Skip to main content Skip to search
25 May 2012
27 min 19 sec
Video Overview
Creators: 
David Germano

An interview with Tibetan social entrepreneur Pema Dorje about his life and work. Filmed in Gyeltang in the summer of 2011 as part of the UVa Tibetan Education to Employment Initiative.

བཅར་འདྲི་ནི་བོད་ཀྱི་ཚོང་པ་གྲགས་ཆེན་པདྨ་རྡོ་རྗེ་ཀྱི་མི་ཚེའི་སྐོར་གླེང་བ་སྟེ། ཁོང་ཉིད་ཀྱི་ཕུལ་བྱུང་གི་ཚོང་ལས་གཉེར་སྟངས་དང་མང་ཚོགས་ལ་སློབ་སྲོལ་གྱི་ཐད་ནས་མཐུན་རྐྱེན་བསྐྲུན་ཚུལ་སོགས་གླེང་འདུག བརྙན་འདི་ནི ༢༠༡༡ ལོར་རྒྱལ་ཐང་ནས་ཕབས་པ།

Transcript search
No results found for this search
0 of 0
  • པདྨ་རྡོ་རྗེ། Pema Dorje
    ང་ནི་1964ལོར་སྐྱེས་པ་ཡིན། /
    I was born in 1964./
    >>白玛多吉:我是1964年出生在,/
  • >>སྲོང་བཙན་གླིང་དགོན་པའི་འདབ་ཀྱི་སྡེ་བ་དེར་སྐྱེས། /
    >>I was born in the village that is located next to Songtsam Ling Monastery./
    >>这个松赞林寺角下那个村庄叫城南名。/
  • >>སྡེ་བ་དེའི་སྡེ་མི་ཚང་མ་བོད་རིགས་རེད། /
    >>Everyone in that village is Tibetan./
    >>那个村庄全部都是藏族。/
  • >>ངའི་ཕ་མ་གཉིས་ཀྱང་བོད་པ་ཡིན། /
    >>My parents are Tibetan./
    >>我的爸爸妈妈也自然是藏族。/
  • >>དེ་ནས་ཕལ་ཆེར་ལོ་བདུན་གྱི་སྟེང་དུ་སློབ་ཆུང་དུ་ཞུགས། /
    >>Then I attended primary school at the age of seven./
    >>然后呢,大概七岁的时候上小学。/
  • >>སྡེ་བ་དེའི་ནང་དུ་སློབ་ཆུང་ཞིག་ཡོད། /
    >>There is a primary school in that village./
    >>就在那个村庄里面有个小学。/
  • >>དེ་རུ་སློབ་མགོ་བརྩམས་པ་ཡིན། /
    >>I started my schooling./
    >>我就开始上学。/
  • >>སྐབས་ཐོག་དེར་སློབ་གྲྭ་རུ་བོད་ཡིག་མེད། /
    >>Tibetan was not taught in school at that time./
    >>当然, 那个时候学校是没有藏语的。/
  • >>དེ་བས། ཆུང་དུས་ནས་རྒྱ་ཡིག་སྦྱངས་ནས་ནར་སོན་པ་ཡིན། /
    >>So I learned Chinese growing up./
    >>所以呢, 从小就是学汉文长大的。/
  • >>དེ་ནས་1982ལོར་སློབ་མཐར་ཕྱིན་རྗེས་ཡང་ས་འདིར་ཡོང་ནས་བྱ་བ་ལས། /
    >>I came back to here to work after I graduated in 1982./
    >>然后1982年毕业以后我又到了这个地方来工作。/
  • >>རྒྱལ་ཐང་དུ། /
    >>In Gyalthang./
    >>那么在中甸, 就是香格里拉。/
  • >>ས་གནས་འདིའི་མིང་ལ་རྒྱལ་ཐང་ཟེར་བ་རེད། /
    >>This place was named Zhongdian before./
    >>这个地方以前叫中甸嘛。/
  • >>རྒྱལ་ཐང་དུ་རྒྱ་ཡིག་སྦྱངས་ནས་ཕལ་ཆེར་དམའ་འབྲིང་མཐར་ཕྱིན། /
    >>I studied Chinese in Zhongdian till I finished middle school./
    >>在中甸大概学汉语学到初中毕业。/
  • >>དམའ་འབྲིང་མཐར་ཕྱིན་རྗེས་ཁོན་མིན་ལ་སོང་ནས་འབྲིང་རིམ་བཏོན། /
    >>I went to Kunming for high school./
    >>初中毕业以后就去昆明上中专。/
  • >>འབྲིང་རིམ་གྱི་སྐབས་སུ་ཅི་ཞིག་སྦྱངས་ཟེར་ན། /
    >>What did you study in high school?/
    >>中专学的是什么呢?/
  • >>1982ལོར་ཁོན་མིན་ལ་སོང་། /
    >>I went to Kunming in 1982./
    >>1982年去了昆明。/
  • >>མ་རེད། 1979ལོར་ཁོན་མིན་ལ་སོང་ནས་འབྲིང་རིམ་བཏོན། /
    >>No, I went to Kunming in 1979 for high school./
    >>不是,1979年去昆明上中专。/
  • >>ཕྱུགས་ནད་སྨན་བཅོས་སྦྱངས་བ་ཡིན། /
    >>I studied veterinary./
    >>学得是兽医。/
  • >>སྐབས་དེར། /
    >>At that time,/
    >>那个时候,/
  • >>སྐབས་དེར་རྒྱལ་ཁབ་ཀྱིས་བྱ་བ་བཀོད་སྒྲིག་བྱེད་པ་རེད། /
    >>The government provided a job at that time./
    >>那个时候是国家统一分配的。/
  • >>ས་གནས་ཀྱི་ཕྱུགས་ལས་གཞུང་སྒྲུབ་ཁང་དུ་བགོས་བྱུང་། /
    >>So they sent me to the local bureau of animal husbandry./
    >>然后就是分在当地的畜牧局。/
  • >>ཕྱུགས་ལས་དང་ཕྱུགས་ནད་སྨན་བཅོས་ཀྱི་ཕྱོགས་ནས་ལས་ཀ་སྒྲུབ། /
    >>For animal husbandry and veterinary work./
    >>做畜牧和兽医工作。/
  • >>ཡིན་ནའང་སྐབས་དེར། /
    >>But, at that time,/
    >>但是那个时候,/
  • >>རྒྱལ་ཐང་ལྟ་བུའི་ས་ཆ་དག་སོ་མ་འཕེལ་རྒྱས་སུ་འགྲོ་བའི་སྐབས་རེད། /
    >>Probably all the places like Zhongdian had just started social development./
    >>可能整个像中甸这样的地方社会发展刚刚开始。/
  • >>དེ་ནས། /
    >>Then,/
    >>然后呢,/
  • >>ལོ་དེར་མཚོན་ན་འབྲིང་རིམ་མཐར་ཕྱིན་མཁན་མང་པོ་མེད། /
    >>There were not many high school graduates at that time./
    >>当年来说中专毕业的人不多。/
  • >>ཆེད་སྦྱོང་དང་སློབ་ཆེན་སློབ་མ་ནི་དེ་ལས་ཀྱང་བཤད་མ་དགོས། /
    >>Associates degree [holders] or college graduates were even fewer./
    >>更不要说大专或大学毕业的人。/
  • >>དེ་བས་1982ལོ་ནས་1983ལོའི་རིང་ལ། /
    >>Therefore, during that time from 1982 till 1983, /
    >>所以当时或者1982年到1983年的时候,/
  • >>ས་འདིར་མཚོན་ནས་བཤད་ན། /
    >>For this place,/
    >>对这个地方来说,/
  • >>ང་ལ་མཚོན་ན། /
    >>For me,/
    >>对于我来说,/
  • >>སྐབས་དེར་གཞོན་སྐྱེས་པ་འཇོན་པོ་འགའ་འདེམ་དགོས་ཟེར། /
    >>They said they had to select some capable young people./
    >>那时说要选几个比较得力的年轻人。/
  • >>འབྲིང་རིམ་མཐར་ཕྱིན་ཡོད་པས་གོ་སྐབས་ཀྱང་ཅུང་ཙམ་མང་། /
    >>I had more chances [since] I was a high school graduate./
    >>因为是中专毕业生机会也就更多一些。/
  • >>དེར་མ་ཟད་ད་དུང་ང་རང་གིས་བྱ་བ་སྒྲུབ་ན་ཅུང་བརྟན་པོ་ཡིན་པ་འདྲ། /
    >>In addition, probably because I did things more carefully,/
    >>然后再加上有可能是我做事也比较踏实。/
  • >>ད་དུང་ངས་རི་མོ་ཡང་འབྲི། /
    >>and also I do drawing,/
    >>还有一个就是我画画。/
  • >>ངས་ས་གནས་ཀྱི་དུས་དེབ་ཅིག་ལ་བར་བཅུག་རི་མོ་བྲིས་པ་ཡིན། /
    >>I drew an illustration for a local magazine./
    >>我给他们当地办的杂志画了一个插图。/
  • >>ཡིན་ཡང་འདི་རུ་བརྙན་འཕྲིན་ལས་དགོས་པ་རེད། /
    >>But here we had to do a TV show./
    >>但是这个地方要做电视。/
  • >>བརྙན་འཕྲིན་གྱི་ལེ་ཚན་ལས་མགོ་བརྩམས། /
    >>We had to start making TV shows./
    >>要开始做电视节目。/
  • >>ང་རང་དེའི་ནང་གི་གཅིག་རེད། /
    >>I was one of them./
    >>那么我就是其中之一。/
  • >>ངོ་མས་བཤད་ན་ང་གཅིག་པུ་བདམ་བྱུང་། /
    >>Actually they only selected me./
    >>其实就是我一个人当时被选中的。/
  • >>དེ་ནས་བརྙན་འཕྲིན་ལས་མགོ་བརྩམས། /
    >>Then I started making a TV show./
    >>然后开始做电视。/
  • >>1984ལོའི་ལོ་མཇུག་ནས་མགོ་བརྩམས་ཏེ་བརྙན་འཕྲིན་ལས་མགོ་བརྩམས། /
    >>I started learning TV show making from 1984./
    >>做电视从八四年底开始学习,/
  • >>1985ལོའི་ལོ་སྨད་ནས་རང་ཉིད་ཀྱིས་ལས། /
    >>I began doing it by myself in 1985./
    >>八五下半年开始自己做。/
  • >>མུ་མཐུད་དུ་1990ལོའི་བར་དུ་ལས། /
    >>I worked on it till 1990./
    >>一直做到1990年的时候。/
  • >>1990ལོར་ས་འདི་དང་ཁ་བྲལ་ནས་པེ་ཅིན་དུ་སོང་། /
    >>I left this place in 1990 and went to Beijing./
    >>90年的时候离开这个地方去了北京。/
  • >>གློག་བརྙན་སློབ་གླིང་དུ་ཞུགས། /
    >>And I studied at the Film Academy./
    >>上电影学院。/
  • >>དེ་ནས་1990ལོ་ནས་1991ལོའི་བར་དུ། /
    >>From 1990 till 1991./
    >>然后从1990年到1991年,/
  • >>1992ལོའི་བར་དུ་ལོ་གཉིས་རིང་གི་ཆེད་སྦྱོང་བཏོན། /
    >>I did my associated degree there till 1992./
    >>到1992年上了两年的大专。/
  • >>སྐབས་དེར་བརྙན་འཕྲིན་ལས་རྗེས་ད་གཟོད་ཤེས་པ་ནི། /
    >>Because I worked on TV show and realized,/
    >>因为那个时候做了电视之后才知道,/
  • >>རང་ཉིད་ཀྱི་ཤེས་བྱ་ཡིས་བརྙན་འཕྲིན་ལས་པར་མི་འདང་། /
    >>My knowledge is not enough for TV show making./
    >>自己的知识是不够做电视节目的。/
  • >>གློག་བརྙན་ལས་པར་ཡང་མི་འདང་། /
    >>Not enough for movie either./
    >>也不够做电影。/
  • >>རྗེས་ནས་གློག་བརྙན་སློབ་གླིང་དུ་ཆེད་སྦྱོང་བཏོན་པ་ཡིན། /
    >>Afterward I did an associate degree at Film Academy./
    >>后来在电影学院上了大专。/
  • >>དེ་ནས་འདིའི་སྔ་རྗེས་སུ་ང་དང་ཀྲུང་དབྱང་བརྙན་འཕྲིན་ཁང་བར་ལ་མཉམ་འབྲེལ་མང་པོ་ཡོད། /
    >>Before and after that I had many collaborations with CCTV./
    >>然后在这个前前后后我跟CCTV中央电视台有很多合作。/
  • >>རྗེས་སུ་ཁོ་ཚོར་མི་མཁོ་དུས། /
    >>When they were shortstaffed,/
    >>后来他们缺人的时候,/
  • >>ཁོ་ཚོས་ང་རང་དེར་བསྡད་ན་བསམ། /
    >>They hoped I would stay there./
    >>他们希望我留在那里。/
  • >>1993ལོ་ནས་བཟུང་ང་རང་དེ་རུ་བསྡད་པ་ཡིན། /
    >>I formally started my work there in 1993./
    >>1993年开始我正式留在那个地方。/
  • >>ཀྲུང་དབྱང་བརྙན་འཕྲིན་ཁང་དུ། /
    >>At CCTV./
    >>就在CCTV里面。/
  • >>ཀྲུང་དབྱང་བརྙན་འཕྲིན་ཁང་དུ་2004ལོའི་བར་དུ་བསྡད། /
    >>I worked there till 2004./
    >>一直在CCTV里面做到2004年。/
  • >>ཕལ་ཆེར་ལོ་བཅུ་གཅིག་ཧྲིལ་པོ་ཡིན་པ་འདྲ། /
    >>11 years total./
    >>大概是整整11年吧。/
  • >>ཀྲུང་དབྱང་བརྙན་འཕྲིན་ཁང་དུ་ལོ་བཅུ་གཅིག་ལ་ལས། /
    >>I worked at CCTV for 11 years./
    >>在CCTV里面做了11年。/
  • >>ལོ་བཅུ་གཅིག་ལ་ལས། /
    >>Worked for 11 years./
    >>做了11年呢!/
  • >>ཅི་ཞིག་རེད་ཟེར་ན། /
    >>What do you say!/
    >>怎么说呢!/
  • >>སྐབས་དེར་ཀྲུང་དབྱང་བརྙན་འཕྲིན་ཁང་དུ་འགྲོ་དུས། /
    >>When I went to CCTV at that time,/
    >>当时去CCTV,/
  • >>ངའི་སེམས་ཀྱི་དྲན་ཚུལ་ངོ་མ་ནི། /
    >>Actually my thoughts were,/
    >>其实我自己心里的更多的想法是,/
  • >>ཟམ་པ་ཞིག་བྱེད་བསམ། /
    >>I want to make a bridge./
    >>想做的一个桥梁。/
  • >>རྒྱུ་མཚན་ནི་ནང་ལོགས་ཀྱི་རྒྱ་རིགས་མང་པོ་དང་མཇལ་བ་དང་། /
    >>Because as I communicate with more Chinese,/
    >>因为或多或少地接触很多内地的汉族人的时候,/
  • >>ཡང་ན་ནང་ལོགས་ཀྱི་མི་རིགས་གཞན་དང་འཕྲད་དུས། /
    >>or communicate with other ethnic groups,/
    >>或者内地的其他民族的时候,/
  • >>ཤེས་ཚོར་བྱུང་བ་ནི་ཁོ་ཚོར་བོད་མི་རིགས་ལ་ཆ་རྒྱུས་ཧ་ཅང་ཞན། /
    >>I realized that they know little about Tibetans./
    >>会发现他们对藏族人的了解很少。/
  • >>ལོས་ཡིན། ལོ་རབས་དེར་མཚོན་ན། /
    >>Of course, in that era,/
    >>当然, 在那个年代来说,/
  • >>ངོ་མས་བཤད་ན་ང་ཡང་དེ་ལྟར་ཡིན། /
    >>Actually me too,/
    >>说实在的像我自己也是。/
  • >>ང་རང་ཉིད་ལའང་རང་མི་རིགས་ལ་ཆ་རྒྱུས་ཧ་ཅང་ཞན། /
    >>I know very little about Tibetans./
    >>我自己对自己民族的了解也很少。/
  • >>དེ་བས། /
    >>Therefore,/
    >>所以呢,/
  • >>གཅིག་ནི་ང་རང་ཉིད་ལམ་འདི་བརྒྱུད་ནས་རང་མི་རིགས་ལ་རྒྱུས་ལོན་བྱེད་བསམ། /
    >>One reason I chose this path is to learn more about Tibetans./
    >>一个是我想走这条路是想更多地了解自己的民族。/
  • >>རང་མི་རིགས་ལ་རྒྱུས་ལོན་ཡག་པོ་བྱེད་རྒྱུ། /
    >>Know more about Tibetans./
    >>更多地了解自己的民族。/
  • >>རང་གི་རིག་གནས། /
    >>My own culture./
    >>自己的文化。/
  • >>ད་དུང་། རང་ཉིད་ཟམ་པ་ཞིག་ཏུ་འགྱུར་རྒྱུ། /
    >>In addition, I wanted to become a bridge./
    >>另外,希望自己能成为一个桥梁。/
  • >>མཐའ་མཇུག་རང་མི་རིགས་ཀྱི་ངོ་མཚར་བའི་བྱ་དངོས་རྣམས། /
    >>Eventually, this amazing ethnic group,/
    >>最终能把这个民族的很多精彩的东西,/
  • >>ནང་ལོགས་ཀྱི་མི་རིགས་གཞན་རྣམས་ལ་ངོ་སྤྲོད་བྱེད་རྒྱུ། /
    >>was partly introduced to other people of the mainland./
    >>介绍给内地的其他民族。/
  • >>རྒྱ་མི་རིགས་དང་མི་རིགས་གཞན། /
    >>Including Han and other ethnic groups./
    >>包括汉族和其他民族。/
  • >>ཡང་ན་ཕྱི་རྒྱལ་གྱི་མི་གཞན་རྣམས་ལ་ངོ་སྤྲོད་བྱེད་རྒྱུ། /
    >>or introduced [Tibetans] to foreign people./
    >>或者是介绍给国外的其他人。/
  • >>སྐབས་དེར་ཀྲུང་དབྱང་བརྙན་འཕྲིན་ཁང་དུ་སོང་བའི་དམིགས་ཡུལ་ཆེན་པོ་གཅིག་ཀྱང་འདི་ཡིན། /
    >>This is one of my main purposes when I went to to CCTV./
    >>当时去CCTV的最大的一个目的也是这个。/
  • >>རྒྱུ་མཚན་ནི་ཀྲུང་དབྱང་བརྙན་འཕྲིན་ཁང་ནི་ཀྲུང་གོའི་ཐོན་ཁུངས་ཆེས་ལེགས་པའི་ས་གནས་ཤིག་ཡིན། /
    >>Because CCTV is one of the best resources in China./
    >>因为CCTV是在中国资源最好的一个地方。/
  • >>བརྙན་འཕྲིན་ལས་ན་ཐོན་ཁུངས་ཆེས་ལེགས་པའི་གནས་དེ་ཡིན། /
    >>Best place for a TV show./
    >>做电视的资源最好的地方。/
  • >>ཆ་རྐྱེན་ཆེས་ལེགས་པའི་གནས། /
    >>Best conditions there./
    >>条件最好的地方。/
  • >>རྗེས་སུ་ད་དུང་བྱ་བ་འགའ་སྒྲུབ། /
    >>I did some things afterward./
    >>后来也做了一些事情。/
  • >>ལོ་བཅུ་གཅིག་གི་རིང་ལ་བྱ་བ་འགའ་ཞིག་སྒྲུབ། /
    >>I did some things during that 11 years./
    >>就是11年的时间里面也做了一些事情。/
  • >>ཡིན་ནའང་། /
    >>But, /
    >>但是呢,/
  • >>ངས་བསམ་ན་ད་དུང་རང་ཉིད་ཀྱི་ཕུགས་འདུན་དང་ཅུང་ཙམ་ཐག་རིང་པོ་འདུག/
    >>I thought it was still far away from my dream./
    >>我觉得离自己的愿望还是比较遥远。/
  • >>དེ་ལས་ཀྱང་ངས་ལས་འདོད་པ་ནི། /
    >>Probably what I wanted is,/
    >>我可能更想做的是,/
  • >>མི་རིགས་འདིའི་རིག་གནས་ཀྱི་ཉིང་བཅུད་ལ་ཞིབ་དཔྱད་བྱེད་རྒྱུ་དེ་ཡིན། /
    >>[to] explore more about the cultural essence of this ethnic group./
    >>探究这个民族文化的精华。/
  • >>དངོས་གནས་མི་རིགས་འདིའི་རིག་གནས་ཀྱི་ཉིང་བཅུད་ལ་ཞིབ་དཔྱད་བྱེད་རྒྱུ་དེ་ཡིན། /
    >>Truly explore the cultural essence of this ethnic group./
    >>真正探究这个民族文化的精华。/
  • >>དེ་དག་གསལ་བོར་ཕྱེ་ནས་མི་དེ་ལས་མང་བ་ཞིག་ལ་ངོ་སྤྲོད་བྱེད་རྒྱུ། /
    >>Then I sorted it and introduced it to more people./
    >>然后把它梳理出来介绍给更多的人。/
  • >>དེ་བས་མི་རིགས་འདིའི་རིག་གནས་ཀྱི་ཉིང་བཅུད་ལ་ཞིབ་དཔྱད་བྱེད་པའི་བརྒྱུད་རིམ་ཁྲོད། /
    >>Therefore, in the process of exploring the cultural essence of this ethnic group,/
    >>那么在这个学习和探究民族文化精华的过程中,/
  • >>བོད་མི་དང་ཡང་ན་བོད་མི་རིགས་ཀྱི་རིག་གནས་ཉིང་བཅུད་ཆེས་གལ་ཆེ་བ་དེ་སངས་རྒྱས་ཆོས་ལུགས་ཡིན་པ་གོ་སོང་། /
    >>I realized that essence of Tibetan people or Tibetan culture is Tibetan Buddhism./
    >>发现其实藏族人或藏民族最重要的文化精华就是藏传佛教。/
  • >>ཁྱེད་ཀྱིས་ཤེས་གསལ་ལྟར་ཀྲུང་དབྱང་བརྙན་འཕྲིན་ཁང་ལྟ་བུའི་ནང་དུ། /
    >>You know, TV stations such as CCTV,/
    >>你知道一个像CCTV这样的国家电视台里,/
  • >>བོད་བརྒྱུད་ནང་བསྟན་ངོ་སྤྲོད་བྱེད་རྒྱུའི་ཆ་རྐྱེན་དེ་འདྲ་མང་པོ་མེད། /
    >>There is not much space for introducing Tibetan Buddhism there./
    >>它是没有更多的条件去介绍藏传佛教。/
  • >>ཆེས་མང་ནའང་རིག་གནས་ཀྱི་ཚད་ལས་མེད། /
    >>It can do the cultural level at most./
    >>它顶多只能停留在文化的程度。/
  • >>གལ་ཏེ་ཁྱེད་ཀྱིས་ཆོས་ལུགས་ཀྱི་སྐོར་དང་། /
    >>If you want to introduce more religious items, /
    >>就是如果你对宗教的东西,/
  • >>དད་མོས་ཀྱི་སྐོར་ནས་ངོ་སྤྲོད་བྱེད་ན། /
    >>Introduce more about beliefs,/
    >>信仰的东西可以进行介绍。/
  • >>རྗེས་སུ་ང་ཚོས་ཀྱང་ཐབས་བཀོད་མི་འདྲ་བ་བཀོལ་ནས་ལས་པ་ཡིན། /
    >>We used different methods for doing it afterward,/
    >>后来我们也用过不同的方式来做。/
  • >>དཔེ་བཞག་ན། /
    >>for example,/
    >>比如说,/
  • >>གཅིག་ནི་ང་དང་ངའི་གྲོགས་པོ་རྣམས་ཀྱིས་རང་ཉིད་ཀྱི་སྒོར་མོ་བཀོལ་ནས། /
    >>One is me and my friends spend our pocket money,/
    >>一个是我和我的朋友们自己拿钱,/
  • >>ང་ཚོ་རང་ཉིད་ཀྱི་སྒོར་མོ་བཀོལ་ནས་བརྙན་ཐུང་ཞིག་བཟོས། /
    >>We used our own money and made a film./
    >>我们自己出钱拍一个片子。/
  • >>བརྙན་ཐུང་འདིས་ཧྥ་རན་སིའི་གཱ་ནཱ་བྱ་དགའ་བླངས་མྱོང་། /
    >>We got the Cannes award of France for this film./
    >>这个片子曾经我拿到过法国的嘎纳。/
  • >>རྗེས་སུ་ཧྥ་རན་སིའི་བརྙན་འཕྲིན་ལེ་ཚན་ནང་དུའང་ཞུགས་མྱོང་། /
    >>We attended "Flying Target" TV show of France afterward./
    >>然后参加了法国的"飞靶"电视节目/
  • >>དེར་མ་ཟད་བརྙན་འཕྲིན་ལེ་ཚན་འདིའི་སྟེང་དུ་བཏང་བ་ཧ་ཅང་ལེགས། /
    >>It was screened well on this TV show./
    >>而且在这个电视节目上放得特别好。/
  • >>ཡིན་ཡང་ཞིབ་ཆ་ཁ་ཤས་སྐོར་ལ་གནད་དོན་འགའ་བྱུང་། /
    >>But due to some detail problems,/
    >>但是因为一些细节的问题,/
  • >>གཱ་ནཱ་གློག་བརྙན་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་གཉིས། /
    >>The Chairman and Vice Chairman of Cannes Film Association,/
    >>嘎纳电影协会的主席和副主席,/
  • >>ཁོང་གཉིས་སྔ་རྗེས་སུ་ཡོང་ནས་ང་ལ་ཁ་བརྡ་བྱས་མྱོང་། /
    >>They came and talked to me./
    >>先后都来找我谈过话。/
  • >>མཇུག་བསྡུ་ལ་ཉེ་དུས། /
    >>When it had nearly ended,/
    >>快要结束的时候,/
  • >>ཁོ་ཚོས་ང་ལ་གཏམ་བཟང་ཞིག་ཡོད་ན་ཐང་ཟེར། /
    >>They said there may be good news when they came over and talked to me,/
    >>他们跟我谈话说可能有一些特别好的消息,/
  • >>ཁྱེད་ཀྱིས་གྲ་སྒྲིག་བྱོས་ཟེར། /
    >>They said I have to be mentally prepared./
    >>你要做好心理准备。/
  • >>རྒྱུ་མཚན་ནི་ཁྱེད་ཀྱི་བརྙན་ཐུང་གིས་དཔྱད་འདེམ་པ་རྣམས་ལ་བག་ཆགས་ཟབ་མོ་བཞག་འདུག/
    >>Because your film strongly impressed the committee./
    >>因为你的片子在评委当中印象特别好,/
  • >>ཡིན་ཡང་དེའི་རྗེས་ནས། /
    >>But after the event,/
    >>但是事情过了以后,/
  • >>ང་ལ་ཆེས་མཐོ་བའི་བྱ་དགའ་དེ་ཐོབ་མ་སོང་། /
    >>I didn't get the highest award./
    >>我没拿到最高的那个奖。/
  • >>རྗེས་སུ་ཁོ་ཚོ་ཡོང་ནས་ང་ལ་ཁ་བརྡ་བྱས་བྱུང་། /
    >>They also talked to me after the event./
    >>过掉以后他们也跟我谈了话,/
  • >>ཁོ་ཚོར་ཧ་མི་གོ་བ་དང་མི་རྟོགས་པའི་ཆ་འགའ་ཡོད་ཟེར། /
    >>They said there are some parts they didn't understand./
    >>说他们觉得他们有一些看不懂,想不通的地方。/
  • >>གཅིག་ནི་བརྙན་ཐུང་འདིའི་ནང་དུ་བླ་མས་ལྐོག་རྔན་ཟ་བ་ཅུང་ཙམ་ཞིག་བསྟན་ཡོད་པ་འདྲ་ཟེར། /
    >>They said it seems a part of the film showed a reincarnation, a Lama, was taking a bribe./
    >>一个是说这个片子里似乎在某些地方影射到了一个活佛受贿。/
  • >>བླ་མས་ལྐོག་རྔ་ཟ་བ་ཁྱེད་ཀྱིས་ཤེས་སམ། /
    >>A reincarnated Lama is taking a bribe, you know?/
    >>活佛受贿,你知道吗?/
  • >>ད་དུང་གསལ་བོ་མི་ཤེས་པ་ཞིག་ཡོད་པ་ནི། /
    >>Another thing is, probably there is something, yet not certain,/
    >>还有一个呢,就是似乎,不确定,/
  • >>ཡིན་ནའང་ང་ལ་སྲིད་གཞུང་གི་རྒྱབ་ལྗོངས་ཡོད་པ་འདྲ་ཟེར། /
    >>But, it seems I have government background./
    >>但是呢,似乎我有政府的背景在后面。/
  • >>དེ་བས་ངས་འདི་ནི་ཧ་ཅང་ཡིད་ཕངས་བ་ཞིག་རེད་ཅེས་བཤད། /
    >>Then I said, this is pity./
    >>那我说,哎呀这个很遗憾。/
  • >>རྒྱུ་མཚན་ནི་དངོས་གནས་འདི་འདྲའི་སེམས་ཚོར་ཡོད་ན། /
    >>Because if they truly have such feeling,/
    >>因为如果真有这样的感受的话,/
  • >>ངས་བསམ་ན་འདི་ནི་ངའི་ཐབས་བཀོད་ཀྱི་གནད་དོན་རེད། /
    >>I think this is my method problem./
    >>我觉得这是一个我的方法的问题。/
  • >>རྒྱུ་མཚན་ནི་ངས་བླ་མས་ལྐོག་རྔན་ཟ་བཞིན་འདུག་ཅེས་བརྗོད་ཀྱིན་མེད། /
    >>Because I didn't say that reincarnation Lama takes bribe./
    >>因为,我其实没有在说活佛受贿。/
  • >>ངས་བཤད་པ་ནི་རིག་གནས་ལ་འགྱུར་བ་བྱུང་གིན་འདུག/
    >>I am just saying that culture has changed./
    >>我只是在说,文化已经发生变化了。/
  • >>རིག་གནས་ལ་འགྱུར་བ་མི་ལེགས་པ་བྱུང་གིན་འདུག/
    >>Culture has some negative changes./
    >>文化已经发生了不好的变化。/
  • >>མི་ལ་ལས་རང་ཉིད་བླ་མ་ཡིན་ཟེར། /
    >>Some people say themselves are reincarnated Lamas,/
    >>有些人,他说自称是活佛,/
  • >>དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་དོན་དུ་ཡིན་པའི་ངེས་པ་མེད། /
    >>Probably he is not for Buddhism./
    >>他不一定是为了佛教。/
  • >>སྒོར་མོའི་དོན་དུ་ཡིན་ནའང་ཐང་། /
    >>Probably for money,/
    >>也许是为了钱,/
  • >>འཚོ་བའི་ཆེད་དུ་ཡིན་ནའང་ཐང་། /
    >>or for living,/
    >>也许是为了生计,/
  • >>ཟ་མ་ཟ་བའི་ཆེད་དུ་ཡིན་ནའང་ཐང་། ཁྱེད་ཀྱིས་བལྟས་ན། /
    >>or for food, what do you say?/
    >>也许是为了吃饭,你说呢?/
  • >>རང་ཉིད་བླ་མ་ཡིན་ཟེར་མཁན་ཁ་ཤས་ལ་ང་རང་ཐུག་མྱོང་། /
    >>I saw some people call themselves as reincarnated Lamas./
    >>我已经看到了某一些自称为活佛的人。/
  • >>རྒྱུ་མཚན་ནི་བླ་མ་ཁ་ཤས་ཀྱི་གོ་དོན་ནི་ཅི་རེད་ཟེར་ན། /
    >>Because some reincarnated Lamas think,/
    >>因为有些活佛的这种概念是什么呢,/
  • >>བླ་མ་ལ་ལ་ནི། /
    >>Some reincarnated Lamas are,/
    >>活佛有些是,/
  • >>ཁོང་རང་ཁས་ལེན་པའི་བརྒྱུད་རིམ་ཞིག་ཡོད་དགོས། /
    >>He needs to have a process of recognition./
    >>他需要有一个认可的这个过程。/
  • >>ཁྱེད་ཀྱིས་བཤད་ན། /
    >>What do you say?/
    >>你说呢?/
  • >>ཁས་ལེན་པའི་བརྒྱུད་རིམ་ནི། /
    >>Process of recognition,/
    >>这个认可的过程,/
  • >>དཔེ་བཞག་ནས་བཤད་ན། /
    >>For example,/
    >>你比如说,就像你比如说,/
  • >>ཁྱེད་རང་སློབ་ཆེན་ནས་མཐར་ཕྱིན་དགོས། /
    >>If you need to gain college degree,/
    >>你要获得大学毕业,/
  • >>ཁྱེད་ཀྱིས་སློབ་ཆེན་མཐར་ཕྱིན་པའི་འཛིན་ཡིག་ཅིག་ལེན་དགོས་ན། /
    >>If you need to get college degree diploma,/
    >>你要拿到一个大学毕业的证书的话呢,/
  • >>སློབ་ཆེན་འདིའི་ཁྱེད་ལ་ལག་རྟགས་སྟེར་དགོས་པ་ཁོ་ཐག་རེད། /
    >>Surely the college would give you the diploma./
    >>肯定是这个大学要给你证书的。/
  • >>ཁྱེད་ཀྱིས་བཤད་ན། /
    >>What do you say?/
    >>你说呢?/
  • >>འཛིན་ཡིག་འདི་སློབ་ཆེན་དགའ་ན་ཁྱེད་ལ་སྟེར་བ་ལྟ་བུ་ཞིག་མིན་པར། /
    >>This diploma is not given to you if the college is happy./
    >>这个证书不是说大学校他们高兴了就给你了。/
  • >>ཁྱེད་ཀྱིས་རྒྱུགས་སྣ་ཚོགས་འཕྲོད་དགོས། /
    >>You have to pass all kinds of exam,/
    >>你要通过各种各样的考试,/
  • >>རྒྱུགས་འཕྲོད་སོང་ན་ད་གཟོད་ཁྱེད་ལ་སྟེར་བ་རེད། /
    >>You will get it after you pass them all./
    >>通过了以后才给你。/
  • >>ཁྱེད་རང་སྤྲུལ་སྐུ་ཡང་དག་ཅིག་ཡིན་ན། /
    >>If you are recognized as a reincarnation,/
    >>你要是认定为一个转世活佛的话,/
  • >>ཁྱེད་རང་གིས་འདོད་པ་ལྟར་བྱས་ཆོག་པ་ག་ལ་ཡིན། /
    >>Not just you want to be [a Lama],/
    >>不是说你想,/
  • >>ཁྱེད་རང་བླ་མ་ཡིན་ཟེར་ན་ཡིན་པ་ཞིག་ག་ལ་ཡིན། /
    >>You say you are a reincarnation, and you [automatically] are?
    >>你说你是活佛就是活佛,是吧?/
  • >>དེ་ལའང་ཁས་ལེན་པའི་བརྒྱུད་རིམ་ཞིག་ཡོད། /
    >>Of course it has recognition institution./
    >>肯定它有很多背后的,认定的机制。/
  • >>དེ་བས། /
    >>Therefore,/
    >>所以呢,/
  • >>བརྙན་ཐུང་འདིའི་ནང་དུ་བླ་མ་ཞིག་བརྗོད་ཡོད་དེ། /
    >>This film mentioned a reincarnated Lama./
    >>这个片子里边曾经讲到过一个活佛。/
  • >>ཁོས་ཁོ་རང་ཉིད་བླ་མ་ཡིན་ཟེར། /
    >>He says he is a reincarnation./
    >>他自称是活佛。/
  • >>ཡིན་ནའང་། /
    >>However,/
    >>但是呢,/
  • >>ཁོའི་བྱ་སྤྱོད་ནི། /
    >>His behavior,/
    >>他的行为,/
  • >>གལ་ཏེ་ཁོང་གིས་རང་ཉིད་བླ་མ་ཡིན་ཟེར་དོན་ནི་སངས་རྒྱས་ཆོས་ལུགས་སྔར་ལས་དར་སྤེལ་དུ་གཏོང་བསམ་ན། /
    >>If his self-recognition is promoting Buddhism,/
    >>如果说他自称是活佛是为了更好地弘扬佛教的话,/
  • >>ངས་བལྟས་ན་དེར་གནད་དོན་མེད། /
    >>I think there is no problem,/
    >>我觉得也没问题,/
  • >>ཁྱེད་ཀྱིས་བཤད་ན། /
    >>What do you say?/
    >>你说呢?/
  • >>ཡིན་ཡང་ངས་བསམ་ན་ཁོང་ཉིད་བླ་མ་ཡིན་ཟེར་དོན་ནི། /
    >>But I think there is another purpose for this self-recognition,/
    >>但是我觉得他自称是活佛的原因,/
  • >>གནད་དོན་ནི་ཁོང་གིས་རང་གི་ཁེ་ཕན་བསམ་བཞིན་འདུག་སྙམ། /
    >>It is more like for his own benefit./
    >>更多的问题好像是他为了他的利益。/
  • >>ཁོང་རང་ཧ་ཅང་མཛེས་འདོད་པ་དང་། /
    >>He wants to be more handsome,/
    >>他想要很好看,/
  • >>ཁོང་གིས་འདོད་པ་ནི་མི་མང་པོས་ཁོང་རང་བླ་མར་བགུར་བ་དང་། /
    >>He wanted to be treated by many people as a reincarnation,/
    >>他想要很多人把他看作活佛,/
  • >>དེ་ནས་ཁོང་ལ་ཁེ་ཕན་མང་པོ་ཡོད། /
    >>Then he has more benefits./
    >>然后他有很好的利益。/
  • >>ངས་བསམ་ན་རྒྱུ་རྐྱེན་འདི་དག་ནང་དུ་འདུས་བསམ། /
    >>I think there is this element in there./
    >>我觉得有这个因素在里面。/
  • >>འདིའི་རྒྱུ་མཚན་གཙོ་བོ་ཅི་རེད་ཟེར་ན། /
    >>What is the main reason for this?/
    >>当然这个最大的原因是什么呢?/
  • >>དེ་བས་ངའི་བརྙན་ཐུང་ནང་དུའང་འདི་དག་གླེང་ཡོད། /
    >>Thefore, I mentioned this in the film./
    >>所以我在片子里边也有谈到这个因素。/
  • >>རྗེས་སུ། /
    >>After that,/
    >>那么后来,/
  • >>དཔྱད་འདེམ་པའི་བསམ་པར་ངས་བླ་མས་ལྐོག་རྔན་ཟ་བ་བླངས་འདུག/
    >>The committee thought that I said a reincarnated Lama took a bribe./
    >>评委认为我影射了活佛受贿。/
  • >>བླ་མས་བཤད་པའི་སྐད་ཆ་ལོ་ཙཱ་བྱས་ན། /
    >>So if we translate what the reincarnated Lama says,/
    >>那么活佛说得藏语翻译过来,/
  • >>དེར་མ་ཟད་ད་དུང་སྲིད་གཞུང་རྒྱབ་ལྗོངས་ཀྱང་འདུག/
    >>Also, I have a government background./
    >>而且呢,也许有政府的背景在后面。/
  • >>དོན་དངོས་སུ་ངས་བསམ་ན་འདི་ནི་ངས་བཟོ་སྐྲུན་གྱི་རྐྱོན་ཆ་རེད། /
    >>Actually I think this is my filming mistake,/
    >>其实呢,我觉得这是我的制作上的错误,/
  • >>ཁྱེད་ཀྱིས་བཤད་ན། /
    >>What do you say?/
    >>你说呢?/
  • >>ངས་དཔྱད་འདེམ་པ་ལ་བཞག་པའི་ནང་དོན་ནོར་འདུག/
    >>I gave wrong information to the committee./
    >>就是我给评委的信息错掉了。/
  • >>ངས་རང་གི་བསམ་ཚུལ་ཁོ་ཚོར་གསལ་བོར་སྟོན་ཐུབ་མེད། /
    >>I didn't articulate my idea to them well./
    >>我没有准确的把我的想法表达给他们。/
  • >>འདིའི་རྒྱུ་མཚན་གཙོ་བོ་ནི། /
    >>Main reason for this is,/
    >>这个最大的原因是,/
  • >>སྐབས་དེར་ཀྲུང་གོ་རུ་ཧྥ་རན་སིའི་སྐད་ཀྱི་འཕྲུལ་ཆས་མེད། /
    >>There is no title generator in China at that time./
    >>当时在中国没有那个法语的字幕机。/
  • >>དཔེ་གཞན་ན་ངས་སྐད་ཆ་བཤད་དུས་འོག་ཏུ་ཡི་གེ་རྒྱག་པ།/
    >>For example, the characters showing under the screen when I speak./
    >>就是比如说,我说话的时候下面不是有打字母的吗。/
  • >>ཧྥ་རན་སིའི་སྐད་དུ་ལོ་ཙཱ་བྱས་ན་འོག་ཏུ་ཧྥ་རན་སིའི་ཡི་གེ་རྒྱག་དགོས། /
    >>Write French underneath after translated into French./
    >>翻译成法语之后下面应该打法语。/
  • >>ཡིན་ཡང་ཀྲུང་གོ་ན་ཧྥ་རན་སིའི་ཡི་གེ་རྒྱག་སྤྱད་མེད། /
    >>There was no French subtitle generator in China at that time./
    >>法语呢,在中国没有法语的字幕机。/
  • >>དེ་བས་ང་ཚོས་དབྱིན་ཡིག་གི་ཡི་གེ་ཆེ་འབྲི་དེ་བཀོལ་ནས་ཧྥ་རན་སིའི་ཡི་གེ་བྲིས། /
    >>So we used capitalized English to write French./
    >>那我们全部都是用英文的大写字母来打这个法语。/
  • >>མི་རྣམས་ཀྱི་རྒྱུན་ལྡན་གྱི་གོམས་འདྲིས་དང་མ་མཐུན་ནའང་ཐང་། /
    >>Probably this made for bad watching./
    >>这个呢,可能是人们的收视不是特别好。/
  • >>ཡང་གཅིག་བཤད་ན་མི་རྣམས་ཀྱིས་བརྙན་འཕྲིན་ལ་བལྟ་བའི་གོམས་འདྲིས་ལ་རམ་འདེགས་མ་བྱས་ནའང་ཐང་། /
    >>It didn't match well with people's viewing habits./
    >>就是不是特别配合人们的收视习惯。/
  • >>གཞན་ད་དུང་ལོ་ཙཱ་ཡང་ཧ་ཅང་བྲེལ་འཚུབ་ངང་སྒྲུབ། /
    >>In addition, I also think the translation was rushed./
    >>另外,我觉得翻译得也很仓促。/
  • >>ལོ་ཙཱ་ཐམས་ཅད། /
    >>All the translations are,/
    >>就是所有的翻译是,/
  • >>ངས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་མི་འགའ་ལ་བཤད་ནས་ང་ལ་རོགས་རམ་གྱིས་ལོ་ཙཱ་བྱས། /
    >>I asked some CCTV people to translate it for me./
    >>我请中国的中央人民广播电台的一些人帮我翻译的。/
  • >>ཡིན་ཡང་ཁོ་ཚོར་དུས་ཚོད་མང་པོ་མེད། /
    >>But their time was tight,/
    >>但是他们时间很紧,/
  • >>ཁོ་ཚོར་བྱིན་པ་ནས་ལོ་ཙཱ་བྱས་ཚར་རག་བར་དུ། /
    >>From the time I gave it to them and they finished the translation,/
    >>给他们到翻译出来,/
  • >>མཐའ་མར་ང་རང་པ་ལི་ལ་འགྲོ་བའི་ཉིན་སྔོན་མའི་དགོང་མོ། /
    >>Just the night before I left for Paris,/
    >>最后我去巴黎之前的前一天晚上,/
  • >>ངས་ད་དུང་རྩིས་འཁོར་ཁང་དུ་བརྙང་ཐུང་བཟོ་བཞིན་ཡོད། /
    >>I was still working on the film in the lab./
    >>我还在机房里做片子。/
  • >>ཕྱི་ཉིན། /
    >>On the next day,/
    >>第二天,/
  • >>པ་ལི་ལ་འགྲོ་དུས་རྩིས་འཁོར་ཁང་ནས་ཐད་ཀར་དུ་གནམ་གྲུ་ཐང་ལ་སོང་བ་ཡིན། /
    >>I went directly from the lab room to the airport./
    >>去巴黎的时候是早上从机房里直接去机场的。/
  • >>པ་ལི་ལ་སོང་། /
    >>Went to Paris./
    >>去了巴黎。/
  • >>གཱ་ནཱ་གློག་བརྙན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། /
    >>Because the vice chairman of the Cannes Film Association,/
    >>因为嘎纳电影协会的副主席,/
  • >>དི་ལོ་ཟེར་བ་དེ་ཀྲུང་གོར་ཡོང་ནས་བརྙན་ཐུང་འདེམ་པའི་སྐབས་སུ། /
    >>When Dilo came to China to select films,/
    >>叫迪罗的他来中国选片子的时候,/
  • >>ང་ཚོའི་འཆར་གཞི་ནི་ལོ་རྗེས་མའི་གདམ་གསེས་ལ་ཞུགས་རྒྱུ་དེ་ཡིན། /
    >>We originally planned to attend the next year selection./
    >>我们本来是计划要参加第二年的评选。/
  • >>ཁོ་རང་ཡོང་དུས་ཡིན་གཅིག་མིན་གཉིས་བལྟ་དགོས་ཟེར། /
    >>Eventually, he wanted to see it when he came,/
    >>结果他来参加的时候他非要看,/
  • >>དེ་བས་ང་ཚོས་ཚན་པ་འགའ་བཅད་ནས་ཁོ་ལ་བསྟན། /
    >>We cut some parts and showed him./
    >>我们就剪了一些片段给他看。/
  • >>ཁོས་བསམ་ན་ཧ་ཅང་ལེགས། /
    >>He thought it was really good./
    >>他就觉得特别好。/
  • >>ཁོས་ང་ཚོ་གདན་འདྲེན་བྱེད་རྒྱུ་ཟེར། /
    >>He said he will invite us./
    >>他说,就是要邀请你们去。/
  • >>དེ་བས་སོང་བ་ཡིན། /
    >>So we went there./
    >>就这样去了。/
  • >>འདི་དོན་དག་གཅིག་རེད། /
    >>This is one thing./
    >>这是一件事情。/
  • >>ངས་བརྙན་མང་པོ་བླངས་མྱོང་། /
    >>Of course I filmed a lot./
    >>当然我拍过很多。/
  • >>བརྙན་ཐུང་འདི་གློག་བརྙན་མཛད་སྒོ་འདིའི་སྟེང་དུ་མ་གཏོགས་བསྟན་མ་མྱོང་། /
    >>This film just appeared at this film festival;/
    >>这个片子后来只有在这个电影节上出现过,/
  • >>གནས་གཞན་དུ་བྱུང་མ་མྱོང་། /
    >>it didn't appear anywhere else./
    >>别的地方从来没有出现过。/
  • >>ངས་འདི་སྒོ་ཕྱི་ལ་འགྲོ་རུ་མ་བཅུག/
    >>I didn't let it go [anywhere]./
    >>我就没有让它在出去。/
  • >>རྒྱུ་མཚན་ནི་ངས་འདི་ལས་པ་མི་ལེགས། /
    >>Because I think it is not well done./
    >>因为我觉得做得不好。/
  • >>ཡག་པོ་ལས་མི་འདུག/
    >>It wasn't well done./
    >>没有做好。/
  • >>དེ་བས་ངས་བསམ་ན་རྗེས་མར་གོ་སྐབས་ཡོད་ན་ཡང་བསྐྱར་ལས།/
    >>So I think I will re-make it when there is opportunity in the future./
    >>所以我觉得将来有机会再做。/
  • >>འདིའི་མིང་ལ་རི་བོ་ཆེ་བའི་རི་བོ་ཆུང་བ་ཟེར། /
    >>This was called “Portrait of Big Mountain"./
    >>这个叫“大山的肖像”。/
  • >>རྗེས་སུ་ང་ལ་སྐུ་འབུམ་དགོན་པ་བརྙན་ལེན་པའི་གོ་སྐབས་ལྡན། /
    >>Another opportunity I had afterward was to film Kumbum Monastery./
    >>然后呢,我还有一个机会是拍塔尔寺。/
  • >>ནང་གསེས་ལ་བཀྲ་ཤིས་ལྷུན་པོ་དགོན་པ་སོགས་བླངས་མྱོང་། /
    >>Including the film of Trashi Lhunpo Monastery./
    >>包括,比如说我拍过扎什伦布寺啊等等。/
  • >>ངས་ཕལ་ཆེར་ལོ་གསུམ་གྱི་དུས་ཚོད་བེད་སྤྱད་ནས་སྐུ་འབུམ་གྱི་བརྙན་བླངས། /
    >>I nearly used three years to film Kumbum Monastery./
    >>但是拍塔尔寺我差不多用了三年的时间拍塔尔寺。/
  • >>ལོ་གསུམ་གྱི་རིང་ལ་སྐུ་འབུམ་ཅི་ལྟར་བརྙན་དུ་བླངས་ཟེར་ན། /
    >>How did I use three years to film Kumbum Monastery?/
    >>三年的时间拍塔尔寺怎么拍呢?/
  • >>སྐབས་དེར་ཨ་རྒྱ་རིན་པོ་ཆེ་སྐུ་འབུམ་ན་བཞུགས། /
    >>A Gyal Rinpoche was at Kumbum Monastery that year./
    >>当年阿嘉活佛在塔尔寺。/
  • >>རྗེས་སུ་ཨ་རྒྱ་རིན་པོ་ཆེ་ཁོང་རང་གིས། /
    >>A Gyal Rinpoche,/
    >>然后阿嘉仁波切他,/
  • >>ཁོང་གིས་ང་ཚོ་ཀྲུང་དབྱང་བརྙན་འཕྲིན་ཁང་གདན་འདྲེན་བྱས་ནས་ཁོང་ཚོ་སྐུ་འབུམ་དགོན་པར་བརྙན་ལེན་དུ་བཅུག/
    >>He always invited CCTV to make a good film about Kunbum Monastery./
    >>他一直在邀请我们CCTV给他们塔尔寺做一个很好的片子。/
  • >>ཡིན་ཡང་ཨ་རྒྱ་རིན་པོ་ཆེ་ཡི་བསམ་ཚུལ་ཅུང་མི་གཅིག་པ་འདྲ། /
    >>But A Gyal Rinpoche's idea was a little different./
    >>但是阿嘉活佛的想法有点不一样。/
  • >>ཁོང་གིས་ལེན་འདོད་པ་ནི་ཀྲུང་དབྱང་བརྙན་འཕྲིན་ཁང་དུ་སྟོན་ཆོག་པ་ཞིག་མ་རེད། /
    >>He didn't want CCTV to make a film of it that it can be screened at CCTV./
    >>他不是要拍一个在CCTV里边放的一个片子。/
  • >>ཁོང་གིས་ལེན་འདོད་པ་ནི་ཀྲུང་དབྱང་བརྙན་འཕྲིན་ཁང་དུ་སྟོན་ཆོག་པ་མ་ཟད། /
    >>He not only want a film that can be screened at CCTV,/
    >>他不光是要拍一个在CCTV里边放的片子。/
  • >>ཁོང་གིས་བསམ་པ་ནི། /
    >>He actually wants,/
    >>他其实是想,/
  • >>སངས་རྒྱས་ཆོས་ལུགས་ཀྱི་ངོས་ཐད་ནས་སྐུ་འབུམ་དགོན་པའི་བརྙན་ཞིག་ལེན་པ། /
    >>Film Kumbum Monastery from the angle of Tibetan Buddhism./
    >>很好的从藏传佛教的一个角度来拍一个塔尔寺的片子。/
  • >>སངས་རྒྱས་ཆོས་ལུགས་ཀྱི་ངོས་ཐད་ནས་བརྙན་ལེན་པ། /
    >>Film it from a Buddhist angle./
    >>从佛教的角度来拍,/
  • >>རྗེས་ནས་ང་ཚོས་བརྙན་མི་འདྲ་བ་གཉིས་ལས་རྩིས་བྱས། /
    >>Afterward we prepared two versions./
    >>然后呢,当时我们准备做两套节目。/
  • >>རིག་གནས་ཀྱི་ངོས་ཐད་ནས་བརྙན་ལེན་པ་མ་ཡིན་པར། /
    >>Not from culture angle./
    >>不是从文化的角度来拍。/
  • >>ཀྲུང་དབྱང་བརྙན་འཕྲིན་ཁང་དུ་བཏང་ན། /
    >>Because to screen it on CCTV,/
    >>因为在CCTV里面的播出呢,/
  • >>རིག་གནས་ཀྱི་ངོས་ཐད་ནས་མ་གཏོགས་ལེན་མི་ཐུབ། /
    >>We could only film it from a culture angle./
    >>只能从文化的角度来拍。/
  • >>ཨ་རྒྱ་རིན་པོ་ཆེ་ལ་མི་འདྲ་བ་གཉིས་དགོས། /
    >>So A Gyal Rinpoche wanted two versions./
    >>那么阿嘉活佛他要两套。/
  • >>དེ་བས་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ང་ང་ཨ་རྒྱ་རིན་པོ་ཆེ་དང་ཁ་བརྡ་བྱེད་པར་མངགས། /
    >>Therefore, CCTV sent me to talk to A Gyal Rinpoche that year./
    >>所以当年CCTV派我去跟阿嘉仁波切谈这个事情。/
  • >>ཨ་རྒྱ་རིན་པོ་ཆེ་ཧ་ཅང་དགའ། /
    >>A Gyal Rinpoche was really happy./
    >>阿嘉活佛特别高兴。/
  • >>ཁོང་གིས་ང་ཡོང་ཐུབ་ན་ཧ་ཅང་ལེགས་ཟེར། /
    >>He said it was really good that I went there./
    >>他说“好,你来的话就最好了。”/
  • >>དེ་བས་ང་ཚོས་འདི་ལས་མགོ་བརྩམས། /
    >>So we started doing this./
    >>所以我们就开始做这个事情。/
  • >>བརྙན་འདི་མི་འདྲ་གཉིས་བྱས་ནས་ལེན་རྒྱུ། /
    >>Made this film in two parts./
    >>把这个片子做成两集,/
  • >>གཅིག་ནི་རིག་གནས་ཀྱི་ངོས་ཐད་ནས་ལེན་པ། /
    >>One from a cultural angle./
    >>一个是从文化的角度,/
  • >>གཅིག་ནི་རིག་གནས་ཀྱི་ངོས་ཐད་ནས་སྐུ་འབུམ་དགོན་པ་བཤད་པ། /
    >>One talked about Kumbum Monastery from the cultural angle./
    >>一个是从文化的角度来谈塔尔寺。/
  • >>ཅི་ལྟར་བཤད་ཟེར་ན། /
    >>How did we talk about it?/
    >>那怎么谈呢?/
  • >>རྗེས་ནས་ང་ཚོས་ཐག་གཅོད་བྱས་པ་གཅིག་ནི་བླ་མ་ཞིག་གི་སྤྲུལ་སྐུ་འཁྲུངས་པ་བཤད་རྒྱུ་དང་། /
    >>Afterward, one thing we decided to talk about is reincarnation./
    >>我们后来决定谈的一个是活佛转世,/
  • >>གཅིག་གི་བཙུན་པས་ཡོན་ཏན་སྦྱངས་བ་བཤད་རྒྱུ་དེ་ཡིན། /
    >>One is monks' learning./
    >>一个是谈僧人学艺。/
  • >>གཅིག་གི་བླ་མའི་སྤྲུལ་སྐུ་འཁྲུངས་བ། /
    >>One part is about reincarnation./
    >>就是一集是活佛转世,/
  • >>གཅིག་གི་བཙུན་པས་ཤེས་ཡོན་སྦྱངས་བ། /
    >>One part is monks' learning./
    >>一集僧人学艺。/
  • >>ད་དུང་གཞན་ཨ་རྒྱ་རིན་པོ་ཆེ་ཡིས་ཧ་ཅང་ལེན་འདོད་པའི་བརྙན་ནི། /
    >>Another one that A Gyal Rinpoche wanted us to do./
    >>另外做一套片子是阿嘉活佛更希望能做的。/
  • >>དངོས་གནས་བོད་བརྒྱུད་ནང་བསྟན་གྱི་ངོས་ཐད་ནས་བཤད་དེ། /
    >>Standing at the angle of Tibetan Buddhism,/
    >>就是从真正站在藏传佛教的角度和现状,/
  • >>སངས་རྒྱས་ཆོས་ལུགས་གཙོ་བྱས་པའི་སྐུ་འབུམ་དགོན་པའི་བརྙན་ལེན་རྒྱུ། /
    >>Film Kumbum Monastery through the lens of Buddhism./
    >>来做一个塔尔寺真正的很佛教化的一个片子。/
  • >>ཡིན་ཡང་ཡིད་ཕངས་བ་ཞིག་ལ་རྗེས་སུ་ཨ་རྒྱ་རིན་པོ་ཆེ་ཁོང་རང་། /
    >>But afterward, it was a pity,/
    >>但是呢,很遗憾的就是后来阿嘉活佛,/
  • >>བརྙན་འདི་སྣ་གཅིག་མ་གཏོགས་ལེན་མ་ཐུབ། /
    >>only one version of the film was completed./
    >>这个片子只做完了一个版本。/
  • >>ཀྲུང་དབྱང་བརྙན་འཕྲིན་ཁང་གིས་གཏོང་རྒྱུ་ཡིན་པའི་བརྙན་ཞིག/
    >>The version that CCTV plans to screen./
    >>就是CCTV准备播出的一个版本。/
  • >>བླ་མའི་སྤྲུལ་སྐུ་འཁྲུངས་བ་དང་བཙུན་པས་ཤེས་ཡོན་སྦྱངས་བ། /
    >> They are Lama's reincarnations and monks' learning./
    >>就是活佛转世和僧人学艺。/
  • >>འདི་ལས་ཚར་རྗེས། /
    >>When these were completed,/
    >>这个做完的时候呢,/
  • >>ཨ་རྒྱ་རིན་པོ་ཆེ་ཁ་བྲལ་སོང་། /
    >>A Gyal Rinpoche already left./
    >>就是阿嘉活佛已经离开了。/
  • >>ཨ་རི་ལ་ཐོན་འདུག/
    >>Arrived in the United States./
    >>到了美国。/
  • >>དེ་བས་བརྙན་འདི་མུ་མཐུད་དུ་ལེན་མ་ཐུབ། /
    >>So we cannot continue this work./
    >>所以这片子就没有办法再操作下去了。/
  • >>དེའི་རྗེས་ནས་བཟུང་། /
    >>Since that moment,/
    >>然后呢,从这个时候开始,/
  • >>ངས་ཤེས་སོང་བའི་དོན་དག་ཞིག་ནི།/
    >>I realized many things,/
    >>我发现很多事情,/
  • >>དོན་དག་མང་པོ་ཞིག་ཁྱེད་ཀྱིས་ལས་བཟམ་པ་དང་འབད་པ་བྱས་ན་འགྲུབ་འགྲོ་བ་ཞིག་མིན།/
    >>Not all the things can be accomplished if you want to do and try hard./
    >>不是你想做,你努力去做就可以实现的。/
  • >>དོན་དག་མང་པོ་ཞིག་སྒྲུབ་དུས་རྒྱུ་རྐྱེན་མང་པོ་ཞིག་གིས་ཁྱེད་ལ་བར་ཆད་གཏོང་ངེས། /
    >>You will get many kinds of interferences for doing things./
    >>有很多事情是会有很多别的因素来干扰你的。/
  • >>ཁྱེད་ཀྱི་འཆར་གཞི་ལ་བར་ཆད་བྱེད་ངེས། /
    >>Influence your plan./
    >>来影响你的计划。/
  • >>ཉིས་སྟོང་ལོའི་སྔ་རྗེས་སུ་ངས་བསམ་ན། /
    >>Around 2000, I was thinking,/
    >>也就是两千年前后的时候我就想,/
  • >>དོན་དག་གཅིག་རྐྱང་རྐྱང་ལས་དགོས་པའི་ངེས་བ་མེད་ལ་ལམ་གཅིག་གི་ནང་དུ་འགྲོ་དགོས་པའི་ངེས་བའང་མེད། /
    >>Probably we don't need to do one thing or follow one path./
    >>可能不一定只做一件事情,或者是只走一条路。/
  • >>ཉིས་སྟོང་ལོའི་སྔ་རྗེས་སུ་ངས་འདི་ལྟར་བསམ། /
    >>Around 2000, I started thinking about,/
    >>开始两千年前后的时候我就想,/
  • >>ཡང་ན་འདི་ལས་ལྷག་པའི་ལམ་འོས་འཚམས་ཤིག་བཙལ་ནས་རང་གི་འཕེལ་རྒྱལ་ལ་བཀོད་སྒྲིག་གང་ལེགས་བྱེད་དགོས། /
    >>Probably find a better way to arrange self development./
    >>可能,也许要找更合适的方式来安排自己的发展。/
  • >>སྐབས་དེར། /
    >>At that time,/
    >>那个时候呢,/
  • >>རྒྱལ་ཐང་གི་གནས་འདིར། /
    >>In Shangri-la,/
    >>香格里拉这个地方呢,/
  • >>ངས་ཀྱང་དྲིལ་བསྒྲགས་མང་པོ་བྱས་མྱོང་། /
    >>Because I also made a lot of propaganda./
    >>因为我自己也做了很多宣传。/
  • >>བརྙན་ཐུང་ཡང་མང་པོ་བླངས་མྱོང་། /
    >>Made a lot of films./
    >>做了很多片子。/
  • >>ལོ་རེ་རེ་ལ་བརྙན་བཟོས་མྱོང་། /
    >>I made a film every year./
    >>每年都做片子。/
  • >>རྒྱལ་ཐང་གི་སྐོར་གྱི་བརྙན་ཐུང་། /
    >>Films about Shangri-la./
    >>关于香格里拉的片子。/
  • >>དེ་བས་མི་མང་པོས་འདི་ཤེས་པ་རེད། /
    >>Therefore, there was more publicity./
    >>所以呢,知名度也比较高。/
  • >>རྗེས་སུ་གནས་འདི་ལ་ང་རང་གིས་བལྟས་ན། /
    >>Afterward, my personal view about that place at that time is,/
    >>然后呢,那个时候我觉得那地方我自己看来,/
  • >>དངོས་གནས་རང་བྱུང་གི་ཁོར་ཡུག་ཡག་པོ་རེད། /
    >>Truly the natural landscape is very good./
    >>确实自然的环境特别好。/
  • >>དམངས་སྲོལ་རིག་གནས་ཀྱང་ཧ་ཅང་ལེགས། /
    >>Folk cultures are also very good./
    >>民间的文化也特别好。/
  • >>ཡིན་ཡང་གྲོང་ཁྱེར་འདི་ལ་ང་རང་གིས་བལྟས་ན་གནད་དོན་ཞིག་འདུག/
    >>But, I think this city has a problem./
    >>但是呢,这个城市我觉得有点问题。/
  • >>གྲོང་ཁྱེར་འདི་སི་ཁྲོན་གྱི་གནས་ག་གེ་མོ་ཞིག་དང་མཚུངས། /
    >>This city is like somewhere in Sichuan./
    >>这个城市更像一个四川某一个小地方一样。/
  • >>རྒྱུ་མཚན་ནི་རིམ་བཞིན་གནས་འདིའི་འཛུགས་སྐྲུན་དང་བཟོ་བཀོད་ཕལ་ཆེར་དེ་དང་དང་གཅིག་མཚུངས་རེད། /
    >>Because all the architechture is nearly the same./
    >>因为它后来的建筑方式都是那种差不多吧,/
  • >>ཁྱེད་ཀྱིས་བཤད་ན། /
    >>What do you say?/
    >>你说呢?/
  • >>ལོ་འདི་འགར་མི་འདྲ་བར་གྱུར་འདུག/
    >>Of course these years are different./
    >>当然这些年不一样了,/
  • >>ལོ་འདི་འགར་མཛེས་སྤྲས་མང་པོ་བྱས། /
    >>Many packaging is done these years./
    >>这些年做了很多的包装。/
  • >>མ་མཐའ་ཡང་རིག་གནས་ཤིག་ལ་གཏོགས་པའི་ཚོར་བ་སྟེར། /
    >>At least you can feel some kind of cultural presence, right?/
    >>至少你感觉到一个文化的属性,是吧?/
  • >>མི་མང་པོ་ཞིག་ཀྱང་འདིར་ཡོང་རྗེས་ཚོར་བ་ཞིག་ཡོད་པ་ནི། /
    >>Many people feel it when they come here./
    >>很多人来了这个地方也觉得,/
  • >>འདུག་ས་བདེ་མོ་སྐྱིད་པོ་ཞིག་མི་འདུག་བསམ། /
    >>There are not any comfortable places to stay./
    >>没有一个特别舒服的好住的地方。/
  • >>དེར་མ་ཟད་འདུག་ས་ཡོད་རུང་ས་གནས་ཀྱི་རིག་གནས་གཅིག་ཀྱང་མཚོན་མེད། /
    >>The places where they can stay do not reflect local culture./
    >>而且住的地方更不能体现当地的文化。/
  • >>དེ་བས་ངས་བསམ་ན། /
    >>Therefore, I think,/
    >>所以呢,我就想,/
  • >>ངས་སྲོང་བཙན་གླིང་དགོན་པའི་འདབས་སུ། /
    >>Should I make something at the foot of Songtsanling Monastery,/
    >>我是不是在松赞林寺的脚下,/
  • >>ང་སྐྱེས་སུ་དེ་རུ་མགྲོན་ཁང་ཞིག་ལས་བསམ། /
    >>Build a hotel where I was born./
    >>我出生的地方做一个酒店。/
  • >>རྗེས་ནས་ཉིས་སྟོང་ལོའི་ལོ་གསར་གྱི་སྐབས་སུ་ང་ཡུལ་ལ་ཡོང་། /
    >>Afterward, in 2000, I came back home for new year./
    >>然后呢,2000年的春节我回来过年。/
  • >>ཉིས་སྟོང་ལོའི་ལོ་གསར་གྱི་སྐབས་སུ་ང་ཡུལ་ལ་ཡོང་དུས་མགྲོན་ཁང་ཆུང་ཆུང་ཞིག་ལས་རྒྱུ་ཐག་བཅད། /
    >>In 2000 when I came home for new year, I decided to do a small hotel./
    >>2000年的春节我回来过年时就决定了做一下小酒店。/
  • >>སྲོང་བཙན་གླིང་དགོན་པའི་འདབས་སུ། /
    >>Just at the foot of Songtsanling Monastery./
    >>就在松赞林寺的脚下。/
  • >>རྒྱུ་མཚན་ནི་ས་འདི་ན་ངེད་ཚང་ལ་ཁང་པ་གཉིས་ཡོད། /
    >>Because our family has two houses there./
    >>因为那个地方有两套家里的房子。/
  • >>དེ་བས་ངས་བསམ་ན། /
    >>Thus I thought,/
    >>那么我就像,/
  • >>ཁང་པ་རྙིང་བ་དེ་ཧ་ཅང་ཆུང་། /
    >>Because the old house is very small./
    >>因为老房子很小。/
  • >>ཁང་པ་རྙིང་བ་དེ་བཤིག་ནས། /
    >>Remove the old house,/
    >>把老房子拆掉了以后,/
  • >>དེའི་ཤུལ་དུ་སྲོལ་རྒྱུན་གྱི་རྣམ་པ་ལྟར། /
    >>At that place, according to traditional style,/
    >>在那个地方,按照传统的方式,/
  • >>མགྲོན་ཁང་བྱས་ན་འཚམས་པའི་ཁང་བ་ཞིག་ལས། /
    >>Build a house that is suitable as a hotel./
    >>盖一个适合于用作酒店的房子。/
  • >>མགྲོན་ཁང་ཆུང་ཆུང་ཞིག་བྱས་ཆོག་པའི་ཁང་པ་ཞིག/
    >>A house that can be a small hotel./
    >>用作一个小酒店的房子。/
  • >>མགྲོན་ཁང་ལེགས་ཤོས་ཤིག/
    >>A higher caliber hotel house./
    >>级别酒店的房子。/
  • >>དེ་ལྟར་ཐག་གཅོད་བྱས་ནས་ཁང་པ་ལས། /
    >>I decided to build the house./
    >>我就那么决定了就盖了。/
  • >>བཀོད་པ་འཐེན་ནས་མ་དངུལ་བཙལ། /
    >>Started looking for funds,/
    >>就开始想办法找到资金,/
  • >>རང་ཉིད་ལའང་མ་དངུལ་ཅུང་ཙམ་ཡོད། /
    >>Myself, I had some savings too,/
    >>然后呢,自己也有一点筹备,/
  • >>དེ་ལྟར་ལས་མགོ་བརྩམས། /
    >>Started doing it./
    >>就开始做起来了。/
  • >>དེ་ནས་ལོ་གཅིག་ཙམ་ལ་ལས་པ་དང་ཕལ་ཆེར་ཉིས་སྟོང་གཅིག་ལོའི་ཟླ་བཅུ་བའི་ཚེ་གཅིག་ཉིན། /
    >>After more than a year, around October 1st, 2001,/
    >>然后用了一年多的时间大概在2001年的10月1号,/
  • >>ཚང་མ་ལས་ནས་འགྲུབ་སོང་། /
    >>I completed it./
    >>我就弄完了。/
  • >>ལས་མགོ་བཙུགས། /
    >>Opened it.
    >>就开业了。/
  • >>མགྲོན་ཁང་ཆུང་ཆུང་ཞིག་སྟེ་མིང་ལ་སྲོང་བཙན་ལྗང་ལུང་མགྲོན་ཁང་ཟེར། /
    >>The little hotel is named Songtsan Green Valley Hotel./
    >>小酒店叫颂赞绿谷酒店。/
  • >>སྐབས་དེར་འདང་བརྒྱབ་པ་ཧ་ཅང་སྟབས་བདེ་ཡིན། /
    >>The ideas were a little simple at that time./
    >>然后呢,当时想的比较简单。/
  • >>རྒྱུ་མཚན་ནི་སྐབས་དེའི་རྨང་གཞིའི་བསམ་བློ་ནི། /
    >>Because the most basic thoughts are that time were,/
    >>因为当时最基本的想法是,/
  • >>ཁ་བྲལ་ནས་འགྲོ་རྒྱུའི་ཕྱོགས་ལ་བསམ་བློ་ཡག་པོ་བཏང་མེད། /
    >>Didn't think of leaving,/
    >>还是没完全想过要离开,/
  • >>སྔོན་གྱི་ལས་ཀ་བཞག་ནས། /
    >>Which is to put down the previous job,/
    >>就是放下原来的行道,/
  • >>གློག་བརྙན་དང་བརྙན་འཕྲིན་མ་ལས་པར་འདི་གཅིག་པུ་ལས་རྒྱུ། /
    >>Not doing film, not doing TV, [instead] completely do this thing./
    >>不做电影,不做电视,就完全做这个东西。/
  • >>ངས་བསམ་པ་ནི་ཞོར་དུ་འདི་ལས་རྒྱུ། /
    >>Just thinking of doing this by the way./
    >>只是想,顺便再做一件这个事情。/
  • >>ཡིན་ཡང་འདི་ཞོར་དུ་ལས་ནས་ཤེས་སོང་བ་ནི། /
    >>But, you will realize something as you try to do it by the way,/
    >>可是,那个东西顺便做起来你会发现,/
  • >>འདི་ནི་ཞོར་དུ་ལས་ཐུབ་པ་ཞིག་མ་ཡིན། /
    >>It is not something we can do by the way,/
    >>它不是顺便可以做的事情,/
  • >>འདི་ནི་དཀའ་ཚེགས་ཅན་གྱི་ལས་ཀ་ཞིག་སྟེ། /
    >>It is a complicated thing./
    >>它是一个很麻烦的事情。/
  • >>ཁྱེད་ཀྱིས་དུས་ཚོད་དང་ལུས་སྟོབས་སེམས་ཤུགས་ཚང་མ་བཀོལ་ནས་ལེགས་པར་ལས་ན། /
    >>You have to spend time and energy to really run it./
    >>就是你必须要花时间和精力真正去打理,/
  • >>ད་གཟོད་དོན་དག་འདི་ལེགས་པོ་ཞིག་ལས་ཐུབ། /
    >>Then you can run it well./
    >>才能把这个事情做好。/
  • >>དེ་བས་ཉིས་སྟོང་གཅིག་ལོར་འདི་ལྟར་ལས། /
    >>So I have done this since 2001./
    >>所以零一年这么做,/
  • >>ཉིས་སྟོང་གཉིས་ཀྱི་ལོར་ཡང་དེ་འདྲ་ཁ་ཡ་མ་བྱས། /
    >>I didn't do much work on it since 2002./
    >>零二年差不多也没太管它了。/
  • >>ཉིས་སྟོང་གསུམ་ལོའི་གློ་ནད་ཀྱི་དུས་དེ་མཇུག་བསྡུས་རྗེས། /
    >>After SARS was gone in 2003,/
    >>零三年的非典结束以后,/
  • >>ངས་དངོས་སུ་འདི་ལས་མགོ་བརྩམས། /
    >>I started working on it./
    >>我就开始管它了。/
  • >>ངས་ལུས་སྟོབས་སེམས་ཤུགས་ཚང་མ་འདིའི་ཐོག་ཏུ་བཀོལ་ནས་ལས་མགོ་བརྩམས། /
    >>I started making time and working on it./
    >>我就开始腾出精力来管它了。/
  • >>མགྲོན་ཁང་འདིའི་དོན་དག་མང་པོ་ཞིག་སྒྲུབ། /
    >>Manage the many parts of this hotel./
    >>管这个酒店的很多事情。/
  • >>རྗེས་ནས་ཉིས་སྟོང་བཞི་ལོར་འདི་ཇེ་ལེགས་སུ་སོང་། /
    >>I became much better in 2004./
    >>然后到零四年他就变得更好了。/
  • >>མགྲོན་ཁང་གཉེར་ན་དེའི་ཆེད་མཁས་པ་ཞིག་གིས་གཉེར་ན་ལེགས། /
    >>Someone expert in hotel managing should manage this,/
    >>经营酒店还是需要一个内行的人来,/
  • >>སྐབས་འདིར། /
    >>There is...,/
    >>这个时候也有,/
  • >>དོན་དངོས་སུ་ཉིས་སྟོང་གཉིས་ལོ་ནས་བཟུང་མི་མང་པོ་ཞིག་གིས་ང་དང་མཉམ་འབྲེལ་བྱེད་བསམ། /
    >>Actually, many people wanted to cooperate with me since 2002./
    >>其实零二年开始就有很多人想跟我合作。/
  • >>དེའི་ནང་ནས་ངས་ཞིན་ཇཱ་པོ་ཡི་གྲོགས་པོ་དེ་བདམ་པ་ཡིན། /
    >>One of them I selected is a Singaporean friend./
    >>然后,其中我选择了新加坡的那个朋友。/
  • >>ངས་ཁོ་རང་ནང་དུ་བླངས་ནས་ངའི་མཉམ་སྒྲུབ་བྱེད་གྲོགས་སུ་གྱུར། /
    >>I brought him in and we became partners./
    >>我把他吸收进来成了我的合伙人。/
  • >>རྗེས་སུ། /
    >>Afterward,/
    >>然后呢,/
  • >>ཉིས་སྟོང་གསུམ་གྱི་ལོར་འདི་ལེགས་པོར་གྱུར་སོང་། /
    >>It got better in 2003,/
    >>零三年这个东西比较好了,/
  • >>དེ་ནས་ངེད་གཉིས་ཀྱིས་ཤེས་སོང་བ་ནི། /
    >>Two of us discovered again,/
    >>我们两个又发现,/
  • >>ངེད་གཉིས་ནི་མགྲོན་ཁང་གཉེར་མཁན་ལེགས་པོ་གཉིས་མ་རེད། /
    >>Both of us are not expert in hotel managing,/
    >>我们两个人都不是做酒店的。/
  • >>དེ་ནས་ངེད་གཉིས་ཀྱིས་ཡང་ཞིན་ཇཱ་པོ་ནས་མགྲོན་ཁང་གི་སྐོར་ལེགས་པོ་ཤེས་པ་ཞིག་ཁྲིད་ནས་ཡོང་། /
    >>So we brought another person from Singapore who knows hotels better,/
    >>所以我们又从新加坡带来了一个很懂酒店的一人。/
  • >>མཉམ་སྒྲུབ་ལས་གྲོགས་བྱས། /
    >> to be our partner./
    >>做合伙人。/
  • >>དེ་བས་མགྲོན་ཁང་ཆུང་ཆུང་དེ་ང་ཚོ་གསུམ་པོས་མཉམ་དུ་ལས། /
    >>So the three of us became the heads of that hotel./
    >>所以那个小小的酒店就变成了我们三个人一起做的。/
  • >>ཉིས་སྟོང་བཞི་ལོར་ལས་པ་ཧ་ཅང་ལེགས། /
    >>It was well managed in 2004./
    >>零四年已经做得很好了。/
  • >>དེ་ནས་ཉིས་སྟོང་ལྔ་ཡི་ལོ་ནས་བཟུང་ང་ཚོས་རྗེས་ཀྱི་མགྲོན་ཁང་རྣམས་ལས་མགོ་བརྩམས། /
    >>After that, we started building our other hotels since 2005./
    >>然后呢,零五年我们就开始做后面的酒店了。/
  • >>ད་ལྟའི་གླིང་ག་ཟེར་བ་དེ་རེད། /
    >>The current Lingka./
    >>就是现在的林卡。/
  • >>དེ་བས། /
    >>Therefore,/
    >>那么,/
  • >>ངས་མགྲོན་ཁང་ལས་ན། /
    >>I manage hotel,/
    >>我做酒店呢,/
  • >>སྐབས་དེར་མགྲོན་ཁང་ལས་མགོ་བརྩམས་དུས་དམིགས་ཡུལ་འདི་འདྲ་ཞིག་ཀྱང་ཡོད། /
    >>There was a reason in the beginning for why I opened a hotel./
    >>当时一开始做酒店的目的也有这样一个因素,/
  • >>གནས་སྐབས་དེར། /
    >>Because at that time,/
    >>就是因为那个时期,/
  • >>རྒྱལ་ཐང་གི་ཡུལ་སྐོར་སྐབས་དེར་འཕེལ་རྒྱས་སུ་འགྲོ་མགོ་བརྩམས། /
    >>Tourism in Shangri-la had just started to develop./
    >>整个香格里拉的旅游刚刚开始发展。/
  • >>དེ་ནས་མང་ཆེ་བ་ནི་བོད་མི་ཚོས་ཁང་བ་ཆེན་པོ་ཞིག་ལས་ནས། /
    >>Most Tibetans build a big house./
    >>然后很多是一个藏族人啊,他盖了大房子。/
  • >>ཁང་པ་ཆེན་པོ་ཞིག་ལས་ནས་ཅི་བྱེད་བསམ་པ་རེད་ཟེར་ན། /
    >>What are the big houses for?/
    >>盖很大的房子是为了做什么呢?/
  • >>འཁྲབ་སྟོན་བྱེད་བསམ་པ་རེད། /
    >>To do performances./
    >>是为了做表演。/
  • >>དམངས་ཁྲོད་ཞབས་བྲོ་ཡི་འཁྲབ་སྟོན། /
    >>To perform folk songs and folk dances./
    >>做民间歌舞的表演。/
  • >>དམངས་ཁྲོད་ཞབས་བྲོ་ངོ་མ་དེ་ཨེ་རེད་ཟེར་ན། /
    >>Are they real folk songs or dances?/
    >>而是不是真的民间歌舞呢,/
  • >>དམངས་ཁྲོད་ཞབས་བྲོ་ངོ་མ་དེ་མ་རེད། /
    >>I think they are not true folk songs and dances./
    >>我觉得不是真的民间歌舞。/
  • >>ཁོ་ཚོས་འཁྲབ་སྟོན་བྱེད་པ་ནི་དེང་རབས་ཀྱི་བོད་གླུ། /
    >>What they perform are modern Tibetan songs./
    >>他们表演的都是一些现代的藏族歌。/
  • >>དཔེ་བཞག་ན་ཡ་དུང་གིས་བླངས་པའི་གླུ། /
    >>For example, Yadong's songs./
    >>比如说亚东唱的。/
  • >>ཡང་ན་གཡང་དྲུང་རྒྱལ་གྱིས་བླངས་བའི་གླུ། /
    >>or Yangdrong Gyal's songs./
    >>或者容中尔甲唱的。/
  • >>འདི་དང་འདི་ལྟ་བུའི་གླུ། /
    >>Some similar kinds of songs./
    >>或者类似于这样的一些歌。/
  • >>དེ་ནས་མ་གཞི་བཤད་པ་ནི་བོད་ལུགས་འགྲོན་ཁང་ལས་པ་ཡིན་ཟེར། /
    >>Then, they call it a Tibetan homestay./
    >>然后呢,本来说的是做藏民家房。/
  • >>ཁྱིམ་ཚང་གི་རྣམ་པའི་མགྲོན་ཁང་ནི། /
    >>Family house is.../
    >>家庭房本来是,/
  • >>བོད་མིའི་ཁང་བ་ཅི་འདྲ་ཞིག་ཡིན་ན་བོད་ལུགས་མགྲོན་ཁང་ནི་དེ་འདྲ་ཞིག་ཡིན་དགོས། /
    >>What does a Tibetan home look like? A 'homestay' should be like that./
    >>藏族人的家是什么样的,那么家庭房是什么样的。/
  • >>ཡིན་ཡང་ཁོ་ཚོའི་ཁང་པ་དེ་མི་འདྲ་ཞིག་ལས་ཡོད་དེ། /
    >>But they made it as,/
    >>可是他们那个完全被做成了一个,/
  • >>ཚང་མ་མཉམ་དུ་བསྡུས་ཡོད་པའི་བོད་ཀྱི་ཁང་པ་ཞིག་རེད། /
    >>Completely an intensice Tibetan family./
    >>完全是一个集约化的藏族家庭。/
  • >>བོད་ཀྱི་ཁྱིམ་ཚང་ཁང་པ་དེ་འདྲ་ཞིག་གི་ནང་དུ་བསྡད་ཡོད་པ་མ་རེད། /
    >>Tibetan families are not living in such houses./
    >>藏族家庭不是住在那样的房子里。/
  • >>རྒྱུ་མཚན་ནི་ཁོ་ཚོས་ཅི་ཞིག་སྟོན་འདོད་དེ། /
    >>Because they wanted to show something,/
    >>是因为,他们想展示这样一个东西,/
  • >>དེ་བས་ཁང་པ་འདི་འདྲ་ཆེ་བ་ཞིག་ལས་པ་རེད། /
    >>So they build their houses very big,/
    >>所以他们把房子盖成这么大的一个房子,/
  • >>ག་ས་གང་དུ་རི་མོ་བརྐོས། /
    >>Sculpture everywhere./
    >>到处雕刻,/
  • >>དེ་ནས་མི་མང་པོ་ཡོང་ནས་བྲོ་འཆམ་གླུ་བླངས། /
    >>Come many dancers and singers,/
    >>然后来一大对跳舞的人,唱歌的人,/
  • >>ད་དུང་ལུག་ཧྲིལ་པོའི་ཟ་མ་ཞེས་ལས་པ་དང་། /
    >>Make so called whole sheep./
    >>弄一些什么全羊之类的。/
  • >>མི་མང་པོས་འདི་འདྲ་ལས། /
    >>Many people make such things./
    >>很多人做这样的事情。/
  • >>འདི་འདྲ་ཧ་ཅང་ལས་སླ་མོ་རེད། /
    >>This is easy to do,/
    >>而且这个事情是很容易做的,/
  • >>དེ་བས་མི་མང་པོས་འདི་ལས། /
    >>So many people make it./
    >>所以很多人去做。/
  • >>ཁྱེད་ཀྱིས་ལས་ལ་ཁོ་བོས་ཀྱང་ལས། /
    >>You make it and he makes it too,/
    >>你也做, 他也做,/
  • >>ཁོ་བོས་ཀྱང་ལས་ལ་མི་མང་པོས་ལས། /
    >>He makes it and many people make it./
    >>他也做,很多人做。/
  • >>དེ་ལྟར་ལས་རྗེས་ཕན་ཚུན་གྱི་འགྲན་སྡུར་ཛ་དྲག་ཏུ་གྱུར། /
    >>After they make it, there is vicious competition./
    >>做了以后呢,恶性竞争。/
  • >>འགྲན་སྡུར་ཛ་དྲག་ཏུ་གྱུར་རྗེས་དཔེ་ཞིག་བཞག་ན། /
    >>After vicious competition, for example,/
    >>恶性竞争了以后呢, 比如说,/
  • >>མ་གཞི་དོན་དག་འདི་འདི་ལྟར་བྱས་ན་ཆོག་པ་འདྲ། /
    >>Originally there is possibility for this/
    >>本来这个事情可能可以,/
  • >>མགྲོན་པོའི་ལག་ནས་སྒོར་སུམ་ཅུ་ལེན་པ། /
    >>to yield 30 Yuan from the customer./
    >>客人那儿可以收他30块钱,/
  • >>རང་གིས་ཞབས་ཞུ་སྒྲུབ། /
    >>We provide this service./
    >>我来做这个服务。/
  • >>ཡིན་ཡང་ཚོང་འདི་འདྲ་གཉེར་མཁན་མང་སོང་བ་དང་མགྲོན་པོ་ཉུང་བས། /
    >>But many people are doing it and there are fewer customers,/
    >>但是因为人太多了,客人太少了,/
  • >>དེ་བས་ཁྱེད་ཀྱིས་སྒོར་ཉི་ཤུ་བླངས་ཁོ་དང་ཡང་ཁོ་ཡིས་སྒོར་བཅོ་ལྔ་དང་བཅུ་སོགས་བླངས། /
    >>Therefore, you say 20 Yuan, he says 15 Yuan, and he says 10 Yuan./
    >>所以呢,你说20块,他说15块,他说10快。/
  • >>རིན་གོང་ཇེ་དམའ་ནས་ཇེ་དམའ་རུ་སོང་། /
    >>It became cheaper and cheaper,/
    >>变得越来越便宜,/
  • >>དེ་བས་སྒོར་མོ་ལེན་ཐུབ་པ་མ་རེད། /
    >>So it doesn't make money./
    >>所以也不赚钱。/
  • >>སྐབས་དེར་ངས་མགྲོན་ཁང་འདི་ལས་ནས། /
    >>Because when I do this hotel at that time,/
    >>因为我当时做这个酒店呢,/
  • >>ཐོག་མའི་རེ་བ་ནི། /
    >>The original expectations are,/
    >>最早的期预也是,/
  • >>ངས་བོད་ཀྱི་སྲོལ་རྒྱུན་བཟོ་བཀོད་དང་འཛུགས་སྐྲུན་བཀོལ་ནས་མགྲོན་ཁང་ལས་རྒྱུ། /
    >>I make a hotel with Tibetan traditional architecture./
    >>我把藏族的传统建筑做成一个酒店,/
  • >>མགྲོན་ཁང་ཆུང་ཆུང་ཞིག/
    >>A small hotel./
    >>小酒店。/
  • >>འདི་ལྟར་བྱས་ན་མི་མང་པོ་ཞིག་བལྟ་རུ་ཡོང་ན་ཐང་། /
    >>Probably many people will come and have a look,/
    >>然后也许更多的人也会来看一看,/
  • >>ཨོ་་་བོད་ཀྱི་སྲོལ་རྒྱུན་གྱི་འཛུགས་སྐྲུན་བཀོལ་ནས་མགྲོན་ཁང་ལས་ནའང་ཆོག་གམ། /
    >>Is it possible to make a hotel with Tibetan traditional architecture?/
    >>唉,藏族传统的建筑是不是也可以做成酒店?/
  • >>ད་དུང་ལས་ཡོད་པ་ཧ་ཅང་སྐྱིད་པོ་ཞིག་ཨེ་ཡིན་ནམ་ཞེས། /
    >>It is even more comfortable?/
    >>而且做出来是不是很舒服?/
  • >>རིམ་བཞིན་མི་མང་པོ་ཡོང་ནས་བལྟས་ན་ཆོག/
    >>Gradually people can have a look or find it./
    >>慢慢的,大家也可以来看,大家可以来寻。/
  • >>སྐབས་དེར་དྲན་པ་ནི་སོ་ཕག་འཕངས་ནས་གཡང་ཊི་འདྲེན་པའམ་ཡང་དག་བསམ་འཆར་འདྲེན་པའི་ཆེད་ཡིན། /
    >>It was hoped that it can bring more benefits./
    >>当时也希望起到一个抛砖引玉的作用。/
  • >>དེ་ན། /
    >>Then,/
    >>那么,/
  • >>རྗེས་སུ་བསྡད་ཀྱིན་བསྡད་ཀྱིན་རང་གི་ལས་ཀ་གཙོ་བོ་རུ་གྱུར། /
    >>Afterward it became my main job./
    >>之后当然是越来越变成自己主要的事业了。/
  • >>འཕེལ་རྒྱས་གཙོ་བོ་དང་ལས་ཀ་གཙོ་བོ་རུ་གྱུར། /
    >>Main development and main job./
    >>主要的发展,主要的事业。/
  • >>དེ་ནས་ཕལ་ཆེར་ཉིས་སྟོང་བཞི་དང་ལྔ་ཡི་ལོ་ནས་བཟུང་ངས་སེམས་ཤུགས་ཡོད་ཚད་འདིའི་སྟེང་དུ་བཏང་། /
    >>I started putting all of my energy on this probably from 2004 or 2005./
    >>然后大概零四年零五年开始我把全部精力投在那个上。/
  • >>ཉིས་སྟོང་ལྔ་ཡི་ལོ་ནས་བཟུང་གླིང་ག་ཟེར་བ་དེ་ལས་མགོ་བརྩམས། /
    >>Started working on Lingka since 2005./
    >>零五年开始做林卡。/
  • >>གླིང་ག་ཟེར་བ་དེ་ཕལ་ཆེར་ཚང་མ་ལག་པས་ལས་པ་ཡིན། /
    >>Lingka is completely handmade./
    >>林卡完全是手工做起来的。/
  • >>སྲོལ་རྒྱུན་གྱི་རྣམ་ལྟར་ལས་པ་རེད། /
    >>It is built according to traditional style./
    >>就是按照传统的方式做起来的。/
  • >>དེ་ནས། /
    >>Afterward,/
    >>然后呢,/
  • >>ད་དུང་གཞན་ཞིག་ཡོད་པ་ནི། /
    >>Another opportunity,/
    >>还有很好的机缘就是,/
  • >>མགྲོན་ཁང་འདི་མ་ལས་སྔོན་ལ་དོན་དག་གཞན་ཞིག་ཡོད་པ་ནི། /
    >>Another thing I have before managing this hotel,/
    >>在做这个酒店之前我还有一个事情是什么呢,/
  • >>ཕལ་ཆེར་ཉིས་སྟོང་བརྒྱད་ཀྱི་ལོར། /
    >>Around 2008,/
    >>大概在2008年的时候,/
  • >>ཉིས་སྟོང་བརྒྱད་ཀྱི་ལོར་ངས་པེ་ཅིན་ནས་ཁང་པ་ཞིག་ཉོས། /
    >>I bought an apartment in Beijing in 2008./
    >>2008年的时候我在北京买了一套房子。/
  • >>ཁང་པ་ཞིག་ཉོས་རྗེས། /
    >>After I bought the apartment,/
    >>买了一套房子以后呢,/
  • >>ཁང་མིག་གཅིག་གི་ནང་དུ་བོད་ཀྱི་ཇ་ལག་འཇོག་བསམ། /
    >>I wanted to put Tibetan furniture in one room./
    >>想在一间屋子里放藏式家居。/
  • >>རྒྱུ་མཚན་ནི་སྟེས་དབང་གིས་ངས་པེ་ཅིན་གྱི་ས་གནས་ཤིག་ན་བོད་ཀྱི་ཇ་ལག་བཙོང་ས་ཞིག་མཐོང་། /
    >>Because once I saw a place where there is selling Tibetan furniture./
    >>因为我偶然在北京有一个地方见到卖藏式家居的。/
  • >>དེ་ནས། /
    >>Afterward,/
    >>然后呢,/
  • >>ཉིན་ཞིག་ངས་རླངས་འཁོར་སྐོར་ནས་བོད་ཀྱི་ཇ་ལག་བཙོང་ས་འདིར་སོང་། /
    >>One day I drove to the furniture shop,/
    >>我有一天开车去了卖藏式家居的这个地方。/
  • >>བོད་ཀྱི་ཇ་ལག་འགའ་ཉོ་བསམ། /
    >>I wanted to buy some Tibetan furniture,/
    >>想买一大一小的藏式家居,/
  • >>ཁྱེར་ཡོང་ནས་རང་གི་ཁྱིམ་དུ་འཇོག་བསམ། /
    >>Bring it home and leave it there./
    >>带回到家里,放到家里。/
  • >>ཡིན་ཡང་ཁོ་ཚོའི་ཚོང་ཁང་དུ་ང་དགའ་བའི་ཇ་ལག་མི་འདུག/
    >>But, they don't have what I like./
    >>可是呢,他卖家居的地方没有我喜欢的。/
  • >>མང་པོ་མི་འདུག/
    >>Not much./
    >>也不多。/
  • >>ངས་ཁོ་ལ་དྲིས་དུས་ཁོས་གྲོང་ཁྱེར་གྱི་མཐའ་ན་མཛོད་ཁང་ཞིག་ཡོད་ཟེར། /
    >>But when I asked him, he said he had a warehouse in the suburbs./
    >>但是我问他,他说他还在郊外有一套仓库。/
  • >>དེ་ནས་ཁོས་ང་དེར་ཁྲིད། /
    >>So he took me there./
    >>所以他就带我去了。/
  • >>ར་རང་གྲོང་ཁྱེར་གྱི་མཐའ་ལ་ཁྲིད། /
    >>Took me to the suburb./
    >>带我到郊外了。/
  • >>དེ་ནས་ང་ཁོ་དང་མཉམ་དུ་དེར་སོང་། /
    >>After that, I went with him to the suburb./
    >>然后呢,我就跟着他去郊外了。/
  • >>རྗེས་ནས་ངས་ཁོ་ཚོར་མཛོད་ཁང་གཉིས་ཡོད་པ་ཤེས། /
    >>I found he has two warehouses in the suburb./
    >>后来我发现他们有两个仓库。/
  • >>ཕལ་ཆེར་མཛོད་ཁང་རེ་རེ་སྤྱི་ལེ་གྲུ་བཞི་མ་ཆིག་སྟོང་ཙམ་ཡིན་པ་འདྲ། /
    >>Each warehouse is around one thousand square meters./
    >>大概每个仓库都可能是超过一千平米。/
  • >>མཛོད་ཁང་འདི་གཉིས་ཀྱི་ནང་དུ་བོད་ཀྱི་ཇ་ལག་གིས་བཀང་འདུག/
    >>Both of these warehouses are full of U-Tsang-made furniture./
    >>这两个仓库里满满的都是西藏的家居。/
  • >>ཚང་མ་ལྷ་ས་ནས་མར་ལ་ཁྱེར་ཡོང་བ་རེད། /
    >>All are brought from Lhasa./
    >>都是从拉萨那里带下来的家居。/
  • >>བོད་ཀྱི་རྣམ་པའི་སྒམ་དང་། /
    >>Tibetan style cabinets./
    >>藏式的柜子。/
  • >>བོད་ཀྱི་རྣམ་པའི་སྒོ། /
    >>Tibetan style door panels./
    >>藏式的门板。/
  • >>བོད་ལུགས་ཀྱི་སྒྲོམ། /
    >>Tibetan style entrances./
    >>藏式的玄关。/
  • >>ང་རང་ཧང་སངས་སོང་། /
    >>I was shocked./
    >>一下我就傻掉。/
  • >>ཇ་ལག་འདི་འདྲ་མང་བ་ལ། /
    >>Such a big number [of pieces]./
    >>那么多东西。/
  • ངས་ཁོ་ལ་འདི་དག་ཉོ་མཁན་གྱི་མི་སུ་ཞིག་རེད་ཅེས་དྲིས་པར། /
    >>I asked him who will buy these things./
    >>我问他什么人买这些东西。/
  • >>ཁོ་ཚོས་བཤད་ན་ལ་ལ་ཕྱི་རྒྱལ་བ་རེད་ཟེར། /
    >>They said some are bought by foreigners./
    >>他们说有些是请外国人来买。/
  • >>ཧྥ་རན་སིའི་མི་དང་ཡང་ན་ཨ་རིའི་མི། /
    >>French or Americans./
    >>法国人呀美国人。/
  • >>ལ་ལས་ཉོས་རྗེས་ཆེད་དུ་ཕྱི་རྒྱལ་ལ་ཁྱེར་བཞིན་འདུག/
    >>Some are for export./
    >>有些呢,是专门买了以后运到国外去。/
  • >>ཇ་ལག་འདི་འདྲ་ཡག་པ། /
    >>I think, "So many beautiful things,/
    >>哎呀我说那么漂亮的东西,/
  • >>ཁྱེད་ཀྱི་འདི་ན་དངོས་བོ་འདི་འདྲ་མང་པོ་ཞིག་ཡོད་པས། /
    >>you have so many [pieces] here,/
    >>既然你这个地方有那么多,/
  • >>བོད་ཀྱི་ས་ཆ་ན་དེ་འདྲ་མང་པོ་ཞིག་ཡོད་རྒྱུ་མ་རེད། /
    >>There may not be so many in Tibetan areas," what do you say?/
    >>藏族地方已经没有那么多了,你说呢?/
  • >>ཁོ་ཚོར་མ་དགོས་ནའང་ཐང་། /
    >>They probably didn't want it,/
    >>那他们可能不要了,/
  • >>དེ་ན་ངས་འདི་དག་ཉར་ནས་མ་བཞག་ན་ཕངས་བ་ལ། /
    >>I think it is pity if these were not kept./
    >>那我想不把这些留下来就太可惜了。/
  • >>དེ་ནས་ངས་ཡུན་རིང་ཞིག་ལ་འདང་བརྒྱབ་རྗེས། /
    >>So I thought about it for half a day./
    >>所以我就开始想了半天怎么半。/
  • >>རྗེས་ནས་ངས་ཉོ་རྒྱུ་ཐག་གིས་བཅད། /
    >>Later, I decided to buy them./
    >>后来我就决定买了,/
  • >>དེ་ནས་ངས་བདམ་བདམ་ནས། /
    >>I took some time to select them./
    >>我就开始挑挑挑。/
  • >>ཐོག་མར་ངས་ཇ་ལག་དྲུག་ཅུ་ལྷག་ཅིག་བདམ། /
    >>I selected more than 60 items at first./
    >>我第一次挑了可能是六十多件。/
  • >>དྲུག་ཅུ་ལྷག་བདམ་རྗེས་ཡང་མང་སོང་བ་འདྲ། /
    >>I feel it was too many after I selected more than 60./
    >>六十多件挑完了以后呢,我又觉得太多了,/
  • >>རྒྱུ་མཚན་ནི་སྐབས་དེར་ངའི་མ་དངུལ་གྱི་ཆ་རྐྱེན་དེ་འདྲ་ལེགས་པོ་མ་རེད། /
    >>Because I could not pay that much at that time./
    >>因为那个时候我的支付能力还没那么好。/
  • >>དེ་བས་ཡང་ངས་ཇེ་ཉུང་དུ་བཏང་། /
    >>So I took some back./
    >>所以呢,我又减了减。/
  • >>མཐའ་མར་བཞི་བཅུ་ལྷག་ལ་སླེབས་ཚེ་ཇེ་ཉུང་དུ་གཏོང་མི་ཐུབ། /
    >>When it was about 40 items, I didn't know which others to leave./
    >>最后减到四十多件的时候我就减不下去了。/
  • >>དེ་བས་བཞི་བཅུ་ལྷག་ཉོས་པ་ཡིན། /
    >>So I bought about 40 items./
    >>那我就还是买了四十多件。/
  • >>ཡིན་ཡང་ངས་ཁོ་ལ་གསཀ་བོར་བཤད་ནས། /
    >>But I talked to him well,/
    >>但是我跟他说好,/
  • >>ང་ལ་དེ་དག་འཇོག་ས་མེད། /
    >>I told him I don't have space for these./
    >>我说我没有地方拿。/
  • >>དེ་བས་ཁྱེར་ཐབས་མེད། /
    >>No way for me to take them now,/
    >>我没有办法拿走,/
  • >>རྒྱུ་མཚན་ནི་ང་ལ་དེ་དག་འཇོག་ས་མེད། /
    >>Because I don't have space for these./
    >>因为我没有地方放。/
  • >>ངས་ཁོ་ལ་ཁྱེད་ཀྱིས་ང་ལ་རོགས་བྱས་ནས་འདི་དག་ཚང་མར་ཐུམ་རྒྱག་དགོས་ཞེས་བཤད། /
    >>I told him he must help me package all of them,/
    >>我说你必须帮我把这全部包装起来,/
  • >>ད་དུང་ཁོའི་མཛོད་ཁང་དུ་འཇོག་དགོས། /
    >>Keep in your warehouse./
    >>还是放在你的仓库里。/
  • >>ང་ལ་དེ་དག་འཇོག་སའི་ཆ་རྐྱེན་འཛོམ་དུས་ང་ཡོང་ནས་ཁྱེར་འགྲོ། /
    >>I told him i will move them when I have space./
    >>我说我有条件的时候再运走。/
  • >>སྐབས་དེ་སྟེ་གོ་བརྒྱད་ལོར་ངས་ཀྱང་ཅི་བྱེད་དགོས་པ་མི་ཤེས། /
    >>Because at that time, in 1998, I didn't know what to do,/
    >>因为当时来说,98年,我也不知道干什么,/
  • >>དངོས་པོ་འདི་དག་ཉོས་ནས། /
    >>Buy these things./
    >>这些东西买下来。/
  • >>ཡིན་ཡང་ངས་འདི་དག་ཉོ་དགོས་བསམ་བྱུང་། /
    >>But I thought I should buy them./
    >>但是我觉得应该买下来。/
  • >>དེ་ནས་ཕྱི་དྲོ་དེར། /
    >>Afterward in the afternoon,/
    >>然后到下午的时候,/
  • >>བལྟས་ཚར་རྗེས་ཆེན་པོ་གཅིག་དང་ཆུང་བ་གཅིག་ཁྱེར་ནས་ཡུལ་ལ་སོང་། /
    >>After I finished seeing around, I brought one big and one small item home./
    >>看完了以后就拉了一个大的一个小的回家了。/
  • >>ཁྱིམ་ལ་ཐོན་རྗེས་ཆུང་མར་ཡང་ངས་སྒམ་བཞི་བཅུ་ལྷག་ཉོས་ཡོད་ཅེས་བཤད་མ་ཐུབ། /
    >>I don't dare to tell my wife when I get home that I bought more than 40 cabinets./
    >>回到家里我也没敢跟夫人说我买了四十多个柜子。/
  • >>རྒྱུ་མཚན་ནི་མོས་ང་རང་སྨྱོས་འདུག་བསམ་ངེས་རེད། /
    >>Because she would think I have gone crazy./
    >>因为她会觉得我疯了。/