅད་པ། དེ་འདྲས་དཔེར་ན་ལྟོ་བ་འབིག་ལ་སོགས་པ་དེ་འདྲས་དཔེར་ན། དེ་འདྲས་བྱུང་མིའི་ཚོགས་ཀྱི་ཁྲག་ཆེན་འཁྱིལ་བ་དེ་ནི་དམར་ཀློང་བ་དེ་འདྲས་ཡིན་དུས་ཙམ་པ་དེ་ནི། དམར་འཕྲོ་བའི་གཟི་བརྔམ་དེ་རྒོད་མ་ཁ་ཟེར་ཡས་ཀྱི་དེ་ནི། བསྐལ་བའི་མེ་ཕུང་གཅིག་ཡོའོ་རེད་པ།
- མེ་དེའི་མེ། ཨོའོ་སྟག་དོང་མེ་ཟེར་འབོད་པ་དེ་ནི་བསྐལ་པའི་མེ་ཕུང་དེ་འཛམ་བུ་གླིང་གི་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་ཡོད་པ་དེ། དེ་ཡང་དེ་ནི་སྡོད་མ་བདེ་པ་བྱས་ནས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ལ་དེ་ནི་ཡིབས་དགོས་པ། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ལ་དེ་ནི་འགྲན་ཟླ་མ་ཕོད་པ་དེ་ནི་ཡིབས་དགོས་པ་དང་དེ་ལྟ་བུའི་བལྟ་བས་མི་བཟོད་པ་གཡའ་བཟང་སོགས་དང་། དེ་ལྟ་བུའི་དེ་ནི་བལྟ་བས་མི་བཟོད་པ་གཡའ་བཟང་པ་སྒོས་དང་། སྡེ་སྲིད་ཕག་མོ་གྲུ་པ་གཡུལ་གྱི་སྦྱོར་བ་བཤམས་པ་ལས། ཕག་མོ་གྲུ་པའི་་་་་་དེ་ནི་དཔུང་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་རྫ་རྔ་དེ་ནི་འོང་། ཕག་མོ་གྲུ་པས་ཀུན་ལས་རྣམ་པར་རྒྱལ་བའི་རྫ་རྔ་དེ་ནི་མིའི་འཇིག་རྟེན་འདིར་ལྡིར་བས་སུམ་རྩེན་བདག་པོ་བརྒྱ་བྱིན་ཡང་། འདུད་པར་འོས་པའི་ཡང་སུམ་རྩེན་བདག་པོ་བརྒྱ་བྱིན་ཡང་འདུད་པར་དགོས་པའི། དངོས་གནས་དྲང་གནས་ཕག་མོ་གྲུ་པར་འདུད་ཡས་ཀྱི་དེ་ནི་རྦད་དེ། གྲོས་དེ་འདྲས་བཤམས་པ་རེད་བྱས་ནས། དེ་འདྲས་ཀྱི་ད་རྦད་དེ་གང་ཟེར་དགོས་རེད་པས། གཡའ་བཟང་པ་དང་ད་ག་ནང་ལྟར་ཕག་མོ་གྲུ་པས་གཡུལ་བསྲེ་པའི་སྐབས་ལ། ཕག་གྲུའི་དཔུང་ཁག་དེ་ཀུན་ལས་རྣམ་པར་རྒྱལ་བ་དེ་ལ་རྦད་དེ་འཇིགས་རུང་གི་ཉམས་ལ་བརྟེན་ནས། ཉམས་དང་རིང་འབྲས་འདྲེས་པའི་སྒོ་ནས་བསྟོད་པ་དེ་འདྲས་གཅིག་རེད། ཟེར།
- ཨེ་མ་རྩོད་པའི་དུས་འདིར་སུ་ཝ་རྞའི། འཁོར་ལོ་ནམ་མཁར་འཕགས་པའི་རྒྱལ་ཐབས་ཀྱིས། གྲགས་སྙན་དུ་ཀླུ་ལ་ཡི་བ་དན་དཀར། སྲིད་པའི་རྩེ་མོར་ཁྱབ་ཅེས་ལྷ་རྣམས་སྒྲོག ཟེར།
- ཨེ་མ་ཧོ་བྱས་ནས་ངོ་མཚར་ཆེ་བའི་ཚིག་སྔོན་དུ་བཏང་ནས། རྩོད་པའི་དུས་ལྟ་བུ་ལ་ཡང་ཟེར། ད་རྩོད་དུས་ལྟ་བུ་འདིར་ཡང་བྱུང་མི་སྲིད་པ་དེ་གང་འདྲས་རེད་ཟེར་ན།
- རྩོད་པའི་དུས་དེར་དེ་ནི་སྲིད་ཀྱིས་འཁོར་ལོས་བསྒྱུར་བ་རྒྱལ་པོ་དེ་འདྲས་བྱུང་མི་སྲིད་པ་དེ་འདྲས་རེད། ཟེར།
- རེད་དའི་ཡིན་ན་ཡང་། དེ་ནས་གསེར་གྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འདྲ་བ་གཅིག་དེ་ནི་ཕག་མི་དྲུག་པའི་སྡེ་སྲིད་ཀྱིས་དེ་ན་རྒྱལ་སྲིད་སྐྱོངས་བའི་ཐབས་ལས། རབ་ཏུ་དཔའ་བ་དང་། མཁས་མཛངས་ཀྱིས་བོད་ཁམས་སྐྱེ་རྒུ་མཐའ་དག་བདེ་བར་སྐྱོང་བའི་གྲགས་སྙན་དུ་ཀཱ་ལའི་བ་དན་དཀར་པོ་དེ་ནི་དཀར་པོ་དེ་ཡིན་ན། སྲིད་པ་གསུམ་གྱི་རྩེ་མོ་ལྷ་ཡི་གནས་སུ་མངོན་པར་ཁྱབ་ཅེས། སྲིད་གསུམ་གྱི་དེ་ནི་སྲིད་པ་གསུམ་གྱི་ལྷའི་རྩེ་མོའི་ནང་ནས་དེ་ནི་མངོན་པར་ཁྱབ་ཅེས་ལྷ་རྣམས་ཀྱིས་ཀྱང་དེ་ནི་མངོན་པར་སྒྲོག་གསུང་ཟེར། ད་ལྷ་རྣམས་ཀྱིས་ད་དེ་ཞེ་དྲག་དེ་ནི་ཕག་མོ་གྲུ་པའི་ད་དེ་ནི། མཛད་རྗེས་དེ་ལ་ལྷ་ཡིན་ནའི་བསྟོད་བསྔགས་དེ་འདྲས་བཏང་གི་ཡོའོ་རེད། ཟེར།
- ཡིན་ནའི་གང་ཟེར་ན་མིའི་ཡུལ་དུ་སྒྲོག་པ་ནི་སྨོས་ཅི་འཚལ་ཞེས། ཨ་ནི་ལྷ་ཡུལ་ལ་ཆ་བཞག་ནའི་ཨ་ནི་ཕག་མོ་གྲུ་པའི་སྡེ་སྲིད་ཕག་མོ་གྲུ་པས་བོད་ཁམས་སྐྱོང་བར་ཆེད་དུ་ཨ་ནི་བསྔགས་བརྗོད་དེ་འདྲས་བྱེད་ཀྱི་ཡོའོ་རེད། ཟེར།
- གོང་མའི་ལུང་གིས་གཙུག་ན་ཟླ་བའི་མཆོག ། ཐོབ་པས་སྟོབས་ལྡན་འགྲོ་སྐྱབས་གསེར་ཅན་འགའ༎ དཔའ་མཛངས་སེང་གེའི་སྡེར་མོས་བསད་པ་ན༎ པད་དཀར་མིག་གཅིག་གཉིས་པ་ས་འདིར་སྣང་༎ ཟེར།
- ཞེས་གསུངས་པ་ནི་དེ་ནི་ཡོན་གོང་མས། ཏའི་སུ་ཏུའི་ཨེ། ཏའི་སུ་ཏུ་བྱང་ཆུབ་རྒྱལ་མཚན་ལ་དེ་ནི་སི་ཏུའི་གནས་ལ་དབང་བསྐིར་བ་སྒོས་ཕག་མོ་གྲུ་པའི་གདུང་རབས་ནས་གདུང་རབས་སུ་ཕན་པའི་དེ་ནི་འཇའ་ས་ལུང་གིས་གཙུག་ལ་ཟླ་བ་འཛིན་པ་ཟེར་ན། གཙུག་ན་ཟླ་བ་འཛིན་པ་ཟེར་མཁན་དེ་ཚངས་པ་ལྷ་ཆེན་རེད་པ།
- ཨེ། དེ་ནི་གོང་མའི་དེ་ནི་གཙུག་ན་ཟླ་བ་འཛིན་པ། ཚངས་པ་ལྷ་ཆེན་དབང་ཕྱུག་གི་མཆོག་ཡིན་ནའི་རེད། ཨེ་དེ་ནི་གང་ཟེར་དགོས་རེད། ཨེ་དེ་ནི་གོང་མའི་དེ་ནི་ཨེ་འཇའ་ས་དེ་དེ་ནི་རྦད་དེ་དྲག་པོ་ཆེན་དབང་ཕྱུག་གི་དེ་ནི། སོ་སོས་བསྐུལ་ནས་རེད་པཱ། དངོས་གྲུབ་ཐོབ་པ་ཁྱབ་འཇུག་སྟེ། ཁྱབ་འཇུག་དེ་ལ་དེ་བཀོད། དེ་འདྲས་ཡིན་དུས་ཙམ་པ་དེ་ནི། ད་དེ་ལོ་རྒྱུས་ཐོག་ལ་བྱས་པ་ཡིན་ན་དབང་ཕྱུག་གི་མཆོག་ཐོབ་པ་དེ་ཡིན་ན།
- དེ་ནི་སྟོབས་ལྡན་འགྲོ་སྐྱབས། ལྷ་མིན་སྟོབས་ལྡན་འགྲོ་སྐྱབས་གསེར་ཅན་ཟེར་ཡས་ཀྱི་དེ། དེ་ནི་འགྲོ་སྐྱབས་དང་གསེར་ཅན་ཟེར་ཡས་དེ་ཚོ་ཡིན་ན། དེ་ནི་གཞན་འགའ་ཞིག་གཞན་ལྟ་སྨོས་ཅི། འཇིག་རྟེན་ཨེ། གཞན་ལྟ་སྨོས་ཅི་དཱ། འཇིག་རྟེན་མི་ཆོས་ཀྱི་ཁྲིམས་ལས་འདས་པ། རང་གི་བུ་གསོད་པ་སོགས་ཚུལ་བཞིན་མ་ཡིན་པའི་རྒྱུ་རྐྱེན་ལས། དཔའ་མཛངས་ལྡན་པ་སྟེ་ཟེར།
- ཏའི་སི་ཏུ་མི་ཡི་སེང་གེས་དེ་ནི་རྦད་དེ་སྡེར་མོ་ལྕགས་ལས་གྲུབ་པས་དེ་ནི་དུས་ལ་བབས་པའི་ཚེ། བསད་པ་ན་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ནི་པད་དཀར་མིག་གཅིག་ཁྱབ་འཇུག་གཉིས་པ་སྟེ། པད་དཀར་མིག་གཅིག་གཉིས་པ་ཟེར་ན། ཁྱབ་འཇུག་གཉིས་པ་ལྟ་བུ་དེ་ནི་གངས་ལྗོངས་ཀྱི་ས་གཞི་ཆེན་པོ་འདིར་ལ་མངོན་པར་སྣང་ངོ་བྱས་ནས། རབ་སྤེལ་གྱི་སྒོ་ནས་ཕག་གྲུས་ཁྲི་དཔོན་གཞན་རྣམས་ཆམས་ལ་ཕབ་པར་བསྟོད་པ་དེ་འདྲས་གཅིག་རེད་ཟེར།
- ཨེ། ཞེས་བྱ་བ་ནི་བར་སྐབས་ཚིགས་སུ་བཅད་པའོ། ཟེར། དེ་ནི་ཞེས་བྱ་བ་ནི་བར་སྐབས་ཚིགས་སུ་བཅད་པ་དེ་འདྲས་ཡིན་བྱས་ནས། ད་དེ་ཕག་མོ་གྲུ་པའི་དུས་སྐབས་དེའི་ནང་ལ་མཇུག་སྡོམས་གསུངས་བཤད་དེ་འདྲས་གཅིག་ཚར་སོང་།