Skip to main content Skip to search
15 Dec 2011
2 min 38 sec
Rating
0
No votes yet
Video Overview
Creators: 
Unknown

A tangka painter orders a brocade for a tangka he painted.

Show More

  • ཆེ་མོ་བ་ལགས
    ཆོས་ལགས་སྐུ་ཅི་༿སྐུ་མཁྱེན་༾འདའི་༿འདིར་༾གོས་ཤམ་གཅིག་སྐྱོན་རོགས་བྱེད། 
    Hello ven. nun, please make a brocade for this one.
  • ཆོས་ལགས
    ལས་སེ། 
    Ok.
  • ཆོས་ལགས
    གོས་ཤམ་གང་འདྲས་བསྐྱོན་གནང་ག རྒྱ་མིའི་གོས་ཆེན་བསྐྱོན་ག རྒྱ་གར་གོས་ཆེན་བསྐྱོན་གནང་ག 
    Which brocade would you like me to use?The Indian brocade or the Chinese brocade?
  • ཆེ་མོ་བ་ལགས
    དྲག་ག་ར་༿འདྲ་༾ཅིག་ལ། ད་རྒྱ་མིའི་གོས་ཆེན་འདི་ད་འགྱིག་ཞེ་པོ་ཅིག་འདུག་ག འགྱིག་ཞེ་དྲག་མེད་ཀྱོག་༿པ་༾ཅིག ད་དྲག་ག་༿ཡག་པ་༾ར་༿འདྲ་༾ཅིག 
    Please use a good quality one. The Chinese brocade has a lot of plastic in it. Please use the one that has less plastic. A better quality one.
  • ཆོས་ལགས
    ལས་སེ། རྒྱ་གར་གོས་ཆེན་ལ་ཡ་གོང་ཚད་ད་རིམ་པ་མང་པོ་ཅིག་ཡོའོ་རེད་༿ཡོད་རེད་༾། འདི་ག་རེ་བསྐྱོན་ག 
    Ok. The price for the Indian brcade varies. Which one would you like?
  • ཆེ་མོ་བ་ལགས
    ད་རྩེ་གྲ་༿ཧ་ཅང་ཡག་པོ་༾ད་ཡོང་གི་མ་རེད། 
    Well, the best one won't work.
  • ཆོས་ལགས
    ལས་སེ། རྩེ་གྲ་ལ་ཡ་ཁ་གང་ལ་ཡ་ཉིས་བརྒྱ་རྩ་གཅིག་བྱས་ན་ཡོང་བ་འདུག་གས། 
    Ok. How about if I charge around 200 yuan for one full-arm length?
  • ཆེ་མོ་བ་ལགས
    འོ་ད། འདི་འདྲས་རང་བྱས་ན་ཏིག་ཙ་༿་ཏོག་ཙམ་༾མཐོས་༿མཐོ་༾དྲགས་གིས། བརྒྱ་དང་ལྷག་ཙ་༿ཙམ་༾བྱས་ཀྱོག་༿པ་༾གཅིག འོ་འདི་འདྲས་གཅིག་འདི་བྱེད་རོགས། འཇའ་གཉིས་བྱས་ཀྱོག་༿པ་༾གཅིག 
    Well, it looks like it is going to be little too expensive if we go for that one. We could go for something that is little over 100 yuan. Could you please do that? And please use the one with two rainbows.
  • ཆོས་ལགས
    འཇའ་གཉིས་ཅིག༿ཤིག་༾ ལས་སེ། སེར་པོ་དང་དམར་པོ། 
    So, the one with two rainbows? Yellow and white?
  • ཆེ་མོ་བ་ལགས
    འོ་འདི་འདྲས་བཟོ་ར་༿འདྲ་༾གཅིག། ད་གང་འདྲས་ཡག་ག་༿ཡག་པ་༾ཡོད་ནའི། ད་སྣུམ་པ་ར་༿འདྲ་༾གཅིག་དགོས་རེད་ཟེར་གྱིས། འོ་ཐུགས་རྗེ། 
    Yes, something like that. Anyhow, one that is pretty good. They said that they wanted something that is bright and rich in color. Thanks.
  • ཆོས་ལགས
    ཨ་ནི་་་ འདི་བར་ཁ་ཏི་འདི་ཚོ་ད་ཚོས་གཞི་སྣུམ་ཤོས་དེ་བྱེད་ཀྱིས། ཁ་ཏི་དང་པད་མ་རྒྱ་བྱ། པད་མ་རྒྱ་བྱ་དེ་ཡང་ཧྲག་ཧྲག་ཞེ་པོ་གཅིག་འདུག ཁ་ཏི་འདི་མཉེན་པོ་ར་༿འདྲ་༾གཅིག་འཁྲིལ་པོ་གཅིག་ཡོའོ་རེད་༿ཡོད་རེད་༾། 
    Well, the khati brocade and the padma gyaja brocade are the most bright and rich in color here. The padma gyaja brocade is quite strong. The khati brocade is soft.
  • ཆེ་མོ་བ་ལགས
    ལགས་ཨོ། ཨ་ནི་་་གང་འདྲས་དགའ་༿ཡག་པ་༾ཡོད་ནའི་དགའ་༿ཡག་པ་༾གཅིག་གནང་བཞག་རོགས། གང་སྣུམ་པ་ར་༿འདྲ་༾ཅིག་ཟག་༿ཟེར་༾ཚོས་གཞི། ཨ་ནི་་་ འདི་གྱད་འགང་ག་༿ཚང་མ་༾གཞུག་གུར་༿རྗེས་སུ་༾རྩིས་བྱེད་ཀྱི་ཡིན། 
    Thanks. Please use something that you think is pretty good. The color has to be rich and bright. I will pay you later.
  • ཆོས་ལགས
    ལགས་སོ། འོ། ལས་སེ། འོ། སྐུ་ཡག་པོ་གཅིག་བཞངས་༿བཞེངས་༾ཤག འན་་་ 
    Ok. The painting is really good.
  • ཆེ་མོ་བ་ལགས
    འོ་ཐུགས་རྗེ། ཨ་ནི་་་ཞུགས་ཨོ། 
    Thanks. Ok, bye.
  • ཆོས་ལགས
    ལས་སེ། ཨ་ལས་ཕེབས་ཨོ། ཧེ་ཧེ་ཧེ་་་ 
    Ok, bye.