Skip to main content Skip to search
15 Dec 2011
1 hr 7 min 16 sec
Rating
0
No votes yet
Video Overview
Creators: 
Unknown

In a series of over 20 videos, scholars read from and provide oral commenteries on the historical annals written by the Fifth Dalai Lama.

Show More

  • ནོར་བྲང་ཨོ་རྒྱན།
    དེ་ནས་དྭགས་པོ་བཀའ་རྒྱུད་ཀྱི་ཕྱོགས་སུ་མདོ་ཕྱོགས་ཀྱི་བཤད་གྲྭའི་སྲོལ་མེད་པ། གསར་དུ་གཏོད་པའི་ཆེད་དུ་ཏའི་སི་ཏུའི་དགུང་ལོ་ང་གཅིག་པ་ཆུ་འབྲུག་སྤྱི་ལོ། ༡༣༥༢ལོར་ཆོས་གྲྭ་ཆེན་པོ་རྩེད་ཐང་བཏབ་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་སྐབས་དེ་དུས་དེ་ནི་རྦད་དེ་སྔོན་ཆད་དེ་ནི་གཅིག་གི་ད་དུས་འཁོར་མ་གཏོགས་དེ་ནི་ཆོས་མཚམས་འཇོག་མྱོང་མེད་པ་གཅིག་ལ། སྐབས་དེ་དུས་དེ་ནི་གསང་འདུས་ལེའུ་བཅུ་པའི་དགུ་པའི་སྐབས་ལ་དེ་ནི་ཆོས་མཚམས་འཇོག་པ་གནང་བྱས། དེ་དུས་ཙམ་པ་ད་གཞན་དག་ཚོས་གསན་དུས་ཙམ་པ། གཞན་དག་ཆོས་གསན་མཁན་གྱིས་ད་དུང་ཟླ་བ་གཅིག་ཙམ། ཡང་ན་ཟླ་བ་ཕྱེད་ཀ་ཙམ་བཞུགས་ནས་དེ་ནི་ཆོས་མཚམས་དེ་འདྲས་གསུངས་མི་ཡོང་བསམས།
  • ནོར་བྲང་ཨོ་རྒྱན།
    དེ་ནས་བྱས་ནས་ད་ད་ལྟ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་མཛད་པའི་སྐོར་གསུངས་ཀྱི་ཡོའོ་རེད་པཱ། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ཟེར་མཁན་འདི། གཙོ་བོ་བོད་ཀྱི་གཅིག་གི་ད་གང་ཟེར་དགོས་རེད་པས། གཅིག་གི་ལོ་རྒྱུས་ཀྱི་མི་སྣའི་ཐོག་ལ་ཡིན་ན་སྐད་གྲགས་ཆེན་པོ་ཡོད་པ་དེ་འདྲས་གཅིག་རེད།
  • ནོར་བྲང་ཨོ་རྒྱན།
    ཁོང་ཡིན་ན་བོད་ཀྱི་ཐོག་ལ་ཡིན་ནའི་མཛད་རྗེས་ཆེན་པོ་ཡོད་པ་བྱས། ཁོང་ད་སྐུ་འཁྲུངས་ཡས་དེ་ག་ལ་འཁྲུངས་པ་རེད། སྤྱི་ལོ་༡༣༠༢་ལོ་ལ་སྐུ་བལྟམས། སྐུ་འཁྲུངས་པ་དེ་འདྲས་གཅིག་རེད།
  • ནོར་བྲང་ཨོ་རྒྱན།
    དེ་ནས་དགུང་ལོ་ལྔ་བཅུ་ང་གཅིག་པ་དེ་ཆུ་འབྲུག་སྤྱི་ལོ་༡༣༥༢ལོ་ལ་ཆོས་གྲྭ་ཆེན་པོ་རྩེད་ཐང་བཏབ་ཟེར། ཆོས་གྲྭ་ཆེན་པོ་རྩེད་ཐང་ཟེར་ཡས་དེ་ནི་ལྷོ་ཁ་རྩེད་ཐང་ཟེར་ཡས་དེ་རུ། ཆོས་གྲྭ་ཆེན་པོ་བཏབ། བཏབ་པའི་མཇུག་ལ་དེ་ནི་ཕར་ཕྱིན་དང་ཚད་མ་ལ་སོགས་པ་བཀའ་པོ་ཏི་དུ་མ་ལ་རིགས་ལམ་ནས་དྲངས་པའི་བཤད་ཉན་བཙུགས་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ད་དེ་ནི་རྩེད་ཐང་གི་ཆོས་གྲྭ་དེ་བཏབ་པའི་རྗེས་ལ། གང་རེད་ཟེར་ན་དེ་ནི། ཕར་ཕྱིན་དང་ཚད་མ་ལ་སོགས་པ་དེ་ནི་བཀའ་པོ་ཏི། བཀའ་པོད་ཆེན་པོ་ལྔ་ལ་སོགས་པ་དེ་ནི། ད་དེ་ཚོ་ལ། དུ་མ་ལ་བཀའ་པོད་ཆེན་པོ་ལྔ་ལ་སོགས་པ་རིགས་ལམ་དུ་མ་ནས་དྲངས་པའི་དེ་ནི། འཆད་ཉན་གྱི་ཆོས་གྲྭ་དེ་འདྲས་ཡིན་ན་བཙུགས་པ་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    ཆོས་གྲྭ་དེ་དང་ཐེལ་གྱི་སྒོམ་གྲྭ་གཉིས་ལ། ཆོས་གྲྭ་དེ་ནི་རྩེད་ཐང་གི་ཆོས་གྲྭ་དང་། ཐེལ་གྱི་སྒོམ་གྲྭ་གཉིས་ལ་དེ་ནི་ཕུན་སུམ་ཚོགས་པའི། མཐུན་རྐྱེན་སྦྱོར་བ། ད་དེ་བཞིན་དཔེར་ན་ད་དགོན་པ་ལ་དཔེར་ན་བཤད་གྲྭ་བཙུགས་པ་དེ་འདྲས་ད་ཆ་བཞག་ན། དེ་འདྲས་ཐོག་ལ་ཕུན་སུམ་ཚོགས་པའི་གཅིག་གི་དཔལ་འབྱོར་གྱི་ཆ་རྐྱེན་གཅིག་མེད་ན། འགྲིག་ཡས་མེད་པ་ཡིན་དུས།
  • ནོར་བྲང་ཨོ་རྒྱན།
    དེ་ཚོ་ལ་ཡིན་ནི། དེ་ནི་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཡིན་མཐུན་རྐྱེན་ཡིན་ན་ཕུན་སུམ་ཚོགས་པོ་དེ་འདྲས་བཙུགས་པ་གནང་བྱས་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    བདེ་བར་གཤེགས་པའི་སྐུ་བརྙན་དུ་མ་དང་། གསེར་གྱི་རྒྱལ་བའི་བཀའ་འགྱུར་རོ་ཅོག་བཞེངས་པ། དེ་དང་དུས་མཚུངས་པའི་ཐོག་ལ་ཁོང་གིས་ཡིན་ན། བདེ་བར་གཤེགས་པའི་སྐུ་བརྙན་དུ་མ། བདེ་བར་གཤེགས་པ་དེ་ནི་སངས་རྒྱས་ཀྱི་སྐུ་བརྙན་དུ་མ་དང་དེ་ནི། གསེར་གྱི་རྒྱལ་བའི་བཀའ་འགྱུར། གསེར་ལས་བཞེངས་པའི་དེ་ནི་གསེར་བྲིས་མའི་དེ་ནི་བཀའ་འགྱུར་དེ་འདྲས་མང་པོ། བཞེངས་པ་གནང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ར་ས་འཕྲུལ་སྣང་དང་དེ་ནི་བསམ་ཡས་ཀྱིས་མཚོན་པའི་གནས་ཆེན་ཁྱད་འཕགས་རྣམས་ལ་མཆོད་འབུལ་མཛད་པ་སོགས། ད་དེ་བཞིན་གྱི་དཔེར་ན་ར་ས་འཕྲུལ་གྱི་ལྷ་ཁང་དེ་ནི་ལྷ་སའི་གཙུག་ལག་ཁང་དང་། ད་ག་ནང་ལྟར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པ་ལ་སོགས་པ་དེ་ཚོ་ལ་ཡིན་ན། མཆོད་པའི་གནས་ཆེན་ཁྱད་འཕགས། མཆོད་པའི་གནས་ཆེན་ཁྱད་པར་འཕགས་པ་རྣམས་ལ་དེ་ནི་གང་ཟེར་དགོས་རེད་པས།
  • ནོར་བྲང་ཨོ་རྒྱན།
    མཆོད་འབུལ་གནང་ཡས་དང་། གནང་པ་སོགས་པ་དེ་ནི་དེ་འདྲས་མཛད་པ་ཡིན་ན། བསམ་གྱིས་མི་ཁྱབ་པ་དེ་འདྲས་བཙུགས་ནས། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བླ་ན་མེད་པ་བསྒྲུབས་པའི་ཚོགས་གཉིས་ཀྱི་ཆུ་གཏེར་ཆེན་པོ། དབྱར་མཚོ་ལྟར་གྱུར་པའི་དུས། དགེ་བའི་འབྲས་བུ། ད་དེ་འདྲས་ཀྱི་དཔེར་ན།
  • ནོར་བྲང་ཨོ་རྒྱན།
    ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བླ་ན་མེད་པ་བསྒྲུབས་པའི་ཚོགས་གཉིས་ཀྱི་ཆུ་གཏེར་ཆེན་པོ། ཚོགས་གཉིས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་དེ་ནི་ཆུ་གཏེར་ཆེན་པོ་དེ། ཆུ་གཏེར་ཆེན་པོ་ཟེར་ན་དེ་ནི་རྒྱ་མཚོ་རེད་པཱ།
  • ནོར་བྲང་ཨོ་རྒྱན།
    རྒྱ་མཚོ་དེ་ནི་དབྱར་གྱི་རྒྱ་མཚོ་རྒྱས་པ་ནང་ལྟར་གྱི་ཐོག་ནས་དེ་ནི་དེ་འདྲས་ཀྱི་ཐོག་ནས། དེ་ནི་རྒྱ་ཆེན་པོ་བསྒྲུབས་པ་གནང་བའི་མཐུ་ལ་བརྟེན་ནས། དེ་ནི་རྒྱུ་དགེ་བ་ལ་བརྟེན་ནས་འབྲས་བུ་དགེ་བ་དང་། རྒྱུ་མི་དགེ་བ་ལ་བརྟེན་ནས་འབྲས་བུ་མི་དགེ་བ་བསྒྲུབས་པ་ཟེར་ཡས་དེ་འདྲས་ཡིན་འགྲོ་དུས་ཙམ་པ།
  • ནོར་བྲང་ཨོ་རྒྱན།
    དེ་ནི་དཀར་ནག་གི་ལས་ཀྱི་འབྲས་བུ་ཆུད་མི་འཛའ་བ། ད་དེ་འདྲས་ཀྱི་རྦད་དེ་དཀར་ནག་གི་འབྲས་བུ་དེ། དགེ་དང་མི་དགེ་དེ་ནི་དཀར་ནག་གི་འབྲས་བུ་ཆུད་མི་འཛའ་བ། ཆོས་ཐམས་ཅད་གཟུགས་ཅན་པ་བཞིན་ཏུ། རྗེན་པར་འཆར་བའི་ཚད་མའི་སྲང་ལ་གཞལ་བས། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་དེ་དེ་འདྲས་ཀྱི་དཔེར་ན། དཀར་ནག་གཉིས་ཀྱི་དེ་ནི་ཆོས་ཐམས་ཅད་གཟུགས་ལས་གྲུབ་པ་ནང་ལྟར་གྱི་ཐོག་ནས། ད་རྦད་དེ་ཁོ་དངོས་སུ་ཡོའོ་མ་རེད་དའི། གཟུགས་ལས་གྲུབ་པ་ནང་ལྟར་གྱི་ད་ཨེ་ནི་ཚད་མའི་སྲང་ལ་དེ་ནི། སྲང་ལ་བཏབ་དུས་ཙམ་པ། དེ་ནི་ག་གི་མཐོ་བ་འདུག ག་གི་དམའ་བ་འདུག་དེ་འདྲས་ནང་ལྟར་གྱི་ཐོག་ནས་དེ་ནི་སྲང་ལ་གཞལ་བའི་དེ་ནི་ནག་པོའི་འབྲས་བུའི་ཆ་ཙམ་མ་གཏོགས་དུ་ཡང་གྱུར་དུས་ཙམ་པ།དེ་ནི་དཀར་པོ་དཀར་པོ་དགེ་བའི་ལས་དགེ་བའི་ལས་ཁོ་ན་མ་གཏོགས། ནག་པོའི་འབྲས་བུ་ཆ་ཙམ་ཡང་མ་གྱུར་པས་ཟེར།
  • ནོར་བྲང་ཨོ་རྒྱན།
    རྟག་ཏུ་དགེ་ཞིང་ལེགས་པ་ཆུ་ཟླའི་འོད་དཀར་གྲངས་མེད་པ་སྤྲོས་པས་མངོན་པར་མཐོ་བ་ལྷ་མིའི་གོ་འཕང་དང་། ད་དེ་འདྲས་ཀྱི་དེ་ནི་རྟག་ཏུ་དགེ་བའི་ལས། དེ་ནི་དགེ་ཞིང་ལེགས་པ་དེ་ནི་དགེ་ལེགས་ཀྱི་ཆུ་ཟླའི་འོད་དཀར། ཆུ་ཟླ་ཟེར་ན་ཟླ་བ་རེད་པ། ཆུ་ཟླའི་འོད་དཀར་གྲངས་མེད་པ་སྤྲོས་པས། མངོན་པར་མཐོ་བ་ལྷ་མིའི་གོ་འཕང་དང་ངེས་པར་ལེགས་པ་ཐམས་ཅད་མཁྱེན་པའི་གོ་འཕངས་མངོན་དུ་བྱ་བའི་ལོ་ཏོག་གི་གང་བུ།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་བྱེད་དུས་ཙམ་པ། བོད་ཡོངས་ལ་ཆ་བཞག་ནའི་གང་འདྲས་རེད། ཟེར་ན། མངོན་པར་མཐོ་བ་ལྷ་མིའི་གོ་འཕང་དང་། ངེས་པར་ལེགས་པ་དེ་ནི་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དེ་ནི་མངོན་དུ་འགྱུར་བའི་དེ་ནི་མེ་ཏོག་གི་གང་བུ་དེ་ནི་ཡོངས་སུ། སྨིན་པའི། དེ་ནི་ཡངས་པའི་ནོར་འཛིན་གྱི་བུ་མོ་དེ་ནི་དེ་འདྲས་ཀྱི་དཔེར་ན།
  • ནོར་བྲང་ཨོ་རྒྱན།
    སྨིན་པའི་རྐྱེན་པས། ད་བོད་ཁམས་ཟེར་ནའི་རེད། ཁྱོན་ཡོངས་སུ་ཆ་བཞག་ན་རྦད་དེ་ཡངས་པའི་ནོར་འཛིན་གྱི་བུ་མོ། ཟེར་ན། དེ་ནི་ས་གཞི་ཐམས་ཅད་དེ་ནི་མངལ་ཁུར་གྱིས་ལྕི་བ་མཛད་པ། ད་དགེ་བའི་མངལ་ཁུར་གྱིས་ལྕི་བ་མཛད་ཅེས། ཏའི་སུ་ཏུའི་བྱང་ཆུབ་རྒྱལ་མཚན་གྱིས་ལུགས་ཟུང་གི་མཛད་པ་རླབས་པོ་ཆེ། བསྟན་འགྲོའི་དོན་མཛད་པའི་སྡོམ་ཚིག་སྙན་ངག་གི་ཚིག་སྦྱོར་གྱིས་སྤྲོས་པ་དང་བཅས། ལྡན་པ་གསུངས།
  • ནོར་བྲང་ཨོ་རྒྱན།
    ད་དེ་རྦད་དེ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་ད་ཁོ་རྦད་དེ་བོད་ཀྱི་ལོ་རྒྱུས་ཐོག་ལ་མཛད་རྗེས་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཡོད་པ་ཡིན་ཙང་། དེ་འདྲས་ཡིན་དུས་ཙམ་པ། དེ་ནི་ལྔ་བ་ཆེན་པོས་ཡིན་ན་དེ་ཚོ་ལ་ཆ་བཞག་ན།
  • ནོར་བྲང་ཨོ་རྒྱན།
    དེ་ནི་རྦད་དེ་སྙན་ངག་གི་རྒྱན་དང་། འབྲེལ་བའི་ཐོག་ནས་ཡིན་ན་དེ་ནི། རྣམ་པ་དེ་གསུངས་པ་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ལྟར་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་དགུང་ལོ་ཉི་ཤུ་རྩ་དགུ་་་་ཉི་ཤུ་པ་ཆུ་ཁྱི་སྤྱི་ལོ་༡༣༢༢ལོར་་ཕག་གྲུའི་ཁྲི་དཔོན་མཛད་པ་དང་། དགུང་ལོ་ཞེ་བདུན་པ་ས་གླང་༡༣༤༩ལོར་མོན་མཁར་དང་ས་སྐྱ་པའི་དབུས་གཙང་གི་ཁྲི་དམག་མཐའ་དག་ཚར་བཅད་དེ་བོད་ཡོངས་ལ་དབང་བསྒྱུར་མགོ་ཚུགས། བོད་ཡོངས་ལ་དབང་བསྒྱུར་མགོ་ཚུགས་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་ཀྱི་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ཡིན་ན། དགུང་ལོ་ཉི་ཤུ་པ་ལ་དེ་ནི་ཕག་གྲུའི་ཕག་གྲུ་ཁྲི་དཔོན་མཛད་པ་དང་། ཁྲི་དཔོན་ཟེར་ཡས་དེ་ཐོག་མ་ཡིན་ན། ཕག་གྲུ་ཟེར་མཁན་ཁོ་རང་རང་བོད་ཁྲི་སྐོར་བཅུ་གསུམ་གྱི་དེ་ནི་ཕག་གྲུ་ཁྲི་དཔོན་གཅིག་རེད་པ། དེ་ནི་དེ་ནས་མཛད་པ་དང་། དེ་འདྲས་གཅིག་ལ་དེ་ནི་དགུང་ལོ་ཞེ་བདུན་པ་ས་གླང་ལོ་ལ་དེ་ནི། མོན་མཁར་མདའ་ལ་དེ་ནི་ས་སྐྱ་པའི་དབུས་གཙང་གི་ཁྲི་དམག་མཐའ་དག དེ་ནི་ས་སྐྱ་པའི་དབུང་གཙང་གི་ཁྲི་དམག་མཐའ་དག་ཚར་བཅད་དེ་བོད་ཡོངས་ལ། དབང་སྒྱུར་བ། ད་དེ་ནས་བཟུང་སྟེ། 
  • ནོར་བྲང་ཨོ་རྒྱན།
    དེ་ནི་རྦད་དེ་ཕག་གྲུས་ཡིན་ན་བོད་ཡོངས་ལ་དབང་བསྒྱུར་ན་ཡིན་ན་མགོ་ཚུགས་པ་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་ནི་དགུང་ལོ་ཉི་ཤུ་རྩ་བདུན་རིང་ལ་ད་རྦད་དེ་འབད་བརྩོན་གནང་བ་ལ་བརྟེན་ནས། དེ་ནི་བོད་ཡོངས་ལ་དབང་བསྒྱུར་ཐུབ་པ་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དགུང་ལོ་ང་གཉིས་པ་ཤིང་རྟ་སྤྱི་ལོ་༡༣༥༤་ལོར་ས་སྐྱའི་སྟོབས་ཤུགས་ལྷག་འཕྲོ་རྩ་མེད་བཏང་བ་དང་། དཔོན་ཆེན་རྒྱལ་བ་བཟང་པོ་བཙོན་ནས་བཏོན་ཏེ་བོད་ཡོངས་ལ་དབང་བསྒྱུར་བ་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་དགུང་ལོ་ལྔ་བཅུ་ང་གཉིས་པ་སྤྱི་ལོ་༡༣༥༤ལོར་དེ་ནི་ས་སྐྱའི་སྟོབས་ཤུགས་ལྷག་འཕྲོ་དེ་གྱད་དེ་ཡིན་ནའི་ས་སྐྱ་རང་ལ་ཆ་བཞག་ན་དེ་ནི་སྟོབས་ཤུགས་ལྷག་འཕྲོ་དེ་གྱད་དེ་དཔེར་ན། རྩ་མེད་བཏང་བ་དང་ད་ག་ནང་ལྟར་དཔོན་ཆེན་རྒྱལ་བ་བཟང་པོ་ཟེར་མཁན་དེ། ད་མིའི་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་དང་ཁོང་ཚོ་མིའི་ཉེ་ཕྱོགས་ལ་གྱུར་པ་ཡིན་འགྲོ་དུས་ཙམ་པ་དེ་ནི་བར་སྐབས་དེ་ནི་ས་སྐྱའི་དེ་ནི་གཅིག་གི་ནང་ཁུལ་ཐོག་ལ་ཁོང་རང་ཡིན་ན་བཙོན་ལ་བཅུག་པ་སོགས་དེ་ཚོ་ཡིན་ནའི་བཙོན་ནས་བཏོན་ནས་དེ་ནི་བོད་ཡོངས་ལ་དབང་བསྒྱུར་བ་དེ་འདྲས་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    དབང་བསྒྱུར་ནས་སྐུ་མ་གཤེགས་པར་ལོ་བཅུ་སྲིད་དབང་བསྐྱངས་མཐར་དགུང་ལོ། ད་དེ་འདྲས་ཀྱི་དཔེར་ན། ད་ས་སྐྱའི་སྟོབས་ཤུགས་ལྷག་མ་དེ་མེད་པར་བཟོས་ད་ག་ནང་ལྟར་དེ་ནི། བོད་ཡོངས་ལ་སྲིད་དབང་བསྐྱངས་ནས་དགུང་ལོ། བཅུ་མ་གཤེགས་པར་དགུང་ལོ་བཅུའི་བར་ལ་དེ་ནི། སྲིད་དབང་བསྐྱངས་པ་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    དགུང་ལོ་དྲུག་ཅུ་རེ་གསུམ་པ་རབ་བྱུང་དྲུག་པའི་ཤིང་འབྲུག་སྤྱི་ལོ་༡༣༦༤་ལོར་རང་ཉིད་སྲིད་ཁྲི་ལས་བཤོལ་ཚབ་འཇམ་དབྱངས་གུ་ཤྲཱི་རྒྱལ་མཚན་བསྐོས་ནས་རིང་པོར་མ་སོང་བར་སྐུ་གཤེགས། ད་དེ་ནས་རྦད་དེ་༡༣༦༤ལོ་ལ་རང་ཉིད་དེ་ནི་ཕག་གྲུའི་གསེར་ཁྲི་ལས་བཤོལ་ནས། དེའི་ཚབ་ལ་གང་ཟེར། འཇམ་དབྱངས་གུ་ཤྲཱི་ཤཱཀྱ་རྒྱལ་མཚན་ཡིན་ན། བསྐོས་ནས་རིང་པོར་མ་ཐོགས་བར་དེ་ནི་ཁོང་ཡིན་ན་སྐུ་གཤེགས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གཤེགས་པའི་རྗེས་ལ་དེ་ནི་ཕག་གྲུའི་དེ་ནི་སྡེ་སྲིད་འཇམ་དབྱངས་གུ་ཤྲཱི་ཆེན་པོ་ཤཱཀྱ་རྒྱལ་མཚན་ནི་གང་འདྲས་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    འདི་ཡིན་ན་དེ་ནི་ཕག་གྲུའི་དཔོན་བསོད་ནམས་བཟང་པོ་རྒྱལ་མཚན་ནི། དཔོན་བསོད་ནམས་བཟང་པོ་ཁབ་ཏུ་བླངས་པས། དེ་ནི་ཇོ་མོ་ཉི་རུ་མ་དང་། མ་ཉ་མ་གཉིས་ཡོད་པ་ལ། སྔ་མ་ལ་ཉི་རུ་མ་ལ་གུ་ཤྲཱི་ཤཱཀྱ་རྒྱལ་མཚན་ཉིད་དང་། བདག་པོ་ཤཱཀྱ་རིན་ཆེན་པ་གཉིས་འཁྲུངས་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་ཀྱི་དཔེར་ན། དཔོན་བསོད་ནམས་བཟང་པོ་དེ་ནི་རྦད་དེ་ཁབ་ལ་ཡིན་ན་ཇོ་མོ་ཉི་རུ་མ་དང་མ་ཉ་མ་གཉིས་བཞེས་པའི་དེ་ནི་སྔ་མ་དེ་ནི་སྔ་མ་ཉི་རུ་མ་ལ་དེ་ནི། གུ་ཤྲཱི་ཤཱཀྱ་རྒྱལ་མཚན་འཁྲུངས་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    བདག་པོ་ཤཱཀྱ་ཉིད་དང་ཤཱཀྱ་རིན་ཆེན་པ་གཉིས་འཁྲུངས་པ་རེད་ཟེར། ཕྱི་མ་མང་ཉ་མ་ལ་དཔོན་རིན་རྡོར་འཁྲུངས་པ་ལས་འཇམ་དབྱངས་ཤཱཀྱ་རྒྱལ་མཚན་པ་ནི་རབ་བྱུང་དྲུག་པའི་ལྕགས་འབྲུག་སྤྱི་ལོ། རབ་བྱུང་དྲུག་པའི་ལྕགས་འབྲུག་སྤྱི་ལོ་༡༣༤༠ལོར་་འཁྲུངས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཁོང་གིས་དེ་ནི། ཁོང་སྐུ་འཁྲུངས་པའི་རྗེས་ལ་དེ་ནི་གང་ཟེར། ཁོང་གི་བླ་མ་ཀླུ་ལུང་པ་གྲགས་པ་ལ་ཀློག་ཡིག་བསླབས། ཚེས་བཞི་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་མནོས་ཟེར་ན། ཁོང་གི་སྐུ་འཁྲུངས་བའི་རྗེས་ལ་གང་ཟེར་ན་བླ་མ་ཀླུ་ལུང་པ་ལས་དེ་ནི་གྲགས་པ་རྒྱལ་མཚན་ལ་དེ་ནི་ཀློག་དང་ཡི་གེ་ལ་སོགས་པ་དེ་གས་དེ་བསླབས། ཚེས་བཞི་གྲགས་པ་རྒྱལ་མཚན་ཟེར་ན་ད། ཚེས་བཞི་ཟེར་མཁན་དེ་ནི་དེ་ནི་ཕག་གྲུའི་ཕྱོགས་དེ་གྱད་དེ་ནི་ཚེས་དང་ཚེས་དྲུག་ཟེར་ཡས་ལ་སོགས་པ། དེ་འདྲས་ཡོད་པ་ཡིན་ཙང་དེ་ཚོ་ནི། དཔེར་ན་སྐུ་འཁྲུངས་པའི་དུས་ཚོད་དེ་ལ་ཆ་བཞག་པ་ཡིན་ན།དེ་ནི་ཚེས་བཞི་ཚེས་ལྔ་ཟེར་བ་ལ་སོགས་པ་དེ་འདྲས་རེད།
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་ཚེས་བཞི་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་་སྡོམ་མནོས་ཟེར། དེ་ནི་ད་རབ་ཏུ་བྱུང་བའི་གོང་ལ་དགེ་བསྙེན་གྱི་སྡོམ་པ་མནོས་ཟེར། མཚན་གྲགས་པ་བཟང་པོར་བཏགས་ཟེར། དགེ་བསྙེན་གྱི་མཚན་དེ་ལ་ཡིན་ན་དེ་ནི་གྲགས་པ་བཟང་པོ་ཡིན་ན་བཏགས་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེའི་མཇུག་ལ་མཁན་པོ་བསོད་དབང་དང་།སློབ་དཔོན་གཞོན་བརྩོན་ལ་རབ་ཏུ་བྱུང་བའི་མཚན་ཤཱཀྱ་རྒྱལ་མཚན་དུ་གསོལ་ཟེར། དེའི་མཇུག་ལ་དང་པོ་མཁན་པོ་བསོད་དབང་དང་སློབ་དཔོན་གཞོན་བརྩོན་ལ་གཅིག་གི་ད་མཁན་སློབ་གཉིས་དགོས་ཀྱི་ཡོད་དུས་ཙམ་པ་དེ་ནི་རབ་ཏུ་བྱུང་བའི་སྐབས་ལ་མཁན་སློབ་གཉིས་དགོས་དུས་ཙམ་པ། མཁན་པོ་དེ་བསོད་དབང་དང་སློབ་དཔོན་དེ་གཞོན་བརྩོན་ལ་རབ་ཏུ་བྱུང་བའི་མཚན། ཁོང་རབ་ཏུ་བྱུང་བ་གནང་། རབ་ཏུ་བྱུང་བའི་མཚན་ལ་དེ་ནི་ཤཱཀྱ་རྒྱལ་མཚན་དུ་གསོལ་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་ག་སྣང་ལྟར་དེ་ནི་གདན་ས་ཐེལ་ལ་ཡིན་ན་ཐེལ་གྱི་གདན་སར་བརྟག་གཉིས་དང་། རྩེད་ཐང་དུ་བཀའ་པོ་ཏི་བཞི་ལ་འཆད་པ་མཛད་པའི་མཁས་པའི་གྲགས་པ་ཐོབ། ད་དེ་འདྲས་ཀྱི་དཔེར་ན་རབ་ཏུ་བྱུང་བ་གནང་བའི་རྗེས་ལ་ཆ་བཞག་ན། དེ་ནི་ཐེལ་གྱི་གདན་སར་བརྟག་གཉིས་དང་། རྩེད་ཐང་དུ་བཀའ་པོ་ཏི་བཞི་ལ་འཆད་ཉན་མཛད་པའི་མཁས་པའི་གྲགས་པ་ཐོབ་ཟེར།
  • ནོར་བྲང་ཨོ་རྒྱན།
    སྐབས་དེ་དུས་ཁོང་རྦད་དེ་ཕག་གྲུའི་དཔོན་གནས་ཆེན་པོ་གཅིག་ཡིན་ནའི་ད་དེ་ཚོ་མིའི་སློབ་གཉེར་མཐར་ཕྱིན་པ་གནང་བའི་མཇུག་ལ་དེ་ནི་བཤད་པ་གནང་དུས་ཙམ་པ་ནི་མཁས་པའི་གྲགས་པ་ཡིན་ནའི་ཆེན་པོ་ཐོབ་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བུ་སྟོན་རིན་པོ་ཆེའི་དྲུང་དུ་རྡོ་རྗེ་ཐེག་པའི་རྒྱུད་བཤད་དབང་ལུང་མན་ངག་གསན། མང་དུ་གསན་པ་ཟེར་ན། བུ་སྟོན་རིན་པོ་ཆེ་བྱས་ན་ད་བོད་ཀྱི་མཁས་པ་ནང་གི་མཁས་པ་རྣམ་གསུམ་ནང་གི་གྲས་གཅིག་རེད་པ། བུ་སྟོན་རིན་པོ་ཆེའི་མདུན་ལ་དེ་ནི་རྡོ་རྗེ་ཐེག་པའི་རྒྱུད། རྒྱུད་བཤད་དབང་ལུང་མན་ངག་མང་དུ་གསན་པས། གསན་པས། གསན་པ་ཡིན་དུས་ཙམ་པ་ད། བུ་སྟོན་རིན་པོ་ཆེ་ཡིས་ཡིན་ནའི་དེ་ནི། གང་འདྲས་གཅིག་གསུངས་བ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    མགོན་པོ་གདོང་གི་རི་མན་གྱི། མགོན་པོ་གདོང་གི་རི་ཟེར་མཁན་དེ་ནི་ད་ལྟ་དེ་ཞྭ་ལུའི་དེ་ནི་དེ་ལ་རི་གཅིག་ཡོད་པ་དེ་འདྲས་རེད། དེ་ནི་ད་མ་རེད། ད་དེ་གང་ཟེར་ཡར་ཀླུང་ལ་དེ་ནི། མགོན་པོ་གདོང་གི་རི་ཟེར་ཡས་གཅིག་དེ་མན་གྱི་དེ་ཡར་ཀླུང་གི་ཞིང་ཁ་རེ་རེ་ཁར་དཀྱིལ་འཁོར་རིགས་མི་འདྲ་བ་རེ་བཞེངས་ཀྱང་ཁེབ་པར་ཡོད་ཅེས་བུ་སྟོན་ཆོས་རྗེས་ཞལ་ཕོ་མཛད་གསུངས།
  • ནོར་བྲང་ཨོ་རྒྱན།
    ད་སྐབས་དེ་དུས་དཔེར་ན་དེ་འདྲས་དཔེར་ན་བུ་སྟོན་རིན་པོ་ཆེའི་དབང་ལུང་རྒྱུད་བཤད་ལ་སོགས་པ་མང་པོ་གསུངས་པ་གནང་བ་ཡིན་དུས་ཙམ་པ། མགོན་པོ་གདོང་གི་རི་མན་ཆད་ཀྱི་ཐོག་ལ་དེ་ནི་ཞིང་ཁ་རེ་རེའི་ཁ་ལ་ཡར་ཀླུང་གི་ཞིང་ཁ་རེ་རེའི་ཁ་ལ་དཀྱིལ་འཁོར་གྱི་རིགས་མི་འདྲ་བ་རེ་རེ་བཞེངས་ཀྱང་ཁེབ་ཡོད་ཅེས། བུ་སྟོན་རིན་པོ་ཆེས་ཞལ་ཕོ་དེ་འདྲ་གསུངས་པ་རེད་ཟེར། ཞལ་ཆོབ་དེ་འདྲས་གནང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དགུང་ལོ་བཅུ་བཞི་པ་ཆུ་སྦྲུལ་ལོར་རྩེད་ཐང་གི་གདན་ས་མཛད། དགུང་ལོ་བཅུ་བཞི་ལ་ཆུ་སྦྲུལ་ལོར་རྩེད་ཐང་གི་གདན་ས་མཛད། རྩེད་ཐང་གི་གདན་ས་ཟེར་ན་ད་རྩེད་ཐང་གི་ཁྲི་པ་མཛད། དགུང་ལོ་བཅུ་དགུ་པར་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པའི་དྲུང་དུ་བསྙེན་པར་རྫོགས་ཏེ། ལྷ་སར་ཆོས་འཁོར་དང་། ད་དགུང་ལོ་བཅུ་དགུ་པར་ཆོས་རྗེ་བླ་མ་དམ་པ་ཟེར་ན། དེ་ནི་ས་སྐྱའི་བླ་མ་སྐད་གྲགས་ཆེ་བ་གཅིག་རེད། དེའི་མདུན་ནས་ཡིན་ན་ཆོས་རྗེ་བླ་མ་དམ་པར་བསྙེན་པར་རྫོགས་ཏེ། ལྷ་སར་ཆོས་འཁོར་དང་རྩེད་ཐང་གི་ཚོགས་པ་དགུང་ལོ། བསྙེན་པར་རྫོགས་པ་ཟེར་བ་དེ་ཡང་ཐོག་མར་དེ་ནི་དགེ་བསྙེན་གྱི་སྡོམ་པ་བཞེས་ནས་དེ་ནི་རབ་ཏུ་བྱུང་བ་མཐའ་མ་དེ་ནི།
  • ནོར་བྲང་ཨོ་རྒྱན།
    བསོད་ནམས་རྒྱལ་མཚན་པའི་དྲུང་ནས། བླ་མ་བསོད་ནམས་དམ་པའི་དྲུང་ནས་དེ་ནི། བསྙེན་པར་རྫོགས་པའི་དེ་ནི་དགེ་སློང་གི་སྡོམ་པ་བཞེས་བྱས་དེ་ནི། དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནས་ལྷ་སར་ཆོས་འཁོར་དང་། རྩེད་ཐང་གི་ཚོགས་པ་དགུང་ལོ་ཉེར་བདུན་བར་ལོ་བཅུ་གསུམ་བར་སྐྱོང་བར་གནང་ཟེར། ལྷ་སར་ཆོས་འཁོར་དང་རྩེད་ཐང་གི་ཚོགས་པར་དེ་ནི་དགུང་ལོ་ཉེར་བདུན་བར། ལོ་བཅུ་གསུམ་བར་སྐྱོང་བར་མཛད་ཟེར།
  • ནོར་བྲང་ཨོ་རྒྱན།
    ལྷ་སར་ཆོས་འཁོར་བསྐོར་བ་དེ་ནས་མི་རིང་བར་དགུང་ལོ་ཉེར་དྲུག་རབ་བྱུང་དྲུག་པའི་ཤིང་སྦྲུལ་སྤྱི་ལོ་༡༣༦༦ལོར། ཕོ་བྲང་སྣེའུ་གདོང་རྩེའི་ཁྲི་སྟེ་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ། ཁྲི་ཐོག་ཏུ་ཕེབས་ཏེ་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་ནས་ཡིན་ན་དགུང་ལོ་ཉེར་བདུན་པའི་ཐོག་ལ་དེ་ནི་ཕོ་བྲང་སྣེའུ་རྩེའི་ཁྲི་ཐོག་དེ་ནི་ཕག་གྲུའི་སྡེ་སྲིད་ཀྱི་དེ་ནི་ཁྲི་ལ་ཕེབས་ནས། སྲིད་དབང་བཟུང་བ་ལོ་དགུ་པ་ཆུ་བྱི་༡༣༧༢ལོར་ཧོར་གོང་མ་ད་ཧོར་བྱས་ན་ད་དེ་མིང་གོང་མ་རེད་པཱ། གོང་མ་ཐའི་ཙུའུ་ཀྲུའུ་ཡོན་ཀྲང་རྒྱལ་པོས་དེ་ནི་ཏའི་སི་ཏུ་དང་། ཆང་གུའི་ལུང་། ཀཱ་དིན་གུ་ཤྲཱའི་ལས་ཀ་དང་དམ་ཁ་གནང་བ་དང་། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་གུ་ཤྲཱི་ཟེར་ཡས་དེ་ཐོག་མར་ཡོང་ཡས་དེ་གུ་ཤྲཱི་ཤཱཀྱ་རྒྱལ་མཚན་ཟེར་ཡས་དེ་ནི། དེ་ནི་ཏའི་སི་ཏུ་གོང་མ་དེ། མིང་གོང་མ་ཐའི་ཙུའུ་ཀྲུའུ་ཡོན་ཀྲང་ནས་རྒྱལ་པོའི་ཏའི་སི་ཏུ་དང་། ཆང་གུའི་ལུང་། ཀཱ་དིན་གུ་ཤྲཱའི་ལས་ཀ་དང་དམ་ཁ་གནང་བ་དང་། ཟེར།
  • ནོར་བྲང་ཨོ་རྒྱན།
    བོད་ཆོལ་ཁ་གསུམ་བརྒྱུད་པ་དང་བཅས་པ་ཤེས་སུ་བཅུག་པའི་འཇའ་སས་སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་ན་མངོན་པར་མཐོ་ཟེར། ད་དེ་ནས་དེ་ལ་ཏའི་སི་ཏུའི་མ་གཞི་ཁོང་རང་ད་ལྟ་དེ་རེད། གང་ཟེར། ཏའི་སི་ཏུའི་སྐབས་ལ་མ་གཞི་དཔེར་ན་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར་པ་ཐུབ་པ་དེ་འདྲས་རེད་དའི། ཡིན་ནའི་ད་གོང་མའི་འཇའ་ས་དེ་དངོས་སུ་ཤཱཀྱ་རྒྱལ་མཚན་གྱི་ཐོག་ལ་དངོས་སུ་བྱུང་བ་ཡིན་བྱས་ནས། དེ་འདྲས་ཟེར་ཞུ་ཡི་ཡོའོ་རེད།
  • ནོར་བྲང་ཨོ་རྒྱན།
    མངོན་པར་མཐོ་ཟེར། གཙང་ཕྱོགས་སུ་ལོག་པར་འཁུ་བའི་ཀུན་ནས་དཀྲིས་པ་ཉོན་མོངས་ཀྱིས་བརྣག་པའི་སེམས་ལྡན་འགའ་ཞིག་གི་སྟེང་དུ། དཔུང་གི་སྦྱོར་བ་བཤམས་དུས་ཟེར། ད་སྐབས་དེ་དུས་ཆ་བཞག་པ་ཡིན་ན། ད་དཔེར་ན་ཕག་གྲུའི་སྲིད་དབང་དེ་འཛིན་པ་ཡིན་ནའི། ད་གཙང་གི་ཕྱོགས་ལ་ཡིན་ན། ས་སྐྱ་ལ་སོགས་པ་དེ་འདྲས་ཀྱི་ཕྱོགས་ནས་ད་དུང་ཡིན་ནའི། དཔེར་ན་ཕག་མོ་གྲུ་པ་ལ་ཁ་གཏད་གཅོག་མཁན། དེ་འདྲས་མང་པོ་ཡོད་པ་ཡིན་དུས།
  • ནོར་བྲང་ཨོ་རྒྱན།
    དེའི་ཚོའི་ཐོག་ནས་དེ་ནི། ལོག་པར་དཀྲིས་པ་ཉོན་མོངས་ཀྱིས་བརྣག་པའི་ད་དེ་འདྲས་ཀྱི་དཔེར་ན། གཅིག་གི་ལོག་པར་སྤྱོད་པ་དཔེར་ན། ཁེངས་པར་འདྲེན་པ་དེ་ཚོའི་ཐོག་ལ་ཡིན་ནའི། དེ་ནི་དཔུང་གི་སྦྱོར་བ་དམག་བཤམས་དུས་ཙམ་པ་གང་བྱས་པ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ཆོས་སྐྱོང་བྱ་རོག་གདོང་ཅན་གྱི་ནུས་པས་དམག་རྣམས་གཙང་པོ་ལ་ཐོགས་མེད་དུ་ཕྱིན་ཟེར། ད་དེ་འདྲས་ཀྱི་ཆོས་སྐྱོང་ཁོང་གིས་དཔེར་ན། ཁོང་ལ་རྒོལ་བ་ཆོས་སྐྱོང་བྱ་རོག་གདོང་ཅན་གྱི་ནུས་པས་ཡིན་ན། གང་ཟེར་ན། དམག་དེ་གའི་་དེ་ཡིན་ན་གཙང་པོ་ལ་ཡིན་ན་དེ་ནི་ཐོགས་མེད་དུ་ཐོན་ཐུབ་པ་དེ་འདྲས་ཕྱིན་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    གཅིག་ནས་དམག་དེ་ཚོ་ཡིན་ཐོབ། དམག་དེ་གྱད་ལ་དེ་ནི་རྒྱལ་ཁ་ཡིན་ན་ཐོབ་བྱས་དེ་འདྲས་རེད། ཟེར། ད་དམག་ལ་རྒྱལ་ཁ་ཐོབ་ནས་ཕྱིར་ཕེབས་སྐབས། སྣེའུ་གདོང་དུ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་གཙོ་བོ་བཞུགས་པའི་དགེ་འདུན་ཁྲི་ཕྲག་མང་པོ་ལ། ཞག་བཅུ་སྦྲེལ་དུ་གྱ་ནོམ་པའི་བཀུར་སྟི་མཛད་ནས་ཆོས་འཁོར་བཙུགས། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་ནས་ས་སྐྱ་ནས་མར་ཕེབས། གང་ཟེར། གཙང་ནས་མར་ཕེབས་བྱས་དམག་དེ་ཚོ་ཡིན་ནའི་ཐོབ་བྱས་མར་ཕེབས་དུས་ཙམ་པ། དེ་ནི་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གཙོ་བོར་འགྱུར་པའི་དེ་ནི། དགེ་འདུན་ཁྲི་ཕྲག་མང་པོ་ལ། དེ་ནི་ཞག་བཅུ་སྦྲེལ་ཉིན་མ་བཅུ་ཕྲག་མང་པོ་དེ་འདྲས་སྦྲེལ་བའི་ཐོག་ནས་དེ་ནི། བཀུར་བསྟི་ཡིན་ན་བསམ་གྱིས་མི་ཁྱབ་དེ་འདྲས་ཞུས་བྱས། དེ་འདྲས་ཀྱི་དཔེར་ན་ཆོས་འཁོར་ཡིན་ན་བཙུགས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    མངའ་འབངས་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ལ་འཁོད་པར་མཛད། ད་ག་ནང་ལྟར་དཔེར་ན་ཕྱོགས་གཅིག་ནས་དཔེར་ན་དགེ་འདུན་གྱི་སྡེ་ལ་དཔེར་ན། ཆོས་འཁོར་འཛུགས་ཡས་དང་གཉིས་ནས་དཔེར་ན། དེ་ནི་མངའ་འབངས་ཐམས་ཅད་ལ་ཡིན་ནའི་དེ་ནི་བདེ་སྐྱིད་ཀྱི་དཔལ་ལ་འཁོད་པའི་དེ་ནི་བྱ་བ་བཟང་པོ་དེ་འདྲས་ཡིན་ནའི་མཛད་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    མཐར་དགུང་ལོ་སོ་བཞི་པ་རབ་བྱུང་དྲུག་པའི་ཆུ་གླང་སྤྱི་ལོ་༡༣༧༣ལོར་། མཐར་དེ་ནི་དགུང་ལོ་བྱས་ན། རབ་བྱུང་དྲུག་པའི་ཆུ་གླང་སྤྱི་ལོ་༡༣༧༣ལོར་་དེ་ནི་སྐུ་གཤེགས་པའི་མཛད་རྗེས་བསྟན་པ། སྐུ་གཤེགས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ད། སྐུ་གཤེགས་པའི་རྗེས་ལ་གང་བྱེད་ཀྱི་རེད་ཟེར་ན། དཔོན་རིན་ཆེན་རྡོ་རྗེས་ཟིན་བཀྲ་ཤིས་སྐྱིད་དང་དོ་བྲག་མ་རིན་ཆེན་འཚོ་གཉིས་ཁབ་ཏུ་བཞེས་པའི་སྔ་མ། སྔ་མ་ཟིན་བཀྲ་ཤིས་སྐྱིད་ལ་རྒྱལ་སྲས་གྲགས་པ་རིན་ཆེན་དང་། ཆོས་རྗེ་ཆོས་བཞི་པ་གསར་མ་གྲགས་པ་བྱང་ཆུབ་གཉིས་ཡོད་པ་ལས་ཟེར།
  • ནོར་བྲང་ཨོ་རྒྱན།
    ཡོད་པས་ལས། གྲགས་པ་རིན་ཆེན་དེ་དེ་ནི་ག་དུས་འཁྲུངས་པ་རེད་ཟེར་ན། གྲགས་པ་རིན་ཆེན་ནི་རབ་བྱུང་དྲུག་པའི་ས་གླང་སྤྱི་ལོ་༡༣༤༩ལོར་་འཁྲུངས་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    འོང་། དགུང་ལོ་བཅུ་པར་མཁན་ཆེན་གཞོན་དབང་པར་རབ་ཏུ་བྱུང་སྟེ་ཟེར། མཚན་གྲགས་པ་རིན་ཆེན་དུ་གསོལ། དེ་ནི་དགུང་ལོ་བཅུ་པ་ལ་མཁན་ཆེན་གཞོན་དབང་པའི་དྲུང་དུ་རབ་ཏུ་བྱུང་ནས། མཚན་གྲགས་པ་རིན་ཆེན་དུ་གསོལ་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དགུང་ལོ་བཅུ་བདུན་པ་ཤིང་སྦྲུལ་ལོ་ལ་འཇམ་དབྱངས་གུ་ཤྲཱིའི་རྗེས་སུ་རྩེད་ཐང་གི་གདན་སར་ཕེབས་ཟེར། ད་ག་ནང་ལྟར་དགུང་ལོ་བཅུ་བདུན་པ་ལ་ཡིན་ན་གང་ཟེར། འཇམ་དབྱངས་གུ་ཤྲཱི་ཤཱཀྱ་རྒྱལ་མཚན་གྱི་རྗེས་སུ་དེ་ནི་རྩེད་ཐང་གི་གདན་ས་ལ། རྩེད་ཐང་གི་ཁྲི་པ་གནང་བྱས་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དགུང་ལོ་བཅུ་དགུ་པ་རབ་བྱུང་དྲུག་པའི་མེ་ལུག་སྤྱི་ལོ་༡༣༧༦ལོ་་ལ་གཤེགས། ད་ཁོང་ཡིན་ན་སྐུ་ཚེ་ཞེ་དྲག་མ་བཞུགས་པ་བྱས། དགུང་ལོ་བཅུ་དགུའི་ནང་ལ་དེ་ནི། སྐུ་གཤེགས་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཚེས་བཞི་གྲགས་པ་བྱང་ཆུབ་ནི་རབ་བྱུང་དྲུག་པའི་མེ་སྤྲེལ་སྤྱི་ལོ་༡༣༥༦ལོར་འཁྲུངས་ཟེར། ཁོང་ད་ཚེས་བཞི་གྲགས་པ་བྱང་ཆུབ་ནི་གྲགས་པ་བྱང་ཆུབ་ཞུ་བ་དེ་ནི་རབ་བྱུང་དྲུག་པའི་མེ་སྤྲེལ་སྤྱི་ལོ་༡༣༥༦ལོར་འཁྲུངས་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    སྐུ་ཆུང་ངུའི་དུས་སུ་མཁན་ཆེན་སེང་གེ་རྒྱལ་མཚན་གདན་དྲངས་པས། ཟེར། སྐུ་ཆུང་ངུའི་དུས་ད། གྲགས་པ་བྱང་ཆུབ་ཡིན་ན་སྐུ་ཆུང་ངུའི་དུས་སུ། ཨ་ནི་མཁན་ཆེན་སེང་གེ་རྒྱལ་མཚན་གདན་དྲངས། ཟེར།
  • ནོར་བྲང་ཨོ་རྒྱན།
    གདན་དྲངས་པས། སྨན་བླའི་ཕོ་བྲང་གི་ཐུགས་ནས་ཀ་ནས་འོད་ཟེར་འཕྲོས་པ་སྐུ་ལུས་ལ་ཐིམ་པ་གཟིགས་ནས་ཟེར་ན། ད་ག་ནང་ལྟར་ཟེར་དུས་ཙམ་པ་སྨན་བླའི་ཕོ་བྲང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་དེ་ནི་སྐུ་ལུས་ལ་ཐིམ་པ་གཟིགས་པའི་ཐོག་ནས་དེ་ནི་ལུང་བསྟན་པ་མཛད། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་མཇུག་མ་ཡིན་ན་ད་ག་རང་དཔེར་ན་མགོ་ལ་ཡིན་ན། སྨན་བླའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་ཁྱེད་རང་གི་སྐུ་ལུས་ལ་ཐིམ་པ་དེ་ནི་ལུང་བསྟན་དེ་འདྲས་མཛད་ཟེར།
  • ནོར་བྲང་ཨོ་རྒྱན།
    རྒྱལ་སྲས་གྲགས་པ་རིན་ཆེན་ལ་བརྟག་གཉིས་ཀྱི་ལུང་ཞུས་ཏེ་ཐུགས་སྦྱོང་དང་། སྤྱན་སྔ་གྲགས་པ་ཤེས་རབ་ལ་དགེ་བསྙེན་གྱི་སྡོམ་པ་མནོས་པའི་མཚན་གྲགས་པ་བྱང་ཆུབ་ཏུ་གསོལ། ཟེར། ད་དེ་ནས་རྒྱལ་སྲས་གྲགས་པ་རིན་ཆེན་པ་ལ་བརྟག་གཉིས་ཀྱི་ལུང་ཞུས་ཏེ་ཐུགས་སྦྱོང་གནང་ང་དང་། ད་ག་ནང་ལྟར་སྤྱན་སྔ་གྲགས་པ་ཤེས་རབ་ལ་དེ་ནི་དགེ་བསྙེན་གྱི་སྡོམ་པ་མནོས་ནས། མཚན་གྲགས་པ་བྱང་ཆུབ་ཏུ་གསོལ། ཟེར།
  • ནོར་བྲང་ཨོ་རྒྱན།
    འོང་། གྲགས་པ་བྱང་ཆུབ་ཏུ་གསོལ་ཟེར། འཇམ་དབྱངས་གུ་ཤྲཱི་ཆེན་པོའི་གདུང་རྒྱུད་སྤེལ་བའི་བཀའ་གནང་ཡང་། མ་བཞེད་པར་ཆོས་རྗེ་དཔལ་ལྡན་བླ་མའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ད་དེ་ནས་འཇམ་དབྱངས་གུ་ཤྲཱི་ཆེན་པོ་གུ་ཤྲཱི་ཤཱཀྱ་རྒྱལ་མཚན་གྱི་ཡིན་ནའི་ད་མཇུག་མ་གྲགས་པ་བྱང་ཆུབ་ལ་ཡིན་ན། ཁྱེད་རང་ད་རྦད་དེ་ཕག་གྲུའི་སྲིད་དབང་སྐྱོང་ཡས་ཀྱི་ཐོག་ལ། དེ་ནི་གདུང་རྒྱུད་སྤེལ་ཡས་ཀྱི་ཐོག་ལ་དེ་ནི་བཀའ་དེ་འདྲས་མང་པོ་གནང་བྱས་དེ་འདྲས་རེད་དའི། བཀའ་གནང་བ་ཡིན་ནའི་དེ་ཚོ་རྦད་དེ། གདུང་རྒྱུད་སྤེལ་བའི་དགོངས་པ་ཁྱོན་ནས་མ་བཞེས་པ་དེ།  དེ་ནི་གང་རེད་ཟེར་ན། དཔལ་ལྡན་བླ་མ་དམ་པའི་དྲུང་དུ་དེ་ནི་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པ་དང་། དགེ་སློང་གི་སྡོམ་པ་བཞེས་ནས་ཁོང་རབ་ཏུ་བྱུང་བ་ཁོ་ན་མ་གཏོགས། ཁབ་དེ་འདྲས་བཞེས། གདུང་རྒྱུད་དེ་འདྲས་སྤེལ་ཡས་ཀྱི་དེ་ནི་དམ་ལ་སོགས་དེ་འདྲས་བཞེས་ཡོའོ་མ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནས་དགུང་ལོ་བཅུ་དྲུག་ལྕགས་ཕག་ལོར་གདན་ས་ཆེན་མོའི་གོ་སར་བཞུགས་ནས། ཟབ་རྒྱས་ཆོས་ཀྱི་སྐལ་བཟང་གིས་གདུལ་བྱ་སྨིན་པར་མཛད་ཅིང་ཟེར། ད་དེ་ནས་དགུང་ལོ་བཅུ་དྲུག་པ་ལ་དེ་ནི་ལྕགས་ཕག་ལོ་ལ་གང་ཟེར། གདན་ས་ཆེན་པོ་རྩེད་ཐང་གི གདན་ས་ཐེལ་གྱི་རྦད་དེ་ཆེན་པོའི་ཁྲི་ལ་ཁྲི་གསོལ་གནང་བྱས། བཞུགས་ནས་སྐལ་བཟང་ཟབ་རྒྱས་ཆོས་ཀྱི་གདུལ་བྱ། སྐལ་བཟང་དེ་ནི་གདུལ་ལ་དེ་ནི་གང་ལ་གང་འཚམས་ཀྱི་དེ་ནི་རྦད་དེ་ཆོས་འཁོར་བསྐོར་ཡས་ལ་སོགས་པ། དེ་འདྲས་ཀྱི་དེ་ནི་གདུལ་བྱའི་བསམ་པ་སྨིན་པར་མཛད་པ་དེ་འདྲས་གཅིག་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དགུང་ལོ་བཅུ་དགུ་པ་རབ་བྱུང་དྲུག་པའི་ཤིང་སྟག་སྤྱི་ལོ་༡༣༧༤ལོར་་གུ་ཤྲཱི་ཆེན་པོའི་རྗེས་སུ། གུ་ཤྲཱི་ཆེན་པོའི་རྗེས་སུ་ཕོ་བྲང་སྣེའུ་གདོང་གི་རྩེའི་ཁྲི་ཐོག་ཏུ་བྱོན་ནས། བླ་དཔོན་སྦྲགས་ཏེ་རྒྱལ་སྲིད་ཆོས་བཞིན་དུ་ལོ་ངོ་བརྒྱད་བསྐྱངས་ནས་ཟེར་ན། ད་འདི་ནི་དེ་ནས་དགུང་ལོ་༡༣༧༤ལོར་གུ་ཤྲཱི་ཤཱཀྱ་རིན་ཆེན་དགོངས་པ་རྫོགས་པའི་རྗེས་ལ་དེ་ནི་ག་རེ་བྱས་པ་རེད། ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ཁོང་གིས་དེ་ནི་གྲགས་པ་བྱང་ཆུབ་འོད་ནི་ཕོ་བྲང་སྣེའུ་རྩེའི་གདོང་ལ་དེ་ནི་ཕག་གྲུའི་ཁྲི་ཐོག་ཐོག་ལ་དེ་ནི་མ་ཕེབས་རང་ཕེབས་བྱུང་བྱས། དེ་འདྲའི་ཁྲི་ཐོག་ལ་བྱོན་ནས། བླ་དཔོན་སྦྲགས་ནས་ཕྱོགས་གཅིག་ནས་དཔེར་ན། གདན་ས་ཐེལ་གྱི་ཁྲི་པ་གནང་། གཉིས་ནས་ཡིན་ན་གཅིག་ཕག་གྲུའི་གཅིག་གི་ད་ཁྲི་པ་གནང་ཡས་ལ་སོགས་པ་དེ་འདྲས་ལ། བླ་དཔོན་དེ་ནི་རྒྱལ་སྲིད་ཆོས་བཞིན་དུ་བཞེས་ནས་རེད་པ། རྒྱལ་སྲིད་ཆོས་བཞིན་དུ་བཞེས་ནས་དེ་ནི་ལོ་ངོ་བརྒྱད་བསྐྱངས་པ་རེད། ཟེར། 
  • ནོར་བྲང་ཨོ་རྒྱན།
    ལོ་ངོ་བརྒྱད་དེ་ནི་ཆབ་སྲིད་དེ་འདྲས་བྱས། དགུང་ལོ་ཉེར་དྲུག་པ་རབ་བྱུང་དྲུག་པའི་ལྕགས་བྱ་༡༣༨༡ལོར་བསོད་ནམས་གྲགས་པ་སྣེའུ་གདོང་གི་ཁྲི་སར་མངའ་གསོལ་ནས། གདན་ས་ཐེལ་དུ་བཞུགས། འོང་དགུང་ལོ་བརྒྱད་བསྐྱངས། དེ་ནས་ད་ལྟ་དགུང་ལོ་སྨིན་པ་དེ་འདྲས་གའི་མ་རེད་དའི། ཡིན་ནའི་དེ་ནི་དེའི་མཇུག་ལ་དེ་ནི་རང་གི་དེ་ནི་བསོད་ནམས་གྲགས་པ་དེ་ནི་སྣེའུ་གདོང་གི་ཁྲི་ལ་མངའ་གསོལ་ནས། ཁྲི་ལ་བཞུགས་སུ་བཅུག་ཟེར།
  • ནོར་བྲང་ཨོ་རྒྱན།
    ཁྲི་ལ་བཞུགས་སུ་བཅུག་པ་དང་ཁོང་རང་ཡིན་ནའི་ཚོགས་པ་ཡིན་ན་ལོ་བཅུ་དྲུག་བསྐྱངས་བ་དེ་འདྲས་གཅིག་ཡིན་ཟེར། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཙོང་ཁ་བ་ཆེན་པོ་ཡང་སྤྱན་སྔ་བ་གྲགས་པ་བྱང་ཆུབ་འདི་ཉིད་ཀྱི་ཞབས་ལ་གཏུགས་ནས། མི་འཕྲོག་པའི་དད་པ་ཚད་མེད་པ་འཁྲུངས་ཏེ་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ད། ཙོང་ཁ་པ་ཆེན་པོ་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ། རྒྱལ་བ་དེ་ཡིན་ན་བདག་ཅག་གི་སྟོན་པ་རེད་པ། དེའི་དེ་ནི་ད་དབྱེར་མ་མཆིས་པ་ཙོང་ཁ་བ་ཆེན་པོ་ཡང་དེ་ནི། སྤྱན་སྔ་གྲགས་པ་བྱང་ཆུབ་སྟེ། དེ་ཉིད་ཀྱི་ཞབས་ལ་གཏུགས་ནས། ཁོང་གིས་སྤྱན་སྔ་པ་གྲགས་པ་བྱང་ཆུབ་ཀྱི་ཞབས་ལ་གཏུགས་ནས། མི་འཕྲོག་པའི་དད་པ། སུས་ཀྱང་མི་འཕྲོག་པའི་དད་པ་ཚད་མེད་པ་འཁྲུངས་ནས། མཁས་དབང་དཎྜཱིའི་གཞུང་ལུགས་ལས་དྲངས་པའི། རྟོགས་བརྗོད་དཔག་བསམ་ལྷུན་པོར་གྲགས་པ་ཟེར་མཁན་འདི།
  • ནོར་བྲང་ཨོ་རྒྱན།
    ད་མཁས་དབང་དཎྜཱིའི་གཞུང་ལས་དྲངས་པ། ད་སྙན་ངག་གི་གཞུང་ལས་དྲངས་ནས། གང་འདྲས་གཅིག་གནང་བ་རེད་ཟེར་ན། རྟོགས་བརྗོད་དེ་ནི་སྤྱན་སྔ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་བརྗོད་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ། གསུངས་ཡས་དེ་འདྲས་ཀྱི་དཔེར་ན། ལེགས་པར་བཤད་པའི་དེ་ནི་རྩོམ་པར་གནང་བ། རྩོམ་པར་གནང་བ་དེ་དེ་ནི་སྐད་གྲགས་ཆེན་པོ་ཡིན་པ་དང་། རྩོམ་པ་དེ་ནི་བསམ་གྱིས་མི་ཁྱབ་པ་སྙན་པོ་ཡོད་པ་དང་། ཐ་ན་གོ་རྒྱུ་ཆེན་པོ་ཡོད་པ་དང་། ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་དང་། རྩོམ་རྩལ་ཡིན་ནའི་ཁྱད་དུ་འཕགས་པ། བསམ་གྱིས་མི་ཁྱབ་པ་དེ་འདྲས་གཅིག་རེད།
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་། ཙོང་ཁ་བ་ཆེན་པོའི་བཀའ་འབུམ་ཁ་པའམ་བཀའ་འབུམ་ཐོར་བུའི་ཁོངས་སུ་བཞུགས་ཟེར། ད་དེ་ཙོང་ཁ་བ་ཆེན་པོས་སྤྱན་སྔ་བ་བྱང་ཆུབ་གྲགས་པ་འབྱུང་གནས་ལ་བཀའ་རྩོམ་གནང་བ་དེ་ནི་རྦད་དེ། བཀའ་རྩོམ་དེ་ཡིན་ནའི་རྦད་དེ། རྟོགས་བརྗོད་དེ་ཡིན་ན་བཀའ་འབུམ། ཙོང་ཁ་བ་ཆེན་པོའི་བཀའ་འབུམ་ཁ་པའམ་བཀའ་འབུམ་ཐོར་བུའི་ཁོངས་སུ་བཞུགས་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    སྤྱན་སྔ་གྲགས་པ་བྱང་ཆུབ་ཡང་རྒྱལ་བ་ཙོང་ཁ་བ་ཆེན་པོའི་རྨད་དུ་བྱུང་བའི་མཁྱེན་རབ་ཀྱིས་གསུང་རབ་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་བྱོན་པ་གཟིགས་ནས་བསྔགས་པ་རྒྱ་ཆེར་མཛད་པ་བཅས་ཟེར། སྤྱན་སྔ་རིན་པོ་ཆེ་གྲགས་པ་བྱང་ཆུབ་འོད་ཀྱི་ཐུགས་ལ་ཡིན་ནའི་དེ་ནི་རྒྱལ་བ་ཙོང་ཁ་བ་ཆེན་པོ་དེ། དེ་ཡིན་ན་ཙོང་ཁ་བ་ཆེན་པོའི་རྨད་དུ་བྱུང་བ་མཁྱེན་རབ་ཀྱི་གསུང་རབ་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་བྱོན་པ་གཟིགས་ནས་དེ་ནི་བསྔགས་པ་རྣམས་དེ་ནི་བསམ་གྱིས་མི་ཁྱབ་པ་མཛད་ནས། མཐར་ད་ག་རེ་བྱས་པ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    དགུང་ལོ་སོ་གཅིག་པ་རབ་བྱུང་དྲུག་པའི་མེ་སྟག་༡༣༨༦ལོར་སྐུ་གཤེགས་པ་དེ་འདྲས། དེ་འདྲས་རེད་ཟེར། སྤྱན་སྔ་གྲགས་པ་བྱང་ཆུབ་དེ་ནི་སྐུ་གཤེགས་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་སྐབས་དེ་དུས་དེ་ནི་དེ་བསྟུན་ནས་དེ་ནི། ཙོང་ཁ་བ་ཆེན་པོའི་དེ་ནི་ད་དེ་གཅིག་གང་ཟེར། ལོ་རྒྱུས་ཏོག་ཙམ་ཞུས་ན། དེ་འདྲས་གཅིག་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཙོང་ཁ་ཆེན་པོ་ཡིན་ན་ད་དེ་འདྲས་རེད། ཟེར། ད་གང་ཟེར། 
  • ནོར་བྲང་ཨོ་རྒྱན།
    རྗེ་ཙོང་ཁ་བ་ཆེན་པོ། ཙོང་ཁ་བ་ཆེན་པོའི་རྣམ་ཐར་མདོར་བསྡུས་གཅིག་ཞུས་པ་ཡིན་ན། དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    རི་བོ་དགེ་ལུགས་པའི་གསར་གཏོད་མཛད་པ་་པོ་རྗེ་ཙོང་ཁ་པ་ནི། རྗེ་ཙོང་ཁ་པ་ཆེན་པོ་ད་བོད་ལ་ཆ་བཞག་ན་ད། གྲུབ་མཐའ་ཡིན་ན་ཆེན་པོ་མང་པོ་ཡོད་དུས་ཙམ་པ། དེའི་ནང་ནས་དཔལ་མཉམ་མེད་རི་བོ་དགེ་ལུགས་པའི་དེ་ནི། གྲུབ་མཐའ་གསར་གཏོད་གནང་མཁན་དེ་རྗེ་བློ་བཟང་གྲགས་པའི་དཔལ་ཡིན། ཟེར།
  • ནོར་བྲང་ཨོ་རྒྱན།
    ཁོང་ཡིན་ན་ག་ནས་རེད། ཟེར་ན། མདོ་སྨད་ཀྱི་སའི་ཆ་ཤར་ཙོང་ཁ་བ་ཆེན་པོའི་ཡུལ་དུ། མལ་གྱི་རིགས་ལས་བྱུང་བའི་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ལས་སྲས་དྲུག་མངའ་བ་དེ་ནི་དེ་འདྲས་ཀྱི་དཔེར་ན། ཀླུ་འབུམ། དར་ར་ཁ་ཆེ། ཡུམ་ཤིང་བཟང་ལྷ་མོ་ཨ་ཆོས་གཉིས་ལ་དེ་ནི་སྲས་དྲུག་ཡོད་པའི་དེ་ནི་སྲས་བཞི་པོ་ལ། ༡༣༥༦ལོར་བོད་རབ་བྱུང་དྲུག་པའི་མེ་བྱ་ལོར་ངོ་མཚར་ལྟས་དང་བཅས་ཏེ་སྐུ་བལྟམས་པ་རེད། ཟེར། མེ་བྱ་ལོར་སྐུ་བལྟམས་པ་དེ་འདྲ་གཅིག་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    འོང་། དགུང་ལོ་གསུམ་པ་ལ་ཆོས་རྗེ་ཀརྨ་པ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་པ་མཚན་ཀུན་དགའ་སྙིང་པོ་བྱ་བ་ཞེས་གསོལ། ད་དེ་ནས་དགུང་ལོ་གསུམ་པ་ལ་ཡིན་ན། ཆོས་རྗེ་པ་ཀརྨ་རོལ་པའི་རྡོ་རྗེ་ལས། དེ་ནི་དགེ་བསྙེན་གྱི་སྡོམ་པ་བཞེས་པས་མཚན་ཀུན་དགའ་སྙིང་པོ་བྱ་བ་ཞེས་དེ་འདྲས་ཡིན་ན། ཞུས་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེའི་རྗེས་ལ་ཡབ་ཀྱིས་ཆོས་རྗེ་དོན་གྲུབ་རིན་ཆེན་ཁྱིམ་དུ་གདན་འདྲེན་པའི་སྐབས། ཡབ་ཀྱིས་ཆོས་རྗེ་དོན་གྲུབ་རིན་ཆེན་ཁྱིམ་དུ་གདན་དྲངས་པའི་སྐབས། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཡབ་ལ་རྟ་དང་ལུག་ལ་སོགས་པ། ཟང་ཟིང་ནོར་གྱི་སྦྱིན་པ་དཔག་ཏུ་མེད་པ་བྱིན་ནས། དེ་འདྲས་ཀྱི་བྱས། དེ་ནི་དགུང་ལོ་གསུམ་པའི། དེའི་མཇུག་ལ་དེ་ནི་ཡབ་ཀྱིས་དེ་ནི་ཆོས་རྗེ་རིན་ཆེན་དོན་གྲུབ། ཆོས་རྗེ་དོན་གྲུབ་རིན་ཆེན་ཉིད་དེ་ནི། ཁོང་རང་གི་ཡབ་ཀྱི་ཁྱིམ་ལ་གདན་དྲངས་པའི་སྐབས། དེ་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས། དེ་ནི་ཡབ་ལ་རྟ་དང་ལུག་ལ་སོགས་པ་དེ་ནི་ཟང་ཟིང་གི་གནང་སྦྱིན་དཔག་ཏུ་མེད་པ་མཛད་ནས། ད་དེ་འདྲས་ཀྱི་དཔེར་ན་རྟ་ནོར་ར་ལུག་ལ་སོགས་པ་དེ་འདྲས། ཟང་ཟིང་གི་དངོས་པོ་བསམ་གྱིས་མི་ཁྱབ་པ་གནང་གནས།
  • ནོར་བྲང་ཨོ་རྒྱན།
    ཁྱོད་ཀྱི་བུ་དེ་ང་ལ་་ཕུལ་གཅིག་བྱས་ནས། བཀའ་གནང་བ་རེད་ཟེར། དེ་དུས་ཙམ་པ་དེ་ནི་ཡབ་ཀྱིས་ཀྱང་། དེ་ནི་སྤྲོ་བ་དང་བཅས་པའི་ཐོག་ནས། ཕུལ་བ་ལྟར་དེ་ནི་དགུང་ལོ་བདུན་ལ་ཉེ་བའི་ཚེ། ཆོས་རྗེ། དགུང་ལོ་བདུན་ལ་ཉེ་བའི་ཁ་གཏུག་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་དྲུང་དུ་དེ་ནི་རྒྱལ་བ་ཙོང་ཁ་པ་ཆེན་པོ། ཕེབས་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཆོས་རྗེས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་མའི་དབང་བསྐུར། གསང་མཚན་ནི། དོན་ཡོད་རྡོ་རྗེ་ཞེས་བྱ་བ། དེ་འདྲས་ཀྱི་དེ་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་དེ་ནི། གསང་སྔགས་དུ་མའི་དབང་བསྐུར། གསང་མཚན་ལ་དེ་ནི་དོན་ཡོད་རྡོ་རྗེ་ཞུས་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དགུང་ལོ་བདུན་པའི་སྐབས་ཆོས་རྗེ་དོན་གྲུབ་རིན་ཆེན་པས་མཁན་པོ་དང་། གཞོན་ནུ་བྱང་ཆུབ་ཀྱིས་སློབ་དཔོན་མཛད་དེ། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་དུ་བློ་བཟང་གྲགས་པའི་དཔལ་་ཞེས་བྱ་བ་གསོལ་དུ་ཟེར། དགུང་ལོ་བདུན་པའི་སྐབས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་མཁན་པོ་དང་། དེ་ནི་གཞོན་ནུ་བྱང་ཆུབ་ཀྱིས་སློབ་དཔོན་མཛད་དེ། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་དུ། དེ་ནི་བློ་བཟང་གྲགས་པའི་དཔལ་བྱས་ནས། ཞུས་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཆོས་རྗེ་དོན་གྲུབ་རིན་ཆེན་པས་རྗེ་བདག་ཉིད་ཆེན་པོ་བསྟན་པ་རིན་པོ་ཆེའི་བདག་པོར་འགྱུར་པའི་ཐུགས་རེས་སྐུ་བྱིས་པའི་དུས་ནས་བསྐྱེད་བསྲིང་བ་དང་། འཇམ་དཔལ་དབྱངས་དང་དབྱངས་ཅན་མ་ལ་སོགས་པའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་དུ་མ་མཛད་པར་གསོལ་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་དེ་ནི་རྦད་དེ་རྗེ་བདག་ཉིད་ཆེན་པོ་རྗེ་ཙོང་ཁ་བ་ཆེན་པོ་འདི་ཉིད་དེ། དེ་ནི་རྒྱལ་བའི་བསྟན་པ་རིན་པོའི་ཆེའི་བདག་པོར་འགྱུར་པའི་ཐུགས་རེས་སྐུ་བྱིས་པའི་དུས་ནས་དེ་ནི་བསྐྱེད་བསྲིངས་གནང་བ་དང་། དེ་ནི་ཐབས་དུ་མས་དཔེར་ན། གསོ་སྐྱོང་གནང་བ་དང་ད་ག་ནང་ལྟར། དེ་ནི་འཇམ་དཔལ་དབྱངས་དང་དབྱངས་ཅན་མ་ལ་སོགས་པ་དེ་འདྲས་ཀྱི་དཔེར་ན། ཤེས་རབ་འཕེལ་བའི་ཐབས་དུ་མ་དེ་ནི་མཛད་པ་ལ་སོགས་པའི།
  • ནོར་བྲང་ཨོ་རྒྱན།
    ཇི་ལྟར་དེ་ནི་སྨན་གྱི་ལྗོན་ཤིང་ཆེན་པོ་མངོན་པར་འགྲུབ་པའི་མྱུ་གུ་ལྟར་ལེགས་པར་བསྐྱངས་ཤིང་། ད་དེ་འདྲས། སྨན་གྱི་མྱུ་གུ་ནང་ལྟར་གྱི་ཐོག་ནས་ཡར་མངོན་པར་བསྐྱེད་་ཡས་ཐོག་ལ་ལེགས་པར་བསྐྱངས་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཕྱིས་དབུས་གཙང་དུ་འབྱོན་པའི་རྫོང་བདའ་དང་། དོ་དམ་སོགས་ཀྱང་ཤིན་ཏུ་ཆེ་བར་མཛད་པའི་བཀའ་དྲིན་ལྷག་པར་ཆེ་བ་ཡིན་ཟེར། ཕྱིས་དབུས་གཙང་ཡར་ཕེབས་ཡས་ཀྱི་རྫོངས་མདའ་དང་། ད་ག་ནང་ལྟར་དོ་དམ་སོགས་བཀའ་དྲིན་ཆེ་བར་མཛད་པའི་དེ་ནི། ལྷག་པར་ཏུ་དེ་ནི་རྗེ་ཙོང་ཁ་པ་ཆེན་པོ་བདག་ཉིད་ལ་བཤད་ན། སྤྱིར་བོད་ཁམས་ཡོངས་དང་། གཉིས་ནས་རྗེ་ཙོང་ཁ་པ་ཆེ་པོ་རང་ཉིད་རང་ལ་ཆ་བཞག་ན། ཆོས་རྗེ་དོན་གྲུབ་རིན་ཆེན་ནི་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོ་དེ་འདྲས་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    ཡིན་ཞེས་ཁོང་རང་གིས་གསུངས་འདུག་ཟེར། གསུང་བ་ཙམ་མ་ཟད་པའི་དེ་ནི་ཁོང་ཆོས་རྗེ་དོན་གྲུབ་རིན་ཆེན་སྐུ་མྱ་ངན་ལས་འདས་པའི་རྗེས་ལ་ཡིན་ན། དེ་ནི་ཁོང་གིས་དུས་མཆོད་ཡིན་ན་མ་ཆག་པ་དེ་འདྲས་བཙུགས་པ་གནང་བ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནས་དགུང་ལོ་བཅུ་དྲུག་པ་༡༣༧༢ལོར་ཆུ་བྱི་ལོར་དབུས་གཙང་ཕྱོགས་སུ་འབྱོན་པར་བརྩམ་པས་ཟེར། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཟེར། ཇི་ལྟར་བགྱི་བའི་རིམ་པ་ཞལ་གདམས་ཀྱི་ཚིགས་སུ་བཅད་པའི་སྒོ་ནས་འདོམས་པར་མཛད། ད་དེ་ནས་དགུང་ལོ་བཅུ་དྲུག་པ་ལ་ཡར། དབུས་གཙང་ལ་ཆིབས་གནང་ཡས་ཀྱི་དགོངས་པ་ཚོར་བའི་ཁ་གཏུག་ལ་ཆ་བཞག་ན། དེ་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་དེ་ནི་དེ་ཚོའི་བཀའ་མངགས་དེ་ཚོ་ཡིན་ནའི། རྦད་དེ་བསམ་གྱིས་མི་ཁྱབ་པ། ཟབ་ཞིང་རྒྱས་པ་དེ་འདྲས་ཡིན་ན་གསུངས་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དགུང་ལོ་བཅུ་བདུན་པ་སྤྱི་ལོ་༡༣༧༣ལོར་ཆོས་རྗེ་དེ་ཉིད་ནས་དངོས་པོའི་མཐུན་རྐྱེན་སྦྱར་ཏེ། འབྲི་གུང་པའི་བུ་དཔོན་ལྡན་མ་རིན་ཆེན་དཔལ་གྱིས་ཤར་ཙོང་ཁའི་ཡུལ་ནས་དབུས་གཙང་དུ་གདན་དྲངས་ཏེ། སྟོན་དུས་འབྲི་གུང་མཐིལ་དུ་ཕྱག་ཕེབས། འབྲི་གུང་གི་སྤྱན་སྔ་ཆོས་ཀྱི་གྲགས་པ་དང་མཇལ་ཏེ་ཟབ་ཆོས་མང་དུ་གསན་པ་དང་། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་ནས་༡༣༧༣ལོར། དགུང་ལོ་བཅུ་བདུན་པ་ལ་རྦད་དེ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་དེ་ནི་རྦད་དེ་མཐུན་རྐྱེན་སྦྱར་ནས། དངོས་པོའི་མཐུན་རྐྱེན་སྦྱར་ནས་འབྲི་གུང་པའི་དེ་ནི་བུ་དཔོན་ལྡན་མ་རིན་ཆེན་དཔལ་གྱིས་གཙོས་པའི་དེ་ནི། རིན་ཆེན་དཔལ་གྱིས་དེ་ནི་ཤར་ཙོང་ཁའི་ཡུལ་ནས། དེ་ནི་རྗེ་བདག་ཉིད་ཆེན་པོ་དེ་དབུས་གཙང་དུ་གདན་དྲངས་ཏེ། དེ་འདྲས་བྱས་པ་རེད། ཟེར། དེ་ནི་གདན་དྲངས་ཏེ། དེ་ནི་སྟོན་དུས་འབྲི་གུང་མཐིལ་དུ་ཕྱག་ཕེབས། འབྲི་གུང་ལ་ཕྱགས་ཕེབས་པའི་གཞུག་གུར་དེ་ནི་སྤྱན་སྔ་ཆོས་ཀྱི་གྲགས་པ་དང་། མཇལ་ཏེ་ཟབ་ཆོས་མང་དུ་གསན་པ་དང་། 
  • ནོར་བྲང་ཨོ་རྒྱན།
    ཆོས་ཀྱི་སྨན་པ་དཀོན་མཆོག་སྐྱབས་ལ་གསོ་དཔྱད་གསན་ཅིང་རྒྱུད་བཞི་ཐུགས་འཛིན་གནང་། སྙེ་ཐང་བདེ་བ་ཅན་དུ་མཁན་པོ་བཀྲ་ཤིས་སེང་གེ་དང་། ཡེ་ཤེས་སེང་གེ་གཉིས་ལ་ཆོས་འབྲེལ་གསན། ད་དེ་ནས་མཚལ་གྱི་སྨན་པ་དཀོན་མཆོག་སྐྱབས་དང་། གསོ་དཔྱད་ཀྱི་རྒྱུད་བཞི་ཐུགས་འཛིན་གནང་། སྙེ་ཐང་བདེ་བ་ཅན་དུ་མཁན་པོ་བཀྲ་ཤིས་སེང་གེ་དང་། ཡེ་ཤེས་སེང་གེ་གཉིས་ལ་ཆོས་འབྲེལ་གསན་ཟེར།
  • ནོར་བྲང་ཨོ་རྒྱན།
    བདེ་བ་ཅན་གྱི་བླ་མ་འཇམ་རིན་པར་བྱམས་ཆོས་གསན་ཞིང་ཐུགས་སུ་ཆུད་ཟེར། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། མཁན་ཆེན་རིན་པོ་ཆེ་རྣམ་རྒྱལ། པཎ་ཆེན་མ་ཏི་པ་རྣམས་ལ་འཇམ་དབྱངས་དང་བདེ་མཆོག་སོགས་འགའ་ཞིག་དང་། ས་བཟང་བའི་དྲུང་དུ་ཆོས་བཀའ་དང་སྒྲ། བརྡ་དག ད་ག་ནང་ལྟར་དེ་ནི་བུ་སྟོན་ཕྱོགས་ལས་རྣམ་རྒྱལ་གྱི་དྲུང་ནས་སྦྱོར་བ་ཡན་ལག་དྲུག་པ། སྣར་ཐང་ལོ་ཙཱ་བ་དོན་ཡོད་བཟང་པོ་ལ་སོགས་ལས་མཛོད་དང་། ཚད་མའི་ཌིཀྐ་སོགས་གསན་ཅིང་ཟེར།
  • ནོར་བྲང་ཨོ་རྒྱན།
    གཉགས་དབོན་ཀུན་དགའ་དཔལ་ལས་ཕར་ཕྱིན། རེད་མདའ་བ་གཞོན་ནུ་བློ་གྲོས་ལས་མཛོད་རང་འགྲེལ། དབུ་ཚད། སྔགས་སོགས་ཇི་སྙེད་གསན་ཅིང་བླ་མའི་གཙོ་བོར་འཛིན་ཟེར། ད་དེ་ནས་རེད་མདའ་བ་གཞོན་ནུ་བློ་གྲོས་ཟེར་མཁན་དེ་ད་བླ་མའི་གཙོ་བོར་འཛིན་པ་གནང་ང་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ལོ་ཆེན་བྱང་ཆུབ་རྩེ་མོ་ལ་མངོན་པ་ཀུན་བཏུས། སྐྱོར་ལུང་མཁན་པོ་བློ་གསལ་བ་ལ་འདུལ་མཛོད། ལོ་ཙཱ་བ་ནམ་མཁའ་བཟང་པོ་ལ་སྙན་ངག་མེ་ལོང་ལ་བཤད་རྒྱུགས། རྗེ་བཙུན་པ་ལ་དབུ་ཚད་དང་། མངོན་པ་སོགས་གསན་ཅིང་། ས་སྐྱ། རྩེད་ཐང་། ལ་སྟེང་། སྣར་ཐང་སོགས་སུ་གྲྭ་བསྐོར་མཛད་པ་སོགས་རྒྱུའི་ཐེག་པ་མཐའ་དག སྣར་ཐང་ལ་སོགས་པ་དེ་ནི་དེ་འདྲས་ལ་གྲྭ་བསྐོར་མཛད་ནས། དེ་ནི་རྒྱུའི་ཐེག་པའི་མཐའ་དག་ལ་མཁས་པའི་རྩེ་མོར་སོན་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དགུང་ལོ་ཉི་ཤུ་ལྷག་ཙམ་ལ་ཕེབས་སྐབས། དེ་ནི་ཡར་ཀླུང་དུ་རྣམ་རྒྱལ་སྒང་དུ་ཁ་ཆེ་པཎ་ཆེན་སྡོམ་རྒྱུད་འཛིན་པ་བཀའ་བཞི་པ་ཚུལ་ཁྲིམས་རིན་ཆེན་གྱིས་མཁན་པོ་དང་། བྱེ་རྫིང་ཚོགས་པའི་མཁན་པོ་ཤར་དཔོན་མགོན་པས་སློབ་དཔོན། བྱེ་རྫིང་པའི་དབུ་མཛད་བསོད་ནམས་རྡོ་རྗེ་གསང་སྟོན་མཛད་དེ། ཚིགས་ཕྱི་མ་བསྙེན་པར་རྫོགས་པ་དེ་ནས། དར་ཡུལ་བ་ལ་གསང་སྔགས་རྙིང་མའི་སྐོར་གྱི་སློབ་དཔོན་ཆེན་པོའི་སྙིང་གཏམ་ཤོག་དྲིལ་མ་སོགས། ཤོག་གསེར་དང་། ཚེ་སྒྲུབ། ད་ག་ནང་ལྟར་དེ་ནི་རྟ་མགྲིན་དབང་སོགས་གསན་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    གདན་ས་ཐེལ་སྤྱན་སྔ་ཆོས་གྲགས་པར་ནཱ་རོ་ཆོས་དྲུག་སོགས་དང་སྒྲ་གསན་ཟེར། ལྷ་བླ་མ་ཡེ་ཤེས་རྒྱལ་མཚན་ལ་དུས་འཁོར་རྩ་བ་འགྲེལ་ཆེན་སོགས་ཞིབ་པར་གསན་ཅིང་། རྒྱུ་མཚན་གྱིས་སྐར་རྩིས་ལ་ཡང་མཁས་པར་མཛད། ཟེར།
  • ནོར་བྲང་ཨོ་རྒྱན།
    བླ་མ་ད་ག་ནང་ལྟར་བླ་མ་དེ་བདེ་ཆེན་ཆོས་དཔལ་ལས་དུས་འཁོར་དང་རྡོ་རྗེ་འཕྲེང་བའི་དབང་ལུང་མཛུབ་ཁྲིད་གར་ཐིག་དབྱངས་སོགས་དང་། གར་དང་ཐིག་དང་དབྱངས་ལ་སོགས་པ་དེ་ཚོ་དང་རྡོ་རྗེ་སྙིང་པོའི་འགྲེལ། གསང་འདུས་ལུགས་གཉིས། བུ་སྟོན་ཡིག་ཆ་སོགས་དུ་མ་གསན་ཟེར།
  • ནོར་བྲང་ཨོ་རྒྱན།
    ཁྱུང་པོ་ལྷས་པ་ལ་ཡོ་གའི་སྐོར་གྱིས་ཐོག་དྲངས་རྒྱུད་སྡེ་འོག་མ་རྣམས་ཀྱི་བཀའ་དང་། དབང་གི་ཆུ་བོ་རྒྱུན་མ་ཆད་པར་ཡོད་པ་རྣམས་བུམ་པ་གང་བྱོའོ་ཚུལ་གྱིས་བཞེས། ཟེར། སྡེ་སྣོད་འཛིན་པ་རྒྱལ་མཚན་གྲགས་པར་ཡོ་གའི་གར་དབྱངས་དག་ཐེར་མཛད། གྲུབ་ཆེན་དཔའ་བོ་རྡོ་རྗེའམ་བླ་མ་དབུ་མ་པས་ལོ་ཙཱ་མཛད་ནས། དབུ་མའི་ལྟ་བ་སྔགས་མཚན་ཉིད་ཀྱི་ཁྱད་པར་སྔགས་བླ་མེད་ལམ་གྱི་གནད་དང་རིམ་པ་ལྔའི་གོ་རིམ་དྲང་ངེས་སོགས་དྲི་དོགས་ལེགས་པར་གཅོད་པ་གནང་།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་ཀྱི་དཔེར་ན་གསན་བསམ་གནང་ཡིན་ན་རྒྱ་ཆེན་པོ་གནང་། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ་སྙན་རྒྱུད་དང་ལམ་རིམ་གྱི་ཁྲིད་སོགས་མང་དུ་གསན། སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་རྒྱལ་པོར་ནཱ་རོའི་ཆོས་དྲུག་གསན་པ་བཅས་འབྲས་བུའི་ཐེག་པ་མཐའ་དག་ལ་མཁས་པར་མཛད་ཅིང་། མདུན་ལ་ཡིན་ན་དེ་ནི་རྒྱུད་ཐེག་པ་མཐའ་དག་ལས་མཁས་པ། དེ་ནི་ཕྱིས་དེ་ནི་འབྲས་བུའི་ཐེག་པ་མཐའ་དག་ལ་མཁས་པར་མཛད་ཅིང་ཟེར།
  • ནོར་བྲང་ཨོ་རྒྱན།
    མདོར་ན་བཤེས་གཉེན་བཅུ་ཕྲག་བཞི་སྐོར་བསྟེན་ཅིང་གདུལ་བྱ་མང་པོ་ལ་སྨིན་གྲོལ་གྱི་དབང་ལུང་རྒྱུད་བཤད་སྡོམ་འབོག་སོགས་བསྟན་པའི་བྱ་བ་རྒྱ་ཆེར་མཛད། ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་ད་དེ་འདྲས་ཀྱི་དཔེར་ན། ད་གང་ཞུ་དགོས་རེད། རྦད་དེ་གང་ཟེར་དགོས་རེད། གསན་བསམ་དེ་འདྲས་བསམ་གྱིས་མི་ཁྱབ་པ་དེ་འདྲས་གནང་། བསམ་གྱིས་མི་ཁྱབ་པ་དེ་འདྲ་གནང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ཡང་དེ་ནི་རྣམ་ཐར་ཐུབ་བསྟན་རྒྱན་གཅིག་ནང་དུ་དེ་ནི་ཞིབ་ཏུ་གསལ་བ་ལྟར་ན་ཟེར། དགུང་ལོ་སོ་གཉིས་ལ་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྣམ་བཤད་ཆེན་མོ་ལེགས་བཤད་གསེར་གྱི་ཕྲེང་བ་ཟེར་མཁན་དེ་བཀའ་རྩོམ་མཛད། བཀའ་རྩོམ་གནང་བ་ལ་ཆ་བཞག་ན། དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཕྱག་དཔེ་ཐུགས་འཛིན་གྱི་ཐད་ལ་ཆ་བཞག་ན་དེ་ནི་ད། རྗེ་ཙོང་ཁ་པ་ཆེན་པོ་དེ་ཡིན་ན་གང་འདྲས་རེད་ཟེར་ན། 
  • ནོར་བྲང་ཨོ་རྒྱན།
    འདིས་ཉི་མ་རི་རྩེར་ཤར་བ་ནས་ཚལ་དབུས་གླིང་གི་གཙུག་ལག་ཁང་གི་གསེར་ཏོག་གི་རྩེ་ལ་ཉི་མ་ཤར་བ་དང་། དུས་མཉམ་དུ་ཟེར་ན། ད་རྦད་དེ་ཕྱག་དཔེ་ཐུགས་འཛིན་ངོས་ལ་ཆ་བཞག་ན། རི་རྩེ་ལ་ཉི་མ་ཤར་བ་དང་། ད་ག་ནང་ལྟར་ཚལ་གྱི་དབུས་གླིང་གི་གཙུག་ལག་ཁང་གི་གསེར་ཏོག་གི་རྩེ་ལ་ཉི་མ་ཤར་བ་དང་དུས་ཉམ་དུ། སྔར་གཟིགས་མ་མྱོང་བའི་དེ་ནི་ཕྱག་དཔེ་ཡིན་ན། མདའ་ཚད་མ་དེ་ནི་ཕྲེང་དགུ་མ་ཞིག མདའ་ཚད་མ་ཡིན་པ་ལ་ཡིག་ཕྲེང་དགུ་བྱས་པ། དེ་འདྲས་ཡིན་ན་ཤོག་གུ་བཞི་ཤིན་ཏུ་དག་པར་ཐུགས་ལ་ཆུད་པར་གྲགས། ཟེར།
  • ནོར་བྲང་ཨོ་རྒྱན།
    ཞེས་གསུངས་པ་དང་དེ་བཞིན་དུ་སྐལ་ལྡན་གདུལ་བྱ་མང་པོ་བློ་དག་འཚམ་པའི་དབང་ལུང་མན་ངག་གིས་རྒྱུད་སྨིན་པར་མཛད་ཅིང་། ལྷག་པར་ཡང་རྗེ་དེ་ཉིད་དགུང་ལོ་སོ་ལྔ་པའི་སྐབས་ཤིག་མོན་བཀྲ་ཤིས་གདོང་དུ་བཞུགས་པའི་ནུབ་མོ་ཞིག བཞུགས་མལ་ལ་བཞུགས་ནས་བོད་ཀྱི་མཁས་གྲུབ་རྣམས་ཀྱི་རྣམ་པར་ཐར་པ་ཅི་རིགས་པ་གསུངས་པ་ལས་འཕྲོས་ནས་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་སྐབས་དེ་དུས་ད་བཞུགས་མལ་སོ་སོའི་གཟིམ་ཤག་ལ་བཞུགས་པའི་ཁ་གཏུག་ལ་དེ་ནི་བཀའ་མོལ་གནང་དུས་ཙམ་པ། དེ་ནི་སྔར་བཀའ་བཞི་ཤེར་སེང་གིས་ཆོས་ཐོག་གཅིག་ལ་པོ་ཏི་བཅུ་གཅིག་གསུངས་འདུག དུས་ཕྱིས་བོད་དུ་པོ་ཏི་དུས་གཅིག་ཏུ་གསུངས་པ་ལ་དེ་མང་ཤོས་སུ་བྱུང་འདུག་ཅེས་གསུངས་པར། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་སྐབས་དེ་དུས་འོང་། སྔར་དེ་ནི་བཀའ་བཞི་པ་ཤེར་སང་གིས་ཆོས་ཐོག་གཅིག་ལ་པོ་ཏི་བཅུ་གཅིག་གསུངས་འདུག ཟེར། དུས་ཕྱིས་ད་བོད་དུ་པོ་ཏི་དུས་གཅིག་དུ་གསུངས་པ་དེ་མང་ཤོས་སུ་བྱུང་འདུག་བྱས་ནས་དེ། གསུངས་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    བཀའ་མོལ་གནང་དུས་ཙམ་པ་དེ་ནི་ཁོང་གི་སྐུ་འགྲམ་ལ་ཡོད་པའི་དགེ་བཤེས་ཤ་སྟོན་ལ་སོགས་པས། འོ་ན་འདི་ནས། འདི་ནས་ཀྱང་འདི་ཙམ་ཞིག་འཆད་ཐུབ་པ་འདྲ་གསུངས་པར། འོ་ན་དེ་ནས་ཀྱང་། ཙོང་ཁ་པ་ཆེན་པོ་ཡིན་ན་དེ་ནས་དེ་འདྲ་བ་གཅིག་གསུངས་རོགས་གནང་ཞུས་པས། ད་ངས་རྩོལ་བ་བྱས་ན་ད་དེ་ཙམ་ཞིག་བྱེད་ཐུབ་པར་འདྲ་གསུངས་པར། ད་དེ་འདྲས་ཀྱི་ངས་འབད་བརྩོན་བྱས་ན་དེ་རང་ད་ངས་བཤད་ཐུབ་པ་འདུག་བྱས་ནས། དེ་འདྲས་བཀའ་གནང་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ན་ཅི་ནས་ཀྱང་གསུངས་འཚལ་ཞེས་ནན་གྱིས་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ནས། ཟླ་བ་དེའི་ཚེས་བཅུ་ནས་གནམ་གང་བར་སྐུ་མཚམས་བཅད་ནས་ཕྱག་དཔེ་གཟིགས་རྟོགས་མཛད། ཟླ་བ་དེའི་ཚེས་པ་བཅུ་ནས་གནམ་གང་བར་ལ་སྐུ་མཚམས་བཅད་ནས་ཕྱག་དཔེ་གཟིགས་རྟོགས་མཛད། གནམ་གང་ཉིན་ཕྱག་དཔེ་ཐམས་ཅད་ཀྱི་སྐུ་རགས་བཅིངས། གནམ་གང་ཉིན་མོ་དེ་ནི་ཕྱག་དཔེ་ཐམས་ཅད་ཀྱི་དེ་ནི་སྐུ་རགས་ཀྱི་བཅིངས་ནས། ཚེས་གཅིག་ལ་གསུང་ཆོས་འཛུགས་པར་བཞེད་པ་ལ། ཟེར།
  • ནོར་བྲང་ཨོ་རྒྱན།
    གསང་ཕུ་སོགས་ནས་སྡེ་སྣོད་འཛིན་པ་མང་པོ་ཞིག་འབྱོར་རྒྱུའི་སྙན་གསེང་ཕུལ་བར་བརྟེན། ཞག་འགའ་འཐེན་ཙམ་མཛད་ནས་ཉིན་གསུམ་གྱི་བར་དུ་མར་པ་དང་། མི་ལ་སོགས་ཀྱི་དེ་ནི་གསུང་རྒྱུན་ཐོར་བུ་བ་འགའ་གསུངས། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་ཚེས་ལྔ་ནས་ཉིན་མ་གཅིག་ལ་རྒྱ་གར་སྐད་དུ་བཅོ་ལྔའི་དབུ་དུས་གཅིག་བཙུགས་ནས། ད་ཚེས་པ་ལྔ་ནས་ཉིན་མ་གཅིག་ལ་དེ་ནི་ཉིན་མ་གཅིག་ལ་རྒྱ་གར་སྐད་དུ་ཟེར་ཡས་དང་དེ་ནི། གཞུང་ཆེན་པོ་རྒྱ་གར་སྐད་དུ་ཟེར་ཡས་དང་། དེ་ནི་རྒྱ་གར་སྐད་དུ་་་་ཟེར་ཡས་དེ་འདྲས་ཡོའོ་རེད་པ།
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་། དེ་འདྲས་དེ་ནི་གཞུང་ཆེན་པོ་བཅོ་ལྔ་རང་དེ་ནི་དུས་གཅིག་ཏུ་དབུ་བཙུགས་ནས། མགོ་བཙུགས་པ་རེད་ཟེར། ཉིན་རེ་བཞིན་ཐོ་རེངས་ནས་སྲོད་ཀྱི་བར་ལ་ཆོས་མཐུན་བཅོ་ལྔ་རེ་མ་ཆག་པའི་ཐུགས་བཤད་མཛད། ཉིན་མ་གཅིག་ལ་དེ་ནི་ད་ཆོས་མཐུན་བཅོ་ལྔ་བཙུགས། ཆོས་མཐུན་བཅོ་ལྔ་རེ་རེ་ལ་གཞུང་རེ་རེ་བཙུགས་ནས་མ་ཆག་པར་མཛད་ཡས་དེ་ནི། དེ་འདྲས་ཀྱི་ཐུགས་བཤད་དེ་འདྲས་གནང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེའི་ནང་ནས་པོ་ཏི་ཆུང་བ་གཉིས་རྫོགས་པར་གསུངས་ཚར་བ་ན། ད་བཅོ་ལྔའི་ནང་ནས་པོ་ཏི་གཉིས་གསུངས་ཚར་བ་རྫོགས་པ་གསུངས་ཚར་དུས་ཙམ་པ། དེའི་དོད་དུ་ཡིན་ན་སླར་ཡང་ཆུང་བ་གཉིས་བཙུགས་པ་དག་བཅས། ཡོངས་སུ་དྲིལ་བར། ཚད་མ་རྣམ་འགྲེལ་དང་། ཕར་ཕྱིན། མངོན་པ་གོང་འོག་གཉིས། འདུལ་བ་མདོ་རྩ། བྱམས་ཆོས་ཕྱི་མ་བཞི། དབུ་མ་རིགས་པའི་ཚོགས་ལྔ། འཇུག་པ། བཞི་བརྒྱ་པ། སྤྱོད་འཇུག་སྟེ་བསྟན་བཅོས་གཞུང་ཆེན་བཅུ་བདུན་གྱི་གསུང་བཤད་མཛད།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་ཀྱི་དེ་ནི་བསྟན་བཅོས་ཆེན་པོ་རྐྱང་རྐྱང་རེད། བཅུ་བདུན་དེ་ནི་གསུང་བཤད་དེ་འདྲས་མཛད་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེའི་ཚེ་ན་ཡང་གཞུང་ཆེན་དཀའ་བའི་གནས་འགའ་ཞིག་ལ་བོད་ཀྱི་ཌིཀྐ་ཆེན་མོ་རེ་གཞིར་བཞག་པའི་ཐོག་ཏུ་འགྲེལ་པ་གཞན་གྱི་འཆད་ཚུལ་དུ་མ་དང་དགག་སྒྲུབ་དང་བཅས་པས་གཏན་ལ་ཕབ་ཅིང་། དེ་ནི་སྐབས་དེ་དུས། ཚད་མ་དང་གཞུང་མི་རེ་ངོ་རེའི་ཐོག་ལ་དེ་ནི་སྔགས་ཀྱི་ཌིཀྐ་ཆེན་མོ་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    སྔགས་ཀྱི་འགྲེལ་པ་ཡིན་ན་དེ་ཚོ་གཞིར་བཞག་པའི་ཐོག་ལ་ཡིན་ན། དེ་ནི་འགྲེལ་བ་གཞན་གྱི་བཤད་ཚུལ་ལ། དགག་སྒྲུབ་དང་རེད་པཱ། གཞན་ལུགས་དགག་པ་དང་རང་ལུགས་སྒྲུབ་པ་ལ་སོགས་པ། དགག་སྒྲུབ་བྱས་ནས་གཏན་ལ་ཕབ་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    གཞུང་གཞན་རྣམས་ཕལ་ཆེ་བ་རང་རང་གི་འགྲེལ་པའི་སྟེང་ནས། གཞུང་ཕྲ་རགས་མ་ལུས་པ་བཤད་པ། ཞིབ་པར་མཛད་དེ་ཟླ་བ་གསུམ་ལ་རྫོགས་པར་མཛད་དོ། ཟེར། དེ་ནི་དེ་འདྲས་ཀྱི་ཟླ་བ་གསུམ་གྱི་རིང་ལ་དེ་ནི་གཞུང་ཆེན་བཅོ་ལྔ་དེ་གྱད་དེ། དེ་ནི་རྫོགས་པ་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཅེས་དང་། ཡང་། ཟང་ཟང་ནེ་རིང་པས་མཛད་པའི་རྗེའི་རྣམ་ཐར་དུ་ཉིན་གཅིག་ལ་རྒྱ་གར་སྐད་ནས་བརྩམས་ཏེ། ཕར་ཚད་གཉིས་སོགས། ད་དེ་ད་ལྟ་རྣམ་ཐར་གཅིག་ལ་གསུང་བ་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཟང་ཟང་ནེ་རིང་པས་མཛད་པའི་དེ་ནི་རྗེའི་རྣམ་ཐར་དུ་དེ་ནི་ཉིན་མ་གཅིག་ལ་རྒྱ་གར་སྐད་ནས་བརྩམས་པའི་ཕར་ཚད་གཉིས་སོགས་རྒྱ་གཞུང་ཉི་ཤུ་རྩ་གཅིག་གི་བཤད་པ་ཉིན་མ་གཅིག་ལ་བཙུགས་ནས། ཉིན་མ་གཅིག་ལ་གྲོལ་བར་མཛད་ཅེས་གསུངས། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་ཀྱི་དཔེར་ན། རྒྱ་གཞུང་དེ་ནི་ཉི་ཤུ་རྩ་གཅིག་ལ་སོགས་པ་དེ་འདྲས་ཀྱི་བཤད་པ་བྱས་པ་དེ། ཉིན་མ་གཅིག་ལ་བཙུགས། ཉིན་མ་གཅིག་ལ་གྲོལ་བར་མཛད་ཅེས་གསུངས། གསུངས་པའི་དུས་སྐབས་ནི་འདི་རང་མིན་པའི་གནས་སྐབས་གཞན་ཞིག་ཏུ་གསུངས་པ་འདྲ། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་དེ་མ་ཙམ་མ་ཟད་པའི་རྣམ་ཐར་གཞན་དག་ལའི་ཆ་བཞག་ནའི་དེ་ནི། རྒྱ་གར་སྐད་དུ་ལ་སོགས་པ་དེ་ནི་དེ་འདྲས་ཀྱི་དཔེར་ན་གཞུང་ཉི་ཤུ་རྩ་གཅིག་དེ་ནི་ཉིན་མ་གཅིག་ལ་བཙུགས། ཉིན་མ་གཅིག་ལ་གྲོལ་པ་དེ་འདྲས་ཡིན་ནའི་བྱུང་ཡོའོ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེར་མ་ཟད་རྣམ་ཐར་ལེགས་བཤད་ཀུན་འདུས་ལས། རེད་འདའ་པས་འཆད་ཉན་ལ་སྐུལ་ནས། བདེ་བ་ཅན་ལ་སོགས་པར་ལོ་བདུན་ཙམ་བཤད་ཉན་མཛད། དེ་ནི་རེ་འདའ་བ་གཞོན་ནུ་བློ་གྲོས་ཀྱིས་དེ་ནི། བསྐུལ་བ་ལ་བརྟེན་ནས་དེ་ནི། བདེ་བ་ཅན་ལ་སོགས་པ་དེ་ཚོ་ལ་ཡིན་ན་དེ་ནི་འཆད་ཉན་ལོ་བདུན་ཙམ་མཛད་ཟེར།
  • ནོར་བྲང་ཨོ་རྒྱན།
    པོ་ཏི་བཅུ་གསུམ་གུང་བསྒྲིགས་ནས་རང་རང་གི་བཞེད་གཞུང་བཞིན་པོ་ཏི་རེ་རེ་ལ་འགྲེལ་པ་གཉིས་གསུམ་དང་སྦྲེལ་ནས་གསུངས་པ་ལན་མང་དུ་མཛད། ཟེར། ཁྱད་པར་དུ་དེ་ནི་པོ་ཏི་བཅུ་ཙམ་གུང་བསྒྲིགས་ནས། དུས་གཅིག་ལ་དཔེར་ན་པོ་ཏི་བཅུ་དེ་འདྲས་བང་བསྒྲིགས་བྱས་རེད་པཱ།
  • ནོར་བྲང་ཨོ་རྒྱན།
    དེ་ཚོ་སོ་སོར་གཞུང་བསྒྲིགས་ནས་སོ་སོ་རེ་རེ་ལ་འགྲེལ་པ་གཉིས་གསུམ་དང་སྦྲེལ་བའི་ཐོག་ནས་པོ་ཏི་རེ་རེ་ལ། འགྲེལ་པ་གཉིས་ཙམ་གསུམ་ཙམ་པ་ཡོད་པ་དེ་ཚོ་ད། དེ་ཡིན་ན་གསུང་པ་དེ་འདྲས་ཡིན་ན་ལན་མང་དུ་དེ་འདྲས་བྱུང་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ལྷག་པར་དུ་བྱ་བྲལ་ལ་འབྱོན་ཁར་པོ་ཏི་ཉེར་དགུ་སྦྲེལ་ནས་གསུངས་པས། ཀུན་ངོ་མཚར་བར་གྱུར་ཏོ་བྱས་ནས་ད། ཁྱད་པར་དུ་བྱ་བྲལ་ལ་ཕྱིན་པ་གནང་བའི་ཁ་གཏུག་ལ་ཆ་བཞག་ན། པོ་ཏི་ཉེར་དགུར་སྦྲེལ་ནས་དེ་ནི་ད། གསུངས་པས་དེ་ནི་ཀུན་ངོ་མཚར་བར་འགྱུར་ཏོ། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་འདྲ་མིའི་བྱུང་བ་དེ་ལྟར་བཤད་པ། ལན་དུ་མ་མཛད་པར་མངོན་ནོ། ད་དེ་འདྲས་ཡིན་དུས་ཙམ་པ་ཁོང་འཇམ་དཔལ་དབྱངས་དངོས་ཡིན་དུས་ཙམ་པ། ཨ་ནི་ཐུགས་མཁྱེན་ལ་ཐོགས་པ་མེད་པ། གཅིག་མཁྱེན་རབ་ཐོགས་པ་མེད་པ་ཡིན་འགྲོ་དུས་ཙམ་པ་དེ་ནི། པོ་དེ་ཉི་ཤུ་རྩ་དགུ་ལ་སོགས་པ་དེ་འདྲས་གསུངས་པ་ལ་དེ་ནི། དེ་འདྲས་ཡིན་ན་བྱུང་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་ཚོ་རྦད་དེ་གསལ་བའི་མཛད་པ་དེ་རྣམས་ནི་ཐ་མལ་བའི་ང་ཚོའི་སྣང་ངོར་ཤིན་ཏུ་ངོ་མཚར་བའི་གནས་སོགས། དེ་འདྲས་གཅིག་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཡིན་ནའི་རྗེ་བདག་ཉིད་ཆེན་པོའི་ཐུགས་དགོངས་ལ་ཁ་བ་ཅན་ན་ད་ལྟ་ཡོད་པའི་བཀའ་བསྟན་བཅོས་མན་ངག་དང་བཅས་པ་ལེགས་པར་ཉན་ཞིང་ཁོང་དུ་ཆུད་ནས། ད་དུང་ཐེ་ཚོམ་སོམ་ཉི་ལ་སོགས་པའི་སྒྲོ་འདོགས་གཅོད་པ་དང་ཁྱད་པར་དུ་དབུ་མ་དང་སྔགས་ཀྱི་སྐོར། བྱེ་བྲག་གསང་འདུས་དང་བདེ་མཆོག་སྐོར་རྣམས་གཏན་ལ་འབེབས་པའི་ཆེད་དུ་རྒྱ་གར་ལ་བྱོན་ནས། ཨོ་ཏྟན་ནཱ་ལེནྡྲ་ལ་སོགས་རྣམས་སུ་ཀླུའི་བྱང་ཆུབ་སོགས་ལ་གཏུགས་ནས་དགོངས་ཏེ། དགུང་ལོ་བཅུ་གསུམ་ཙམ་རྟགས་དང་རྨི་ལམ་སོགས་ལ་དཔྱད་ནས། སྨོན་ལམ་དང་རྟེན་འབྲེལ་གཅིག་ཏུ་བསྒྲིགས་ཏེ། དགུང་ལོ་སོ་དགུ་པ་ཤིང་ཕག་ལོ་གཉལ་ནས་ལྷོ་བྲག་ཏུ་ཕེབས་ལྷོ་བྲག་ལ་ལམ་བུ་བཏོད། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་ནས་དེ་ནི་རྗེ་བདག་ཉིད་ཆེན་པོ་དེ་འདྲས་ཀྱི་དཔེར་ན་མཁས་པ་ཆེན་པོ་དང་བསམ་གྱིས་མི་ཁྱབ་པ་དེ་འདྲས་ཆགས་ཡོད་ནའི་ད་དེ་ཚོ་ལ་རྦད་དེ་དེ་མ་གནང་བ། གང་ཟེར་ཐུགས་ཡིད་མ་ཚིམ་པ་བྱས་བྱས་ད་དུང་། དེ་ནི་རྒྱ་གར་ལ་ཕེབས་ནས་དེ་ནི། ད་དུང་དཔེར་ན། 
  • ནོར་བྲང་ཨོ་རྒྱན།
    ད་དུང་གཞུང་ཆེན་པོ་ལ་ཐེ་ཚོམ་གཅོད་ཡས་དང་། དེ་ཚོའི་ཐོག་ལ་ཡིན་ན་འོང་། དབུ་མ་དང་སྔགས་ཀྱི་སྐོར་ལ་སོགས་པ་དེ་ཚོ་ཐུགས་དོགས་དང་། ལྷག་པར་དུ་སྔགས་དང་གསང་འདུས། བདེ་མཆོག་སྐོར་རྣམས་ལ་དེ་ནི་གཏན་ལ་ཕབ་པའི་ཆེད་དུ་དེ་ནི་རྒྱ་གར་ལ་ཕྱིན། ཕྱིན་ནས་དེ་ནི་རྒྱ་གར་ལ་སྐབས་དེ་དུས་དེ་ནི། རྒྱ་གར་ལ་མཁས་པ་ཆེན་པོ་དེ་ནི་དེ་ཞུ་མཁན་གཅིག་ཡོའོ་རེད་པཱ།
  • ནོར་བྲང་ཨོ་རྒྱན།
    ཀླུའི་བྱང་ཆུབ་ལ་སོགས་པ་དེ་ཚོ་ལ་ཡིན་ན་དེ་ནི་སློབ་དཔོན་ལ་གཏུགས་ནས་དེ་ནི་ད། དེ་ནས་ཕར་རྒྱ་གར་ལ་ཕེབས་ཡས་ཀྱི་དགོངས་པ་དེ་འདྲས་བཞེས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    རྒྱ་གར་གྱི་ཤིང་གི་རི་ནས་ལམ་བྱས་གྲུབ་ཆེན་མི་ཏྲ་ཛོ་ཀི་དང་མཇལ་ནས་མ་གྷ་དྷར་འབྱོན་དགོངས་ནས། ད་དེ་ནས་དེ་ནི་རྒྱ་གར་ཤིང་གི་རི་ནས་འབྱོན་ནས་དེ་ནི་མ་གྷ་དྷར་འབྱོན་པར་དགོངས་ནས། ཕེབས་ཡས་དགོངས་བཞེས་གནང་བ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་ལྷོ་བྲག་གྲུབ་ཆེན་ནམ་མཁའ་ཕྱག་རྡོར་བ་ལས། ནམ་མཁའ་རྒྱལ་མཚན་ལ་མཇལ་ནས་དེ་ནི་དེའི་གནས་ལུགས་གསུངས་པར་རྒྱ་གར་དུ་བྱོན་ནས་རྗེ་ཉིད་རིག་པའི་གནས་བཅོ་བརྒྱད་ལ་མཁས་པའི་པཎྜི་ཏ་རྡོ་རྗེ་གདན་གྱི་མཁན་པོ་བྱེད་པ་ཞིག་ཏུ་འགྱུར་ནའང་སྐུ་ཚེ་ཐུང་བས་སློབ་མ་ལ་ཕན་པ་དཀའ།
  • ནོར་བྲང་ཨོ་རྒྱན།
    ད་དེ་ནས་ལྷོ་བྲག་གྲུབ་ཆེན་ཕྱག་རྡོར་བ་ནམ་མཁའ་རྒྱལ་མཚན་དང་མཇལ་ནས་དེ་ནི་གང་གསུང་པ་རེད་ཟེར་ན། རྒྱ་གར་ལ་ཕྱིན་པ་ཡིན་ན་དེ་ནི་བསམ་གྱིས་མི་ཁྱབ་པའི་མཁས་པ་ཆེན་པོ་དང་དེ་འདྲས་ཀྱི་རྦད་དེ་བསམ་གྱིས་མི་ཁྱབ་པ་དེ་འདྲས་ཡོང་གི་རེད་དའི། ཡིན་ནའི་ད་དེ་འདྲས་ཀྱི་རྦད་དེ་རྒྱ་གར་ལ་ཕྱིན་པ་ཡིན་ན
  • ནོར་བྲང་ཨོ་རྒྱན།
    རིག་པའི་གནས་ལ་མཁས་པའི་དེ་ནི་པཎྜི་ཏར་འགྱུར་གྱི་རེད་མ་གཏོགས། དེ་ནི་སྐུ་ཚེ་ཡིན་ན་ཐུང་ཐུང་ཆགས་ཀྱི་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    སྐུ་ཚེ་ལ་ཡིན་ན་དེ་ནི་བར་ཆད་ཆེན་པོ་ཡོད་པ་དེ་འདྲས་རེད་ཟེར། དེ་ལས་དེ་ནི་བོད་རང་ལ་བཞུགས་ན། འཇམ་དབྱངས་ལ་གསོལ་བ་འདེབས་པ་དང་། བཞུགས་ན་དེ་ནི་འཇམ་དབྱངས་ཀྱིས་མྱུར་དུ་རྗེས་སུ་འཛིན་པ་དང་། འཇམ་དབྱངས་ལ་གསོལ་བ་ཐོབས་པ་གནང་དང་། ཐོབས་སོང་ན་དེ་ནི་མྱུར་དུ་དེ་འདུག་ཟེར། རྗེས་སུ་འཛིན་པ་འདུག་ཟེར།
  • ནོར་བྲང་ཨོ་རྒྱན།
    ཞེས་བཤོལ་འདེབས་མཛད་པ་རེད་ཟེར། བཤོལ་འདེབས་མཛད་པས་རྒྱ་གར་ལ་མི་འབྱོན་པའི་ཐུགས་ཐག་བཅད། ད་དེ་འདྲས་ཀྱི་གཅིག་གི་རྒྱ་གར་ལ་མ་ཕེབས་པའི་བཤོལ་འདེབས་མཛད་དུས་ཙམ་པ། འོན་ཀྱང་དམ་ཆོས་འཚོལ་བ་ལ་ཐུགས་ཚིམས་པ་མེད་པའི་བརྩོན་འགྲུས་དང་། སྙིང་སྟོབས་ནི་ཆེས་བསྔགས་པར་འོས་ཞིག་ཡིན་ནོ། ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་དེ་ནི་ད། དེ་འདྲས་ཀྱི་དཔེར་ན་ད། རྒྱ་གར་ལ་ཕེབས་ཡས་དེ་ནི་དེ་གནང་ནས། གང་ཟེར་དགོས་རེད། ཕེབས་ཡས་དེ་མཚམས་འཇོག་པ་གནང་བྱས་དེ་འདྲས་གནང་ནས་ད་དུང་དཔེར་ན། གཞུང་ཆེན་པོ་ལ་ཐུགས་གསན་གནང་ཡས་དང་། ཐུགས་ཚིམས་པ་མེད་པའི་བརྩོན་འགྲུས་དང་། སྙིང་སྟོབས་ནི་ཆེས་བསྔགས་པར་འོས་པ་ཞིག་ཡིན་ནོ། ཟེར།
  • ནོར་བྲང་ཨོ་རྒྱན།
    དགུང་ལོ་ཉི་ཤུ་པ་ས་རྟ་ལོའི་སྟོན་དུས་འཁྲུངས་ཡུལ་ནས་རྐྱེན་དུ་བབས་པའི་འཚོག་ཆས་ཅི་རིགས་པ་འགྲུལ་པའི་མདུན་འབུལ་རྒྱུ་བསྐུར་ཡོད་ཚུལ་གསན་པས་དེ་དག་བཞེས་པ་ལ་སོགས་པའི་སླད་དུ། ངམ་རིང་ནས་ས་སྐྱ་བརྒྱུད་དེ་དབུས་སུ་བྱོན་ནས་སྐུར་མོ་རྣམས་བཞེས། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་ནས་དགུང་ལོ་ཉི་ཤུ་པའི་ཁ་གཏུག་ལ་ཆ་བཞག་ན། མར་ནས་མཚོ་སྔོན་ནས་རེད་པཱ། གཅིག་མཚོ་སྔོན་ནས་དེ་ནི་ཡུམ་གྱི་སྐུར་མ་ལ་སོགས་པ་གཅིག་དེ་འདྲས་བཞེས་ཀ་དེ་ནི་ངམ་རིང་ནས། ས་སྐྱ་བརྒྱུད་བྱས་མར་ཕེབས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཕེབས་དུས་ཙམ་པ་ད་སྐུར་མ་རྣམས་བཞེས་ནས་ད། དེ་སྐབས་གྲོགས་དང་སློབ་འབྲེལ་མང་པོས་བསྐུལ་ཞིང་། ཟེར་ན། ད་མདོ་སྨད་ནས་ད་ཡུམ་གྱིས་ཀྱང་ཞུ་བ་ནན་ཆེར་བྱུང་བའི་རྐྱེན་བྱས་ནས་ལན་ཅིག་མདོ་སྨད་ལ་འབྱོན་པར་བཞེད་དེ་མལ་གྲོ་ལྷ་ལུང་དུ་བྱོན་པ་དང་། ད་མདོ་སྨད་ཕྱོགས་སུ་མཁོ་བའི་ད་མན་ངག་ལག་ལེན་འགའ་ཞིག་ལ་ཐུགས་སྦྱོང་ཡང་མཛད་པར་བརྩམས་པ་ལས། ཟེར།
  • ནོར་བྲང་ཨོ་རྒྱན།
    སྐབས་ཅིག་དུ་དེ་ནི་རྦད་དེ་ཡུམ་གྱིས་བསྐུལ་བ་གནང་བ་ལ་སོགས་པ། དཔེར་ན་རྗེ་ལ་ཕར་མདོ་སྨད་ལ་ཆིབས་གནང་ཡས་ཀྱི་དགོངས་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    མཚམས་ཤིག་ནས་ཅི་བྱེད་དེ་འདྲ་བ་ལ་དགོས་པ་མི་འདུག ཕྱོགས་གཅིག་ནས་དགོངས་པ་དེ་བྱས། གཉིས་ནས་དེ་དགོངས་པ་བཞེད་ཡས་ལ་ཆ་བཞག་ན་དེ་འདྲས་དཔེར་ན་མར་རྒྱ་ནག་གང་ཟེར། མདོ་སྨད་ལ་འགྲོ་ཡས་དེ་ཡིན་ན། དགོས་པ་གང་མི་འདུག ད་ནི་མདོ་ཁམས་དང་ཡུལ་གྱི་ཕྱོགས་ལ་གཏན་ནས་མི་འགྲོ་བའི་ཡི་དམ་འཆའ་བར་བྱའོ་སྙམ་དུ། དགོངས་པ་ཤུགས་དྲག་པོ་སྐྱོ་ཤས་དང་བཅས་པ་ཞིག་འཁྲུངས་ནས། དེ་འཕྲལ་འཁྲུངས་ཡུལ་དུ་མི་འབྱོན་པའི་ཐུགས་ཐག་བཅད་པ་དེ་ནི།
  • ནོར་བྲང་ཨོ་རྒྱན།
    ཡུམ་ལ་རྗེས་སུ་ཆགས་པ་སོགས་ཀྱང་འཁོར་བའི་འཆིང་ཞགས་ལྟ་བུར་གཟིགས་ནས། འདོར་བ་མཛད་པ་ཆགས་བྲལ་གྱི་མཛད་པ་རྗེས་སུ་ཡིད་རངས་ཞུ་འོས་པའི་གནས་ཡིན་ནོ། ཟེར། ད་དེ་ནི་ཡིན་ན་དེ་འདྲས་ཀྱི་དཔེར་ན་ད་རྦད་དེ་རྒྱ་ནག་ལ། གང་ཟེར། ད་མདོ་སྨད་ལ་མར་ཕྱིན་པ་མ་གནང་བ་དེ་གྱད་ཀྱི་ཐོག་ནས་ག་རེ་ཡིན་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ཡུམ་ལ་རྗེས་སུ་མ་ཆགས་པ་དེ་འདྲས་ད་མ་རེད་དའི། རྗེས་སུ་ཆགས་པ་ལ་སོགས་པ་དེ་འདྲས་མེད་པ་ད་མ་རེད་དའི། ད་འཁོར་བའི་འཆིང་ཞགས་ལྟ་བུར་གཟིགས་ནས། འདོར་བ་མཛད་པ་དེ་ཆགས་བྲལ་གྱི་མཛད་པ་དེ་ནི་བསམ་གྱིས་མི་ཁྱབ་པ་དེ་འདྲས་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    དགུང་ལོ་སོ་དྲུག་པ་ས་སྦྲེལ་ལོ་དངོས་སློབ་འཁོར་དག་པ་རྣམ་བརྒྱད་ཕྱག་ཕྱིར་འཁྲིད་ནས་དེ་སྐྱོར་མོ་ལུང་ནས་འོལ་ཁར་བྱ་བྲལ་ལ་ཕེབས་ཏེ། སྒྲུབ་པ་ཉམས་ལེན་གཙོ་བོར་མཛད་པ་ནི་ཟེར། ད་དེ་ནས་དགུང་ལོ་སོ་དྲུག་པ་ས་སྦྲེལ་ལོ་ལ་དངོས་སློབ་འཁོར་དག་པ་རྣམ་བརྒྱད་ལ་སོགས་པ་ཕྱག་ཕྱིར་འཁྲིད་ནས། སྐྱོར་ལོ་ལུང་ནས་འོལ་ཁ་ལ་སོགས་པ་དེ་ནི་བྱ་བྲལ་ལ་ཕེབས་ཀར། བྱ་བྲལ་ལ་ཕེབས་ནས་དེ་ནི་སྒྲུབ་པ་ཉམས་ལེན་གཙོ་བོར་མཛད་པ་དེ་ཡང་ལོ་དེའི་དགུན་དཔྱིད་རྣམས་འོལ་ཁ་ཆོས་ལུང་དུ་བཞུགས་ནས། ཐོག་མར་བསག་སྦྱང་གནད་ཆེ་བར་དགོངས་ཏེ། དཔོན་སློབ་རྣམས་ཀྱིས་སྟོབས་བཞིའི་བསག་སྦྱངས་ལ་ཤིན་ཏུ་འགྲུས་པར་མཛད་ཅིང་ཟེར།
  • ནོར་བྲང་ཨོ་རྒྱན།
    རྗེ་བདག་ཉིད་ཆེན་པོས་ཀྱང་ལྟུང་བཤགས་བརྒྱ་ཕྱག་དང་བཅས་པ། ཕྱག་སོར་གྱི་རྩེ་མོ་རྣམས་སེར་གར་མ་སོང་གི་བར་དུ་མཎྜལ་འབུལ་བ་ལ་སོགས་པ་དཔག་པར་དཀའ་བའི་བརྩོན་པ་དྲག་པོ་མཛད་པ་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་ད་དེ་འདྲས་ཀྱི་དཔེར་ན། དགུང་ལོ་སོ་དྲུག་པའི་ཁ་གཏུག་ལ་ཆ་བཞག་ན་དེ་ནི་འཁོར་དག་པ་རྣམ་བརྒྱད་དེ་འདྲས་ཀྱི་དཔེར་ན་དེ་ལ་གང་ཟེར།
  • ནོར་བྲང་ཨོ་རྒྱན།
    སྐྱོ་མོ་ལུང་ནས་འོལ་ཁར་བྱ་བྲལ་ལ་ཕེབས་ནས། ད་དེའི་ཁ་གཏུག་ལ་ཆ་བཞག་ན་དེ་ནི་བསག་སྦྱངས་ལ་སོགས་པ་དེ་འདྲས་མཛད། ལྷག་པར་དུ་དེ་ནི་ཁོང་རྗེ་བདག་ཉིད་ཆེན་པོ་ལྟུང་བཤགས་བརྒྱ་ཕྱག་མཛད་པ་དང་། དེ་ནི་ཕྱག་སོར་རྩེ་མོ་ཡིན་ནའི་དེ་ནི་མཎྜལ་ཕུལ་གནང་དུས་ཙམ་པ་སེར་ཁ་ལ་མ་སོང་བར་དུ་དེ་འདྲས་ཀྱི་རྦད་དེ་བསག་སྦྱངས་དེ་ནི་གནང་བ་དེ་འདྲས་ཀྱི་དེ་ནི་དཔག་དཀའ་བའི་དེ་ནི་བརྩོན་པ་རྩ་ཆེན་དེ་འདྲས་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེའི་ནང་ནས་དེ་དག་གི། ད་དེ་འདྲས་ཀྱི་དཔེར་ན། མཛད་པ་ཡིན་ན་ད་རླབས་ཆེན་པོ་མང་པོ་བསྐྱངས་བྱས་རེད་པཱ། མཛད་པ་ཡིན་ན་རླབས་ཆེན་པོ་མང་པོ་བསྐྱངས་བྱས། གཅིག་གི་ད་ད་ག་ནང་ལྟར་དཔེར་ན་ག་རེ་ཟེར་དགོས་རེད་པས། ཐུགས་རེ་མཛད་པ་ཡིན་ན་ཆེན་པོ་མང་པོ་བསྐྱངས་བྱས། མཐར་ཡིན་ན་དགུང་ལོ་དེའི་ནང་ལ། ད་ད་ལྟ། དེ་རེད། དེ་ཞུས་ནའི་འགྲིག་གི་རེད།
  • ནོར་བྲང་ཨོ་རྒྱན།
    ད་ལྟ་དེ་ས་སྐྱའི་གང་ཟེར། ལྷ་སའི་སྨོན་ལམ་ཆེན་པོ་གསར་དུ་བཙུགས་པ་གནང་ཡས་དང་། འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བ་ཕྱག་བཏབ་པ་གནང་ཡས་ལ་སོགས་པ་མཛད་པ་བསམ་གྱིས་མི་ཁྱབ་པ་དེ་འདྲས་ཡིན་ན། དཔག་པ་གནང་བྱས། དེ་དག་དང་འདྲ་བའི་བསྟན་པ་དང་འབྲེལ་བའི་དོན་རྒྱ་ཆེར་མཛད་ནས་སྐུ་ཉིད་ཀྱི་མཛད་པ་མཐར་ཕྱིན་པ་ཉེ་བར་གྱུར་པ་དགུང་གྲངས་དྲུག་ཅུ་རེ་གསུམ་པ་སྤྱི་ལོ་ཆིག་སྟོང་བཞི་རྒྱ་དོན་ཅུ་བདུན་དགུ་ལོར་རབ་བྱུང་བདུན་པའི་ས་ཕག་ལོའི་སྟོན་ཀར་སྟོད་ལུང་། 
  • ནོར་བྲང་ཨོ་རྒྱན།
    ད་དགུང་ལོ་དྲུག་ཅུ་རེ་གསུམ་པ་དགུང་ལོ་དྲུག་ཅུ་རེ་གསུམ་པ་ལ་ཆ་བཞག་ན་ད། བསྟན་པ་དང་སེམས་ཅན་ལ་དཔེར་ན། ད་གང་ཟེར་དོན་དག་འདྲ་དེ་མཐར་ཕྱིན་པ་མཛད་པ་མཐར་ཕྱིན་པར་དགོང་ནས་ད་དེ། མཛད་པ་ད་དེ་མཐའ་མར་ཐུག་པ་ལ་དགོངས་བྱས་དགོང་ལོ་དྲུག་ཅུ་རེ་གསུམ་པའི་༡༤༧༩ལོར་ནི་རབ་བྱུང་བརྒྱད་པའི་ས་ཕག་ལོར་སྟོན་ཀ་སྟོད་ལུང་གི་ཆུ་ཚན་ལ་བྱོན་ནས། སྐུ་ལུས་ལ་ཤིན་ཏུ་འཕྲོད་པར་འགྱུར་ཞེས་གསོལ་བའི་རྐྱེན་བྱས། རི་བོ་དགེ་ལྡན་ནས་ཕྱག་བཏེགས་ཏེ། ལྷ་སར་ཇོ་བོ་རིན་པོ་ཆེའི་མདུན་དུ་སྐུ་ཕྱག་བཏང་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་གཞན་དག་ལ་བྱས་ནས། སྟོད་ལུང་ཆུ་ཚན་ཏུ་ཕེབས་ནས་དེ་ནི་སྐུ་གཟུགས་ལ་འཕྲོད་ཆེན་པོ་ཡོའོ་རེད་ཟེར་བྱས་ནས། གཞན་དག་གི་སྙན་གསེང་ཞུས་པ་ལ་སོགས་པ་དེ་འདྲས་ཀྱི་རྐྱེན་པས་དེ་ནི་འབྲོག་རི་བོ་དགེ་ལྡན་ཕྱག་བཏེགས་ནས། ལྷ་སར་ཇོ་བོའི་རིན་པོ་ཆེའི་སྐུ་དྲུང་དུ་སྐུ་ཕྱག་དང་། མཆོད་འབུལ། སྨོན་ལམ་རྣམ་པར་དག་པ་མཛད་ནས་སྟོད་ལུང་ཆབ་ཚན་ཁར་བྱོན།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་ཀྱི་ལྷ་ས་ཇོ་བོ་སྐུ་མདུན་ལ་དཔེར་ན། སྐུ་ཕྱག་དང་ད་ག་ནང་བཞིན་མཆོད་འབུལ་དང་སྨོན་ལམ་རྣམ་པར་དག་པ་བྱས་ནས། སྟོད་ལུང་ཆབ་ཚན་ལ་ཆིབས་གནང་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    འོན་ཀྱང་ཆབ་ཚན་གྱིས་ཞབས་ལ་ཅུང་ཟད་ཙམ་བདུག་པ་ལས་མ་མཛད་པར་གཙོ་བོ་སྟོད་ལུང་ཕུ་མདའི་སྐྱེ་བོའི་ཚོགས་ལ་བཀའ་ཆོས་བསྩལ། ཡིན་ནའི་ད་སྟོད་ལུང་ལ་ཆིབས་གནང་ཡས་དེ་རྦད་དེ་ཆབ་ཚན་ཡིན་གསུང་བ་མ་གཏོགས་དོན་དུ་དེ་ནི་སྟོད་ལུང་ཆབ་ཚན་དེ་ཆབ་ཚན་ཁྱོན་ནས་རང་མ་བཀྱོན་པ་བྱས་བྱས། གཙོ་བོ་དེ་ནི་སྟོད་ལུང་ཕུ་མདའི་སྐྱེ་བོ་ཚོ་ལ་ཐ་མའི་དེ་ནི་བཀའ་ཆོས་བསྩལ་ཡས་དང་། དེ་ནས་འདོ་ལི་ལ་འབྲས་སྤུངས་སུ་སྤྱན་དྲངས། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་འདོ་ལི་ཟེར་ན་ང་རང་ཚོས་བྱས་ན་ད་ཕེབས་བྱང་རེད་པ། འབྲས་སྤུངས་སུ་སྤྱན་དྲངས། དེའི་ཚེ་ལམ་རིམ་གྱི་ཁྲིད། ནཱ་རོ་ཆོས་དྲུག དབུ་མ་འཇུག་པ། གསང་འདུས་རྒྱུད་ལ་སོགས་པ་གསུངས་ཤིང་། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ཡང་སྔོན་ཆད་གྲོང་པའི་སྐྱེ་བོ་ཕོ་མོ་སུ་ལའང་ཆེར་མི་གནང་ཞིང་། ཁྱད་པར་ལམ་རིམ་གྱི་ཁྲིད་ལ་འཚོག་ཏུ་མི་རུང་བ་སོགས་པར་དམ་བཞག་ཆེ་བར་ཡོད་པ་ལ། དེ་དུས་གྲོང་པའི་སྐྱེ་བོ་ཇི་ཙམ་ཞིག་འོངས་པ་དང་དུས་ནམ་ཞིག་ལ་འོངས་པ་ཐམས་ཅད་ལ་ཁྱད་པར་མེད་པར་ཐ་ན་སྤྲང་པོའི་ཚོགས་དུ་མ་འདུས་པ་ཡན་ཆད་ཐམས་ཅད་ལ་ལམ་རིམ་དང་། དབུ་མ་ལ་སོགས་པའི་དེ་ནི་བཀག་པ་མེད་པར་མཛད་ཟེར།
  • ནོར་བྲང་ཨོ་རྒྱན།
    སྔ་མ་དེ་ནི་བཀའ་ཆོས་གནང་ཡས་ཐོག་ལ་དེ་ནི་དགག་པ་ཡོད་པ་དེ་ཚོ་ཡིན་ནའི་ད་རྦད་དེ་མཐའ་མའི་གདུལ་བྱ་མཐའ་མར་འགྱུར་འགྲོ་དུས་ཙམ་པ། དེ་ཚོ་ལ་ཡིན་ནའི་བཀག་པ་མེད་པ་བྱས་ནས། མཐའ་མ་དེ་ནི་བསམ་གྱིས་མི་ཁྱབ་པའི་བཀའ་སློབ་དེ་འདྲས་གནང་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དངུལ་ཆེན་པོ་བཞེངས་པའི་ཞལ་ཏ་མཛད། སྐབས་དེར་སྔོན་ཆད་དུས་འཁོར་མ་གཏོགས་པའི་ཆོས་མཚམས་མཛད་པའི་ལུགས་མེད་པར། ད་སྔོན་མ་ཡིན་ན་ད་སྔོན་ཆད་དུས་འཁོར་མ་གཏོགས་ད་ཆོས་མཚམས་བཅད་པའི་ལུགས་མེད་པར་ད། གསང་འདུས་ལེའུ་དགུ་པའི་སྐབས་ལ་ཆོས་མཚམས་མཛད་པ། སྐབས་ལ་ཆོས་མཚམས་མཛད་པར་ཆོས་གསན་པ་རྣམས་ཀྱིས་ད་དུང་ཟླ་གཅིག་གམ་ཕྱེད་བཞུགས་ནས་ཆོས་འཕྲོ་རྫོགས་པར་གསུང་བ་ཞིག་གམ། ཐ་ན་རྒྱུད་ཀྱི་འཕྲོ་བཀླགས་ལུང་དུ་མཛད་པ་ཙམ་ཞིག་ཀྱང་གནང་འཚལ་ཞེས་གསོལ་བ་བཏབ་ཟེར།
  • ནོར་བྲང་ཨོ་རྒྱན།
    ཡང་ན་ཡང་། རྒྱུད་ཀྱི་འཕྲོ་ལྷག་འཕྲོ་རྣམས་ཡང་བཀླགས་ལུང་དེ་འདྲས་གནང་མི་ཡོང་བསམ་ནས་དེ་འདྲས་གསོལ་བ་མང་དུ་བཏབ་ཀྱང་། དུ་མ་བཞེད་པ་རྒྱུད་དང་ལམ་རིམ་འཕྲོ་ལ་སོགས་པའི་དགོངས་པ་རྣམས་ནི་སྔགས་དང་མཚན་ཉིད་ཀྱི་བཤད་རྒྱུན་རྫོགས་པ་མེད་པར་འཕྲོ་རིང་དུ་གནས་པའི་རྟེན་འབྲེལ་སྒྲིག་པའི་དགོངས་པ་སྔོན་དུ་མཛད་པ་ཡིན་པར་གྲགས་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་ཀྱི་དཔེར་ན། ཐ་མ་དེར་འཕྲོ་ལ་སོགས་པ་གནང་ཡས་དེ་ག་རེ་རེད། ཟེར་ན། སྔགས་དང་མཚན་ཉིད་ཀྱི་བཤད་རྒྱུན་རྫོགས་པ་མེད་པར་འཕྲོ་རིང་དུ་གནས་པའི་རྟེན་འབྲེལ་སྒྲིག་པའི་དགོངས་པ། སྔོན་དུ་མཛད་པ་ཡིན་པར་གྲགས་པ་ཡིན། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནས་སླར་ལྷ་ས་ལ་ཕེབས་ནས། ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་ཕྱི་མ་མེད་པའི་ཕྱག་འཚལ་མཛད། དེ་ནས་བྱམས་ཆེན་ཆོས་རྗེས་སེ་རར་སྤྱན་དྲངས་རྒྱུད་ཀྱི་འཆད་ཉན་རྐང་ཚུགས་པའི་གྲྭ་ཚང་རྣམ་པར་དག་པ་འཛུགས་པའི་ཞལ་བཀོད་དང་། ཆོས་དཔོན་བསྐོ་བ། རྟེན་འབྲེལ་ཁྱད་པར་ཅན་སྒྲིག་པའི་ཆེད་དུ་གནས་དེར་གསོ་སྦྱོང་། རྒྱུད་ཀྱི་རྒྱལ་པོ་གཉིས་ཀྱི་དབུ་ནས་ཐུན་རེ་གསུངས། དེ་ནས་བ་ལམ་དང་བདེ་ཆེན་རྩེར་ཕེབས་། དེ་ནས་བྲག་དཀར་རྫོང་གི་དཔོན་པོ་ཡབ་ཡུམ། ད་དེ་འདྲས་ཀྱི་མཛད་པ་མང་པོ་བསྐྱངས་བྱས་དེ་ནི་བྲག་དཀར་རྫོང་ཡབ་ཡུམ་ལ་བདེ་ཆེན་དུ་གསང་སྔགས་མཁར་འདེབས་པའི་ཞལ་ཏ་མཛད།
  • ནོར་བྲང་ཨོ་རྒྱན།
    དེ་ནས་དགའ་ལྡན་དུ་ཕེབས་པ་ན། ཐོག་མར་ཡངས་པ་ཅན་གྱི་གཙུག་ལག་ཁང་ཆེན་པོར་ཕེབས་ཏེ། འདིར་ད་ཡང་འོང་བ་མི་ཡོང་བས་མཆོད་གཏོར་རྒྱ་ཆེར་ཤོམས་གསུངས། འདི་ལ་ང་ཕྱིན་ཆད་ད་ང་ཡོང་ཡས་ཕལ་ཆེར་ཡོང་ཐུབ་ཀྱི་མ་རེད། ད་མཆོད་པ་དང་གཏོར་མ་ལ་སོགས་པ་དེ་འདྲས་རྒྱ་ཆེན་པོ་གསུང་བྱུང་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནས་འདུ་ཁང་དུ་ཕེབས་ནས་ཚོགས་དབུར་ཕེབས་ཏེ་བདེ་བ་ཅན་གྱི་སྨོན་ལམ་རྒྱས་པ་དང་། དགེ་འདུན་གྱི་ཚོགས་པ་རྒྱ་མཚོའི་དབུས་སུ། ཤིས་བརྗོད་མཛད། ད་དེ་ནི་བདེ་བ་ཅན་གྱི་སྨོན་ལམ་གསུངས་པ་དང་། དགེ་འདུན་ཚོགས་པ་རྒྱ་མཚོའི་དབུས་སུ་དེ་ནི་ཤིས་བརྗོད་དེ་འདྲ་མཛད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནས་གཟིམ་ཁང་དུ་ཕེབས་ཏེ། བཞུགས་གདན་ལ་བཞུགས་པ་ན། ད་ནི་རང་རེའི་དགོན་པ་ཡང་རང་དབང་འདུག་པ་འདིར་སླེབ་བྱུང་བས་བློ་བདེའོ་ཞེས། དེ་ནི་རང་རེའི་དགོན་པ་དགེ་ལྡན་རྣམ་པར་རྒྱལ་བ་ལ་ཕེབས་པ་དེ་འདྲས་རེད་པཱ། ཕེབས་ཡོང་དུས་ཙམ་པ། རང་རེའི་དགོན་པ་རང་དབང་ཐོབ་པ་འདིར་སླེབ་བྱུང་། ད་ང་ཡིན་ན་བློ་བདེ་བྱུང་ཟེར་བྱས་ནས་དེ་གསུངས།
  • ནོར་བྲང་ཨོ་རྒྱན།
    རྒྱལ་ཚབ་དར་མ་རིན་ཆེན་ལ་སོགས་པར་བསྟན་པའི་བྱ་བ་མཛད་ཚུལ་གྱི་ཞལ་ཏ་སྔ་མོ་ནས། ཞིབ་ཆ་གནང་ཟིན་པ་དེའི་ཚེ་རྒྱས་པར་མ་གསུངས་ཀྱང་། སྐབས་དེར་དབུ་ཞྭ་དང་། ད་སྐབས་དེ་དུས་དེ་ནི་ཁོང་གིས་དེ་ནི་རྒྱལ་ཚབ་དར་མ་རིན་ཆེན་ལ་གནང་ཡས་ཀྱི་དེ་ནི་གཞན་དག་ཡིན་ན་སྔ་མ་གནང་གྲུབ་པ་དེ་འདྲས་རེད་དའི། སྐབས་དེ་དུས་དེ་ནི་གཞན་དག་གནས་ཚུལ་མ་གསུང་པ་བྱས། དེ་ནི་དབུ་ཞྭ་དང་། ན་བཟའ་བེར་ཐུལ་ཞིག་གནང་སྟེ་རྒྱལ་ཚབ་ཏུ་དོན་གྱིས་གོ་བར་མཛད་པ་བཅས། ད་དེ་ནས་བྱས་དེ་ནི་རྒྱལ་ཚབ་ལ་དབུ་ཞྭ་གཅིག་དང་ད་ག་ནང་ལྟར་ན་བཟའ་བེར་ཐུལ་གཅིག་གནང་བྱས་བྱས། དེ་ནི་དོན་དུ་རྒྱལ་ཚབ་གོ་བ་བྱས་པ་དེ་འདྲས་ཀྱི་མཛད་པ་བྱས་ནས། དེ་ནི་ལོ་དེའི་ཟླ་བ་བཅུ་པའི་ཉི་ཤུ་ལྔའི་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་དེ་ནི་དེའི་ཟླ་བ་བཅུ་པའི་ཉི་ཤུ་ལྔའི་ཉིན་མོ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པ་རེད། ཟེར། དེ་འདྲས་ཡིན་དུས་ཙམ་པ་ཐ་མ་ད་ལྟ་བར་དུ། ཁོང་གིས་ཡིན་ནའི་དགེ་ལྡན་ལྔ་མཆོད་ཟེར་ཡས་དེ། ཟླ་བ་བཅུ་པའི་ནང་ལ་དེ་ནི་ཟླ་བ་བཅུ་པའི་ཉི་ཤུ་ལྔ་ལ་མཆོད་པ་འཕུལ་ཡས་དེ་ནི། རྗེ་བདག་ཉིད་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་པའི་ཆེད་དུ། ལོ་ལྟར་དེ་ནི་དུས་མཆོད་དེ་དེ་ནི་བོད་རྒྱ་ཁྱབ་དང་། དེ་ནི་དེ་འདྲས་ཡིན་ན་བྱེད་ཡས་དེ་འདྲས་བྱུང་ཡོའོ་རེད་པཱ། དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་ཁོང་གིས་དེ་ནི། དེ་ནི་རྗེ་ཙོང་ཁ་པ་ཆེན་པོའི་གསུང་རྩོམ་ལ་ཆ་བཞག་ནའི། དེ་ནི་པོད་ཆེན་བཅོ་བརྒྱད་ཡོད་པ་ལ་སོགས་པ། དེ་ནི་ཁོང་གི་ད་སྲས་སློབ་མ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཡོད་པ་ད་དེ་ཚོ་ནི་མིའི་རྗེ་ཙོང་ཁ་བ་ཆེན་པོའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ཚང་མ་ལ་ཡིན་ན། གསལ་པོ་ཡོད་པ་དེ་འདྲས་རེད། དེ་ཚོའི་ཐོག་ནས་གསལ་པོ་མཁྱེན་ཐུབ་པ་དེ་འདྲས་གཅིག་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ད་དེའི་སྐོར་ལ་ཞུ་ཡས་དེ་འདྲས་གཅིག་བྱས།
  • ནོར་བྲང་ཨོ་རྒྱན།
    སྤྱི་ལོ་༡༣༨༦ལོར་་སྐུ་གཤེགས་སོ། ཟེར། དེ་ཉིད་ཀྱི་གཅུང་ཆོས་རྗེ་བསོད་ནམས་གྲགས་པ། ད་ད་གིན་གོང་དུ་གཅིག་བདག་ཉིད་ཆེན་པོ་ཙོང་ཁ་ཆེན་པོ་བློ་བཟང་གྲགས་པའི་རྣམ་ཐར་ཟུར་ཙམ་ཞུས་ཡས་དེ་འདྲ་གཅིག་བྱས། ད་དེ་ནས་སྟོད་ལ་ད་ལྟ་དེ་རེད་པཱ། སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་དེ་ཉིད་ཀྱི་གཅུང་ཆོས་རྗེ་བསོད་ནམས་གྲགས་པ་དོ་བྲག་པ་དོ་བྲག་དཔོན་མོ་རབ་བྱུང་དྲུག་པའི་ས་ཕག་སྤྱི་ལོ་༡༣༥༩ལོར་་འཁྲུངས་ཟེར།
  • ནོར་བྲང་ཨོ་རྒྱན།
    དགུང་ལོ་དགུ་པར་སྤྱན་སྔ་བཅུ་གཉིས་པ་གྲགས་པ་ཤེས་རབ་ཀྱི་དྲུང་དུ་དག་བསྙེན་གྱི་སྡོམ་པ་མནོས། མཚན་བསོད་ནམས་གྲགས་པར་གསོལ། ཟེར། མཚན་བསོད་ནམས་གྲགས་པ་དེ་འདྲས་གསོལ་བ་ཡིན་ཟེར། 
  • ནོར་བྲང་ཨོ་རྒྱན།
    མཁན་ཆེན་གཞོན་དབང་པའི་དྲུང་དུ་རབ་ཏུ་བྱུང་། རྒྱལ་སྲས་གྲགས་རིན་པ་གཤེགས་པའི་རྗེས་སུ་རྩེད་ཐང་གི་གདན་སར། རྒྱལ་སྲས་གྲགས་པ་རིན་ཆེན་པ་གཤེགས་པའི་རྗེས་སུ་དེ་ནི། རྩེད་ཐང་གི་གདན་ས་དགུང་ལོ་བཅུ་པ་ས་སྤྲེལ་ལོར་ཕེབས་ནས། འཆད་རྩོད་རྩོམ་པའི་སྐྱེས་བཟང་པོས་མཁས་པ་རྣམས་ཀྱི་ཡིད་དབང་ཡོངས་སུ་ཕྲོགས། ཟེར།
  • ནོར་བྲང་ཨོ་རྒྱན།
    ཁོང་གིས་དེ་ནི་དགུང་ལ་བཅུ་ལ་ཕེབས་ནས། རྩེད་ཐང་གདན་ས་ལ་ཕེབས་ནས་དེ་ནི་འཆད་རྩོད་རྩོམ་པས་དེ་ནི་མཁས་པ་རྣམས་ཀྱི་དེ་ནི་ཡིད་དབང་ཡོངས་སུ་ཕྲོགས་པ་རེད་ཟེར། ལྷ་སར་ཕེབས་ནས་དགེ་འདུན་དཔག་མེད་ལ་ཆོས་འཁོར་བསྐོར། ལོ་ཆེན་བྱང་ཆུབ་རྩེ་མོའི་དྲུང་དུ་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། ཟེར།
  • ནོར་བྲང་ཨོ་རྒྱན།
    ལྷ་ས་ལ་ཕེབས་ད་ག་ནང་བཞིན་ལོ་ཆེན་བྱང་ཆུབ་རྩེ་མོའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པ་རེད། ཟེར། དགུང་ལོ་ཉེར་གསུམ་པ་རབ་བྱུང་དུག་པའི་ལྕགས་བྱ་སྤྱི་ལོ་༡༣༨༡ལོར་་སྣེ་གདོང་ཕོ་བྲང་ཆེན་པོའི་ཁྲི་ཐོག་ཏུ་ཕེབས་ནས། དགུང་ལོ་ཉེར་གསུམ་པ་ལ་དེ་ནི་ཕོ་བྲང་ཆེན་པོའི་དེ་ནི་ཕག་གྲུའི་ཁྲི་ཐོག་ཏུ་ཕེབས་ནས། ལོ་ལྔ་བཞུགས་ཤིང་ཟེར།
  • ནོར་བྲང་ཨོ་རྒྱན།
    ལོ་ལྔ་བཞུགས་པའི་སྐབས་སུ་ལུགས་ཟུང་གི་ཕན་བདེའི་བསིལ་ཟེར་མངའ་འབངས་ཀྱིས་ཀུཎྜའི་སྙིང་ལ་དྲན་པར་མཛད་ཟེར། ད་དེ་འདྲས་ཀྱི་ལོ་ལྔ་བཞུགས་པའི་ཁ་གཏུག་ལ་ཆ་བཞག་ནའི་དེ་ནི། ལུགས་ཟུང་གི་དེ་ནི་ཕན་བདེའི་བསིལ་ཟེར་གྱིས་འོད་སྟོང་དེ་ཡིན་ན་མངའ་འབངས་ཀུནྡའི་སྙིང་ལ་དྲན་པར་མཛད།ཟེར་ཡས་དེ་ནི། དེ་ནི་ཟླ་བ་ཤར་བ་ཀུ་མེད་ད་ཁ་འབྱེད་རྒྱུ་པདྨ་ཟུམ་ཟེར༎དེ་འདྲས་ཟེར་བཤད་ཀྱི་ཡོའོ་རེད་པ། བྱས་ཙང་། 
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་དེ་ནི་ཀུནྡའི་སྙིང་ལ་དྲན་པར་མཛད་ཟེར། དགུང་ལོ་ཉེར་བརྒྱད་པ་མེ་སྟག་ལོ་ལ་ཡང་དགོན་གྱི་ཆོས་ཀྱི་ཁྲི་ལ་ཕེབས་ནས་སྒྲུབ་བརྒྱུད་ཀྱི་བསྟན་པའི་བདག་པོ་མཛད། དགུང་ལོ་ཉེར་བརྒྱད་པ་ལ་ཡང་དགོན་གྱི་ཆོས་ཀྱི་ཁྲི་ལ་ཕེབས་ནས་དེ་ནི་སྒྲུབ་བརྒྱུད་ཀྱི་བསྟན་པའི་བདག་པོ་མཛད་ཟེར།
  • ནོར་བྲང་ཨོ་རྒྱན།
    གདན་ས་ཐེལ་གྱི་ཆོགས་པ་ལོ་ཉེར་ཤུར་བསྐྱངས་ནས་དགུང་ལོ་ཞེ་བདུན་ཐེལ་གྱི་གདན་ས་སྤྱན་སྔ་དཔལ་བ་ལ་གཏད་ནས།བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་མཐར་དགུང་ལོ་ལྔ་བཅུ་རབ་བྱུང་བདུན་པའི་ས་ཁྱི་ལོར་སྤྱི་ལོ་༡༤༠༨ལོར་་སྐུ་གཤེགས་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་ད་དག་ནང་ལྟར་སྐུ་ཕྲེང་བཞི་པ་འཇམ་དབྱངས་གུ་ཤྲཱི་ཤཱཀྱ་རྒྱལ་མཚན་གྱི་གཅུང་པོ་ས་སྐྱོང་ཤཱཀྱ་རིན་ཆེན་ནི་ཁོང་སྐུ་འཁྲུངས་ཡས་ག་ལ་རེད་ཟེར་ན། རབ་བྱུང་དྲུག་པའི་མེ་ཕག་སྤྱི་ལོ་༡༣༤༧ལོར་་སྐུ་འཁྲུངས་པ་དང་། དགུང་ལོ་བཅུ་བདུན་པར་ཐོ་གན་ཐེ་མུར་གྱི་ལུང་གནང་ནས། སྣེ་གདོང་གི་ཁྲི་དཔོན་མཛད།
  • ནོར་བྲང་ཨོ་རྒྱན།
    དགུང་ལོ་བརྒྱད་བཅུར་བཞུགས། ད་ཁོང་ཡིན་ན་དགུང་ལོ་མཐོ་པོ་བཞུགས་པ་དེ་འདྲས་རེད་ཟེར། ཤཱཀྱ་རིན་ཆེན་གྱིས་ཟིན་རིན་ཆེན་འཛོམ་ཞེས་པ་གྲོངས་པའི་ཚེ། ལས་དག་པ་རྣམས་ཀྱི་སྣང་ངོར་སེང་གེ་ལ་ཆིབས་ནས་མཁའ་འགྲོས་སྤྱན་དྲངས་པ་མཐོང་ཞིང་། ཚེམས་འོག་ལ་དུང་དཀར་གཡས་འཁྱིལ་རང་བྱོན་དུ་བྱོན་པའི་རྗེ་བཙུན་རྣལ་འབྱོར་མའི་རྣམ་པར་བྱོན་པ། རྣམ་པར་སྤྲུལ་པ་དེ་ཉིད་ཁབ་ཏུ་བཞེས་པའི་སྲས་ལ་དེ་ནི་མིའི་དབང་པོ་གྲགས་པ་རྒྱལ་མཚན་དང་། དྲུང་བྱང་ཆུབ་རྡོ་རྗེ། སྤྱན་སྔ་བསོད་ནམས་བཟང་པོ། སྤྱན་སྔ་དཔལ་ལྡན་བཟང་པོ། སྤྱན་སྔ་བསོད་ནམས་བཟང་པོ། དྲུང་སངས་རྒྱས་རྒྱལ་མཚན་རྣམས་སྐུ་བལྟམས་པ་ལས་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་མིའི་དབང་པོ་གྲགས་པ་རྒྱལ་མཚན་ཟེར་མཁན་འདི་ཡིན་ད། སྣེ་གདོང་གི་ད་ལྟ་ཕག་གྲུའི་ནང་གི་གཅིག་གི་ད། བྱང་ཆུབ་རྒྱལ་མཚན་གྱི་མཇུག་ལ་ད། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་མཇུག་ལ་ད། ད་ལྟའི་གྲགས་པ་རྒྱལ་མཚན་དེ་སྐད་གྲགས་ཆེ་བ་གཅིག་རེད།
  • ནོར་བྲང་ཨོ་རྒྱན།
    མིའི་དབང་པོ་གྲགས་པ་རྒྱལ་མཚན་ནི་རབ་བྱུང་དྲུག་པའི་ཤིང་ཕོ་སྟག་སྤྱི་ལོ་༡༣༧༤ལོར་འཁྲུངས་པ་དེ་ཉིད་ཀྱིས་འཇམ་དབྱངས་གུ་ཤྲཱི་ཆེན་པོའི་སྐུའིསྐྱེ་བ་བཞེས་པ་གསལ་བར་དྲན་ཞིང་། ཁོང་ཡིན་ན་ད་ཕྱོགས་གཅིག་ནས་ད་སྣེ་གདོང་གི་དཔེར་ན་གདུང་བརྒྱུད་ལ་ཕེབས་པ་དེ་འདྲས་གཅིག་རེད། ལྷག་པར་དུ་ཁོང་ཡིན་ན་འཇམ་དབྱངས་གུ་ཤྲཱི་ཆེན་པོ་ཤཱཀྱ་རྒྱལ་མཚན་གྱི་སྐུའི་སྐྱེ་བ་བཞེས་པ་དེ་ནི་སྤྲུལ་པའི་སྐུ་ཡིན་པ་དེ་ནི་གསལ་བར་དྲན་གྱིས་བྱས་ནས་དེ་འདྲས་གསུངས་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    མཁྱེན་རབ་མཆོག་ཏུ་ཡངས་པས་ཀློག་ཡིག་སོགས་ཆེད་གཉེར་དུ་བསླབ་སྦྱངས་མ་དགོས་པར་འབད་མེད་དུ་མཁྱེན་ཟེར། ད་དེ་མཁྱེན་རབ་མཆོག་ཏུ་ཡིན་པ་དེ་ནི་ཀློག་ཡིག་ལ་སོགས་པ་དེ་ཚོ་ཡིན་ནའི་ད། ཆེད་མངགས་དེ་ནི་འབད་བརྩོན་གནང་མི་དགོས་པར་དེ་ནི་འབད་མེད་དུ་མཁྱེན་པ་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དགུང་ལོ་བདུན་པར་མཁན་པོ་གཞོན་དབང་པའི་དྲུང་དུ་རབ་ཏུ་བྱུང་། སྤྱན་སྔ་གྲགས་པ་རྒྱལ་མཚན་ལ་ཆོས་ཁྲིད་རྣམས་རྫོགས་པར་གསན། དགུང་ལོ་བདུན་པར་མཁན་པོ་གཞོན་དབང་པའི་དྲུག་དུ་དེ་ནི་རབ་ཏུ་བྱུང་། དེ་ནི་སྤྱན་སྔ་གྲགས་པ་བྱང་ཆུབ་ལ་ཆོས་ཁྲིད་ཡིན་ན་རྫོགས་པར་གསན། ཟེར།
  • ནོར་བྲང་ཨོ་རྒྱན།
    རབ་ཏུ་བྱུང་བའི་མཚན་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་གསོལ། རབ་ཏུ་བྱུང་བའི་མཚན་ལ་ཡིན་ནའི་དེ་ནི་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་གསོལ། དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དགུང་ལོ་བརྒྱད་པ་ལྕགས་བྱ་ལོ་བསོད་ནམས་གྲགས་པ་རྩེར་བྱོན་པའི་རྗེས་སུ། སྤྱན་སྔ་བསོད་ནམས་གྲགས་པ་དེ་ནི་རྩེར་བྱོན་པའི་རྗེས་སུ། ཆོས་གྲྭ་ཆེན་པོ་རྩེད་ཐང་གི་གདན་སར་ཕེབས་ནས་ཟེར།
  • ནོར་བྲང་ཨོ་རྒྱན།
    རྩེ་ལ་ཟེར་ཡས་དེ་ནི་སྐབས་དེ་དུས་དེ་ནི། ཁྲི་དཔོན་ལ་ཕེབས་པའི་རྗེས་སུ། ཆོས་གྲྭ་ཆེན་པོ་རྩེད་ཐང་གི་གདན་སར་ཕེབས་ནས་རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པས་མཛད་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གསུང་པས་ཤིན་ཏུ་ཕྲ་བའི་རྟོག་གེའི་རིག་པར་མངོན་པར་ང་རྒྱལ་བའི་མཁས་རློམ་ས་སྲུང་རྣམས་ཀྱི་སྤོབས་པ་ཕྲོགས། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་ཀྱི་ཁོང་ནི་ཚད་མ་ནི་ཤིན་ཏུ་མཁས་པ་དེ་འདྲས་ཡིན་བྱུང་བྱས་རེད་པཱ། མཁས་རློམས་དེ་ནི་ས་སྲུང་རྣམས་ཀྱི་སྤོབས་པ་ཕྲོགས་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནས་རྩེད་ཐང་གི་ཚོགས་པ་ལོ་ལྔར་བསྐྱངས་ནས་བདག་པོ་བསོད་ནམས་གྲགས་པ་ཐེལ་གྱི་ཤུགས་རར་ཕེབས་རྗེས་ཏེ། དགུང་ལ་བཅུ་གཉིས་པ་རབ་བྱུང་དྲུག་པའི་ཤིང་གླང་སྤྱི་ལོ་༡༣༨༥ལོར་་ཕོ་བྲང་ཆེན་པོའི་སེང་གེའི་ཁྲིའི་དགའ་ཚལ་དུ་ཞབས་ཟུང་སཱ་ལ་ཆེན་པོ་ལྗོན་པའི་རྣམ་པར་བཀོད། ད་དེ་ནས་དགུང་ལ་དེའི་ནང་ལ།
  • ནོར་བྲང་ཨོ་རྒྱན།
    ཕོ་བྲང་ཆེན་པོའི་སེང་གེའི་ཁྲི་ལ། དགུང་ལོ་བཅུ་གཉིས་པ་ལ་དེ་ནི་ཕོ་བྲང་ཆེན་པོའི་སེང་གེའི་ཁྲི་ལ་དེ་ནི་སེང་གེའི་ཁྲི་ལ་དེ་ནི་ཕག་གྲུའི་ཁྲི་ལ་མངའ་གསོལ་བ་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དགའ་ཚལ་དུ་ཞབས་ཟུང་སཱ་ལ་ཆེན་པོའི་ལྗོན་པ་རྣམ་པར་བཀོད་པའི་ཕན་བདེའི་བདེ་སྐྱིད་རྫོགས་ལྡན་གསར་པའི་དྲི་བསུང་། མ་ལ་ཡའི་རླུང་གཞོན་གྱིས་བོད་ཆེན་པོར་འཁོད་པའི་སྐྱེ་བོ་ཀུན་གྱི་དུ་ཁའི་ཚ་གདུང་གི་འཇིགས་པ་མིང་གི་ལྷག་མར་མཛད་ནས། ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་ད་ཁོང་དཔེར་ན་དེ་འདྲས་ད། གང་ཟེར་དགོས་རེད་པས། ཁྲི་ལ་ཕེབས་པ་དེ་ཡིན་ན་ལྔ་པ་ཆེན་པོས་ཡིན་ན། སྔགས་བརྗོད་བསམ་གྱིས་མི་ཁྱབ་པ་གནང་བ་དེ་འདྲས་གཅིག་རེད་པཱ།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་རེད་པ། ད་རྫོགས་ལྡན་གསར་པའི་ཁོང་གི་པེར་ན་ཞབས་ཟུང་དེ་ཡིན་ན། སེང་གེའི་ཁྲིའི་དེ་ནི་དགའ་ཚལ་དེ་ནི། དགའ་ཚལ་དེ་སེང་གེའི་ཁྲི་ལ་ཆ་བཞག དེའི་ནང་ལ་ཞབས་ཟུང་སཱ་ལ་ཆེན་པོའི་ལྗོན་པ་དེ་རྣམ་པར་བཀོད་པ། དེ་ནི་དགའ་ཚལ་ནང་ལ་སཱ་ཆེན་པོ་དེ་འདྲས་སྐྱེས་ཀྱི་ཡོའོ་རེད་པཱ།
  • ནོར་བྲང་ཨོ་རྒྱན།
    དེ་རྣམ་པར་བཀོད་པའི་བདེ་སྐྱིད་རྫོགས་ལྡན་གསར་པའི་ད་དེ། སཱ་ལ་ཆེན་པོ་དེ་ནི་པོད་དཀར་ཤིང་ལ་དེ་ནི་དྲི་བཟང་པོ་ཡོད་པ་དེ་ཡིན་དུས་ཙམ་པ། དྲི་བསུང་མ་ལ་ཡའི་རླུང་གཞོན་ཟེར་ན། བསིལ་བའི་རླུང་གཞོན་གྱིས་དེ་ནི་བོད་ཆེན་པོར་འཁོད་པའི་སྐྱེ་རྒུ་ཀུན་གྱི་དུ་ཁའི་ཚ་གདུང་། དེ་ནི་སྐྱེ་རྒུ་ཀུན་མི་འདོད་པའི་ཚ་གདུང་། མི་བདེ་བ་ལ་སོགས་པ་དེ་འདྲས་ཀྱི་ཚ་གདུང་ཡོད་པ་ཐམས་ཅད་དེ་ནི་སེལ་ཐུབ་པ་དེ་འདྲས་ཡིན་ན་བྱུང་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    མིང་གི་ལྷག་མར་མཛད་ནས། ཆོས་ཉིད་ལུགས་ཟུང་གི་སྒོ་ནས་སྲིད་ལོ་ཞེ་བདུན་བསྐྱངས་པའི་རིང་ཆབ་འབངས་རྣམས་ལ་ཕན་པ་དང་བདེ་བའི་ཆར་ཆེན་པོ་རིས་སུ་མ་ཆད་པར་ཐ་གྲུ་ཀུན་ཏུ་ཕབ་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་ཁོང་ཡིན་ན་ཆོས་སྲིད་ལུགས་ཟུང་གི་ཐོག་ནས་དགུང་ལོ་ཞེ་བདུན་བར་ལ། ལོ་ཞེ་བདུན་རིང་ལ་དེ་ནི་ཆབ་སྲིད་བསྐྱངས་བྱས་རེད་པཱ། ཆབ་སྲིད་བསྐྱངས་ནས་དེ་ནི་མངའ་འབངས་ལ་ཕན་བདེ། ཕན་པ་དང་བདེ་བ་ཆེན་པོ་ཡིན་ན། བྱུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བསྟན་པའི་སྦྱིན་བདག་གི་མཛད་པ་བཟང་པོ་ལྷུར་བཞེས་ཏེ། བཀྲིས་སྒོ་མང་གསུམ་གྱི་ཐོག་དྲངས་པའི་ཐུགས་དང་སྐུའི་རྟེན་དང་། བདེ་བར་གཤེགས་པའི་བཀའ་དྲི་མ་མེད་མ་བོད་དུ་འགྱུར་བའི་གླེགས་བམ་མཐའ་དག་ས་ལེ་སྦྲམ་གསེར་གྱི་སྙིང་པོ་བཞུན་པའི་ཁུ་བ་ལས་གྲུབ་པ་ཚར་གཉིས། ད་དེ་འདྲས་བདེ་བར་གཤེགས་པའི་དེ་ནི་བཀའ་དྲི་མ་མེད་པ་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དེ་ནི་དེ་འདྲས་གླེགས་བམ་མཐའ་དག་ལས། ས་ལེ་སྦྲམ་ཟེར་ན། གསེར་རེད་པཱ། ས་ལེ་སྦྲམ་གསེར་གྱི་སྙིང་པོ་ལས་གྲུབ་པའི་ཁུ་བ་ལས་གྲུབ་པའི་ཚར་གཉིས། གསེར་དངུལ་འདྲེས་མ་ཚར་གཉིས། ཆབ་ཤོག་དཀར་པོ་ལ་བྲིས་པ་ཚར་གསུམ་གྱིས་ཐོགས་དྲངས་གསུང་རྟེན་མཐའ་ཡས་པ་བཞེངས་ཤིང་། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་ཀྱི་དཔེར་ན་གསུང་རྟེན། སྐུ་རྟེན་ཡིན་ན་ད་སྐུའི་ཐུགས་རྟེན་ལ་སོགས་པ་མང་པོ་དེ་འདྲས་བཞཻངས། གསུང་རྟེན་ལ་ཆ་བཞག་ན་མང་པོ་དེ་འདྲས་ཀྱི་དཔེར་ན་མང་པོ་དེ་འདྲས་ཡིན་ན་བཞེངས་ཟེར།
  • ནོར་བྲང་ཨོ་རྒྱན།
    གསུང་རྟེན་དེ་དག་རྣམས་ཀྱང་མྱང་སྟོད་རྒྱལ་མཁར་རྩེའི་སྡེ་དགོན་དུ། བཀའ་འགྱུར་ཤིན་ཏུ་མང་བ་ཚར་རྩིས་ནས། བྲིས་པ་སྣང་བ་ལྟ་བུ་མ་ཡིན་པར་ཟེར། ད་དེ་གསུང་རྟེན་དེ་ཚོ་ལ་ཆ་བཞག་ནའི་སྐབས་དེ་དུས་དེ་ནི། རྒྱལ་རྩེར་ཆ་བཞག་ན་མྱང་སྟོད། ད་ལྟ་དེ་རབ་བརྟན་ཀུན་བཟང་འཕགས་ཀྱི་དུས་ནས་བཟུང་སྟེ། དེ་ནི་རྒྱལ་རྩེར་ཆ་བཞག་ན། གསུང་རྟེན་བྲིས་ཡས་ལ་ཡ་ཆ་བཞག་ན། བཀའ་འགྱུར་དེ་ནི་རྒྱུན་དུ་འབྲི་ཡས་ཀྱི་དེ་ནི་དེ་འདྲས་ད། པོད་མང་པོ་འབྲི་ཡས་ལ་སོགས་པ་དེ་ནི་དེ་འདྲས་དེ་ནི་མི་འདྲ་བའི་ཐོག་ནས། རྒྱུ་དངོས་ཕུན་སུམ་ཚོགས་པ་དེ་འདྲས་ཀྱི་ཐོག་ནས་བཞེངས་གནང་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཤིན་ཏུ་མང་བ་ཆར་རྩིས་ནས། ད་མང་བར་བརྩིས་ནས་བྲིས་པ་ལྟ་བུ་མ་ཡིན་པ། རྒྱུ་ཕུན་སུམ་ཚོགས་པའི་སྟེང་དུ་ལག་ལེན་རྣམ་པར་དག་པའི་སྒོ་ནས་གསུང་རྟེན་རྣམས་ཀྱི་ཡི་གེ་ཡང་། ཟེར།
  • ནོར་བྲང་ཨོ་རྒྱན།
    གསུང་རྟེན་དེ་ནི་རྒྱལ་བའི་བཀའ་བསྟན་འགྱུར་གསུང་རྟེན་དེ་རྣམས་ཀྱི་ཡི་གེ་ཡིན་ན་ཡང་། བོད་ཀྱི་ཡི་གེ་མཐའ་དག་ལ་གངས་ཅན་རི་བོའི་ཁྲོད་དུ་གནས་པའི་སྐྱེ་རྒུ་རྣམས་ལ་བཀའ་དྲིན་འགྲན་ཟླ་མ་མཆིས་པ་ཐོན་མི་སམ་བྷོ་ཌས་མཛད་པའི་སུམ་དག་དང་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་གསུང་རྟེན་དེ་ཚོ་ལ་ཆ་བཞག་ན་བོད་ཀྱི་སྐྱེ་རྒུ་རྣམས་ལ་གངས་ཅན་རི་བོའི་ཁྲོད་དུ་གནས་པའི་སྐྱེ་རྒུ་རྣམས་ལ་དེ་ནི་བཀའ་དྲིན་འགྲན་ཟླ་མ་མཆིས་པ་ཐོན་མི་སམ་བྷོ་ཌས་དེ་ནི་སུམ་རྟགས་ཟེར། ད་དེ་བོད་ཀྱི་སུམ་རྟགས་དང་ཟེར།
  • ནོར་བྲང་ཨོ་རྒྱན།
    གཞུང་དེ་དག་ལ་བརྟེན་ནས་བོད་ཀྱི་མཁས་པའི་དབང་པོ་རྣམས་ཀྱིས་མཛད་པའི་ཡི་གེའི་བརྡ་དག་གི་བསྟན་བཅོས་མང་དུ་སྣང་བ་རྣམས་ལ་བརྟེན་ནས། སྡེབ་ཀྱི་སྦྱོར་ལུགས་མཐའ་དག་ལ་ཞིབ་མོར་དཔྱད། ད་དེ་ཚོ་རྦད་དེ་གསུང་རྟེན་དེ་ཚོ་བཞེངས་པའི་ཁ་གཏུག་ལ་ཆ་བཞག་ནའི་ཐུན་མི་སམ་བྷོ་ཌས་མཛད་པའི་སུམ་རྟགས་ཀྱི་གཞག་ལ་སོགས་པ་དེ་དག་ལ་བརྟེན་ནས་དེ་ནི། ཡི་གེ་ཡིན་ནའི་ཤིན་ཏུ་དག་པ་མཛད་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    རྒྱུད་འབུམ་སོགས་སུ་ལེགས་པར་སྦྱར་བ་ལས་ལྷའི་སྐད་ཀྱི་སྔགས་མཐའ་དག་བྱཱ་ཀ་ན། མདོ་ལ་ཆ་བཞག་ན་གཅིག་གི་ལེགས་སྦྱར་གྱི་གང་ཟེར། ད་ལྟའི་དེའི་དེ་ནི་བོད་ཀྱི་སུམ་རྟགས་ཀྱི་བསྟན་བཅོས་ལ་སོགས་པ་དེ་ཚོ་ལ་བསྟུན་དགོས་ཡས་དང་། དེ་ནི་སྔགས་ལ་སོགས་པ་དེ་ཚོ་ལ་ཆ་བཞག་ན།
  • ནོར་བྲང་ཨོ་རྒྱན།
    རྒྱུད་འབུམ་ལས་ལེགས་པར་སྦྱར་བས་ལས་ལྷའི་སྔགས་མཐའ་དག་ཀྱང་། བྱཱ་ཀ་ར་ཎའི་དོན་ཁོང་དུ་ཆུད་པ་སྐད་གཉིས་སྨྲ་བ་རྣམས་ཀྱི་རང་བཞིན་རྣམས་དང་། ད་སྐད་གཉིས་སྨྲ་བ་རྣམས་ཀྱི་རང་བཞིན་དང་། རྐྱེན་དང་རྣམ་འགྱུར་གསུམ་ལ་བརྟེན་ནས་གཏན་ལ་ཕབ་པས། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་ཀྱི་དཔེར་ན། སྒྲ་མདོ་ནས་བྱུང་བ་རང་བཞིན། རྐྱེན་དང་། རྣམ་འགྱུར་ལ་སོགས་པ་གསུམ་ལ་བརྟེན་ནས་གཏན་ལ་ཕབ་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བཀའ་འགྱུར་དེ་རྣམས་གཅིག་ཏུ་བསྟན་པའི་རྩ་ལག་ལྟ་བུར་གྱུར། བཀའ་འགྱུར་དེ་རྣམས་དེ་བཞེངས་པ་དེ་ཚོ་ལ་ཆ་བཞག་ནའི་བསྟན་པའི་རྩ་ལག་ལྟ་བུ་དེ་འདྲས་གྱུར་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    གཙུག་ཏོར་དྲི་མ་མེད་པའི་གཟུགས་གསེར་གྱིས་བཞེངས་པའི་སྙིང་པོ་ཅན་གྱི་རྟེན་ཚ་ཚ་འབུམ་ཐེར་གྲངས་མང་བ་དང་། འབུམ་ཐེར་དགུང་ལོའི་གྲངས་ལོ་རེ་བཞིན་རང་ཉིད་ཀྱི་ཕྱག་བསྟར་ནས་བཞེངས་པ་ཟེར། ད་དེ་ནས་གཙུག་ཏོར་དྲི་མ་མེད་པའི་གཟུགས་གསེར་གྱིས་གསེར་གྱིས་བཞེངས་པའི་གསེར་གྱི་སྙིང་པོ་ཅན་རྟེན་ཚ་ཚ་འབུམ་ཐེར་གྲངས་མང་བ་དང་། དགུང་ལོའི་གྲངས་དེ་ནི་ལོ་རེ་བཞིན་རང་ཉིད་ཁོང་རང་ཉིད་ཆོས་རྗེ་གྲགས་པ་རྒྱལ་མཚན་རང་ཉིད། རང་གིས་དཔེར་ན་ཕྱག་འདེབས་བྱས་བཞེངས་པ་གནང་བ་དང་།
  • ནོར་བྲང་ཨོ་རྒྱན།
    སྤྱན་སྔ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་གྱིས་ཆོས་འབྱུང་མིག་འབྱེད་འོད་སྟོང་གསར་རྩོམ་མཛད་པའི་ལོ་ས་ཁྱི་ཡན་ལ་ལོ་ཉི་ཤུ་རྩ་གཉིས་རྟེན་བཞེངས་དེ་དག་སྟར་ཆགས་སུ་བྱུང་བར་གསུངས་འདུག་པས། དེ་ནས་ཀྱང་ས་ཕག་ནས་ལྕགས་ཕག་གི་བར་སྟེ། སྐུ་མ་གཤེགས་བར་ལོ་བཅུ་གསུམ་གྱི་རིང་ལ་ཡང་རྒྱུན་མི་ཆད་པར་མངོན། ད་དེ་ནས་རྦད་དེ་སྐུ་མ་གཤེགས་བར་དུ་ཡིན་ན། དེ་ནི་རྒྱུན་མ་ཆད་པ་དེ་འདྲས་ཡིན་མངོན་དུ་སོང་ཟེར།
  • ནོར་བྲང་ཨོ་རྒྱན།
    གཞན་ཡང་རིས་སུ་མ་ཆད་པའི་གྲུབ་པའི་མཐའ་དག་ལ་བསྙེན་བཀུར་དང་། ཡོངས་འཛིན་རྣམས་ལ་ཆོས་ཀྱི་གསན་པ་མཛད་པ་ཟེར། ད་དཔེར་ན་ཡང་ཕྱོགས་གཅིག་ནས་རྒྱལ་བའི་སྐུ་རྟེན་གསུང་རྟེན་བཞེངས་ཡས་ལ་སོགས་པ་དེ་ཚོ་ནི་བསམ་གྱིས་མི་ཁྱབ་པའི་མཛད་པ་བསྐྱངས་ཡས་དང་།
  • ནོར་བྲང་ཨོ་རྒྱན།
    གཞན་ཡང་དེ་ནི་གྲུབ་པའི་མཐའ་མཐའ་དག་ལ་བསྙེན་བཀུར་དང་། ཡོངས་འཛིན་རྣམས་ལ་ཆོས་གསན་པ་མཛད་པ་ཟེར། ཁ་ཆེ་པཎ་ཤཱཀྱ་ཤྲཱི་དེ་ནི་རྦད་དེ། ཤཱཀྱ་ཤྲཱིའི་རྒྱུན་འཛིན་པ་རེད་པཱ། སྡོམ་རྒྱུན་འཛིན་པ་ཞེས་་བྱ་བ། སྡོམ་རྒྱུན་འཛིན་པའི་ཚོགས་པ་སྡེ་བཞི་འགའ་ཞིག་བསྟན་པས་ཟེར།
  • ནོར་བྲང་ཨོ་རྒྱན།
    བསྟན་པའི་རྩ་ལག་མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོའི་ཐུགས་དམ་བདེ་བར་གཤེགས་པ་རྣམ་པར་གཟིགས་པ་དང་། ཚོགས་པ་འགའ་ཞིག་ལས། བསྟན་པའི་རྩ་ལག་ཆེན་པོ་མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོའི་ཐུགས་དམ་བདེ་བར་གཤེགས་པ་རྣམ་པར་གཟིགས་པ་དང་། གཙུག་ཏོར་ཅན། ཐམས་ཅད་སྐྱོབ། འཁོར་བར་འཇིག གསེར་ཐུབ། འོད་སྲུངས། ཤཱཀྱ་ཐུབ་པ་བཅས་པ་སངས་རྒྱས་རབ་བདུན་གྱི་སྨོན་ལམ་འབུམ་ཕྲག་མང་དུ་བསྐུལ་བ་དང་ཟེར།
  • ནོར་བྲང་ཨོ་རྒྱན།
    ཚོགས་པ་སྡེ་བཞི་ཚང་མའི་དབྱར་གནས་ཀྱི་སྦྱིན་བདག་ལོ་མང་པོར་མཛད་པ་ཟེར། ཚོགས་པ་སྡེ་བཞིའི་ནང་ལ་ཚང་མ་དེ་ནི་དབྱར་གནས་ཀྱི་སྦྱིན་བདག་ལོ་མང་པོ་མཛད་པ་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དབྱར་གནས་ཟེར་མཁན་དེ། དཔེར་ན། རབ་ཏུ་བྱུང་བ་དེ་ལ་ཡིན་ན། དབྱར་གནས་དགའ་ཡོལ་ལ་སོགས་པ་དེ་འདྲས་ཡོའོ་རེད་པཱ། དབྱར་གནས་ཁ་གཏུག་གི་ཨ་ནི་སྦྱིན་བདག་དེ་ཡིན་ནའི་ལོ་མང་པོ་གནང་བ་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    ལྷག་པར་དུ་དེ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་ཆེན་པོས་སྲིད་པའི་འཇིག་རྟེན་འདིའི་ལེགས་བྱས་རྣམ་པར་དཀར་བའི་ནམ་མཁའི་གླང་པོ་ཆུ་འཛིན་གྱི་ཕྲེང་བ་ནམ་མཁའི་ཁམས་ཡོངས་སུ་འཁྲིགས་པ་ལས་བྱུང་བའི་འཕྲལ་ཡུན་ཀུན་ཏུ་དགེ་ལེགས་ཀྱི་འཇུག་པ་རྒྱུན་མི་ཆད་པའི་གྲུ་ཆར། ཀུན་མཁྱེན་ཡེ་ཤེས་ཀྱི་མཆོག་གི་མྱུ་གུ་ཟད་མི་ཤེས་པའི་ཟོང་དུ་བསྐྲུན་པའི་ཐབས་མཁས་ཀྱི་སྒོ་འཕར་བརྒྱ་ཕྲག་ཕྱེ་བའི་བྱེད་པོ་ཀུན་མཁྱེན་ཟས་གཙང་གི་སྲས་པོས་མུ་སྟེག་གི་སྟོན་པ་རྫོགས་བྱེད་དང་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་ཀྱི་དཔེར་ན་དེ་འདྲས་ཀྱི་དེ་རེད་ཟེར། ལྷག་པར་དུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་སྲིད་པ་འཇིག་རྟེན་འདིའི་ལེགས་བྱས་རྣམ་པར་དཀར་བའི་ནམ་མཁའི་གླང་པོ་ཆུ་འཛིན་གྱི་ཕྲེང་བ། ནམ་མཁའི་གླང་པོ་ཟེར་ཡས་དེ་དེ་ནི། སྤྲིན་རེད་པཱ། ཆུ་འཛིན་གྱི་ཕྲེང་བ་ནམ་མཁའི་ཁམས་ཡོངས་སུ་འཁྲིགས་པ་ལས་བྱུང་བའི་འཕྲལ་ཡུན་གནས་སྐབས་དང་།
  • ནོར་བྲང་ཨོ་རྒྱན།
    ཀུན་ཏུ་དགེ་ལེགས་ཀྱི་འཇུག་པ་རྒྱུན་མི་ཆད་པའི་གྲུ་ཆར་གྱིས། ཀུན་མཁྱེན་ཡེ་ཤེས་མཆོག་གི་མྱུ་གུ་ཟད་མི་ཤེས་པའི་ཟོང་དུ་བསྐྲུན་པ། དེ་ནི་མྱུ་གུ་དེ་ཟད་མི་ཤེས་པ་འཕེལ་བར་མཛད་ཡས་ཀྱི་ཆེད་དུ། ཐབས་མཁས་ཀྱི་དེ་ནི་སྒོ་འཕར་བརྒྱ་ཕྲག་ཕྱེ་བའི་ཀུན་མཁྱེན་ཟས་གཙང་སྲས་པོ་སྟོན་པ་བཅོམ་ལྡན་འདས་ཀྱིས་དེ་ནི་མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད་དང་། ཀུན་ཏུ་རྒྱུ་བ་དག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡན་ལག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལཱ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་སྟེ།
  • ནོར་བྲང་ཨོ་རྒྱན།
    སྟོན་པ་དྲུག་འཁོར་དང་བཅས་པའི་ལོག་པར་ལྟ་བ་ཚར་གཅོད་པའི་སླད་དུ་་དགག་པར་དཀའ་བའི་ཆོ་འཕྲུལ་གྱི་མཛད་པའི་དུས་ཆེན་ཁྱད་པར་ཅན་ཆུ་ཤེལ་དབང་པོ་རྟ་ཆེན་དགའ་མའི་ཁྱིམ་དུ་རྩེ་དགར་སྤྱོད་པའི་ཧོར་ཟླ་དང་པོ་དང་། བོད་ཡུལ་རྡོ་རྗེ་གདན་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་སྨོན་ལམ་གྱི་དུས་སྟོན་ཁྱད་པར་ཅན་ལྷ་ལྡན་སྨོན་ལམ་ཆེན་མོ་ཞེས་བྱ་བ་རབ་བྱུང་བདུན་པའི་ས་གླང་སྤྱི་ལོ་༡༤༠༩ལོར་་འཛུགས་པར་མཛད་པའི་མཐུན་རྐྱེན་ཡང་དག་པར་བསྒྲུབས་པ་དང་། ལོ་དེར་དགའ་ལྡན་དགོན་པ་ཕྱག་འདེབས་པའི་སྦྱིན་བདག་གི་མཐིལ་ལེན་མཛད། ཡང་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནས་བཅོམ་ལྡན་འདས་ཀྱི་རྦད་དེ་དེ་གནང་ཡས་ག་རེ་ཟེར་དགོས་རེད། བཅོམ་ལྡན་འདས་ཀྱི་དེ་ནི་རྦད་དེ་མུ་སྟེགས་ཀྱི་སྟོན་པ་དྲུག་བཅོམ་ཡས་ཀྱི་དེ་ནི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བསྟན་པའི་དེ་ནི་དུས་ཆེན་དེ་ནི་ཆོ་འཕྲུལ་དུས་ཆེན་དེ་ནི་ཟླ་བ་དང་པོའི་ནང་ལ་ཚུགས་ཀྱི་ཡོའོ་རེད་པཱ་བྱས་ནས། དེ་ནི་ལྷ་ལྡན་སྤྲུལ་པའི་དེ་ནི་སྨོན་ལམ་ཟེར་ཡས་དེ་ནི། རྗེ་བདག་ཉིད་ཆེན་པོས་ཐོག་མར་འཛུགས་པ་གནང་བ་དང་། ད་ག་ནང་ལྟར་དེ་ནི་ལོ་དེ་ལ་ཡིན་ན། བཙུགས་པ་གནང་ཡས་དེ་སྤྱི་ལོ་༡༤༠༩ལོར་བཙུགས་གནང་བ་དང་། དེ་ནི་ལོ་དེར་ཡིན་ན་དགའ་ལྡན་དགོན་པ་ཡིན་ནའི་ཕྱག་འདེབས་པའི་སྦྱིན་བདག་དེ་གཙོ་བོ་ཡིན་ན། དེས་གནང་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    མིའི་དབང་པོ་དེ་ཉིད་ཀྱིས་གནང་བ་རེད། ཟེར། མིའི་དབང་པོ་གྲགས་པ་རྒྱལ་མཚན་གྱིས་གནང་བ་རེད་ཟེར། མིའི་དབང་པོ་གྲགས་པ་རྒྱལ་མཚན་དེ་ཉིད་རིང་མོ་ཉིད་ནས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསགས་པའི་རྟེན་འབྲེལ་གྱིས་སྣེ་གདོང་གི་ཁྲི་ཐོག་ཏུ་ཕེབས་ནས་བཟུང་སྟེ། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་མིའི་དབང་པོ་གྲགས་པ་རྒྱལ་མཚན་ཡིན་ན། ཁོང་ཨ་ནི་དེའི་རྐྱེན་གྱིས་རྟེན་འབྲེལ་གྱིས་རྐྱེན་པས། བསོད་ནམས་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེ་བསགས་པས།  བསོད་ནམས་རྟེན་འབྲེལ་གྱིས་དེ་ནི་སྣེ་གདོང་གི་ཁྲི་ཐོག་ཏུ་ཕེབས་པ་ནས་བཟུང་སྟེ། དེ་ནི་འཇིག་རྟེན་ཀུན་ཏུ་ད་བོད་ཁམས་ཀྱི་འཇིག་རྟེན་ཀུན་ཏུ་དེ་ནི་མུ་གེ་དང་ནད་ཡམས་སོགས་མེད་ཅིང་མཁོ་དགུའི་ཡ་བྱད་ལ། ལོངས་སྤྱོད་པའི་འདོད་རྒུ་ནོར་གྱི་བདག་པོ་ཛམྦྷ་་ལའམ་རྨུགས་འཛིན་གྱི་བང་མཛོད་ལ་རང་དབང་དུ་སྤྱོད་པ་ལྟ་བུར་འགྱུར།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་ཀྱི་དཔེར་ན། མི་དབང་གྲགས་པ་རྒྱལ་མཚན་བྱུང་བའི་རྗེས་ལ་དེ་ནི་ཁོང་གིས་དཔེར་ན། སྐུ་བསོད་ལ་བརྟེན་ནས་དེ་ནི་བོད་ཡོངས་ལ་ཆ་བཞག་ན། དམག་འཁྲུག་དང་མུ་གེ་མེད་པ། ནད་ཡམས་ལ་སོགས་པ་མེད་པ་དེ་འདྲས། དེ་ནི་མཁོ་རྒུའི་ཡོ་བྱད་ལ་སོགས་པ་དེ་ནི། དཔལ་འབྱོར་བསམ་གྱིས་མི་ཁྱབ་པ་ཕུན་སུམ་ཚོགས་པ་དེ་འདྲས་བྱུང་བ་དེ། དེ་ནི་རྨུགས་འཛིན་གྱི་བང་མཛོད་ཟེར་ཡས་དེ། ཛམྦྷ་ལ་ཟེར་མཁན་དེ་དང་ནོར་གྱི་བདག་པོ་ཨ་ཡ་ཛམྦྷ་ལ་ཟེར་ཡས་དེ་འདྲས་རེད་པཱ།
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་དེ་ནི་དེའི་ད་ང་རང་ཚོའི་ཆོས་ལུགས་ཐོག་ནས་བཤད་སྲོལ་བྱས་ན། དེ་ནི་ནོར་ལོངས་སྤྱོད་ཐམས་ཅད་དེ་ནི། གཅིག་གི་དེ་ནི་ཛམྦྷ་ལ་སོགས་པ་དེ་ནི་དེ་ཚོ་ཡིན་ན་ནོར་བདག་རེད་པཱ། དེས་ཚོས་ནམ་མཁའ་མཛོད་ལ་དབང་བསྒྱུར་བ་ནང་ལྟར་གྱི་དེ་ནི། ལྟ་བུར་གྱུར་པ་རེད་ཟེར། མི་སེར་ཚོ་ལ་ཡིན་ན་སྐྱིད་པོ། ཕན་པ་ཕྱུག་པོ་ཞེ་པོ་དེ་འདྲས་བྱུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ཡང་མིའི་དབང་པོ་གྲགས་པ་རྒྱལ་མཚན་འདི་ཉིད་དེ་ནི་རིང་པོ་ཉིད་ནས་བསོད་ནམས་རྣམས་ཀྱི་ཚོགས་རླབས་པོ་ཆེ་བསགས་པའི་རྟེན་འབྲེལ་གྱི་དེ་ནི་སྣེ་གདོང་གི་ཁྲི་ཐོག་ཏུ་ཕེབས་པ་ནས་བཟུང་སྟེ། འཇིག་རྟེན་ཀུན་ཏུ་མུ་གེ་དང་། དམག་ཁྲུག་དང་ནད་ཡམས་ལ་སོགས་པ་མེད་པ་དེ་ནི་མཁོ་རྒུའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པའི་ཐོག་ནས་དེ་ནི། ནོར་གྱི་བདག་པོ་ཛམྦྷ་ལ་ནང་ལྟར་གྱི་ཐོག་ནས་དེ་ནི་བོད་ལ། བོད་མི་རྣམས་ཡིན་ནའི་དེ་ནི། བདེ་སྐྱིད་དཔལ་ལ་སྤྱོད་ཐུབ་པ་ལྟ་བུ་དེ་འདྲས་བྱུང་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ཡང་མིའི་དབང་པོ་འདིའི་ཡབ་ས་སྐྱོང་ཆེན་པོ་ཤཱཀྱ་རིན་ཆེན་ལ་ཐོ་གན་ཐི་མུར་གྱིས་ལུང་གནང་ནས། ཕོ་བྲང་ཆེན་པོའི་ཁྲི་དཔོན་དུ་ཕེབས་ཤིང་། ཟེར། ཡོན་ཐོ་གན་ཐོ་མུར་གྱི་དུས་གྲུ་ཐ་ལ་གྲུ་ཞེས་བྱ་བའི་བློན་པོ་ཞིག་རྒྱ་ནག་གི་ཡུལ་གྲུ་འགའ་ཆེན་པོ་ཞིག་ཏུ་ཁྲལ་ལེན་པར་བཏང་བས། འོང་ད་དེ་སྔ་མོའི་ལོ་རྒྱུས་གསུང་གི་ཡོའོ་རེད།
  • ནོར་བྲང་ཨོ་རྒྱན།
    དེའི་དབང་པོ་ཡབ་ས་སྐྱོང་ཆེན་པོ་ཤཱཀྱ་རིན་ཆེན་ལ་ཐོ་གན་ཐི་མུར་གྱིས་ལུང་གནང་ནས། ཕོ་བྲང་ཆེན་པོའི་ཁྲི་དཔོན་དུ་ཕེབས་ཤིང་ཟེར། ཡོན་ཐོ་གན་ཐོ་མུར་གྱི་དུས་གྲུ་ཐ་ལ་གྲུ་ཞེས་བྱ་བའི་བློན་པོ་ཞིག་རྒྱ་ནག་གི་ཡུལ་གྲུ་འགའ་ཆེན་པོ་ཞིག་ཏུ་ཁྲལ་ལེན་པར་བཏང་བས། ཟེར། སྐབས་དེ་དུས་ད་རྒྱ་ནག་གི་ལོ་རྒྱུས་ཀྱི་ཐོག་ལ་དེ་འདྲས་གཅིག་ཡོད་པ་འདྲ། ད་ལྟ་དེ་ཡོན་གྱི་དུས་སུ། དུས་ཚོད་དེ་རྦད་དེ་མགོ་རྟིང་ལོག་པའི་དུས་ཚོད་ཐོག་ལ་དེ་འདྲས་བྱུང་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    བློན་པོ་དེ་དག་རྒྱའི་མི་དཔོན་འགའ་ཞིག་གྲོས་མཐུན་ཏེ་ཤིང་རྟ་འཁོར་ལོ་མང་དུ་བྱས་པའི་འོག་ཏུ་དམག་མི་དང་། ད་ད་ལྟའི་དེ་ནི་གྲུ་ཐ་ལ་གྲུ་ཟེར་མཁན་དེ་ནི་ཡུལ་གྲུ་འགའ་ཞིག་རྒྱ་ནག་ཡུལ་གྲུ་གཞན་འགའ་ཞིག་ལ་དེ་ནི་ཁྲལ་ལེན་པར་བཏང་དུས་ཙམ་པ་་ཁོས། གང་འདྲས་བྱས་པ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    དེ་ནི་བློན་པོ་དེ་དག་དེ་ནི་རྒྱའི་མི་དཔོན་འགའ་ཞིག་དང་གྲོས་མཐུན། དེ་ནི་ཤིང་རྟ་འཁོར་ལོ་མང་དུ་བྱས་པའི་འོག་ཏུ་དམག་མི་དང་སྟེང་དུ་རིན་པོ་ཆེ་དང་གོར་དར་གྱིས་བཀབ་སྟེ། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་ནས་ཤིང་རྟ་འཁོར་ལོའི་ནང་ལ་འོག་ཏུ་རྦད་དེ་དམག་མི་བཞག སྟེང་ལ་དེ་ནི་རིན་པོ་ཆེ་དང་གོས་དར་གྱིས་བཀབས་ནས་དེ་ནི་ཁྲལ་བསྐྱལ་བར་ལྟར་བྱས་ནས། ཕོ་བྲང་གི་ཉེ་ལོགས་སུ་འོང་ནས་ཕོ་བྲང་དམག་གི་བསྐོར་བས་ཟེར།
  • ནོར་བྲང་ཨོ་རྒྱན།
    ཕོ་བྲང་དམག་གིས་བསྐོར་ནས་རྒྱལ་པོ་གསང་སྒོ་ཞིག་ལ་བྲོས། གྲུ་ཐ་ལ་གྲུ་དེ་ནི་རྒྱལ་པོ་གསང་སྒོ་ནས་བྲོས་ཟེར། གྲུ་ཐ་ལ་གྲུ་ཞེས་བྱ་བ་བློན་པོ་མངའ་འབངས་ཐམས་ཅད་ལ་ཆབ་འོག་བཅུག་པའི་སྲས་ཀྱེན་འུན་ཟེར། 
  • ནོར་བྲང་ཨོ་རྒྱན།
    དེའི་སྲས་ཡུང་ལོ་ཏ་མིང་རྒྱལ་པོ་ཞེས་གསུངས་པ་ནི་ཡོན་གོང་མའི་དབང་སྒྱུར་མཇུག་སྒྲིལ་བ་དང་། མིང་གོང་མའི་དབང་སྒྱུར་འགོ་ཚུགས་པའི་གནས་ལུགས་ཡིན། ཟེར།
  • ནོར་བྲང་ཨོ་རྒྱན།
    འདིར་གསུངས་པའི་ཐོ་གན་ཐི་མུར་ཡོན་རྒྱལ་རབས་ཀྱི་གོང་མ་མཇུག་མ་དང་། ཐོ་གན་ཐི་མུར་ཟེར་མཁན་དེ་ནི་ཡོན་རྒྱལ་རབས་ཀྱི་གོང་མ་མཇུག་མ་དང་། གྲུ་ཐ་ལ་གྲུ་ནི་ཞིང་པའི་འོས་ལངས་ཀྱི་འགོ་ཁྲིད་པ་ཏ་མིང་གི་གོང་མ་དང་མིང་ཐའི་ཙུའུ་ཀྲུའུ་ཡོན་ཀྲང་ཧོང་འུ་ཞེས་བྱ་བ་དེ་ལགས། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ཡང་དེ་ནི་རྒྱའི་དེབ་ཐེར་ལ་ལྟར་ན། འབྲི་ཆུའི་ལྷོ་བྱང་གི་ཞིང་པས་ཡོན་གོང་མར་དྲག་ཆས་ཀྱི་འོས་ལངས་ཐེངས་མང་བྱས་པ་དང་། ལྷག་པར་དུ་འབྲི་ཆུའི་ལྷོ་བརྒྱུད་ཞིང་པས་འོས་ལངས་ཐེངས་མང་བྱས་པ་ནི། ཀྲུང་གོའི་ལོ་རྒྱུས་ཐོག་བྱུང་མ་མྱོང་བ་ཞིག་ཡིན་འདུག ཟེར།
  • ནོར་བྲང་ཨོ་རྒྱན།
    སྐབས་དེར་ལིའུ་ཧུ་ཐུང་དང་། ཀོའོ་ཙེ་ཤིན་གྱིས་འགོ་ཁྲིད་པའི་ཞིང་པའི་གསར་བརྗེས་ཧོར་གོང་མའི་དབང་བསྒྱུར་ལ་ངོ་རྒོལ་དྲག་པོ་བྱས་པ་ཏེ། མཐར་ཀོའོ་ཙེ་ཤིན་གྱིས་དམག་དཔོན་ཀྲུའུ་ཡོན་ཀྲང་གི་ཡོན་གོང་མའི་སྲིད་དབང་མགོ་རྟིང་ལོག་ནས། བོད་རབ་བྱུང་བཅུ་པའི་ས་སྤྲེལ་སྤྱི་ལོ་༡༣༦༦ལོར་ནན་ཅིང་རྒྱལ་སར་བྱས་པའི། ཏ་མིང་གི་རྒྱལ་རབས་དངོས་སུ་བཙུགས་ཤིང་།
  • ནོར་བྲང་ཨོ་རྒྱན།
    ཀྲུའུ་ཡོན་ཀྲང་ཧོང་འུས་སྤྱི་ལོ་༡༣༦༨་ནས་སྤྱི་ལོ་༡༣༩༨བར་གོང་མའི་ཁྲི་ལོ་སུམ་ཅུ་སོ་གཅིག་བསྐྱངས་ཟེར། དེའི་སྲས་ཅན་འུན་གྱིས་སྤྱི་ལོ་༡༣༩༩ནས་སྤྱི་ལོ་༡༤༠༢་བར་ཁྲི་ལོ་བཞི། དེའི་སྲས་ཡུང་ལོས་སྤྱི་ལོ་༡༤༠༣་ནས་སྤྱི་ལོ་༡༤༢༤་བར་ཁྲི་ལོ་ཉེར་གཅིག་བསྐྱངས་པ་ཡིན་ནོ། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ལྟར་ད་དེ་གས་དེ་དཔེར་ན། ད་ལྟ་ཡུང་ལོ་ཟེར་ཡས་དེ་དབང་གྲགས་པ་རྒྱལ་་མཚན་ཁ་གཏུག་ལ་ཆ་བཞག་ན། ཏ་མིང་ལུང་ལོ་ཟེར་ཡས་དེ་རེད་པཱ། བྱས་ཙང་དེའི་ལོ་རྒྱུས་དེ་དུས་སྐབས་ལ་བྱས་པ་ཆ་བཞག་ན། རྒྱ་ནག་གི་སྲིད་ཀྱི་ཐོག་ལ་ཡིན་ནའི་ཆ་བཞག་ན། འགྱུར་ལྡོག་དེ་འདྲས་བྱུང་བ་རེད། ཟེར། སྐབས་དེ་དུས་གནས་ཚུལ་དེ་འདྲས་གསུངས་བཞག
  • ནོར་བྲང་ཨོ་རྒྱན།
    དེ་ལྟར་ཡུང་ལོ་ཏ་མིང་རྒྱལ་པོའི་དུས་མིའི་དབང་གྲགས་པ་རྒྱལ་མཚན་དགུང་ལོ་བཅུ་དྲུག་རབ་བྱུང་དྲུག་པའི་ཆུ་བྱི་སྤྱི་ལོ་༡༣༨༨ལོར་ཏ་མིང་གོང་མ་ཀྲེན་འུན་ནམ་ཅན་འུན་གྱིས་དབང་གི་གོ་གནས་དང་། གསེར་གྱི་དམ་ཁ་གནང་བ་དང་། སླར་ཡང་དབང་གྲགས་པ་རྒྱལ་མཚན་དགུང་ལོ་སོ་ལྔ་པ་རབ་བྱུང་བདུན་པའི་ས་གླང་སྤྱི་ལོ་༡༤༠༩ལོར་ཤེལ་གྱི་དམ་ཁ་ཧྲན་ཧཱ་དབང་གི་འཇའ་ས་གནང་བས་མཚན་དབང་གྲགས་པ་རྒྱལ་མཚན་ཞེས་སྙན་པའི་རྫ་རྔ་སྐབས་གསུམ་པའི་ལམ་དུ་བརྡུངས་པས། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་འདིར་དབང་གྲགས་པ་རྒྱལ་མཚན་ཟེར་དབང་གི་ཡོང་སྟངས་དེ་དེ་ནི་མིང་གོ་མས་དེ་ནི་དབང་བསྒྱུར་གྱི་དེ་ནི་སྔ་རྗེས་སུ་དེ་ནི་འཇའ་ས་དེ་འདྲས་གནང་བ་རེད་ཟེར་བྱས་ཙང་། དབང་གི་འཇའ་ས་གནང་དུས་ཙམ་པ་དབང་གྲགས་པ་རྒྱལ་མཚན་ཡིན་ནའི་ཞུས་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    འཇིག་རྟེན་གྱི་མེས་པོ་ཚངས་པས་གནམ་རིམ་པ་བཅུ་གསུམ་གྱི་མཐོངས་ནས། རིན་པོ་ཆེའི་བུམ་པ་དྲི་བཟང་གི་ཆུས་གང་བས་སྤྱི་བོ་ནས་དབང་བསྐུར། དེ་ནི་འཇིག་རྟེན་གྱི་བྱེད་པོ་མེས་པོ་ཚངས་པ་ཟེར་ཡས་དེས། དེ་ནི་གནམ་རིམ་པ་བཅུ་གསུམ་གྱི་མཐོངས་ནས། དེ་ནི་དབང་གྲགས་པ་རིན་པོ་ཆེའི་བུམ་པ་དྲི་བཟང་གི་ཆུས་གང་བ་དབང་བསྐུར་ཟེར།
  • ནོར་བྲང་ཨོ་རྒྱན།
    སྔར་རྫོང་ཆེན་རྣམས་ཀྱི་རྫོང་སྡོད་ལོ་དུས་རྒྱས་བཅད་ཀྱི་འཕོ་ལེན་བྱེད་པ་ནས་དབང་གྲགས་པ་རྒྱལ་མཚན་འདིའི་སྐུ་དུས། རྫོང་སྡོད་སོ་སོ་ལ་ཁ་འཛིན་མི་བརྒྱུད་དང་བཅས་པར་གཏན་དུ་འཇགས་པའི་འཇའ་སའི་ཤེལ་དམ་གནང་བ། འདི་ནི་སྲིད་འཛིན་གྱི་བྱ་ཐབས་ལ་འགྱུར་ལྡོག་ཆེན་པོ་གནང་བ་ཞིག་ཡིན་པ་དང་། ཟེར།
  • ནོར་བྲང་ཨོ་རྒྱན།
    མཆོག་དམན་གྱི་སྐྱེ་རྒུ་མཐའ་དག་གོང་མ་ཆོས་རྒྱལ་ཆེན་པོ་ཞེས་གླེང་ངོ་། ཟེར། ད་སྐབས་དེ་དུས་ཆ་བཞག་ན། ཁོང་གི་མཛད་རྗེས་གཅིག་ལ་གང་ཡོའོ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ད་དེ་གཅིག་རེད་ཟེར། སྔ་མ་ཡིན་ན་ཕག་གྲུའི་དུས་ལ་ཆ་བཞག་ན། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་དུས་ནས་བཟུང་སྟེ། ཨ་ནི་རྦད་དེ་ཕག་གྲུའི་འོག་གི་རྫོང་དཔོན་ལ་སོགས་པ་དེ་ཚོ་ཡིན་ན་ཁོང་རང་ཚོའི་མི་བརྒྱུད་དང་། ད་ག་ནང་ལྟར་གྱི་དཔེར་ན་རྫོང་དཔོན་ཚང་མ་དེ་ནི་རབ་ཏུ་བྱུང་བ་དེ་འདྲས་རྐྱང་རྐྱང་རེད་མ་གཏོགས། རྟེན་ཁྱིམ་པ་དེ་འདྲས་ཁྱོན་ནི་རང་མ་རེད།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་ད་དེ་སྐབས་དེ་དུས་དགོངས་པ་བཞེས་ཡས་དེ་ཡང་གནད་འགག་གཙོ་བོ་གཅིག་དེ་རེད་ཤག གང་ཟེར་དགོས་རེད།
  • ནོར་བྲང་ཨོ་རྒྱན།
    ཁོ་རའི་གལ་སྟེ་རྟེན་ཁྱིམ་པར་གནང་སོང་ན། དེ་ལ་གཅིག་གི་སྐུ་ཟླ་དང་དེ་འདྲས་ཀྱི་བུ་དང་བུ་མོ་བུ་བརྒྱུད་ལ་སོགས་པ། ཕ་བརྒྱུད་མ་བརྒྱུད་ལ་སོགས་པ་དེ་འདྲས་ཀྱི་ཐོག་ནས་དེ་ནི་སྲིད་དབང་ཟིན་ཡས་ཐོག་ལ་འགལ་རྐྱེན་ཡོད་པ་ལ་བརྟེན་ནས། དེ་ནི་སྐབས་དེ་དུས་དེ་འདྲས་དང་།
  • ནོར་བྲང་ཨོ་རྒྱན།
    གཉིས་ནས། དེ་ནི་ད་རབ་ཏུ་བྱུང་བ་ཁོ་རང་ཡིན་དུས། ད་ཁོ་རང་མིའི་སྤྱིའི་བསམ་བློ་གཅིག་མ་གཏོགས་སྒེར་གྱི་བསམ་བློ་ཞེ་དྲག་མེད་པ་ཡིན་དུས་ཙམ་པ་དེ་ནི་རབ་ཏུ་བྱུང་བ་བྱེད་དགོས་ཡས་ཀྱི་ཐོག་ནས་དེ་ནི་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་ཡིན་ན། དེའི་ཐོག་ལ་བཀའ་སློབ་ཡིན་ན་ཞེ་དྲག་གནང་བ་དེ་འདྲས་གཅིག་རེད།
  • ནོར་བྲང་ཨོ་རྒྱན།
    ཡིན་ནའི་ད་དབང་གྲགས་པ་རྒྱལ་མཚན་གྱི་ཐོག་ནས་གང་འདྲས་བྱས་པ་རེད་ཟེར་ན། ད་དེ་ནི་རྫོང་ཆེན་རྣམས་དེ་ནི་སྔར་གྱི་དེ་ནི་རྫོང་སྡོད་ལོ་དུས་རྒྱས་བཅད་མ་ཡིན་པ་དེ་ནི་སྔ་མ་དེ་ནི་རྫོང་དཔོན་དེ་གྱད་དེ་ལོ་དུས་རྒྱས་བཅད་མ་གཞི་དེ་ནི། གཏན་འཇགས་དེ་འདྲ་ཡོའོ་མ་རེད་པཱ། དེ་ནི་ད་གཏན་འཇགས་དེ་འདྲས་ཡོའོ་མ་རེད།
  • ནོར་བྲང་ཨོ་རྒྱན།
    དབང་གྲགས་པ་རྒྱལ་མཚན་གྱི་དུས་ལ་ཆ་བཞག་ན་ད། དེ་ནི་རྦད་དེ་ད་རྫོང་ཆེན་དེ་གྱད་དེ་ཡིན་ནའི་ཁོང་གི་བློན་པོ་སོ་སོ་ལ་ཕར་ལོ་དུས་ཁ་འཛིན་གཏན་འཇགས་གནང་བྱས། དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཁ་འཛིན་གཏན་འཇགས་གནང་བྱས་མི་བརྒྱུད་དང་བཅས་པར་གཏན་དུ་འཇགས་པའི་འཇའ་སའི་ཤེལ་དམ་གནང་བ་དེ་ནི། སྲིད་འཛིན་བྱ་ཐབས་ལ་འགྱུར་ལྡོག་ཆེན་པོ་གནང་། ད་དེ་འདྲས་ཀྱི་གཏན་འཇགས་གནང་ཡས་དེ་ནི་དེ་དུས་ཀྱི་སྲིད་དབང་ཐོག་ནས་ཆ་བཞག་ན། དགོས་པ་ངེས་ཅན་གཅིག་ཡོད་པ་དེ་འདྲས་གཅིག་ཡིན་གྱི་རེད་དའི། ཡིན་ནའི་ཁྱོན་ཡོངས་ནས་ཕག་གྲུའི་སྡེ་སྲིད་ངོས་ནས་ཆ་བཞག་ན། ཕག་གྲུའི་སྡེ་སྲིད་ཕམ་ཡས་དེ་ནི་སྐབས་དེ་ནས་བྱུང་བ་ཡིན་ནས། དེ་འདྲས་ཟེར་གྱི་ཡོའོ་རེད་པཱ།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་ཡིན་ན་གསུང་གི་འདུག་ག མཆོག་དམན་གྱི་སྐྱེ་རྒུ་མཐའ་དག་གོང་མ་ཆོས་རྒྱལ་ཆེན་པོ་ཞེས་གླེང་ངོ་། དཔེར་ན་དེ་འདྲས་ཀྱི་དེ་ནི་སྐྱེ་རྒུ་མཐའ་དག་དེ་ནི་གོང་མ་ཆོས་རྒྱལ་ཆེན་པོ་དབང་གྲགས་པ་རྒྱལ་མཚན་ཟེར་དེ་ནི་ཚང་མས་བསྟོད་བསྔགས་ཡིན་ན་བསམ་གྱིས་མི་ཁྱབ་པ་དེ་འདྲས་ཡིན་ན་ཞུ་ཡི་ཡོའོ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་རིང་ཞུས་ཡས་དེ་ནས་ཚར་སོང་།