02 May 2011
20 min 21 sec
Video Overview
Creators:
Unknown
བརྙན་ཐུང་འདིར་ཨ་མདོའི་བོན་སྐོར་ས་ཁུལ་དུ་རོལ་བའི་རྒྱ་ལོའི་ལོ་སར་སྐབས་ཀྱི་དམངས་གླུ་འགའ་བཀོད་ཡོད།
安多藏区的大部分地区有正月新年的习俗,新年是一年当中最为期盼和狂欢的节日之一。在这一节日里相信所有的侯服玉食是这个节日的本题。此短片主要记述的是安多青海贵南县文革地区的人们过新年时唱民歌的场景。
The folk songs in this video are performed at the Tibetan new year celebration and treat various themes.
- Mangra
- འོ་་་་་་ཡ་རེ་ད་ཡ་རེ་ཡང་གཅིག་ལེན་གོ
- འདིར་ཚོགས་ཀྱི་ཁྲོམ་པས་ཉོན།
- འདིའི་མདའ་ཡང་ལུ་མ་ཡེ་དངུལ་གྱི་ད་ཡང་ཤུམ་འདི་གཅིག་ཡང་ཅན་པོ།
- འདིར་ཚོགས་ཀྱི་ཁྲོམ་པས་ཉོན།
- འདིའི་གཞི་ཡང་ཕྲ་མོ་ཡེ་འདའ་ཡིས་ད་མ་ཡོང་གཅིག་ན་གོ
- འདིར་ཚོགས་ཀྱི་ཁྲོམ་པས་ཉོན།
- མདའ་ཡང་ལོ་རེ་ཡེ་བསྡད་ན་འཕངས་ན་འདི་ཡང་གཅིག་ཆོག་གོ
- འདིར་ཚོགས་ཀྱི་ཁྲོམ་པས་ཉོན།
- ཡང་གླུ་ཡང་བར་མ་ཡེ་སྐད་ལ་ང་གནང་བ་ཡང་གཅིག་བྱིན་གོ
- འདིར་ཚོགས་ཀྱི་ཁྲོམ་པས་ཉོན།
- ཡང་མྱི་ཡང་སྨིག་པོ་ཡེ་དུང་གི་སྒོ་ཡང་གཅིག་ཅན་གོ
- འདིར་ཚོགས་ཀྱི་ཁྲོམ་པས་ཉོན།
- ཡང་ཁྱོའི་ཡང་ལུས་ཕྲ་མོ་ཡེ་འདར་ནས་མ་ཡོང་གཅིག་ན་གོ
- འདིར་ཚོགས་ཀྱི་ཁྲོམ་པས་ཉོན།
- རྒྱུ་ཡང་ལོ་རེ་ཡེ་བསྡད་ན་བཙལ་ན་གཅིག་ཡང་ཆོག་གོ
- འདིར་ཚོགས་ཀྱི་ཁྲོམ་པས་ཉོན།
- ཡང་གླུ་ཡང་ཤེས་ནི་ཡེ་མིན་འདྲ་ང་སྐྱིད་ནི་གཅིག་ཡིན་གོ
- འདིར་ཚོགས་ཀྱི་ཁྲོམ་པས་ཉོན།
- ཡ་རེ་བཟོ་ཡ་རེ་ཨ་སྤུན་ཁོ་ངས་ཡ་རེ་ཡེ་ལེན།
- འདི་སེར་བོ་བཟོ་གསེར་གྱི་ཨ་སྤུན་ཁོ་འདི་ཁྲི་ཐོག་ནས།
- འདི་ཡོན་ཏན་བཟོ་ཅན་གྱི་ཨ་སྤུན་ཁོ་འདི་བླ་མ་སྐྱིད།
- འདི་གོམ་ལག་བཟོ་ཅན་གྱི་ཨ་སྤུན་ཁོ་ཡང་རྟ་ཐོག་ནས།
- འདི་ལྡེམ་མྱུར་བཟོ་ཅན་གྱི་ཨ་སྤུན་ཁོ་འདི་བུ་ཚུའི་སྐྱིད།
- འདི་རི་མོ་བཟོ་ཅན་གྱི་ཨ་སྤུན་ཁོ་འདི་གོས་འོག་ཡེ་ནས།
- འདི་རིན་ཐང་བཟོ་ཅན་གྱི་ཨ་སྤུན་ཁོ་འདི་བུ་མོ་སྐྱིད།
- ངས་གླུ་ཤེས་ནི་བཟོ་མིན་ར་ཨ་སྤུན་ཁོ་ང་དགའ་ནི་ཡིན།
- ཡ་རེ་ངས་ཡ་རེ་ཨ་འགྲོ་ལེན་གོ
- འོ་ཞིང་ཡ་རེ་འ་འགྲོ་ཟེར་ར་ངས་གླུ་ཟིག་ཨ་འགྲོ་ལེན་གོམ།
- འོ་ཁྱིམ་འདི་བཟོ་ཨ་འགྲོ་ལྷ་ཁྱིམ་ཡང་གུར་ཁྱིམ་ཨ་འགྲོ་རེད་གོ
- འོ་ངས་གུར་ཁང་ཨ་འགྲོ་འདྲ་བའི་ངས་གླུ་ཟིག་ཨ་འགྲོ་ལེན་གོ
- འོ་མྱི་འདི་བཟོ་ཨ་འགྲོ་ལྷ་མྱི་ཡང་དཔའ་མྱི་ཨ་འགྲོ་རེད་གོ
- ངས་དཔའ་མཁར་ཨ་འགྲོ་འདྲ་གི་ངས་གླུ་ཟིག་ཨ་འགྲོ་ལེན་གོ
- ཡེ་ཁྱིམ་འདི་བཟོ་ཨ་འགྲོ་བདུད་རྩི་ཡང་བསིལ་མ་ཨ་འགྲོ་རེད་གོ
- འོ་ངས་སིལ་ཏོག་ཨ་འགྲོ་འདྲ་གི་ཡང་གླུ་ཟིག་ཨ་འགྲོ་ལེན་གོ
- ངས་གླུ་ཤེས་ནི་ཨ་འགྲོ་མིན་འདྲ་ངས་བགོད་སྤྱད་ཨ་འགྲོ་སློང་ཡ།
- ལོ་ལོ་ཁོ་ཡེ་ངས་ཡ་རེ་ཡེ་ལེན་ཡ།
- དགུང་སྔོན་པོ་འདི་གུར་ཁང་ལ་ཡངས་ལོ་ལོ་ཁོ་ཆེན་པོ་ནས་ཡ།
- ཡེ་འབྲུག་ཕོ་ཆུང་འདི་སྐྱིད་ལ་ལ་ཡངས་ལོ་ལོ་ཁོ་ཡེ་ཚེ་གཅིག་རེད་ལ།
- སྐྱིད་ལྷག་པ་འདི་ལྡན་ནོ་ལ་ཡངས་ལོ་ལོ་ཁོ་ཡེ་འདི་དྲུག་པ་ཡེ་རེད་ལ།
- ཟླ་དྲུག་པ་འདི་ཆར་ཆུ་ལ་ཡངས་ལོ་ལོ་ཁོ་ཡེ་འདི་མོད་དུས་རེད་ཡ།
- རྫ་ཁྲ་ཡག་འདི་གཞལ་ཡས་ལ་ཡངས་ལོ་ལོ་ཁོ་ཡེ་འདི་གུར་ཁང་ནས་ཡ།
- ཡེ་འབྲོང་དྲེ་ལོ་འདི་སྐྱིད་ལ་ལ་ཡངས་ལོ་ལོ་ཁོ་ཡེ་ཚེ་གཅིག་འདི་རེད་ལ།
- སྐྱིད་ལྷག་པ་འདི་ལྡན་ནོ་ལ་ཡངས་ལོ་ལོ་ཁོ་ད་བདུན་པ་ཡེ་རེད་ལ།
- ཡེ་ཟླ་བདུན་པ་འདི་རྩི་ཏོག་ལ་ཡངས་ལོ་ལོ་ཁོ་ཡེ་ད་མོད་དུས་ཡེ་རེད་ཡ།
- ཡེ་སྦྲ་མཐིང་སྨིག་འདི་གཞལ་ཡས་ལ་ཡངས་ལོ་ལོ་ཁོ་ཡེ་འདི་གཞལ་ཡས་ཡེ་ནས་ཡ།
- ཡེ་ཕ་ཨ་ཁུ་འདི་སྐྱིད་ལ་ལ་ཡངས་ལོ་ལོ་ཁོ་ཡེ་འདི་ཚེ་གཅིག་ཡེ་རེད་ལ།
- ཡེ་སྐྱིད་ལྷག་པ་འདི་ལྡན་ནོ་ལ་ཡངས་ལོ་ལོ་ཁོ་ཡེ་འདི་ཚེ་གཅིག་ཡེ་ཡིན་ཡ།
- ཞིང་ང་ལ་ལ་ལ་མོ་རྡུང་ང་གླུ་ཟིག་ལེན་ཡ།
- ཡེ་དགུང་ཨ་སྔོན་མཐོ་ར་སྤྲིན་དཀར་དམའ་གོ
- ཞིང་ང་ལ་ལ་ལ་མོ་རྡུང་ང་གླུ་ཟིག་ལེན་ཡ།
- འདིའི་མཐོ་དམན་བར་གི་འབྲུག་ཆུང་སྐྱིད་ཀོ
- ཞིང་ང་ལ་ལ་ལ་མོ་རྡུང་ང་གླུ་ཟིག་ལེན་ཡ།
- ཡེ་སྦྲ་འཐིང་སྨུག་བཟོ་མཐོ་ར་གདན་ཆ་དམའ་གོ
- ཞིང་ང་ལ་ལ་ལ་མོ་རྡུང་ང་གླུ་ཟིག་ལེན་ཡ།
- འདིའི་མཐོ་དམན་བཟོ་བར་གི་ཕ་ཁུ་སྐྱིད་གོ
- ཞིང་ང་ལ་ལ་ལ་མོ་རྡུང་ང་གླུ་ཟིག་ལེན་ཡ།
- འདི་ཡང་ཡང་བཟོ་སྐྱིད་ཀི་སྨོན་ལམ་འདེབས་གོ
- ཞིང་ང་ལ་ལ་ལ་མོ་རྡུང་ང་གླུ་ཟིག་ལེན་ཡ།
- ཡ་རེ་ཡ་རེ་འོ་ངས་ཡ་རེ་ཡང་ལེན་ཡ།
- དགུང་སྔོན་པོ་ཡང་ང་ཡེ་སྐུ་བསོད།
- གན་ཆེ་དུས་ན་ཡ།
- འབྲུག་སྤྲིན་གི་ཡང་ང་ཡེ་ནང་ན་འོ་ཡེ།
- ཡང་སྐག་སྐག་སྐག་ཡ།
- དགུང་སྔོན་པོ་ཡང་ང་ཡེ་གན་གི་འོ།
- བསོད་ནམས་ཡང་ང་ཡ་རེད་ཡ།
- ངའི་གླུ་བར་མ་ཡང་ང་ཡེ་ང་སྐད་ལ་ཡེ།
- ང་གནང་བ་ཡང་ང་ཡེ་ཟིག་ཡ།
- ཡེ་ནང་ཁྲོམ་པ་ཡང་ང་ཡེ་ཡང་སྐུ་བསོད།
- འོ་ཡང་ཆེ་དུས་ཡང་ང་ཡ་ན།
- ཆང་དཀར་ཡོལ་ཡང་ང་ཡེ་ནང་ན
- ལྟེམ་ལྟེམ་ཡང་ང་ཡེ་ལྟེམ།
- ནང་འུ་གོ་ཡང་ཚང་གི
- བསོད་ནམས་ཡང་ང་ཡ་རེད་ཡ།
- གླུ་ཤེས་ནི་ཡང་ང་འོ་མིན་དྲ།
- ང་ཡང་ཡེ་དགའ་ནི་ཡང་ང་ཡེ་ཡིན་ཡ།
- འ་ཡ་རེ་ཡེ་ངས་ཡ་རེ་ཡེ་ལེན།
- ཞིང་ཡ་རེ་གོ་འཇོག་ག
- ཨ་སྤུན་ཁོ་ངས་གླུ་ཟིག་ཡེ་ལེན།
- འདི་ཉིན་ཁ་གསུམ་ན།
- ཨ་སྤུན་ཁོ་འདི་མཆོད་རྟེན་ཡེ་གསུམ།
- འདི་བླ་མ་བཟོ་གསུམ་གྱིས།
- ཨ་སྤུན་ཁོ་བཞེངས་ན་ཡག
- འདི་གས་ཁ་བཟོ་གསུམ་ན།
- ཨ་སྤུན་ཁོ་ལབ་ཙེ་གསུམ།
- འདི་དཔའ་བོ་བཟོ་གསུམ་གྱིས།
- ཨ་སྤུན་ཁོ་བསྟད་ན་ཡག
- འདི་ལུང་བ་བཟོ་གསུམ་ན།
- ཨ་སྤུན་ཁོ་ཆུ་མགོ་གསུམ།
- འདི་མ་སྲུ་མོ་བཟོ་གསུམ་གྱིས།
- ཨ་སྤུན་ཁོ་བཅུས་ན་ཟོ་ཡག
- ངས་གླུ་ཤེས་ནི་བཟོ་མིན་འདྲ།
- ཨ་སྤུན་ཁོ་ངས་དགོད་སྤྱོད་སློང་།
- འ་ཡ་རེ་ཡང་གཅིག་ངས་ལེན་གོ
- འདིར་ཚོགས་ཀྱི་ཁྲོམ་པས་ཉོན།
- རྟ་རྒྱུགས་ན་གོ་ཚེ་ཐོག་འདི་ནས་ཡེ་གཅིག་རྒྱུགས་ཀོ
- འདིར་ཚོགས་ཀྱི་ཁྲོམ་པས་ཉོན།
- ཡང་ཚེ་ཕྱི་མ་ཡེ་ཡུལ་ན་འདི་རྟ་རྒྱུགས་གཅིག་ཡང་མེད་ཀོ
- འདིར་ཚོགས་ཀྱི་ཁྲོམ་པས་ཉོན།
- འདི་རྟ་རྒྱུགས་ཡོད་རུང་ད་ལྟད་མོ་ཡང་གཅིག་མེད་ཀོ
- འདིར་ཚོགས་ཀྱི་ཁྲོམ་པས་ཉོན།
- ཡང་གླུ་ཡང་བར་མ་ཡེ་སྐད་ལ་ང་གནང་བ་ཡང་བྱིན་གོ
- འདིར་ཚོགས་ཀྱི་ཁྲོམ་པས་ཉོན།
- གླུ་ལེན་ན་ཡེ་འཇིག་རྟེན་ད་འདི་ནས་ལེན་གོ
- འདིར་ཚོགས་ཀྱི་ཁྲོམ་པས་ཉོན།
- ཡང་ཚེ་ཕྱི་མིའི་ཡུལ་ན་གླུ་བ་ཡང་གཅིག་མེད་ཀོ
- འདིར་ཚོགས་ཀྱི་ཁྲོམ་པས་ཉོན།
- ཡང་གན་གླུ་བ་ཡེ་ཡོད་རུང་ཉན་ནི་ཡང་གཅིག་མེད་གོ
- འདིར་ཚོགས་ཀྱི་ཁྲོམ་པས་ཉོན།
- ཡང་གླུ་ཡང་ཤེས་ནི་མིན་འདྲ་ང་སྐྱིད་ནི་ཡང་གཅིག་ཡིན་གོ
- འདིར་ཚོགས་ཀྱི་ཁྲོམ་པས་ཉོན།
- ཨོ་ཡེ་ཞང་ཡ་རེ་བཟོ་ངས་ཡ་རེ་ཡེ་ལེན་གོ
- སེང་དཀར་མོ་བཟོ་གངས་ནས་འོ་འདི་འགྱིངས་འདྲ་བོ་གོ
- མགོ་གཡུ་རལ་བྲག་ལ་འདི་འཕངས་འདྲ་བོ་གོ
- ཆགས་མ་བཞག་བཟོ་སུ་ཡིན་ངས་འདི་མ་ཤེས་ཟིག་གོ
- ཆགས་བཞག་ན་བཟོ་རང་གི་འདི་ཨ་ཁུ་རེད་ལ།
- ཡེ་སྟག་དར་མ་བཟོ་ནགས་ནས་ཡང་མཆོངས་འདྲ་བོ་གོ
- སྟག་ཐིག་ལེ་བཟོ་རྒྱབ་ལ་འོ་འདི་བབས་འདྲ་བོ་གོ
- ཆགས་མ་བཞག་བཟོ་སུ་ཡིན་ངས་འདི་མ་ཤེས་ཟིག་གོ
- ཆགས་བཞག་ན་བཟོ་རང་གི་འོ་ཡང་འདི་ན་ཟླ་རེད་ལ།
- ཝ་དམར་པོ་བཟོ་ཁུང་ང་འདི་འཛུལ་འདྲ་བོ་གོ
- གྱ་དམར་བོས་བཟོ་ཁུང་སྒོ་འོ་ཡང་བཅད་འདྲ་བོ་གོ
- ཆགས་བཞག་ན་བཟོ་རང་གི་འོ་འདི་མ་སྲི་རེད་ལ།
- གླུ་ཤེས་ནི་བཟོ་མིན་འདྲ་ཡང་ལྟ་བ་ཡེ་ཡིན་གོ
- འབའ་ལ་གཡང་ལ་མོ་ལ་ཡང་ཡེ་གཅིག་ལེན་གོ
- ང་འབྲུག་ཆུང་སྟོན་མོ་ཟིག་ཡོང་ནི་ཡེ་རེད་ཀོ
- འབའ་ལ་གཡང་ལ་མོ་ལ་ཡང་ཡེ་ལེན་རེ།
- ངས་འབྲུག་ཡང་ཡང་གྲགས་གི་ཟིག་སྨོན་ལམ་འདེབས།
- འབའ་ལ་གཡང་ལ་མོ་ལ་ཡང་ཡེ་ཡང་ལེན་རེ།
- རྫ་ཁྲ་ཡག་ཚང་གི་སྟོན་མོ་ཡེ་ཡང་རེད་ཀོ
- འབའ་ལ་གཡང་ལ་མོ་ལ་ཡང་ཡེ་ཡང་ལེན་རེ།
- ང་འབྲོང་བྲེ་སེར་སྟོན་མོ་ཟིག་ཡོང་ནི་ཡེ་ཡིན་གོ
- འབའ་ལ་གཡང་ལ་མོ་ལ་ཡང་ཡེ་ཡང་ལེན་རེ
- རྩྭ་ཡང་ཡང་ཟ་གི་ཟིག་སྨོན་ལམ་ཡེ་ཡང་འདེབས་ཀོ
- འབའ་ལ་གཡང་ལ་མོ་ལ་ཡང་ཡེ་ཡང་ལེན་རེ།
- ཁྱིམ་གཡང་ཁྱིམ་ཚང་གི་ཟིག་སྟོན་མོ་ཡེ་རེད་ཀོ
- འབའ་ལ་གཡང་ལ་མོ་ལ་ཡང་ཡེ་ཡང་ལེན་གོ
- ང་གླུ་བ་སྟོན་མོ་ཟིག་ཡོང་ནི་ཡེ་ཡིན་གོ
- འབའ་ལ་གཡང་ལ་མོ་ལ་ཡང་ཡེ་ཡང་ལེན་རེ།
- འོ་ངས་གླུ་ཡང་ཡང་ལེན་གི་སྨོན་ལམ་ཡེ་འདེབ་ཀོ
- འབའ་ལ་གཡང་ལ་མོ་ལ་ཡང་ཡེ་ཡང་ལེན་རེ།