29 May 2019
13 min 1 sec
Video Overview
Creators:
Tsering Gyel, Tibetan and Himalayan Library
The third and final phase shows how to finish the hat's edges.
ཕྱིང་ཞྭ་ལ་མཐའ་རྒྱན་སྤྲ་ཚུལ་གསལ་བཤད་བྱས་ཡོད།
ཞྭ་མོའི་དབྱིབས་བཟོས་རྗེས་མཐའ་རྒྱན་གཏོང་ཚུལ་བཤད། སྤྱིར་ཞྭ་འདི་ནི་ཕྱིང་བ་དཀར་པོའི་ཐོག་ཏུ་རས་ནག་པོས་མཐའ་རྒྱན་སོགས་སྤྲས་ཡོད། དུས་ངེས་མེད་དུ་གྱོན་པའི་ཞྭ་རིགས་གཙོ་ཤོས་ཀྱི་གྲས་སུ་གཏོགས།
羊毛帽边装饰方式。
在完成了帽子的基本形状后,就要制作边饰,对于白色的羊毛帽身,一般以黑布做边饰。这是一种常年可戴的帽子。
- བཤད་མཁན་དང་པོ།འཁྱོང་བཞིན་ཡོད་དམ།
- བཤད་མཁན་གཉིས་པ།ཡོད་ཀི ཡ་མཚན་འཁྱོང་བཞིན་འདུག
- བཤད་མཁན་གསུམ་པ།ཇེ་ཆེར་ཅུང་ཙམ་བཏང་ན་མི་ཆོག་རྒྱུ་མེད་པ་འདྲ།
- བཤད་མཁན་དང་པོ།ང་ཚོས་ཡང་གི་བལྟ་བཞིན།
- གལ་ཏེ་ཆུང་ཡོད་ན།
- སྐེད་ཐག་ཐུང་ཨེ་ཡོད་ཀི།
- བཤད་མཁན་གཉིས་པ།མེད་ཀི།
- མེད་ཀི།
- བཤད་མཁན་དང་པོ།འདི་ལྟར་བྱས་ན་ཇེ་མཐོ་ཇེ་རིང་ལ་འགྲོ་བ་རེད།
- བཤད་མཁན་གསུམ་པ།དེ་ན་ཉག་ཅིག་ཡོད་ཀི།
- བཤད་མཁན་དང་པོ།འདི་ན་ཉག་ཅིག་ཡོད་དམ།
- བཤད་མཁན་གཉིས་པ།ཡོད་ཀི།
- བཤད་མཁན་གསུམ་པ།དཀྱིལ་གྱི་འབུར་དེ་ཡར་ལ་ཅུང་ཙམ་ཡོང་ན་བཟང་གི།
- བཟང་ངམ།
- བཤད་མཁན་དང་པོ།ཨ་རོད་མི་འགྱུར།
- བཤད་མཁན་བཞི་བ།ཨ།
- བཤད་མཁན་དང་པོ།ཁྱོད་ཀྱིས་ང་ལ་ཁ་སང་གི་ཐིག་ཤིང་དེ་ཁྱེར་ཤོག་དང་།
- ད་མ་ཡོང་ན་ཆོག་གི།
- བཤད་མཁན་བཞི་བ།ཨ།
- བཤད་མཁན་དང་པོ།མ་ཡོང་ན་ཆོག་གི།
- བཤད་མཁན་བཞི་བ།དགོས་ན་འདི་ན་ཡོད་ཀི།
- བཤད་མཁན་དང་པོ།ཨ།
- བཤད་མཁན་བཞི་བ།དགོས་ན་ཡོད་ཀི།
- བཤད་མཁན་དང་པོ།ཕལ་ཆེར་ཚད་ན་འགྲིག་ཡོད་པ་འདྲ།
- ཕལ་ཆེར་འདི་འདྲ་ཞིག་རེད།
- བཤད་མཁན་གཉིས་པ།རེད།
- བཤད་མཁན་དང་པོ།ཨ།
- བཤད་མཁན་གཉིས་པ།རེད།
- བཤད་མཁན་དང་པོ།ཅི་འདྲ་ཞིག་རེད། ཁྱོད་ཀྱི་བློར་འབབ་བཞིན་ཡོད་དམ།
- བཤད་མཁན་གཉིས་པ།འབབ་བཞིན་ཡོད།
- བཤད་མཁན་གསུམ་པ།བལ་མི་ཡག་གི།
- བཤད་མཁན་དང་པོ།རང་གིས་གོན་ན།
- ཆེ་ཆུང་གཉིས་ཀྱིས་ཅིག་བཤད་བཞིན་པ།
- དེར་ཁྱད་ཆོས་ཅུང་ཙམ་ཞིག་ཡོད་པ་རེད།
- དེའི་རིགས་དེའི་བལ་ཧ་ཅང་འཇམ།
- དེའི་གླིང་ཡང་དེ་འདྲ་ཞིག་རེད།
- འཇོག་རྒྱུ་དཀའ་བ་རེད།
- བཤད་མཁན་གཉིས་པ།དེ་རེད།
- བཤད་མཁན་དང་པོ།འཇོག་རྒྱུ་ཧ་ཅང་དཀའ།
- དེ་དུས་འགོར་རྒྱུ་མེད་པར་གཅིག་འདྲ་ཡིན་མོད།
- ཁ་སང་འུ་གཉིས་ཀྱིས་བཞག་པ།
- ཞེང་བཞག་པ།
- དེ་དུས་བལ་རིང་ཇེ་ཐུང་ལ་བཏང་ནས།
- བལ་དེ་དཀྲུགས་ནས།
- ཞེང་དེར་བལ་གཏུབ་ནས།
- ཇི་འདྲ་ཐུང་ན་དེ་འདྲ་བཟང་བ་རེད།
- བཤད་མཁན་གཉིས་པ།དེ་རེད།
- བཤད་མཁན་དང་པོ།གླིང་ལ་དེ་སྒྲིག་པ་རེད།
- ང་ཚོའི་བལ་སེལ་ནས།
- མ་གཏུབ་པར་བཞག་ན་གླིང་དེ་འདྲ་ཞིག་ཡིན་པ་རེད།
- བཤད་མཁན་གཉིས་པ།དེ་རེད།
- བཤད་མཁན་དང་པོ།ཞབས་འདི་ལྟར་བཞག་ནས།
- དེའི་འཕྲོར་འདི་ལྟར་སྔོན་གྱི་ལས་ཕྱོགས་ལྟར།
- ད་བར་གྱི་རིང་ཐུང་འཇལ་བྱེད་དེ་འདྲ་མེད་པས།
- འདི་ལྟར་ཕྲེང་བ་མགོར་གཅིག་གོན་ནས།
- ཚད་རྒྱུ་རེད།
- བཤད་མཁན་གཉིས་པ།ཨོ་་་དེ་རེད།
- བཤད་མཁན་དང་པོ།ཁྱོད་ཀྱིས་མགོ་ཚད་ནས།
- ཕྲེང་བ་འདི་ལྟར་བཞག་ནས།
- མགོར་གོན་མཚམས་འདི་རེད།
- བཤད་མཁན་གཉིས་པ།ཨོ་་་དེ་རེད།
- ཨོ་་་དེ་རེད།
- བཤད་མཁན་དང་པོ།ཚད་དེ་ཇེ་ཆེར་གཏོང་བ་དང་ཇེ་ཆུང་དུ་གཏོང་བ།
- བཤད་མཁན་གཉིས་པ།ཨོ་་་དེ་རེད།
- བཤད་མཁན་དང་པོ།དེ་ལྟར་བྱེད་དགོས།
- ཕྲེང་བ་འདི་རྒྱུན་ལྡན་རེད།
- ལོ་ཧྲིལ་བོར་ལག་ཏུ་ཕྲེང་བ་བཟུང་ཡོད།
- ཕྲེང་བ་ཞིག་ཡིན་ན་མིན་ན་ལག་ན་ཡོད།
- ཕྲེང་བ་སྐེ་ནས་ཕུད་དེ།
- ཞྭ་འཇོག་དུས་མགོ་ཡིས་ཆེ་ཆུང་དེ་ཚད་ནས།
- འདི་རུ་རྟགས་ཡོད་པ།
- ཁྱེད་ཀྱིས་ཅིག་བཙེམ་འདུག་ཟེར་བ་དེ།
- བཙེམ་ཡོད་པ་དེ་འདིའི་ཁ་མཚམས་འདི་ནས་བཙེམ་དགོས།
- བཤད་མཁན་གཉིས་པ།ཨོ་་་དེ་རེད།
- བཤད་མཁན་དང་པོ།ཁ་མཚམས་འདི་ནས་བཙེམ་དགོས།
- འདིའི་ཚུན་ཆད་མཐའ་བྱེད་དགོས།
- བཤད་མཁན་གཉིས་པ།ཨོ་་་དེ་རེད།
- བཤད་མཁན་དང་པོ།དེ་ལྟར་བཙེམ་དགོས།
- དེ་འདྲ་ཞིག་རེད།
- རེད།
- བཤད་མཁན་གཉིས་པ།ཡ།
- བཤད་མཁན་དང་པོ།དེ་འདྲ་ཞིག་རེད།
- བཤད་མཁན་གཉིས་པ།དེ་ནས་འདི་ལྟར་སྐམ་ནས་འཇོག་དགོས་སམ།
- བཤད་མཁན་དང་པོ།སྐམ་ནས།
- དེ་རིང་འདི་ལྟར་སྐམ་ནས་སང་ཉིན་སྲ་ཆགས་ཏེ།
- དེ་ནས་ཁོག་གི་ཞེང་དེ་བླངས་ནས།
- ཞེང་དེ་བླངས་རྗེས་མཐའ་འདིར་ཡག་པོར་དྲས་ནས།
- མཚམས་རེར་ཞྭ་ཕྱིར་སྐོར་ནས་སྐམ་དུས།
- འདི་འདྲ་ཞིག་ནས་དྲས་ཏེ་བླངས་ནས།
- དེའི་འཕྲོར་ནང་གི་བལ་བླངས་ནས་ཕྱིར་སྐོར་ཏེ།
- ཕྱིར་སྐོར་ནས་སྐམ།
- སྐམ་དགོས་པ་རེད།
- སྐམ་ཐག་ཆོད་དགོས།
- སྐམ་ཐག་ཆད་དུས་བཟོ་དགོས།
- བཟོ་རྒྱུ་དེ་ལྟར་བཟོ་དགོས།
- ད་དུང་ཉིན་འགའ་འགོར་བ་རེད།
- བཤད་མཁན་གཉིས་པ།ཨོ་་་དེ་རེད།
- བཤད་མཁན་དང་པོ།ཉི་མ་དྲོ་ན་ཉིན་འགའ་ཡིས་སྐམ་འགྲོ།
- སྐམ་མ་ཐག་ཏུ།
- འདིའི་མཐའ་འདི་ཚད་འཇལ་ཏེ་ཆེ་ཆུང་མེད་པར་བྱས་ནས།
- ཆེ་ཆུང་མེད་པར་བྱས་ནས་དྲས་ཏེ་བཙེམ་ན་འགྲུབ་སོང་བ་རེད།
- བཤད་མཁན་གཉིས་པ།དེ་རེད།