Skip to main content Skip to search
15 Dec 2011
5 min 27 sec
Video Overview
Creators: 
David Germano

A woman who has requested a Manjushri tangka comes to the artist's home to admire and take home the finished painting.

Transcript search
No results found for this search
0 of 0
  • ཕུར་སྒྲོན།
    ཨོ་ལོས།་ བསོད་ནམས་ལགས་བཞུགས་ཨ་ཡོད།
    o los/ _bsod nams lags bzhugs a yod/
    Hello, is Sonam home?
  • ཕུར་སྒྲོན།
    ཡོད་ལགས།
    yod lags/
    Yes, (he is home.)
  • ཕུར་སྒྲོན།
    ལགས་ཡོད།
    lags yod/
    Ok.
  • ཕུར་སྒྲོན།
    བསོད་ནམས་ལགས་གཞུགས་གདན་འཇགས།
    bsod nams lags gzhugs gdan 'jags/
    Sonam is home.
  • བསོད་ནམས།
    ལ་ཡོད། ཐུགས་རྗེ་གནང་། འདིར་བཞུགས་གནང་དང་།
    la yod/_thugs rje gnang /_'dir bzhugs gnang dang /
    Yes, thank you. Please sit here.
  • ཕུར་སྒྲོན།
    ང་འདིར་ཁ་སང་སྐུ་ཐང་ཞུ་ཡས།
    nga 'dir kha sang sku thang zhu yas/
    Yesterday, I ordered a thangka here.
  • བསོད་ནམས།
    འོང་འོང་།
    'ong 'ong /
    Yes.
  • ཕུར་སྒྲོན།
    དེ་འགྲུབ་ཨ་ཡོད་ཟེར་།
    de 'grub a yod zer /
    Is it finished?
  • བསོད་ནམས།
    ཚར་སོང་ལགས་ཚར་སོང་ལགས།
    tshar song lags tshar song lags/
    It's finished,.it's finished.
  • བསོད་ནམས།
    ཚར་སོང་ལགས། དེ་ཁ་སང་འདྲ་ཅིག་ནས་ཚར་སོང་།
    tshar song lags/_de kha sang 'dra cig nas tshar song /
    It's finished. This was finished probably yesterday.
  • ཕུར་སྒྲོན།
    ལགས། ་ཨ་ལས་ཐུགས་རྗེ་གནང་། སྐུ་ཅིག་ཨ་ནི་ང་རས༼ང་རང་གིས༽ཞབས་གླ།
    lags/_ a las thugs rje gnang /_sku cig a ni nga ras(nga rang gis)zhabs gla/
    Yes, so thank very much. Please, then I should pay.
  • བསོད་ནམས།
    དེའི་གོང་དེ་ཙམ་ནས་ཚར་སོང་དའི་༼དེ་ཡང་༽ལས། ་ཨ་ལས་འཚེམ་བུ་བ་གིས་ཏོག་ཙམ་༼ཏོག་ཙམ་༽འགོར་སོང་ང་ལ།
    de'i gong de tsam nas tshar song da'i (de yang )las/_ a las 'tshem bu ba gis tog tsam (tog tsam )'gor song nga la/
    Before this, I was finished, however the tailor delayed a little.
  • བསོད་ནམས།
    ལགས། རེད་ལ།
    lags/_red la/
    Yes, ok.
  • ཕུར་སྒྲོན།
    ཕ་གིའི་འཚེམ་བུ་ཁོ་རྣམས་ཚོ་ཡའི།
    pha gi'i 'tshem bu kho rnams tsho ya'i/
    Over there. the tailors also.
  • ཕུར་སྒྲོན།
    ཐུགས་ཁག་མེད།
    thugs khag med/
    They're not to be blamed.
  • བསོད་ནམས།
    འབྲེལ་བ་ཞེ་པོ་འདུག་ཟེར་གྱིས།
    'brel ba zhe po 'dug zer gyis/
    They said they were very busy.
  • ཕུར་སྒྲོན།
    ལགས་སོ། ལགས་སོ།
    lags so/_lags so/
    Yes, Yes.
  • བསོད་ནམས།
    ལགས་སོ།
    lags so/
    Ok.
  • བསོད་ནམས།
    ཨ་ལས་གསོལ་ཇ་མཆོད་གནང་དང་།
    a las gsol ja mchod gnang dang /
    So please drink tea.
  • ཕུར་སྒྲོན།
    ལགས་སོ།
    lags so/
    Yes.
  • ཕུར་སྒྲོན།
    འོ་ད་ཡིན་ན་ཡག་པོ་ཞེ་པོ་ཅིག་ཆགས་བཞག
    'o da yin na yag po zhe po cig chags bzhag
    Now, it has turned out really well.
  • བསོད་ནམས།
    ལགས་སོ།
    lags so/
    Yes.
  • ཕུར་སྒྲོན།
    འོང་ད་ཐུགས་རྗེ་ཆེ་གནང་ཨོང་ཀོག
    'ong da thugs rje che gnang ong kog
    Now thank you very much.
  • ཕུར་སྒྲོན།
    དངོས་གནས་ཡག་པོ་ཞེ་པོ་ཅིག་ཆགས་བཞག་ད།
    dngos gnas yag po zhe po cig chags bzhag da/
    Is has really turned out well now.
  • ཕུར་སྒྲོན།
    བྱོན་ལེགས་པོ་བྱུང་བཞག་ལ།
    byon legs po byung bzhag la/
    The figure is very nicely done.
  • བསོད་ནམས།
    ལགས་སོ།
    lags so/
    Yes.
  • བསོད་ནམས།
    ད་དེའི་གོས་གཤམ་དེའི་ཡག་པོ་བྱུང་འདུག་ག་ལ།
    da de'i gos gsham de'i yag po byung 'dug ga la/
    Now, is this hem good?
  • བསོད་ནམས།
    ལགས་སོ།
    lags so/
    Yes.
  • ཕུར་སྒྲོན།
    གོས་ཆེན་དེ་སྣང་བ་འགྲོ་པོ་ཞེ་པོ་ཅིག་བྱུང་བཞག
    gos chen de snang ba 'gro po zhe po cig byung bzhag
    This brocade is really pleasing.
  • བསོད་ནམས།
    ལགས་སོ།
    lags so/
    Yes.
  • བསོད་ནམས།
    གོས་ཆེན་ཚོས་གཞི་དེ་ཚོའི་ཡག་པོ་ཞེ་པོ་ཅིག་འདུག་ག འདི།
    gos chen tshos gzhi de tsho'i yag po zhe po cig 'dug ga_'di/
    This brocades' colors are very nice.
  • ཕུར་སྒྲོན།
    ལགས། འདུག་ལགས།
    lags/_'dug lags/
    Yes.
  • བསོད་ནམས།
    རྒྱ་གསེར་རེད་འདུག་ལ་འདི།
    rgya gser red 'dug la 'di/
    This is a rose-yellow color.
  • བསོད་ནམས།
    འདི་ད་ད་ལྟ་གོས་ཆེན་གྱི་དཀྱིལ་ནས་ཏོག་ཙམ་དྲག་ག་འདྲ་ཅིག འོང་དེ་རེད་བཞག་ལ།
    'di da da lta gos chen gyi dkyil nas tog tsam drag ga 'dra cig_'ong de red bzhag la/
    Now, this is one of the better (qualities) from the middle-range brocades.
  • ཕུར་སྒྲོན།
    ལགས་སོ།
    lags so/
    Yes.
  • བསོད་ནམས།
    ལགས་སོ།
    lags so/
    Yes.
  • ཕུར་སྒྲོན།
    འོང་། ད་དེང་སང་གོས་ཆེན་ཡག་ག་དེ་དཀོན་པོ་འདུག་ག་ལ།
    'ong /_da deng sang gos chen yag ga de dkon po 'dug ga la/
    Yes, good brocades are scarce these days.
  • བསོད་ནམས།
    ལགས་སོ།
    lags so/
    Yes.
  • བསོད་ནམས།
    གཞན་ད་ད་ལྟ་དེ་བར་ལ་རྒྱ་མིའི་དེ་འདྲས།
    gzhan da da lta de bar la rgya mi'i de 'dras/
    Others, now are Chinese brocades.
  • བསོད་ནམས།
    གོས་ཆེན་དེ་ཚོ་ལ་ཡང་ཀུང་ཁྲིར་གསུམ་བཅུ་ཟེར་བྱས་ཀྱོག དེཨེ་ཚོ་བརྒྱབ་ན་ཡང་།་ ཨ་ནི་དབུར་རྡོ་དེ་བརྒྱབ་དུས་ཙམ་པར་རྦད་དེ་འཁུམ་འགྲོ་གིས་ཟེར་གྱི་འདུག་ག་ལ།
    gos chen de tsho la yang kung khrir gsum bcu zer byas kyog_dee tsho brgyab na yang / _a ni dbur rdo de brgyab dus tsam par rbad de 'khum 'gro gis zer gyi 'dug ga la/
    Also, if we use these one-meter, thirty-yuan brocades, when we iron it, it completely shrinks
  • ཕུར་སྒྲོན།
    ལགས་སོ།
    lags so/
    Yes.
  • བསོད་ནམས།
    ཨ་ནི་ཡང་གོས་ཆེན་ཡག་པོ་གཅིག་ཡའི་ཆགས་ཀྱི་མིན་འདུག་ལ།
    a ni yang gos chen yag po gcig ya'i chags kyi min 'dug la/
    Then also these brocades never become nice.
  • ཕུར་སྒྲོན།
    ལགས་སོ།
    lags so/
    Yes.
  • བསོད་ནམས།
    ལགས་སོ།
    lags so/
    Yes.
  • བསོད་ནམས།
    ད་སྤྱིར་བཏང་དེར་སྐུའི་སྒང་ལ་ཞལ་གསེར་འགྲོ་ས་གང་ག་ལོགས་ལ་ཡ། དེ་བྱས་བཞག་ཡོད་ལ།
    da spyir btang der sku'i sgang la zhal gser 'gro sa gang ga logs la ya/_de byas bzhag yod la/
    Now in general, all the gold is placed on the figure. it's done like that.
  • ཕུར་སྒྲོན།
    ལགས་སོ།ལགས་སོ།
    lags so/lags so/
    Ok, yes.
  • བསོད་ནམས།
    གསེར་སྣང་དག་མེད་ལ།
    gser snang dag med la/
    Don't worry about the (quality of the) gold.
  • ཕུར་སྒྲོན།
    ལགས་སོ།
    lags so/
    Ok.
  • ཕུར་སྒྲོན།
    ཐུགས་རྗེ་ཆེ་གནང་། ད་ཡིན་ན་ཡག་པོ་ཞེ་པོ་ཅིག་བྱུང་བཞག ལགས།
    thugs rje che gnang /_da yin na yag po zhe po cig byung bzhag_lags/
    Thank you very much, now it has become very good.
  • ཕུར་སྒྲོན།
    ཐུགས་རྗེ་ཆེ་གནང་། འོང་ད་གཞན་པའི་ཡག་པོ་བྱུང་བཞག་ལ། ད་ཐུགས་རྗེ་གནང་ཐུགས་རྗེ་གནང་།
    thugs rje che gnang /_'ong da gzhan pa'i yag po byung bzhag la/_da thugs rje gnang thugs rje gnang /
    Thank you very much, everything else has turned out well, so thank you very much.
  • ཕུར་སྒྲོན།
    སྐུ་མཁྱེན་ད་ཡིན་ན། ཨ་ལས།
    sku mkhyen da yin na/_a las/
    Please.now then
  • ཕུར་སྒྲོན།
    ད་མཇལ་དར་ཅིག༼ཞིག༽་སྒྲོན།
    da mjal dar cig(zhig) sgron/
    Now I'll offer a ceremonial scarf.
  • ཕུར་སྒྲོན།
    འོང་། ད་ཡག་པོ་ཞེ་པོ་ཅིག་བྱུང་།
    'ong /_da yag po zhe po cig byung /
    Ok, it has turned out really well..
  • ཕུར་སྒྲོན།
    ད་ཡིན་ན། ང་ཚོའི་བསམ་དོན་གྲུབ་སོང་།
    da yin na/_nga tsho'i bsam don grub song /
    Now our hope has been achieved.
  • ཕུར་སྒྲོན།
    ད་ཡིན་ན། ཡག་པོ་ཞེ་པོ་ཅིག་བྱུང་།
    da yin na/_yag po zhe po cig byung /
    It has turned out really well..
  • བསོད་ནམས།
    ལགས་སོ།
    lags so/
    Yes.
  • ཕུར་སྒྲོན།
    ཨ་ནི། དེ་འོང་དེ་སྐུ་ཡོན་དེར་ག་ཚོད་ཕུལ་དགོས་ཡོད་ན།
    a ni/_de 'ong de sku yon der ga tshod phul dgos yod na/
    Then, for this salary how much should we pay you.
  • བསོད་ནམས།
    ད་དེ་ང་རྣམ་ཚོར་ག་ཚོད་གནང་གནང་རེ་ཅིག་རེད་ལ།
    da de nga rnam tshor ga tshod gnang gnang re cig red la/
    So, please pay us as much as you can.
  • ཕུར་སྒྲོན།
    ལགས་སོ། ལགས་སོ།
    lags so/_lags so/
    Ok ok.
  • བསོད་ནམས།
    གཞན་དེར་འདི་ཟེར་མིན་འདུག་ལ།
    gzhan der 'di zer min 'dug la/
    Actually, there is no decided (amount).
  • ཕུར་སྒྲོན།
    ལགས་སོ།
    lags so/
    Yes.
  • བསོད་ནམས།
    ཨ་ནི་གོས་ཆེན་དེ་ལ་ཡ་འོང་ལྔ་བརྒྱ་ལྷག་ཙམ་དེ་བྱས་སོང་ལ།
    a ni gos chen de la ya 'ong lnga brgya lhag tsam de byas song la/
    This brocads was about five hundred yuan.
  • ཕུར་སྒྲོན།
    ལགས་སོ།ལགས་སོ།
    lags so/lags so/
    Ok ok.
  • བསོད་ནམས།
    ཁ་ལ་ཡ་བརྒྱ་དང་བཅུ་མེད་ལྔ་བྱེད་ཀྱི་འདུག་ག་ལ།
    kha la ya brgya dang bcu med lnga byed kyi 'dug ga la/
    The square costs one hundred and five yuan.
  • ཕུར་སྒྲོན།
    ལགས་སོ།
    lags so/
    Yes.
  • བསོད་ནམས།
    ཨ་ནི་དེ་ཚོར་ལས་ཡང་སྤྱིར་བཏང་གི་ད་ལྟ་འོང་དེ་རེད་མིན་འདུག
    a ni de tshor las yang spyir btang gi da lta 'ong de red min 'dug
    And these however, are not the usual (brocades).
  • བསོད་ནམས།
    ཨེན་འོང་འགྱིག་འབྲེལ་གྱོག་༼བ༽དེ་རེད་མིན་འདུག་ལ།
    en 'ong 'gyig 'brel gyog (ba)de red min 'dug la/
    They are not mixed with plastic.
  • ཕུར་སྒྲོན།
    ལགས་སོ།
    lags so/
    Yes.
  • བསོད་ནམས།
    དེ་ཚོར་ཡང་གོང་ཏོག་ཙམ་དེ་བྱེད་པ་འདྲ་ཅིག༼ཞིག༽་འདུག་ལགས།
    de tshor yang gong tog tsam de byed pa 'dra cig(zhig) 'dug lags/
    Also these are priced a little high.
  • ཕུར་སྒྲོན།
    ལགས་སོ།
    lags so/
    Ok.
  • ཕུར་སྒྲོན།
    ལགས་སོ། ལགས་སོ།
    lags so/_lags so/
    Yes Yes.
  • ཕུར་སྒྲོན།
    ཨ་ནི་དེ་ཚོར་ཡར་ཁ་ལ་ཡར་བརྒྱ་དང་བཅུ་མེད་ལྔ་རེད་བཞག་ཟག་༼ཟེར་གྱི་འདུག་༽ལ།
    a ni de tshor yar kha la yar brgya dang bcu med lnga red bzhag zag (zer gyi 'dug )la/
    And these squares are one hunderd and five yuan, they said.
  • ཕུར་སྒྲོན།
    ལགས་སོ།
    lags so/
    Ok.
  • བསོད་ནམས།
    ཨ་ནི། འོང་དེ་བྱེད་དུས་ཙམ་པར་ལྔ་བརྒྱ་ལྷག་ཙམ་ཅིག་ཐབ་ཀྱིས་ཟག་༼ཟེར་གྱི་འདུག༽ལ་གནོངས།
    a ni/_'ong de byed dus tsam par lnga brgya lhag tsam cig thab kyis zag (zer gyi 'dug)la gnongs/
    Then Now when we take these (together), the cost reaches about five hundred, they said. Yes.
  • ཕུར་སྒྲོན།
    ལགས་སོ། ལགས་སོ།
    lags so/_lags so/
    Ok ok.
  • ཕུར་སྒྲོན།
    ད་ཡིན་རྒྱུ་རེད་མི། དེ་བཞག་ལ།
    da yin rgyu red mi/_de bzhag la/
    It seems likely, recently.
  • བསོད་ནམས།
    ལགས་སོ།
    lags so/
    Ok.
  • ཕུར་སྒྲོན།
    ཐུགས་རྗེ་གནང་སྐུ་ཅིག་ད།
    thugs rje gnang sku cig da/
    Thank you very much.
  • བསོད་ནམས།
    ལགས་སོ།
    lags so/
    Yes.
  • བསོད་ནམས།
    ལགས་ལགས་ལགས།འོང་ལགས།
    lags lags lags/'ong lags/
    Yes yes yes.
  • ཕུར་སྒྲོན།
    ཐུགས་རྗེ་གནང་།་སྐུ་ཅིག་ཐུགས་རྗེ་ཆེ།
    thugs rje gnang / sku cig thugs rje che/
    Thank you. Thank you very much.
  • ཕུར་སྒྲོན།
    ཐུགས་རྗེ་གནང་ད་ཡིན་ན།
    thugs rje gnang da yin na/
    Thank you,.now.
  • ཕུར་སྒྲོན།
    བསམ་པ་ཁོ་ར་བྱུང་སོང་།
    bsam pa kho ra byung song /
    I completely got what I hoped for.
  • ཕུར་སྒྲོན།
    ད་ཡིན་ན་ཐུགས་རྗེ་གནང་། ཡག་པོ་ཞེ་པོ་ཅིག་བྱུང་བཞག
    da yin na thugs rje gnang /_yag po zhe po cig byung bzhag
    Now thank you very much, it turned out really well.
  • བསོད་ནམས།
    འོང་། ལགས།
    'ong /_lags/
    Yes.
  • ཕུར་སྒྲོན།
    ད་ཡིན་ན། སྣང་བ་འགྲོ་པོ་ཞེ་པོ་བྱུང་བཞག
    da yin na/_snang ba 'gro po zhe po byung bzhag
    Now I find it very pleasing.
  • བསོད་ནམས།
    གོས་ཆེན་ཡག་པོ་ཞེ་པོ་བྱས་བཞག
    gos chen yag po zhe po byas bzhag
    The brocades are very nicely done.
  • ཕུར་སྒྲོན།
    བྱས་ཞག་ལ།
    byas zhag la/
    Yes, they were done (nicely).
  • བསོད་ནམས།
    སྤྱིར་བཏང་གི་དེ་བར་ཅིག
    spyir btang gi de bar cig
    In general, here it is...
  • ཕུར་སྒྲོན།
    མཚུངས་པོ་ཞེ་པོ་ཅིག་བྱུང་འདུག་ག
    mtshungs po zhe po cig byung 'dug ga
    It matches very well (the brocade).
  • ཕུར་སྒྲོན།
    གོས་ཆེན་དེ་ལན་པོ་འདུག
    gos chen de lan po 'dug
    This brocade matches (the painting).
  • བསོད་ནམས།
    ལགས་སོ།
    lags so/
    Yes.
  • ཕུར་སྒྲོན།
    ཚོས་གཞི་དེ་མིའི་སྐྲག་ཆེན་པོ་ཞིག
    tshos gzhi de mi'i skrag chen po zhig
    This color very bright.
  • ཕུར་སྒྲོན།
    འདི་སེར་པོ་དེ་མི་སྐྲག་ཆེན་པོ་ཞེ་པོ་ཅིག་འདུག་ག
    'di ser po de mi skrag chen po zhe po cig 'dug ga
    This yellow is very bright.
  • བསོད་ནམས།
    ལགས་སོ།
    lags so/
    Yes.
  • བསོད་ནམས།
    གཞན་རྒྱ་མིའི་དེ་ཚོས་དེ་འདྲས་ཟེར་ཐང་ཐང་ཟེར་གཅིག་ཡའི་༼ཡང་༽བྱེད་ཐུབ་ཀྱི་མིན་འདུག་ག་ལ།
    gzhan rgya mi'i de tshos de 'dras zer thang thang zer gcig ya'i (yang )byed thub kyi min 'dug ga la/
    Actually with the Chinese (brocades) you can't pull it straight at all.
  • ཕུར་སྒྲོན།
    འོང་རེད།་འདི་དེ་ཡོད་རེད་པ་འགྱིག་ཡོད་ཙང་འཁུམ་བྱས་བསྡད་བྱས།
    'ong red/ 'di de yod red pa 'gyig yod tsang 'khum byas bsdad byas/
    That's right, since it has plastic, it shrinks..
  • བསོད་ནམས།
    ད་ཁ་ཤས་ཡང་སྤྱིར་བཏང་གི
    da kha shas yang spyir btang gi
    Now some also in general.
  • བསོད་ནམས།
    པད་ཤག་གིས་ཏག་ཏག་མ་བསྡད་ཀྱོག་དེ་ཚོ།
    pad shag gis tag tag ma bsdad kyog de tsho/
    those who don't have enought money,
  • བསོད་ནམས།
    ཡང་དེ་ཚོ་བརྒྱབ་ན་གོང་ཁེ་པོ་རེ་ཅིག་རེད་པ་ལ།
    yang de tsho brgyab na gong khe po re cig red pa la/
    also if they (use these chinese brocades) the price is cheap.
  • ཕུར་སྒྲོན།
    ལགས་རེད་པ།
    lags red pa/
    Yes, it is.
  • བསོད་ནམས།
    གཞན་མ་བཞིན་ད་གོས་ཆེན་ཡག་ཉེས་བྱས་ན་ད།
    gzhan ma bzhin da gos chen yag nyes byas na da/
    Actually now if we consider the quality of the brocade.
  • བསོད་ནམས།
    ད་ག་རང་རེད་བཞག་དེ་དེ་དེ་ད་ལྟ་དེ་རྒྱ་གར་གྱི་འདི།
    da ga rang red bzhag de de de da lta de rgya gar gyi 'di/
    it is the same as this Indian one.
  • ཕུར་སྒྲོན།
    ལགས་སོ།
    lags so/
    Ok.
  • བསོད་ནམས།
    གོས་ཆེན་ནང་ཤ་དེ་ཚོ་ལས་དེ་འདྲས་ཟེར་སུལ་འཁུམ་དགོས་འདུག་ག་དངོས་གནས་བྱས་ན།
    gos chen nang sha de tsho las de 'dras zer sul 'khum dgos 'dug ga dngos gnas byas na/
    These brocade linings have to be folded like this, actually.
  • ཕུར་སྒྲོན།
    ལགས་སོ།
    lags so/
    Yes.
  • བསོད་ནམས།
    ད་དེང་སང་དེ་ཚོ་ད་དེ་འདྲས་གཅིག་ཡའི་ཡོད་མ་རེད་ལ།
    da deng sang de tsho da de 'dras gcig ya'i yod ma red la/
    Now, these days there aren't any like these.
  • ཕུར་སྒྲོན།
    ཞུས་ཙང་ག
    zhus tsang ga
    So.
  • བསོད་ནམས།
    ད་ལྟ་ཆོས་ལགས་ཁོ་རྣམས་ཚོ་འཚེམ་བུ
    da lta chos lags kho rnams tsho 'tshem bu
    Now Chos-la (tailor's name), those tailors,
  • བསོད་ནམས།
    འདི་རེད་ལ། ག་རས། རྙིང་པའི་གྲས་ཀ་རེད་ལ།
    'di red la/_ga ras/_rnying pa'i gras ka red la/
    it's this...what is it...it is an old type.
  • ཕུར་སྒྲོན།
    ལགས་སོ།
    lags so/
    Yes.
  • བསོད་ནམས།
    དེའི་སྔན་ལ་༼སྔོན་ལ་༽ཡར
    de'i sngan la (sngon la )yar
    Before this,
  • ཕུར་སྒྲོན།
    སྤྱིར་བཏང་སྐུ་ཐང་དེ་ཡང
    spyir btang sku thang de yang
    In general, also with this thangka,
  • ཕུར་སྒྲོན།
    ཚེམ་བུ་བ་རྙིང་པ་མེད་ན།
    tshem bu ba rnying pa med na/
    if there is not an old tailor.
  • ཕུར་སྒྲོན།
    དེང་སང་གི་དེ་ཚོས་ཞེ་དྲག་མཁྱེན་གྱི་མིན་འདུག་ག་ལ།
    deng sang gi de tshos zhe drag mkhyen gyi min 'dug ga la/
    Nowadays they (tailors) don't know very well.
  • བསོད་ནམས།
    ལགས་སོ།
    lags so/
    Ok.
  • བསོད་ནམས།
    ད་ལྟ་སེར་རའི་གོས་སྐུ་དང་དགྲ་ཕྱི་གོས་སྐུ་བཞེངས་དུས།
    da lta ser ra'i gos sku dang dgra phyi gos sku bzhengs dus/
    Now when they make Sera's big Tangka and Drapchi's big Taangka,
  • བསོད་ནམས།
    ང་ཚོ་ཡ་གིར་མཉམ་དུ་རེད་ལ།
    nga tsho ya gir mnyam du red la/
    we (paint) together over there.
  • ཕུར་སྒྲོན།
    ལགས་སོ།
    lags so/
    Ok.
  • བསོད་ནམས།
    ང་ཚོས་ཡ་གིར་རི་མོ་བྲིས།
    nga tshos ya gir ri mo bris/
    We paint.over there.
  • བསོད་ནམས།
    ཆོས་ལགས་ཁོ་རྣམ་ཚོ་དང་འཚེམ་བུ་བ་སེར་རའི་འཚེམ་བུ་བ་ཁོ་རྣམ་ཚོས་བཙེམས་བྱས་དེ་བྱས་པ་རེད་ལ།
    chos lags kho rnam tsho dang 'tshem bu ba ser ra'i 'tshem bu ba kho rnam tshos btsems byas de byas pa red la/
    Chos-la and those tailors and Sera's tailors sew (the big thangkas).
  • ཕུར་སྒྲོན།
    ལགས་སོ།
    lags so/
    Ok.
  • བསོད་ནམས།
    འོང་ལགས།
    'ong lags/
    Yes.
  • ཕུར་སྒྲོན།
    ཐུགས་རྗེ་གནང་ད་ཨ་ལས་དགོངས་པ་ཅིག་ཞུ་གི་ཡིན།
    thugs rje gnang da a las dgongs pa cig zhu gi yin/
    Thank you very much, but now I have to go.
  • བསོད་ནམས།
    ཨ་ལས། འོང་གསོལ་ཇ་ཞིག་གནང་ན།
    a las/_'ong gsol ja zhig gnang na/
    Then please drink some tea.
  • ཕུར་སྒྲོན།
    ཐུགས་རྗེ་གནང་།
    thugs rje gnang /
    Thank you very much.
  • བསོད་ནམས།
    ཨ་ལས་གསོལ་ཇ་ལྗགས་གང་།
    a las gsol ja ljags gang /
    Then (please) have one more tea.
  • བསོད་ནམས།
    ཐུགས་རྗེ་གནང་།་ད་འགྲིག་སོ་ལོག
    thugs rje gnang / da 'grig so log
    Thank you very much, but I am fine.
  • ཕུར་སྒྲོན།
    ཐུགས་རྗེ་གནང་ད་ཡིན་ན་ཐུགས་རྗེ།
    thugs rje gnang da yin na thugs rje/
    Thank you very much! Now thank you!
  • བསོད་ནམས།
    ལགས་སོ།
    lags so/
    Yes.
  • ཕུར་སྒྲོན།
    ཐུགས་རྗེ་གནང་།
    thugs rje gnang /
    Thank you very much.
  • ཕུར་སྒྲོན།
    ད་ཡིན་ན། ང་རའི་བསམ་དོན་གྲུབ་སོང་།
    da yin na/_nga ra'i bsam don grub song /
    Now my hope has been achieved.
  • བསོད་ནམས།
    ཐུགས་རྗེ་ཆེ་གནང་།
    thugs rje che gnang /
    Thank you very much.
  • ཕུར་སྒྲོན།
    ཐུགས་རྗེ་གནང་།
    thugs rje gnang /
    Thank you very much.
  • ཕུར་སྒྲོན།
    ཨ་ལས་བཞུགས་གདན་འཇགས་དགོས།
    a las bzhugs gdan 'jags dgos/
    So good-bye.
  • བསོད་ནམས་
    ལགས།
    lags/
    Ok.
  • ཕུར་སྒྲོན།
    ལགས། ཨ་ལས་བཞུགས་གདན་འཇགས་དགོས།
    lags/_a las bzhugs gdan 'jags dgos/
    Ok, so good-bye.
  • བསོད་ནམས།
    ལགས། ཨ་ནི་ཡང་གཞུག་མར་གསུང་ཡག་ཨེ་འདྲས་འདུག་ན།
    lags/_a ni yang gzhug mar gsung yag e 'dras 'dug na/
    Ok, then in the future if you have orders like this,
  • ཕུར་སྒྲོན།
    ལགས་ལགས་ལགས།
    lags lags lags/
    Yes.
  • བསོད་ནམས།
    ཕེབས་དང་།
    phebs dang /
    Please come.
  • བསོད་ནམས།
    ལགས་སོ།
    lags so/
    Yes.
  • ཕུར་སྒྲོན།
    ལགས།
    lags/
    Ok.
  • བསོད་ནམས།
    ཨ་ལས་ཕེབས་ཨོ།
    a las phebs o/
    So goodbye.
  • བསོད་ནམས།
    གནོངས།་ཨ་ལས་བཞུགས་གདན་འཇགས།
    gnongs/ a las bzhugs gdan 'jags/
    Ok, then good-bye!