Skip to main content Skip to search
31 Jan 2012
25 min 11 sec
Video Overview
Creators: 
Columbia University, Tibetan Academy of Social Sciences, Tibet University, University of Virginia

Eighty-seven year old Pema Döndrup discusses his and the opera troop’s history, and sings a selection of songs.

Transcript search
No results found for this search
0 of 0
  • དྲི་བ་ལེན་མཁན་
    ད་ལྟ་རྒན་ལགས་གཟིམ་ཁང་ལ་ཡ་མི་ག་ཚོད་ཙམ་ཞིག་ཡོད་དམ།
  • པད་མ་དོན་གྲུབ་
    མི་རྒན་པ་བཞི་དང་ཕྲུ་གུ་བཞི་བསྡད་ཡོད། ལྟ་བུ་མོ་གཅིག་མར་ངའི་ཕྲུ་གུའི་ཕྲུ་གུར་རྒྱ་ནག་ལ་བསླབ་གྲྭ་བསྡད་བ། ནང་ལ་བསྡད་པ་འོ་འདི་གས་བ།
  • དྲི་བ་ལེན་མཁན་
    ལགས་སོ།
  • པད་མ་དོན་གྲུབ་
    ཡ་གི་རྒན་པ་བཞི་དང་ཕྲུ་གུ་བཞི། བསླར་གྲྭར། འོ་འདུག་སེ་བ།
  • དྲི་བ་ལེན་མཁན་
    ལགས་སོ། ཨཱ་ནི་ཨོང་དེ་འདི་པ་ལས་གཞས་ཡོད་པ་ན།
  • པད་མ་དོན་གྲུབ་
    ལོའོ།
  • དྲི་བ་ལེན་མཁན་
    ལས་གཞས། ལས་གཞས་འདི་ཞིང་ལས་བྱས་བྱས་ལས་གཞས་འདི་འདྲས། བཙས་མ་རྒྱག་ཡག་དང་འདི་པ། ཨཱ་ནི་འོ་བཙས་མ་རྒྱག་ཡག་གི་གཞས་ཤིག་གཏོང་རོགས་གནང་ཞུ།
  • པད་མ་དོན་གྲུབ་
    ལོའོ་ལགས་སོ། ལོའོ་ལགས་སོ།
  • དྲི་བ་ལེན་མཁན་
    བཙས་གཞས་ཤིག
  • པད་མ་དོན་གྲུབ་
    ལོའོ་ལགས་སོ།
  • ཨང་ཨང་ཨང་། བཙས་མའི་གཅིག་ལ་ཨེ། སྔ་དྲོ་དེ་ལཱ་ཟོར་རེ་རྒྱག་ཆོག ཨེ་ཨེ་ཨེ་ཨེ། ཨེ་ཨེ་ཨེ་ལཱ་ཨེ་ཨེ་ཨེ མི་འདུག་ཨུ་ཨུ་ཨུ་ཨུ་ཨུ། ཨང་ཟོར་རེ་གཅིག་ལཱ་ཨེ་ཨེ་ཨེ། ཨ་མ་འགྲོ་ཡེ། ཨང་ཨང་། ཧེ་ཧེ་ཧེ་ཨེ་ཨེ་ཨེ། ལ་ཨཱ་ནི་གཡུགས་ཤོག
  • དེ་བཙས་གཞས་ཤིག
  • དྲི་བ་ལེན་མཁན་
    བཙས་གཞས་བ་ན།
  • པད་མ་དོན་གྲུབ་
    ལྟ་གཡུར་ལས་དེ་གཏོང་བ་ན།
  • དྲི་བ་ལེན་མཁན་
    འོ་ལྟ་གཡུར་ལས་རྒྱག་ཡག་ཅིག
  • པད་མ་དོན་གྲུབ་
    ཡ་ལ་གོང་གསར་ན་ཁོ་རའི་ཨེ་ཨེ་ཨེ་ཧ་དྲོད་འཇམ་མ་ལ། ཉེར་ལེན་མ་རེད་ལ་ཟེར། ཡ་ལ་དྲོད་འཇམ་མ་ལྟོས་དམ་པའི་ཨེ་ཨེ་ཨེ་ཨེ་ཨེ་། ཆོས་ལ་འགྲོ་ལ་ལྷ་ཁྱོད་ལ་འགྲོ་བ་ལ་སེ།
  • ལྟ་ད་ག་ཙམ་ཞིག་ཡིན་པ་རེད།
  • དྲི་བ་ལེན་མཁན་
    ཚར་སོང་ངས། ལྟ་གདངས་འོ་འདི་མིན་པའི་གཞན་དག་རྒྱུགས་གཞས་དེ་འདྲས་ན།
  • པད་མ་དོན་གྲུབ་
    ཡོད་ཀོ་ཡོད་ཡག་གདངས་ལོགས་སུ་བྱས་པའི་རྒྱུགས་གཞས་ལོགས་སུ་བྱས་པ་ཡོད།
  • དྲི་བ་ལེན་མཁན་
    འོ་འདི། ཨཱ་ནི་རྒན་ལགས་ཐུགས་མཁྱེན་གྱི་ཨ་ཡོད།
  • པད་མ་དོན་གྲུབ་
    ལོའོ་ལགས་སོ།
  • དྲི་བ་ལེན་མཁན་
    ཁྱེད་རང་འོ་འདི་འདྲ་ཤེས་གནང་གི་ཨ་ཡོད།
  • པད་མ་དོན་གྲུབ་
    གདངས་ལོགས་སུ་བྱས་པ་ཡོད།
  • དྲི་བ་ལེན་མཁན་
    གདངས་ལོགས་སུ་བྱས་གཅིག་འདི་པ་ཞིག་གཏོང་དང་།
  • པད་མ་དོན་གྲུབ་
    ཨེ་ཨེ་ཨེ་ལྷ་་་སྒོར་བཟང་ནང་ལ་ཨེ་ཨེ་ཨེ། ཨེ་ཨེ་ཨེ་ཧེ་ཧེ་་་་གོ་ས་མཐོ་པོ་གཅིག་རེད། ལགས་ཨཱ་ཡེ་གོ་སོ་མཐོ་པ་ཡང་ཅང་རེད་འདྲ་ལ་ཟེར། ཡ་ལ་ཕྱིའི་ལྕགས་རིའི་ཕྱི་ལ་ཨེ་ཨེ་ཨེ་ཨེ་ཨེ་ཧེ། མ་འགྲོ་ཞེས་ལགས། ནང་གི་རོགས་པ་ནང་ལ་ཨེ་ལགས་ཨ་འགྱུར་འདོད་མེད་ལགས། ཨེ་ཡེ་ཡེ་ནང་གི་རོགས་པོ་ནང་འགྱུར་འདོད་མེད། ་་གཞས་བ། ལ་འོ་འདི།
  • དྲི་བ་ལེན་མཁན་
    འོ་ལགས་སོ།
  • པད་མ་དོན་གྲུབ་
    སྙན་་་རེད་འདུག་ག
  • དྲི་བ་ལེན་མཁན་
    འོ་འོ།
  • ཨཱ་ནི་དེ་ཞིང་གཏོང་གནང་དང་།
  • ཡར་ཀླུང་བཀྲ་ཤིས་ཞོལ་པ་ཡི་འདི་ཞིག་ཡོད་པ། ཁ་གཞས་ཤིག
  • པད་མ་དོན་གྲུབ་
    ལོའོ་ལགས་སོ།
  • དྲི་བ་ལེན་མཁན་
    འོ་འདི་ཞིག་གཏོང་རོགས་གནང་།
  • པད་མ་དོན་གྲུབ་
    ཁ་གཞས་སྔོན་འདི་བ་ན།
  • དྲི་བ་ལེན་མཁན་
    ཁ་གཞས་འོ།
  • པད་མ་དོན་གྲུབ་
    སྔས་[སྔོན་]དེ་བ་ན་གཞུག་པ་ཡིན།
  • དྲི་བ་ལེན་མཁན་
    སྔས་དེ།
  • པད་མ་དོན་གྲུབ་
    ལོའོ། ལགས་སོ།
  • དྲི་བ་ལེན་མཁན་
    སྔས་དེ་ལྕགས་ཟམ་ཆེ་བོ་རི།
  • པད་མ་དོན་གྲུབ་
    འོ་ཡོད་བ།
  • དྲི་བ་ལེན་མཁན་
    འོ་འདི་གས་ཆ་ཚང་ཞིག
  • པད་མ་དོན་གྲུབ་
    ལོའོ་ལགས་སོ། ལོའོ་ལགས་སོ།
  • འོ་ན་ལགས་སོ། ལགས་སོ། ལགས་སོ། རྒྱ་དཀར་ནག་ཉི་མ་དེ་རིང་གི་ཨ་ལྕེ་ལྷ་མོའི་གཞུང་རྣམ་པ་དག་པ་དེ། མཛད་པ་རྣམ་པར་དག་པ་མཐའ་མ་ལས། ལོ་་་གང་ན་ང་ཡོད་བྱས་ན་ང་ཡོད། ཞ་ནག་གི་རྒྱ་དཀར་ནག་རྒྱ་གར་སྐད་དུ་[མི་གསལ་] བོད་ཀྱི་སྐད་དུ་ལྕགས་ཟམ་ཆུ་བོ་རིགས་ཀྱི་ནང་[མི་གསལ] མགོན་པོ་བརྒྱ་དང་བརྒྱད། བྲག་ཕུག་བརྒྱ་དང་བརྒྱད། དུར་ཁྲོད་བརྒྱ་དང་བརྒྱད། ཆུ་མིག་བརྒྱ་དང་བརྒྱད། ཡོད་པའི་གནས་དེ་ན།
  • གྲུབ་པའི་དབང་ཕྱུག་ཐང་སྟོང་ཆེན་པོ་དེས་ཡིས། གཙང་ཆུ་དུ་ཡོད་པའི་འགྲུལ་པ་ཕར་འགྲོ་དང་ཚུར་འགྲོ་མ་མཐར་བར། འགྲུལ་པ་རྣམས་ལ་ཉིན་མཚན་དཔག་ཏུ་མེད་པ་འགྲོ་ཐུབ་པའི་ཆུ་ལ་ལྕགས་ཟམ་བཙུགས་པ་དགོངས་ནས། ལྕགས་གཅིག་རྐྱང་ཕུལ་མཁན་མ་བྱུང་བ་དང་། ད་ཡང་ཕར་[མི་གསལ་]དུ་ཕེབས་ནས་དབུ་གཞིའི་རྒྱལ་མོ་གཅིག་གིས། བསྟན་འགྲོ་ལྕགས་འདི་ཕུལ་ཞིང་། དེ་ཡིས་རྟེན་འབྲེལ་བཟང་ཞིང་དབུ་གཞིའི་རྒྱལ་མོ་དེ་ནི་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་ཡིན་པས། ད་ལྟ་ཡང་ལྕགས་ཀྱི་ཨ་ནོར་བདུན་པ་དེ་ནི་ལྕགས་ཟམ་ཆུ་བོ་རིགས་ནང་གི་འདུག་ཤར་ནས།
  • བྲོ་གཞས་སྤུན་བདུན་ལ་ལྟོས་ནས་སྟོད་བལ་པོ། སྣེ་གདོང་ས་གནས་རྒྱ་མ་མཐའ་སའི་ས་མཚམས་བར་དུ་ལྷ་མོ་འཁྲབ་ཞིང་། འཁྲབ་ཞིང་། ལྕགས་སློང་མཛད་པའི་ལྕགས་མང་པོ་འབུལ་མཁན་མཁན་བྱུང་ཤིང་། ལྕགས་ཟམ་ཐག་པ་བཏང་བའི་གཞུང་ལེའུ་རྣམ་པར་དག་པ་[མི་གསལ་]ཡོད་དེ། དེའི་ནང་ནས་ང་ཚོ་ཡར་ཀླུང་བཀྲ་ཤིས་ཞོལ་པ་ཚོ་རྒྱ་ལུ་ལྷ་མ་ཚོ་མཉེས་ལ་ལ་བཀའ་གཞུང་བ་སྐད་གཞུང་ཡིན་ཙ་ན།
  • སྟེང་མཆོག་ལྷ་ཡུལ་ནས་མ་གིའི་ལྕགས་[མི་གསལ་]ཕེབས་ནས་གླུ་གཞས་འབུལ་རྒྱུ་ཡོད་པ་ཡིན་ཙང་། སྟེང་མཆོག་ལྷ་ཡུལ་ཞིང་ནས་[མི་གསལ་]ཐག་རྒན་པས་གཅོད་པ་ལས་སྤུ་གུ་ལ་འདྲིས་ཟེར་མཁན་ཡིན་ཙང་། གཡུ་འབྲུག་རྒྱ་ལུ་ལྷ་མོ་ཚོ་ལ་བཀའ་དྲི་ཞུས་ཤིག་ཟེར།
  • འདི་ཞིག་བཏང་ཐོག་ཡིན། ཁ་གཞས་འདི་འོ་འདི་བ། དང་པོ་ལྷ་མོའི་ཆགས་པའི་ཆགས་ཚུལ་འདི་པ་བཏང་།
  • དྲི་བ་ལེན་མཁན་
    འོ་ལགས་སོ།
  • ཨཱ་ནི་དེ་ནས་གཞན་དག་ཤེས་པ་གང་ཡོད་དམ།
  • པད་མ་དོན་གྲུབ་
    ལོའོ།
  • དྲི་བ་ལེན་མཁན་
    དེ་མིན་པའི་བཤད་པ་གཞན་དག་གང་ཡོད་དམ།
  • པད་མ་དོན་གྲུབ་
    དེ་གཞན་དག་མིན་པའི་ལྟ་དེ་མར་གཞུང་འདི་གས་ཡོད་རེད། ལྷོ་ཕྱོགས་འོ་འདའི་ཁ་གཞས་ར་པོ་ཅིག་རིང་པོ་ཞིག་ཡོད།
  • དྲི་བ་ལེན་མཁན་
    ལྷོ་ཕྱོགས་ལྔ་ལྡིང་།
  • པད་མ་དོན་གྲུབ་
    འོ། ལྷོ་ཕྱོགས་ལྔ་ལྡིང་།
  • དྲི་བ་ལེན་མཁན་
    འོ་འདི་ནས་གཅིག་གཏོང་རོགས་གནང་།
  • པད་མ་དོན་གྲུབ་
    དེ་འདྲ་པོ་[མི་གསལ་]གྲོ་བ་བཟང་མོའི་མཎ་ཌལ་སྒང་ནས་དེ་ནས་རྒྱལ་པོ་ཀ་ལོ་དབང་པོའི་[མི་གསལ་]བྱས། འོ་འདི་འདྲ་པོ་ར་ཅིག
  • དྲི་བ་ལེན་མཁན་
    འོ།
  • པད་མ་དོན་གྲུབ་
    འོ་ན་ལཱ་སེ། ལཱ་སེ། སྔས་མ་དེ་རིང་ཨ་ལྕེ་ལྷ་མོའི་གཞུང་རྣམ་པར་དག་པ། མཛད་པ་རྣམ་པར་དག་པ་ཚང་མ་ཡག་པོ་ཤེས་དགོས་འབུལ་དགོས་ཡག་ཡིན་ཙ་ན། ལྟ་ལྷོ་ཕྱོགས་ལྔ་ལྡན་གྱི་ཕོ་བྲང་ཆེན་པོའི་མདུན། རྔ་བརྡུངས་དུང་ཕུལ། དར་ར་ཆར་ར་དེ་ང་ཚོའི་ལྷོ་ཕྱོགས་ཀྱི་བློན་འབངས་རྣམས་ནས་རྒན་རྒོན་སྣ་ཚོགས་[མི་གསལ་]ངེས་མ་ཡིན་བསམས་པ།
  • སྐྱེ་བོ་རྣམས་རྫོགས་དཔལ་རྫོགས་དཔལ་ལྡན་ཐ་སྙད་ཡོད་པ་མ་ཡིན་བསམ་མོ། ་་་བྱུང་མཁའ་འག་ྲོགླུ་གཞས་ཡོད་པ་མ་ཡིན་བསམ་མོ། [མི་གསལ་]ཡོན་ཏན་ཡོད་པ་ཚོགས་པ་ལ། བྱང་ཕྱོགས་ལྔ་ལྡན་བདེ་སྐྱིད་ཕུན་སུམ་ཚོགས་པ་གནས་འཇལ་ཞུས་པས། གནས་ཆོས་གནས་་་ལ་་བདེ་བཞིན། རང་གི་ལྷོ་ཕྱོགས་རི་ལྡན་དབུ་གཞི་ཕོངས་པ་དུ། ཕྱག་འཇུག་མ་ཕེབས། ལོ་འཇུག་མ་སླེབས་བར་དུ་སྲས་དང་སེར་བ་བཞིན་དུ། མ་མཐུན་མ་གཏོགས་ མངའ་བདག་རྒྱལ་པོ་གཉིས་ལ། རྒྱལ་པོའི་[མི་གསལ་]གཉིས་ལ་མཐོ་དམན་མེད། ཕོ་བྲང་ཕན་ཚུན་གཉིས་མཐོ་དམན་མེད།
  • མཐུ་དང་འདབ་ཤོག་གཉིས་ལ་མ་ཡུམ་མེད། སྲས་དང་བཙུན་མོ་གཉིས་ལ་ཚ་ལུས་མེད། ས་ཁང་ས་གཞིས་གཉིས་ལ་མ་ཡུམ་མེད། གོང་མ་རབ་གསལ་གཉིས་ལ་མ་ཡུམ་མེད། མགོ་དང་[མི་གསལ་]གཉིས་ལ་[མི་གསལ་]མེད། རྒྱལ་འབངས་མི་སེར་གཉིས་ལ་མ་ཡུམ་མེད། དེ་འདྲའི་སྐྱིད་སྡུག་སྔར་དང་མ་ཡོང་མ་ཐུབ་་་། དེ་བཞིན་ཅི་ནས་འབུལ་ལོ། ལྷོ་ཕྱོགས་རྒྱལ་པོས། ཁ་གཞས།
  • དྲི་བ་ལེན་མཁན་
    དེའི་བཀྲག་དེ་ལས་སོང་གང་ཟེར་། ཤར་ཙི་ད་དཀར་པོ་ཟེར་ན་ཞིག་སྔས་ཤིག་ཡོད་པ།
  • པད་མ་དོན་གྲུབ་
    ཨ་ལས་དེ་དང་ཐོག་དེ་བ།
  • དྲི་བ་ལེན་མཁན་
    འོ་འདི་ཞིག
  • པད་མ་དོན་གྲུབ་
    འདའི་གཞས་[མི་གསལ་]བ།
  • དྲི་བ་ལེན་མཁན་
    འོ་འདི་འོ།
  • པད་མ་དོན་གྲུབ་
    འདའི་དང་ཐོག་འདའི།
  • དྲི་བ་ལེན་མཁན་
    གལ་སྲིད་དང་པོ་སྔོན་ལ་འོ་ད་ལྟ་སྔས་ལ་གཏོང་གནང་ཡག་དེ་ལྕགས་ཟམ་ཆུ་བོ།
  • པད་མ་དོན་གྲུབ་
    འོ་འདི་བ་རྗེས་ལ་བ་ཡང་།
  • དྲི་བ་ལེན་མཁན་
    ལྟ་འོ་འདིའི་གཞུག་དེ་རུ་ཤར་སྤྲིན་མདའ་དཀར་པོ་ཟེར།
  • པད་མ་དོན་གྲུབ་
    འོ་བ།
  • དྲི་བ་ལེན་མཁན་
    འོ་འདི་ཞིག་མགོ་ནས་ཤིག་བཏང་། ཡང་འོ་འདི་བཀྲ་ཤིས་ཞོལ་པ་ཁོ་རའི་ལུགས་སྲོལ་གཅིག་ཁྱད་ཆོས་ར་ཅིག
  • པད་མ་དོན་གྲུབ་
    བཀའ་གནང་རང་། འོ་འདི་དང་ཐོག་འདི་བ།
  • དྲི་བ་ལེན་མཁན་
    འོ་བ།
  • པད་མ་དོན་གྲུབ་
    འོ་ན་ལཱ་སེ། ལཱ་སེ། རྒྱ་དཀར་ནག་[མི་གསལ་]ཨ་ཁུ་[མི་གསལ་]ཕོ་བྲང་་་མཐོན་པོའི། ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་སྐུ་འཁོར་[མི་གསལ་]དང་ཐོག་ང་ཚོ་ཡར་ཀླུང་བཀྲ་ཤིས་ཞོལ་པ་དུ་སླེབས་པ་དེ་ཉིད་དུ། གཉིད་ལམ་ཡིན་ལམ་མངོན་སུམ་ཡིན་ནམ་དངོས་སུ་ཡིན་ནམ། ཨ་ན་དང་ཐོག་གཉིད་ལམ་ཡིན་ནམ་ཨ་ན་སྐྱོ་དར་འདུག་གོ ཁ་རེ་ཁ་ཐུག་གསུངས་བ་གོ་ཟེར།
  • ལྟ་འོ་འདི་ཡང་དགེ་རྒན་གྱིས་ཚུར་སླའུ་འཁྲིས་བ། དེ་འཁྲབ་ཡག་དེ་གཉིད་ལམ་བཏང་རྒྱོག་ཤིག་བ་ན་མངོན་སུམ་བ་ན། གང་དུ་བ་ན་ཟེར་བྱས་ལྟ་ལྕོ་གོ་འདི་ཚུར་ལན་དེར།
  • འོ་ན་ལཱ་སེ་ལཱ་སེ་རྒན་ལགས་ཀྱིས་གནང་བ་ང་རང་གིས་ཞུས་པ་བཞིན་དུ་ང་ཡིས་སྐུ་ཞོག་གི་ཕོ་བྲང་ཕྲེང་བ་དགའ་སྤྲོ་བསྐལ་བཟང་ནས་མཐོན་པོའི་ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་སྐུ་འཁོར་། འགའ་ཤས་ཀྱིས་དང་ཐོག་ང་ཚོ་ཡར་ཀླུང་བཀྲ་ཤིས་ཞོལ་པ་དུ་སླེབས་པ་དེ་གཉིད་ལམ་མ་བ་འདུག་གོ
  • མངོན་སུམ་དྲུང་དྲུང་བ་འདུག་གོ་ཕུ་གངས་རི་དཀར་པོའི་གཡས་སྐོར་ལ་ཕྱིན་པས། བདག་སྐྱེས་ཆུང་མི་ཆུང་བྱེད་ཕྱོགས། བར་ཕོ་བྲང་ཕྲ་མོ་དེ་ལ་གཡས་སྐོར་དང་གཡོན་སྐོར་བརྒྱབ་པས། བདག་གི་དྲིན་ཆེན་རྩ་བའི་བླ་མ་ཆོས་སྐྱོང་ཡི་ཤེས་ནོར་བུ་བཟང་། ཁབ་ཟུར་[མི་གསལ་]རིན་ཆེན་གསེར་ཁྲིའི་གསེར་ཁྲིའི་འགྲམ་ལ་སྐུ་ལ་འགྱུར་བ་མེད་པ།
  • ཟིལ་བག་ཁྲོ་ཁྲོ་བཞུགས་གདན་འཇགས་འདུག་ག ཁྱེད་རང་བཀྲ་ཤིས་ཞོལ་པ་ཚོས་སྐྱབས་མི་དགོས་ཕྱོགས་[མི་གསལ་]སྤྲིན་དཀར་ས་ལ་མར་ཁུ་འཁྱེར་ནས་ཤག་ཤག་རྒྱ་རི་ལ་གོ་ཆོད་མི་འདུག སེན་རྡོག་རྒྱག་ནི་མི་དགོས། [མི་གསལ་]ཞུ་རྒྱུ་ལས་ཡོང་ཟེར།
  • འོ་དེ་གཉིས་མཉམ་པོ་གཅིག་བ།
  • དྲི་བ་ལེན་མཁན་
    ལྟ་འོ་འདི་གཞུག་ཏུ་དེ་གནང་བ་གཞས་བཏང་།
  • པད་མ་དོན་གྲུབ་
    ལགས་ལོའོ།
  • དྲི་བ་ལེན་མཁན་
    གཞས་གཏོང་།
  • པད་མ་དོན་གྲུབ་
    འོ་འདི་བ། ལགས་བ།
  • དྲི་བ་ལེན་མཁན་
    ཞིམ་པོའི་ཆང་།
  • པད་མ་དོན་གྲུབ་
    ཞིམ་པོའི་ཆང་འོ་བ།
  • དྲི་བ་ལེན་མཁན་
    འོ་འདི་ཞིག་གཏོང་དང་།
  • པད་མ་དོན་གྲུབ་
    ལོའོ་ལགས་སོ།
  • ཞིམ་པོའི་ཆང་ལ་ཉིན་ལྟར་སྐམ་ཡག་གནས་ལ་མཛོད། ཅོག་ལགས་ནི་སྐམ་ཡག་གནས་ལ་མཛོད། ཅོ་ལགས་ལགས་ནི་ད་ལོ་ཀ་མེད་གནས་ལ་འགྱུར་བ་ལགས་ཡོང་ས་ནི་མིན་འདུག་ལ་ནི། འགྱུར་བ་ཡོང་ས་ནི་མེད། མདོག་མ་ནི་དཀར་གསལ་འགྱུར་བ་འཕྱོངས་རྒྱས་ལ་ཆང་བདག་་་མཛོད། ཅོ་ལགས་ལ་ཆང་བདག་ལ་ནི། གཅིག གཉིས། གསུམ། ཡར་བསྐྱྲར་ལ་ནི་བཞི། ལྔ། དྲུག་བྱས་རང་སེམས་དགའ། མི་སེམས་སྐྱིད། ཤོག་ལན་མོ་གཅིག གཉིས། གསུམ་ཟེར།
  • འོ་འདི་གཞས་འདི་བ།
  • དྲི་བ་ལེན་མཁན་
    འོ་བ།
  • ལྟ་འོ། འདི་གཞུག་འདི་རུ་མར་སླེབས་ནས་རྣམ་གྲོལ་རྒྱག་ལོ་ཏོ། བཀྲ་ཤིས་བཅོལ་ཡག་གི་བཤད་པ་ཞིག་ཡོད་བ།
  • པད་མ་དོན་གྲུབ་
    ཁ་གཞས་དེ་ལོའོ།
  • དྲི་བ་ལེན་མཁན་
    ཁ་གཞས་འོ།
  • པད་མ་དོན་གྲུབ་
    ལོའོ། ལགས་སོ།
  • དྲི་བ་ལེན་མཁན་
    འོ་འདི་ཞིག ཁ་གཞས་ཤིག་ཁེ་གཙང་ཞིག་བྱས།
  • པད་མ་དོན་གྲུབ་
    ལོའོ། ལགས་སོ།
  • དྲི་བ་ལེན་མཁན་
    ཨཱ་ནི་དེའི་གཞུག་དེ་ལ་ཡང་རྣམ་ཐར་མ་འདྲ་གཅིག་གཉིས་ཤིག་གཏོང་དང་།
  • པད་མ་དོན་གྲུབ་
    བཀའ་གནང་རང་། ལོའོ་ལགས་སོ། ལགས་བ།
  • དྲི་བ་ལེན་མཁན་
    ལྟ་ཨ་ལའི་ཁ་གཞས་ཤིག་ཁེ་གཙང་ཞིག་འདི་བྱེད།
  • པད་མ་དོན་གྲུབ་
    ལོའོ་ལགས་སོ།
  • དྲི་བ་ལེན་མཁན་
    ལྟ་འོ་འདི་བཀྲ་ཤིས་བཅོལ་ཡག་དེ།
  • པད་མ་དོན་གྲུབ་
    བཀྲ་ཤིས་སྨོན་ལམ་འདེབས་པ།
  • དྲི་བ་ལེན་མཁན་
    འོ་འདི་འོ།
  • པད་མ་དོན་གྲུབ་
    ལོའོ། ལགས་སོ། ལགས་སོ། ལགས་སོ། ང་ཚོའི་སྐུ་ཞོག་ཟེར་པ་ལས་་མཐོང་་་ ས་ཡི་ངོམས་ཤིང་ ཆོས་འཁོར་གཅིག་གིས་རྟེན་འབྲེལ་བྱས་ནས་རྩ་བའི་བླ་མ་ཁྱེད་ནས་སྔགས་ཀྱི་རྒྱལ་བ་ བདག་གི་ཐུགས་རྗེ་ཆེན་པོ་་་ཤར་གྱི་ལུང་པའི་ཕུ་སྤྲང་པོ་སྒྲ་སྙན་སློང་མཁན་་་རྟེན་འབྲེལ་་་རྩ་བའི་བླ་མ་ཁྱེད་ནས། གཙོ་ཆེན་གཙོ་བོ་དུ་རྒྱལ་བ་་་དཔལ་དཀར་་རྣམ་པར་རུ།
  • སྐྱབས་མགོན་རྒྱལ་བའི་དབང་པོ། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་གསེར་གསུམ་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་ཞབས་པད་བསྐལ་བརྒྱར་ནས་བསྐལ་བརྒྱར་བར་དུ་བསྟན་པ་བྱས་ནས་རྟེན་འབྲེལ་བྱས་ནས།
  • རྩ་བའི་བླ་མ་ཁྱེད་ནས་ང་ཡི་དྲིན་ཆེན་རྩ་བའི་བླ་མ་འཁོར་ལོ་སྔོན་པོ་རྡོ་རྗེ་འཆང་བ་ཆེན་པོ། རིན་ཆེན་གསེར་ཁྲིའི་གདངས་ལ་སྐུ་ལ་འགྱུར་བ་མེད་པ་ཟིལ་མདངས་ཁྲོ་ཁྲོ་ཞལ་རས་མཇལ་ཆོག་གོ་ཅིག་གི་རྟེན་འབྲེལ་བྱས་ནས།
  • ང་ཡི་འཛམ་གླིང་ཀུན་ལ་འགྲོགས་པའི་ཆོས་སྐྱོང་ཡི་ཤེས་[མི་གསལ་]བོད་ཁ་བ་གངས་ཅན་ལ་སྐྱབས་འཇུག་ཉི་མོའི་ཟླ་བ་ཤར་ནས་མཛད་པ་དང་བྱིན་རླབས་ཕེབས་ནས་དབྱར་ཁའི་ཆུའི་དེ་ཚོར་རྟག་ཏུ་ལོངས་སྤྱོད་པ་ཆུ་བོ་གཅིག་གི་རྟེན་འབྲེལ་བྱས་ནས།
  • རྩ་བ་བླ་མ་ཁྱེད་ནས་ང་ཡི་རྟེན་བཟང་ཕྲ་མོ་ཁྱད་དུ་འཕགས་པ་དེ་ཡི་ད་ལྟའི་བདེ་བ་དམན་པས་འདོད་སྙིན་མི་འདོད་པས། འབྱོར་ལྡན་སོ་ནམ་ས་ཡི་ཞིང་ས་དཔལ་འབྱོར་ཆུ་མགོ་དཀར་པོའི་ལེགས་བཤད། དགོས་འདུན་དེ་རྣམས་[མི་གསལ་]མཚམས་བཞག་ཟེར་ཟེར་[མི་གསལ་]
  • ང་ཡི་རྟེན་བཟང་ཕྲ་མོ་ཁྱད་དུ་འཕགས་པ་དེ་ཡི་ད་ལྟ་བདེ་བ་དམན་པས་སྡོད་ཉིན་མ་འདོད་པས། འབྱོར་ལྡན་བསོད་ནམས་ས་ཡི་ཞིང་སར་དཔལ་འབྱོར་ཆུ་མགོ་དཀར་པོའི་ལེགས་བཤད་དགོས་འདུན་འདི་ན་འཕྲིན་མཚམས་བཞག་ཟེར་ཟེར་[མི་གསལ་]ལྟ་བ།
  • གངས་རི་ལ་ཉི་མ་ཤར་བ་ལྟར་བ། བདེ་བ་བདེ་བ་དམན་པ་སྡོད་ཉིད་མ་འདོད་པས། བླ་མ་སྔོན་མོ་གཞུང་དཀར་པོའི་མདོག་བླ་མ་རྣམས་ཀྱི་མཚོན་མདོག་འགྱུར་ལྡོག་མེད་པའི་ལྷ་གཞིས་སྐུ་[མི་གསལ་]བཞུགས་གདན་འཇགས་ཆོས་འཁོར་གཅིག་གི་རྟེན་འབྲེལ་བྱས་ནས། རྩ་བའི་བླ་མ་ཁྱེད་ནས།
  • གངས་རི་ལ་ཉི་མ་ཤར་བ་[མི་གསལ་]བདེ་བ་དམན་པ། སྡོད་ཉིད་མི་འདོད་པས། བླ་མ་སྔོན་མོ་གཞུང་[མི་གསལ་]དཀར་པོའི་[མི་གསལ་]མདོག་མཚོན་མདོག་སྔ་མ་རྣམས་ཀྱི་མཚོན་མདོག
  • འགྱུར་མདོག་མེད་པའི་ལྷ་གཞིས་སྐུ་[མི་གསལ་]བཞུགས་ལྡན་འཇགས་ཆོས་འཁོར་ཅན་གྱི་བརྟེན་འབྲེལ་བྱས་ནས། རྩ་བའི་བླ་མ་ཁྱེད་ནས་ང་ཡི་དགོས་འདུན་འདོད་པའི་[མི་གསལ་]བགྲེས་པ་དབུ་[མི་གསལ་]མ་གཏོགས། གཞོན་པ་གཞོན་གནས་བར་དུ་བར་པོ་ལྷོ་གནས་མ་གཏོགས་སྲས་དྲིན་སེང་སྒྲོལ་མ་ཏོག་དཀར་[མི་གསལ་]ཡུལ། ཏོག་དཀར་བཞུགས་གདན་འཇགས་བྱེད་སྒོ་གཅིག་གིས།
  • རྟེན་འབྲེལ་བྱས་ནས་རྩ་བ་བླ་མ་ཁྱེད་ནས་དུ་ད་ལོའི་ཀ་བ་ལ་ས་ན་ད་ཚོད་དཀྱིལ་ལ། ཞལ་ཕུད་གསེར་གྱི་ཟམ་པ་བཙུགས་པ་གཅིག་གི་རྟེན་འབྲེལ་བྱས་ནས་རྩ་བ་བླ་མ་ཁྱེད་ནས་ང་ཚོ་ཡར་ཀླུང་བཀྲ་ཤིས་ཞོལ་པ་དང་། ལུས་མི་འདུག་འདའི། ཡིན་ནའི་དུས་སང་དུས་ཀྱི་ད་ཚོད་སྐུ་འཚོ་བཞུགས་དབུ་འཕང་གངས་རི་ལས་མཐོ་བ། མི་ཚེ་ཆུ་ལས་རིང་བ། མེད་པ།
  • རྟེན་འབྲེལ་བྱས་ནས་རྩ་བའི་བླ་མ་ཁྱེད་ནས་ང་ཚོ་ཡར་ཀླུང་བཀྲ་ཤིས་ཞོལ་པ་ཚོ། ཁྱད་པར་དག་གིས་ལུས་བདེ་བ་རང་དེ་མི་འདུག་འདའི། ཡིན་ནའི་མཁའ་འགྲོ་དང་། རྟེན་འབྲེལ་བཟང་པོ་ཡིན་པའི་པ་རྟེན་ནས་དུས་སང་དུས་ཀྱི་ད་ཚོད་ལ་ང་ཚོའི་ཕོ་བྲང་གི་སྡིངས་ཆའི་སྒང་ལ། གྲུབ་ཐོག་ཐང་སྟོང་ཆེན་པོའི་དབུ་སྐྲ་སྐྲ་སྐྱ་སོ་སོ་བཀྲ་ཡག་གི་བཀྲ་ཤིས་ཀྱི་སྨོན་འདུན་ཡག་མོ་འཚལ་ལོ།
  • དྲི་བ་ལེན་མཁན་
    ལྟ་འདིའི་རྗེས་ལ་ཨང་རྣམ་ཐར།
  • པད་མ་དོན་གྲུབ་
    རྣམ་ཐར་ཞིག་བཏང་དགོས་བ། ལོའོ་ལགས་སོ།
  • དྲི་བ་ལེན་མཁན་
    རྣམ་ཐར་མགོ་འདི་ནས་ཨ་ལའི་རྔོན་པའི་ཅིག་གཏོང་གནང་རོགས།
  • པད་མ་དོན་གྲུབ་
    རྔོན་པའི་ལགས། བྱད་ཚུལ།
  • དྲི་བ་ལེན་མཁན་
    འོ་འདི་འོ།
  • པད་མ་དོན་གྲུབ་
    ལོའོ་ལགས་སོ།
  • དྲི་བ་ལེན་མཁན་
    རྔོན་པའི་བྱད་ཚུལ། ག་ལེར་ག་ལེར་གསུང་གནང་ན་འགྲིག་ག
  • པད་མ་དོན་གྲུབ་
    ཨཱ་ཨཱ་ཨཱ་ཨོ་ཨོ་ཨོའོ། རྔོན་པའི་ད་རང་ཆས་ཡོང་། ཨེ་ཧེ་ཨེ་ཧེ་ཨ་ཡོང་ཨེ། ཨེ་་་། ལཱ་་་། ཨེ། ཉིན་མོ་རྟ་ལ་བཞོན་ནས་ཡོང་ཡོད།
  • ལྟ་གཞན་དག་ཅིག་གཏོང་གནང་ད་ག་གཞུག་ད་ག
  • དྲི་བ་ལེན་མཁན་
    འོ་ཏག་ཏག གཞན་དག་ཞིག་གཏོང་གནང་དང་།
  • པད་མ་དོན་གྲུབ་
    ཨཱ་འོ་་་། བླ་མའི་གདན་ས་ཨེ་་་། གནས་ཆེན་པོའོ་ཏ་ལའི། ཨེ་་་། ཧེ་་་། ཨེ་་་། ཧེ་་་། ཨཱ་གཡས་ལ་་་། ༧སྐྱབས་མགོན་ཐམས་ཅད་མཁྱེན་པོ་ལ་གླུ་ཡི་ཞབས་འདེགས་འབུལ་ལོ་ཟེར།
  • བླ་མའི་དྲང་སྲོང་བ་འོ་འདི།
  • དྲི་བ་ལེན་མཁན་
    བླ་མའི་དྲང་སྲོང་རེད་པ།
  • པད་མ་དོན་གྲུབ་
    [མི་གསལ་]འདའི་ལའི་གཏོང་དགོས་བ།
  • དྲི་བ་ལེན་མཁན་
    འོ་བ་འོ།
  • པད་མ་དོན་གྲུབ་
    བཀྲ་ཤིས་ཞོལ་པ་གདན་ས་འདའི་འདི་གས་གཏོང་དགོས་བ། ཨབ་རལ་གིས།
  • དྲི་བ་ལེན་མཁན་
    ཨབ་རལ་གྱིས་གཏོང་དགོས་བ།
  • པད་མ་དོན་གྲུབ་
    ལགས་འོང་འདུག་སེ། ལྟ་འདིའི་གཞུག་ལ་བཏང་ན། བླ་མས་ཏིག་ཙམ་་ ཆོས་ཀྱི་སྡེ་སེ་འབྲས་དགའ་གསུམ། འོ་འདི་གཏོང་བ། དེད་ཤར་བྱས་བཏང་།
  • དྲི་བ་ལེན་མཁན་
    ད་ཆ་བ་རེད་པ།
  • པད་མ་དོན་གྲུབ་
    ད་གཅིག་བ། ཆོས་ཀྱི་གདན་ས། དཔོན་པོའི་གདན་ས། ལྷའི་གདན་ས། དམན་པའི་གདན་ས། གདངས་འོ་ད་ག་བ། འོ་འདི་གས་མར་ཨབ་ར་གིས་གཏོང་བ།
  • དྲི་བ་ལེན་མཁན་
    ཨཱ་ནི་འདི་རྒྱ་གླུ་རྣམ་ཐར་གང་ཡིན་ནམ།
  • པད་མ་དོན་གྲུབ་
    རྒྱ་གླུའི་རྣམ་ཐར་པ་ན།
  • དྲི་བ་ལེན་མཁན་
    འོ་ལགས།
  • པད་མ་དོན་གྲུབ་
    རྒྱ་གླུའི་རྣམ་ཐར་འགུག་ཡག [མི་གསལ་]ལྕང་གླིང་རྨ་བྱ་བྱས། ཨང་དེ་ནས་སྔོན་པའི་རྗེས་གཏམ་དང་། བསྐྱར་དུ་རྒྱ་ལུའི་ལྕགས་གླིང་རྨ་བྱ་ཁ་གཏད་འདའི་རྒྱ་གླུ་གཏོང་བ།
  • དྲི་བ་ལེན་མཁན་
    ཨང་ལས། བྱས་ན་ཨང་ལས་ལྟ་རྔོན་པའི་ཚོད་འདི་གཉིས་བྱུང་སོང་ན།
  • པད་མ་དོན་གྲུབ་
    ལགས་འོང་།
  • དྲི་བ་ལེན་མཁན་
    ཨང་ལྟ་རྒྱ་ལུ་གཅིག་གཏོང་དང་།
  • པད་མ་དོན་གྲུབ་
    ལོའོ་ལགས་སོ། ཨཱ་བཅར་ནས། ཨེ་་་། ང་ཡིས་བསྐལ་བཟང་འདི་ཤོད་པར། བཞུགས་དང་། བསྐལ་བཟང་དེ། ཨེ་་་། ཨེ་་་། ཤོད་པ། [མི་གསལ་] ང་ཡི་བསྐལ་བཟང་དེ་ཡི། ཨེ་་་། ང་ཡིས་ཤོད་བ། རྒྱ་ལུའི་རྣམ་ཐར་འགུག་ཡག་འོ་འདི་བསྡད།
  • དྲི་བ་ལེན་མཁན་
    རྒྱ་ལུའི་རྣམ་ཐར་འོ། རྣམ་ཐར།
  • པད་མ་དོན་གྲུབ་
    ལགས་བ།
  • དྲི་བ་ལེན་མཁན་
    ལྟ་དེའི་རྗེས་ལྷ་མོའི།
  • པད་མ་དོན་གྲུབ་
    ལགས་འོང་།
  • དྲི་བ་ལེན་མཁན་
    ལྷ་མོའི་རྣམ་ཐར་ཞིག
  • པད་མ་དོན་གྲུབ་
    ལྷ་མོའི་བ་ན།
  • དྲི་བ་ལེན་མཁན་
    འོ།
  • པད་མ་དོན་གྲུབ་
    ལོའོ། ལགས་སོ། ལྷ་མོའི་རྣམ་ཐར་ལྟ་འདི་པ་ལྟ་འདི་པ་ལྟ་ད་ལྟ་བར་དུ་དེ་ཚོར་ལྷ་མོའི་རྣམ་ཐར་མཚམས་མཚམས་མ་གཏོགས་གཏོང་ཡག་བྱུང་མ་སོང་། མདོར་བསྡུས་ཞུ།
  • དྲི་བ་ལེན་མཁན་
    འོ་བ་ལྟ།
  • པད་མ་དོན་གྲུབ་
    རྣམ་ཐར་རྦད་བརྗེད་འཇུག་པ། ལྷ་མོའི་རྣམ་ཐར་དེ་ལྟ་ལྟ་ཡག་བྱེད་དགོས། ཡ་གཞོན་པ་གཏོང་ཡག་བྱེད།
  • དྲི་བ་ལེན་མཁན་
    འོ་བ།
  • པད་མ་དོན་གྲུབ་
    རེད། ཁྱེད་རང་ཨེ་་་། ཕེབས་མ་ཨེ་་་། བླ་མ་[མི་གསལ་]ཉི་མའི་ཤར་གཞུག་ལ་བདག་ལ་བསླུ་མེད། [མི་གསལ་] སྐྱོ་པོ་ནས།
  • ཉི་མ་ཤར་གྱི་ཕྱོགས་ལ་ནས་ཡར་ཁྱེད། ཨང་ཨང་། བདག་ཅག་རྔོན་པའི་མདའ་མོ་དེ་ལ། ཡང་རེ་རེ་[མི་གསལ་] ཉི་མ་ནུབ་ཀྱི་ཕྱོགས་ནས་ཡང་ཁྱེད་[མི་གསལ་] བདག་ཅག་རྔོན་པའི་མདའ་མོ་དེ་ལ་ཡང་རེ་རེ། ཐམས་ཅད་མངོན་སུམ་[མི་གསལ་] ཡང་ཁྱེད་ཤོག བདག་ཅག་རྔོན་པའི་མདའ་མོ་དེ་ལ་ཡང་རེ་རེ། མདའ་མོའི་གཡང་འགུག་དེ་ཡིན་ཡག་བྱས་ན་དྲུག་ཙམ་མཐོང་བྱུང་།
  • དྲི་བ་ལེན་མཁན་
    ཨང་ལགས།
  • པད་མ་དོན་གྲུབ་
    ལྟ་ད་ལྟའི་འདའི་མདོར་བསྡུས་བཏང་། ལྟ་ཐམས་ཅད་འོག་ཏུ་བསྡུས་པའི་གཡང་དེ་འགུག་ཟེར།
  • དྲི་བ་ལེན་མཁན་
    ལྟ་འོ་འདི་གཞུག་གུའི་བཀྲ་ཤིས།
  • པད་མ་དོན་གྲུབ་
    འོ་འདི་གཞུག་གུ་དེ་བ།
  • དྲི་བ་ལེན་མཁན་
    ཨང་བཀྲ་ཤིས་བཅོས་གནང་དགོས་བ།
  • པད་མ་དོན་གྲུབ་
    ལགས་བ། འོ་དེའི་གཞུག་གུ་འདའི།
  • དྲི་བ་ལེན་མཁན་
    འོ་མདའ་མོའི་གཡང་འགུག་དེ་གཏོང་གནང་། ཨཱ་ནི་དེ་ནས་མདའ་མོའི་གཡང་འགུག་རེ་རེར་རྣམ་འགྲེལ་རྒྱག་གནང་བ།
  • པད་མ་དོན་གྲུབ་
    ལགས་བ།
  • དྲི་བ་ལེན་མཁན་
    ཨང་ལས།
  • པད་མ་དོན་གྲུབ་
    མདའ་མོའི་གཡང་འགུག་ཚར་སོང་ན་དེ་ནས་ལམ་སེང་རྣམ་འགྲེལ་འགོ་ཚུགས།
  • དྲི་བ་ལེན་མཁན་
    རྣམ་འགྲེལ་འགོ་ཚུགས་ཀྱི་རེད་པ།
  • པད་མ་དོན་གྲུབ་
    ལགས་བ།
  • དྲི་བ་ལེན་མཁན་
    ཨཱ་ནི་མཇལ་དར་ལེན་ཡག
  • པད་མ་དོན་གྲུབ་
    ལ་བ་ལགས།
  • དྲི་བ་ལེན་མཁན་
    དེ་ནས་འོ་འདིའི་གཞུག་ལ་དེ་ལ་ཚར་པ་གནང་།
  • པད་མ་དོན་གྲུབ་
    དེ་ནས་ཚར་པ་འོ་དེ་ལ།
  • དྲི་བ་ལེན་མཁན་
    ཨང་ལས།
  • པད་མ་དོན་གྲུབ་
    བཀྲ་ཤིས་སྨོན་ལམ་འདི་དང་། མདའ་མོའི་གཡང་འགུག་དེ་གཞུང་ད་ག་བ་ལགས།
  • དྲི་བ་ལེན་མཁན་
    ཨང་།
  • པད་མ་དོན་གྲུབ་
    ལྟ་ལྷ་སར་ཕར་ཡིན་ན་མདའ་མོའི་གཡང་འགུག་བཏང་པ་དང་སྦྱིན་བདག་ཚོར་ཡིན་ཅིག་མིན་ཅིག་མདའི་གཡང་འགུག་ཁུག་ཏེ་ཕྱོགས་ཁ་བཞི་ལ་གཡང་ཁུག་དེ་གཟིམ་ཆུང་མཇལ་ཁར་འགྲོ་དགོས་བ།
  • དྲི་བ་ལེན་མཁན་
    ཨང་ལས།
  • པད་མ་དོན་གྲུབ་
    ནང་ཁུག་ཡ་གིར་གཟིམ་ཆུང་མཇལ་ཁར་ཕྱིན། གཡང་འགུག་ཨེ་ལས་ཐོབ་པ་བྱས་ན་གནམ་འོག་གཡང་འགུག་དེ་འགངས་ཆེ།
  • དྲི་བ་ལེན་མཁན་
    འོ་འོ།
  • པད་མ་དོན་གྲུབ་
    ཐམས་ཅད་འོག་ཏུ་བསྡུས་པའི་དབྱངས་འོ་འདི་གཞུང་ད་ག་བ།
  • དྲི་བ་ལེན་མཁན་
    ཨང་ལས་ལགས་སོ།
  • པད་མ་དོན་གྲུབ་
    གཞན་ཨ་ལའི་སྔོན་ལ་གཡང་གཅིག་མ་འགུག་གཡང་གཅིག་འགུག བདག་ཅག་རྔོན་པའི་མདའ་མོ་དེ་ལ་གཡང་གཅིག་འགུག་ཟེར།
  • ལྟ་དེ་ནས་ཉི་མ་ཤར་གྱི་ཕྱོགས་ནས་གཡང་ཞིག་འགུག་ཟེར་བྱས། ལྟ་དེ་ནས་ཉི་མ་ལྷོའི་ཕྱོགས་ནས་གཡང་ཞིག་འགུག ཉི་མ་ནུབ་ཀྱི་ཕྱོགས་ནས་གཡང་ཞིག་འགུག ཉི་མ་བྱང་གི་ཕྱོགས་ནས་གཡང་ཞིག་འགུག
  • འདི་གས་བཏང་ཚར་སོང་ན་དེ་ནས་ཐམས་ཅད་འོག་ཏུ་བསྡུས་པའི་གཡང་ཞིག་འགུག་ཟེར། གང་ག་ཁོ་ར་འཛམ་གླིང་ཁོ་ར་གཡང་ཐམས་ཅད་འོག་སུ་བསྡུས་པའི་དེ་ནས་གཡང་ཞིག་ཁུག་ཟེར།
  • དེ་ནས་འོ་གཟིམ་ཆུང་མཇལ་ཁར་ཕྱིན་མདའ་འདི་ཡར་ཕུལ། ཡ་གིར་རྟེན་འབྲེལ་བྱས། གཟིམ་ཆུང་འདའི།
  • དྲི་བ་ལེན་མཁན་
    གཟིམ་ཆུང་མཇལ་ཁའི་སྒང་།
  • པད་མ་དོན་གྲུབ་
    ཡ་གིར་ཞེ་དྲགས་སེ་མཇལ་ཡག་སེ་མེད་གོ ཡར་ཕྱིན་པ་དང་སྐུ་ཕྱག་འཕུལ། དེ་ནས་དུང་ཞིག་བཏང་།
  • དྲི་བ་ལེན་མཁན་
    ཨང་ལས།
  • པད་མ་དོན་གྲུབ་
    ཨབ་ར་གིས་[མི་གསལ་] རྒྱ་ལུས་གཅིག ལྷ་མོས་གཅིག [མི་གསལ་]ཞིག་བཏང་། [མི་གསལ་]ཞིག་བཏང་ཚར་བ་དང་དེ་ནས་རྣམ་ཐར་ཁག་གཅིག་གཏོང་བ།
  • དྲི་བ་ལེན་མཁན་
    ཨང་ལས།
  • པད་མ་དོན་གྲུབ་
    རྣམ་ཐར་ཁག་གཅིག་གཉིས་བཏང་། དེ་ནས་[མི་གསལ་]དེ་ནས་[མི་གསལ་] དེ་ནས་འོ་བཀྲ་ཤིས་སྨོན་ལམ་བ།
  • དྲི་བ་ལེན་མཁན་
    ཨང་།
  • པད་མ་དོན་གྲུབ་
    བཀྲ་ཤིས་སྨོན་ལམ་དེ།
  • དྲི་བ་ལེན་མཁན་
    ལགས་སོ།
  • པད་མ་དོན་གྲུབ་
    འོ་དེ་ནས་མར་ཡོང་[མི་གསལ་]གཟིམ་ཆུང་མཇལ་ཁ་ཕྱིན་བཀྲ་ཤིས་ཐག་འོ་ཆོད།
  • དྲི་བ་ལེན་མཁན་
    ཐག་ཆོད་དོ།
  • པད་མ་དོན་གྲུབ་
    ལ་བ། གཟིམ་ཆུང་མཇལ་ཁར་ཕྱིན་མར་ཡོང་བ་དང་དེ་ནས་རྣམ་འགྲེལ་རྒྱག་དགོས་པ།
  • དྲི་བ་ལེན་མཁན་
    ལགས་སོ།
  • པད་མ་དོན་གྲུབ་
    ལྟ་མི་ནོར་བུ་གླིང་ཁ་དང་དེ་ཚོ་ལ་གཟིམ་ཆུང་མཇལ་ཁ་འགྲོ་ཡག་མེད་ཀོ་མ་གཏོགས་གཞན་སྦྱིན་བདག་ཁག་ཚོ་ལ་ཡིན་ཅིག་མིན་ཅིག་མདའ་མོའི་གཡང་འགུག་དེ་བཏང་བ་དང་དེ། གཡང་ཁུག་དེ་ནང་ཁུལ་ཡར་གཟིམ་ཆུང་ལ་ཕུལ་གྱི་བ། གཟིམ་ཆུང་མཇལ་ཁ་ལ་ཕུལ།
  • དྲི་བ་ལེན་མཁན་
    འོ་ཡག
  • པད་མ་དོན་གྲུབ་
    འོ་འདུག་སེ་བ། གོ་རིམ་པ་ར་དེ། ཡར་རུ་ཕུལ། དེ་ནས་ཡར་རུ་དུང་གཅིག་གཉིས་ཤིག་བཏང་། དེ་ནས་གཙོ་བོ་ར་པོ་དེ་བཀྲ་ཤིས་སྨོན་ལམ་ད་ག་བ་ལགས།
  • དྲི་བ་ལེན་མཁན་
    ལགས་སོ།
  • པད་མ་དོན་གྲུབ་
    འོ་འདི་ཕུལ་གཟིམ་ཆུང་ནང་ཁུལ་ཕ་གིར། དགོན་པ་ཁག་ཡིན་ནའི་འདྲ། གཟིམ་ཤག་ཁག་ཡིན་ནའི་འདྲ། གང་ལ་འདི་ལ། [མི་གསལ་]བཀྲ་ཤིས་སྨོན་ལམ་འདི་ལ་འདི་ཞེ་དྲགས་ཡོད་རེད། ཕར་ཕར་དགའ་པོ་ཞེ་དྲགས་བྱེད་བ་ལགས།
  • དྲི་བ་ལེན་མཁན་
    ལགས་སོ།
  • པད་མ་དོན་གྲུབ་
    སྤྱན་རས་གཟིགས་སྐུ་མདུན་ལ་བཀྲ་ཤིས་འདི་འབུལ་མཁན་བཀྲ་ཤིས་ཞོལ་པ་མ་གཏོགས་མེད་པ།
  • དྲི་བ་ལེན་མཁན་
    འོ་བ།