Video Overview
A song commonly sung to children, this recording shares "The Sleeping Song."
- ཨ་སྐྱིད།འདིའི་ཡར་ལྟོས་ཡར་ལྟོས་ཡར་ལ་ལྟོས།
- འབྲུག་ཕོ་ཁྱུང་རྒྱབ་ལ་མེ་རི་བབས།
- དཔྱིད་ཀན་སོ་ཞོག་ལ་གླུ་རེ་ལོངས། མ་ཉལ་ནས་ཁ་ཞག་ཅི་ལེ་རེད།
- བུ་ཉལ་ནས་འཛུམ་ཆུང་རིག་སེ་རེད། ད་གླུ་བ་ངེད་ཚོ་ཡང་ཉལ་རན་རེད།
- འདིའི་ཕར་ལྟོས་ཕར་ལྟོས་ཕར་ལ་ལྟོས། སྟག་དམར་ཡག་རྒྱབ་ལ་ཤར་མ་བབས།
- དཔྱིད་ཀན་སོ་ཞོག་ལ་གླུ་རེ་ལོངས། མ་ཉལ་ནས་ཁ་ཞག་ཅི་ལེ་རེད།
- བུ་ཉལ་ནས་འཛུམ་ཆུང་རིག་སེ་རེད། ད་གླུ་བ་ངེད་ཚོ་ཡང་ཉལ་རན་རེད།
- འདིའི་མར་ལྟོས་མར་ལྟོས་མར་ལ་ལྟོས། ཉ་གསེར་མིག་རྒྱབ་ལ་མེ་རི་བབས།
- དཔྱིད་ཀ་སོ་ཞོག་ལ་གླུ་རེ་ལོངས། མ་ཉལ་ནས་ཁ་ཞག་ཅི་ལེ་རེད།
- བུ་ཉལ་ནས་འཛུམ་ཆུང་རིག་སེ་རེད། ད་གླུ་བ་ངེད་ཚོ་ཡང་ཉལ་རན་རེད།