29 May 2019
13 min 33 sec
Video Overview
Creators:
Tsering Gyel, Tibetan and Himalayan Library
The first phase of making a traditional wool hat.
རྩེ་ཁོག་ས་ཆའི་བལ་ཞྭའམ་ཕྱིང་ཞྭ་ལས་མགོ་བརྩམས་ཡོད།
ཐོག་མར་ཕྱིང་བའམ་ཕྱིང་བ་འཇོག་སའི་གཞི་ཞིག་དགོས་ལ།དེ་ཐང་ལ་སྙོམས་པོར་བཏང་རྗེས་དེའི་ཐོག་དུ་བལ་བསེད་དེ་ལག་གཡོན་པས་གནོན་པ་དང་ལག་གཡས་པས་གཅོད་ཀྱིན་གཅོད་ཀྱིན་དྲང་མོར་བཞག་རྗེས།ཡང་བསྐྱར་དེའི་ཐོག་དུ་རིམ་པ་གཉིས་པ་གྲུ་ག་ནས་ཅུང་གསེག་པའི་ཚུལ་གྱིས་གང་བར་འཇོག་པ་དང་མཐའ་ལས་ཡག་པོ་ཞིག་བྱས་རྗེས་སྡུད་མ་ཞིག་གིས་ཕྱིང་ཆུ་གཏོར་དགོས།
泽库地区的羊毛帽制作方式。
首先,需要一块放置帽子的平地,将其放在地上,然后左手压住羊毛,右手在逐渐清理。 在原来的基础上放两层后,拐角稍微倾斜,使边缘变漂亮,然后用扫帚洒水。
- བཤད་མཁན་དང་པོ།ཕྱིང་ཞྭ་ཟེར་བ་འདི་བོད་ཀྱི་གནའ་ནས་ད་བར་དུ།
- བར་མ་ཆད་པར་ཡོད་པའི་གྱོན་ཆས་ཞྭ་མོའི་རིགས་ཤིག་རེད།
- འདིའི་རྒྱུ་ཆ་གཙོ་བོ་ལུག་གི་བལ་རེད།
- འདི་འཇོག་པའི་སྐབས་སུ།
- ཕྱིང་བ་འཇོག་བྱེད་ཀྱི་ཞབས་ཤིག་ཐང་བདེ་ས་ཞིག་ནས་མཐར་བཅད་ནས།
- དེའི་སྟེང་དུ་སེལ་ནས་བཞག་ཡོད་པའི་བལ་གོར་གོར་བྱས་ནས།
- ཞྭ་ཞིག་གི་ཆེ་ཆུང་ལྟར་དུ་རིམ་པ་རིམ་པ་བྱས་ནས་འཇོག་དགོས།
- འཇོག་དགོས་པ་མ་ཟད།
- རིམ་པ་ཉིས་རྩེག་ཅན་ཞིག་བཞག་ནས།
- དེའི་སྟེང་དུ་ཆུ་བརྒྱབ།
- ཆུ་བརྒྱབ་ནས་རློན་པར་བཏང་རྗེས།
- ཞབས་དེའི་ཁུག་ཏུ་བཏུམ་ནས།
- འཕུར་ནས་ཡང་དང་ཡང་དུ་བླངས་ནས་སྲ་མོར་གཏོང་དགོས།
- སྲ་མོར་བཏང་རྗེས་ཁུག་ནས་བླངས་ཏེ་ཞྭ་མོའི་ཚུགས་ཀ་བཏོད་ནས།
- དེ་ནས་སྟེང་དུ་རས་ནག་པོའམ་ཡང་ན།
- མདོག་གཞན་ཀྱིས་ཁ་དཀྲིས་བརྒྱབ་ནས།
- མཛེས་རྒྱན་གྱི་རྣམ་པར་གཏོང་བ་དེ་འདྲ་ཞིག་རེད།
- སྤྱིར་བཏང་ཕྱིང་བ་འདི་ཆུ་ཡིས་མི་བརྟོལ་བ།
- དེའི་འཕྲོར་གྲང་ངར་དང་བསེར་བུ་འགོག་པའི་ཁྱད་ཆོས་ཅན་ཞིག་རེད།
- གཤམ་ནས་ང་ཚོས་ཕྱིང་ཞྭ་བཟོ་སྟངས་ཀྱི་རྣམ་པ་རེ་རེ་བཞིན་ཞིབ་ལྟ་ཞིག་བྱེད།
- བཤད་མཁན་གཉིས་པ།འདི་ནས་བརྟན་པོ་བྱེད་དགོས།
- བཤད་མཁན་དང་པོ།དེ་བཤད་དགོས།
- དེ་ལྟར་བཤད་ན་འགྲིག
- དེའི་སྟེང་ནས་འཕྲད་དུ་ཡིན་ནམ།
- བཤད་མཁན་གཉིས་པ།དེ་རེད།
- འདི་ལྟར།
- དེ་དགོས་པ་རེད།
- བཤད་མཁན་གསུམ་པ།གཅིག་གསུམ་གསུམ།
- ཐིག་དགུ་བདུན་གསུམ་ཡིན་ནམ་དྲུག་དགུ་བདུན་གསུམ་ཡིན།
- བཤད་མཁན་གཉིས་པ།གསལ་བོ་མ་ཤེས་མོད་དྲུག་དགུ་བདུན་གསུམ་ཡིན་པ་འདྲ།
- བཤད་མཁན་གསུམ་པ།དགུ་དགུ་གཅིག་བརྒྱད་ཡིན་ནམ།
- བཤད་མཁན་བཞི་བ།རེད།
- བཤད་མཁན་གཉིས་པ།ངས་ཁྱོད་ཀྱི་ཨང་གྲངས་མི་ཤེས།
- བཤད་མཁན་དང་པོ།ཆུ་ཚ་བ་ཡིན་ནམ།
- བཤད་མཁན་གཉིས་པ།ཆུ་ཚ་བ་ཡིན་པ་རེད།
- གཅིག་གཉིས་གསུམ་བཞི།
- ཇག་ལ་འགྲོ་བའི་ཇག་ཤིང་རིང་མོ།
- བཅུ་གཅིག་བཅུ་གཉིས་བཅུ་གསུམ།
- བཅུ་བཞི་བཅོ་ལྔ་བཅུ་དྲུག
- བཅུ་བདུན་བཅོ་བརྒྱད་བཅུ་དགུ
- ཉི་ཤུ་ཐམ་པ་ཉེར་གཅིག
- ཉེར་གཉིས་ཉེར་གསུམ་ཉེར་བཞི་ཉེར་ལྔ།
- ཉེར་དྲུག་ཉེར་བདུན་ཉེར་བརྒྱད་ཉེར་དགུ།
- སུམ་ཅུ་ཐམ་པ་སོ་གཅིག་སོ་གཉིས།
- སོ་གསུམ་སོ་བཞི་སོ་ལྔ་སོ་དྲུག
- སོ་བདུན་སོ་བརྒྱད་སོ་དགུ།
- བཞི་བཅུ་ཐམ་པ་ཞེ་གཅིག་ཞེ་གཉིས།
- ཞེ་གསུམ་ཞེ་བཞི་ཞེ་ལྔ་ཞེ་དྲུག
- ཞེ་བདུན་ཞེ་བརྒྱད་ཞེ་དགུ་ལྔ་བཅུ་ཐམ་པ།
- ང་གཅིག་ང་གཉིས་ང་གསུམ་ང་བཞི།
- ང་ལྔ་ང་དྲུག་ང་བདུན་ང་བརྒྱད།
- ང་དགུ་དྲུག་ཅུ་ཐམ་པ།