02 Apr 2019
2 min 43 sec
Video Overview
Creators:
Tibetan and Himalayan Library
Songs as performed in Zangkar to calm children and make aspirations.
ཟངས་དཀར་ཡུལ་གྱི་འབྲོག་པའི་སའི་དམངས་གླུའི་སྐོར་ལས་བྱིས་པར་གཉིད་སློང་བའི་གླུ་དང་རྫ་རིའི་བསྟོད་གླུ། སྨོན་ལམ་འདེབས་པའི་གླུ་བཅས་གླུ་གསུམ།
བརྙན་འདིར་དམངས་གླུ་གསུམ་ཡོད་ལ་སོ་སོའི་ཁ་བྱང་ནི། 1 《བྱིས་པར་གཉིད་སློང་བའི་གླུ།》 2 《རྫ་རིའི་བསྟོད་གླུ།》 3 《སྨོན་ལམ་འདེབས་པའི་གླུ།》
在藏族安多邛溪壤噶地区传统牧民民歌:摇篮曲之歌和赞山之歌,以及发愿之歌等三首歌。
视频中的有 《摇篮曲》《赞山之歌》《发愿之歌》等三首歌
- བྱིས་པ་ཚོར་གཉིད་མི་ཡོང་རྒྱུ་ཡོད་པ་ཡིན།
- དེ་དུས་ཕ་མ་སོགས་ཀྱིས་གླུ་འདི་ལེན།
- འོ་ལོ་འོ་ལོ་གཉིད་པོ་བྱོས།
- གཉིད་ཀྱི་རིན་ལ་རྟ་ཞིག་སྟེར།
- རྟ་རྒྱུགས་མི་ཐུབ་སི་ལུ་ལུ།
- ཞེས་ན་བྱིས་པ་སུ་ཡིན་ཀྱང་གཉིད་སློང་ཐུབ།
- རྫ་མགོ་སྨུག་པའི་ཏ་ལ་ལ།
- དེའི་ནང་ན་སྦྲང་ཆར་སི་ལུ་ལུ།
- རྫ་སྐེད་ཤིང་ལོའི་ལྡ་མ་ལྡེམ་།
- དེའི་ནང་ན་ཁུ་བྱུག་ལྷ་མ་ལྷོང་།
- རྫ་ཞོལ་མཚོ་ཆེན་ཏ་ལ་ལ།
- དེའི་ནང་ན་ཉ་སྲམ་ཉི་ལུ་ལུ།
- དགུང་སྔོན་པོ་ཡན་ན་མཐོན་པོ་མེད།།
- དེའི་ཡན་གྱི་མཐོ་ནས་སྨོན་ལམ་འདེབས།།
- ནགས་དགའ་ལྡན་ཡན་གྱི་ཕྱུག་པོ་མེད།།
- དེའི་ཡན་གྱི་ཕྱུག་ནས་སྨོན་ལམ་འདེབས།།
- སྟག་དམར་ཡག་ཡན་གྱི་བཙན་པོ་མེད།།
- དེའི་ཡན་གྱི་བཙན་ནས་སྨོན་ལམ་ཐོབས།།
- གླུ་ཤེས་ནི་མིན་ད་རྟེན་འབྲེལ་རེད།