Skip to main content Skip to search
31 Jan 2012
40 min 24 sec
Video Overview
Creators: 
Columbia University, Tibetan Academy of Social Sciences, Tibet University, University of Virginia

Eighty-seven year old Pema Döndrup discusses his and the opera troop’s history.

Transcript search
No results found for this search
0 of 0
  • བཅའ་འདྲི་བྱ་ཡུལ་
    འོ། ད་བྱས་ན་ད་གིན་ང་རའི་ཞུ་འཕྲོས་བསྡད་བྱས་འདུག་སེ་བྱུང་སོང་།
  • བཅའ་འདྲི་བྱ་ཡུལ་
    དེ་ཡིན་ན་ཨ་ནི་ད་སྔོན་མ་སྤྱི་ཚོགས་རྙིང་པའི་དུས་ལ། ང་ར་ཡིན་ན་ལོ་བཅུ་ནས་ལྷ་མོའི་ནང་ལ་ཡིན་ཙང་།
  • བཅའ་འདྲི་བྱ་ཡུལ་
    ད་ལོ་རྟག་པར་རེ་ཞིག་ཞོ་སྟོན་ལ་ཕྱིན་བྱས་ནས། དེ་འདྲས་སེ་བཱ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཞོ་སྟོན་ལ་ག་འདྲས་ག་འདྲས་སེ་བྱེད་དགོས་ཀྱི་ཡོད་མེད་དོ་ཚོ།
  • བཅའ་འདྲི་བྱ་ཡུལ་
    གང་ག་ང་རང་ལ་ཉམས་མྱོང་ཡོད་པ་བྱས་དེ་འདྲས་སེ་བཱ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ནོར་བུ་གླིང་ག་ལ་ཚེས་པ་བདུན་ལ་བདུན་པའི་ཚེས་པ་བདུན་ལ་ཡ་བཀྲ་ཤིས་དེ།
  • བཅའ་འདྲི་བྱ་ཡུལ་
    བཀྲ་ཤིས་ཞོལ་པ་གིས་བཅས་བྱས་ནས། ཨཱ་ནི།
  • བཅའ་འདྲི་བྱ་ཡུལ་
    ཉིན་པ་ཡིན་ན་གཞུང་ནོར་བཟང་དེ་བཀྲ་ཤིས་ཞོལ་པ་གི་གཞུང་ནོར་བཟང་དེ་མ་གཏོགས་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    བསྐལ་པ་སྔ་མ་ནས། ཨ་ནི་གཞུང་ནོར་བཟང་དེ་འཁྲབ།
  • བཅའ་འདྲི་བྱ་ཡུལ་
    རྦད་དེ་འཁྲབ་འཚར་ཡས་རང་དེ་ཡོག་མ་རེད་དེ། ཨ་ནི་ཡར་མདོར་བསྡུས། མདོར་བསྡུས་
  • བཅའ་འདྲི་བྱ་ཡུལ་
    རགས་པོ་བྱས་བྱས་ཨ་ནི་དགོང་ད་ཉིན་མོ་ཨ་ནི་མ་ཞུས་ཙམ་ལ་བཀྲ་ཤིས་བཅས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་དེ་གནམ་བསྟོད་དེ་ཚོ་བརྒྱབ། གནམ་བསྟོད་རྒྱབ་བྱས་དེ་ནི་ཨ་ནི་ད་ལྷས་ས་གིས་དེ་རིང་སང་ཡིན་ན་ནི།
  • བཅའ་འདྲི་བྱ་ཡུལ་
    ད་ང་ཚོའི་དོ་པ་དང་གཅིག་ཡིན་འགྲོ་གང་ག་གཞོན་ནུ་བྱས། དོ་པ་༼དེ་པར་༽ཐུགས་རྒྱུད་མེད་པ་རྐྱང་རྐྱང་ཡིན་ཙ་ན།
  • བཅའ་འདྲི་བྱ་ཡུལ་
    ལྷ་སའི་ཕོ་པ་ལའི་འོ་ད་ག་ཡིན་ཀྱི་བཱ་ལགས། ད་བགྲེས་སོང་ཞེ་པོ་མེད་པ་བྱས། སྔོན་མ་ཡིན་ན་ནི།
  • བཅའ་འདྲི་བྱ་ཡུལ་
    བགྲེས་སོང་ཚང་མ་ལོགས་ཚེས་པ་བདུན་ཉིན་སྒང་དེ། ནོར་བུ་གླིང་གར་ཚང་ཁ་ཤིག་ཤིག་བྱོན་
  • བཅའ་འདྲི་བྱ་ཡུལ་
    གནང་བྱས་དོ་གོང་ང་ཚོས་ཡར་ཀླུང་བཀྲ་ཤིས་ཞོལ་པ་ལ་བཀྲ་ཤིས་བཅས་དགོས་རེད།
  • བཅའ་འདྲི་བྱ་ཡུལ་
    ཡེ་ཤེས་ནོར་བུའི་ཞལ་མཇལ་ཡོག་རེད་སེ། ཨ་ནི་ཞལ་མཇལ་ཡོག་ཡི་ཡོག་རེད་ མི།
  • བཅའ་འདྲི་བྱ་ཡུལ་
    ཡི་ནས་མར་ཁ་བཏགས་གསུམ་དེ་གཡུགས་བཏང་འཚར་སོང་ནི་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    གཟིམ་ཆུང་ནང་ནས་མར་འདོན་པ་གནང་བྱས་དོ་པ་བྱས་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    གཟིམ་ཆུང་གཞན་དག་ལ་ཞུགས་གདན་འཇགས་དགོས་རེད། ཨ་ནི་ལྷས་ས་གང་ག་སྐྱབས་སུ་མཆི།
  • བཅའ་འདྲི་བྱ་ཡུལ་
    ད་དོ་དགོང་ཞལ་མཇལ་དཔེ་མི་སྲིད་པ་བྱུང་སེ་དད་པ་ཆེན་པོ་རང་བྱས་བྱས་མི།
  • བཅའ་འདྲི་བྱ་ཡུལ་
    ལྷས་ས་ཟེར་ངས་དེ་རྙིང་རྗེ་ཚ་པོ་བྱས་དེ་འདྲས་ཡིན་ཙང་འོ་དེ་འདྲས་ཞུ་ཡིན་མི།
  • བཅའ་འདྲི་བྱ་ཡུལ་
    ལག་ག་ཁ་སྦྱར་སྐྱབས་སུ་མཆི་སེ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཡེ་ཤེས་ནོར་བུ་ཡིས་ཡི་ནས་མར་གསོལ་རས་འབུལ་རྟགས་གསུམ་པོ་དེ་ཞུས་འཚར་སོང་ནི་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་མར་སྡེ་པ་གཞུང་གིི་སྐུ་དྲག་དྲུང་སྐོར་བརྒྱ་དང་བརྒྱད་དང་།རྩིས་དྲུང་བརྒྱ་དང་བརྒྱད་ཡོག་རེད་སེ་
  • བཅའ་འདྲི་བྱ་ཡུལ་
    ཟེར་གྱིས་དེ་རྦད་རང་ཚང་ཡོད་ན་མེད་ན་འདུག་ཡས་ནི་དེ་ནས་མར་དེ་ནས་མར་
  • བཅའ་འདྲི་བྱ་ཡུལ་
    གཏད་ལའི་གུར་བརྒྱབ་བྱས་ཐོག་ཁའི་སྒང་ལ་སྐུ་དྲག་གིས་དག་དག་བྱས་དེ་འདྲས་ཅིག་འདུག
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་དེ་ནས་མར་ལ་ཡེ་ཤེས་ནོར་བུའི་རྣམ་མཛོད་ཚར་སོང་ནོ་ན་ཨ་ནི། སྐུ་དྲག་གིས་དེ་ནས་མར་རྟེན་འབྲེལ་
  • བཅའ་འདྲི་བྱ་ཡུལ་
    ཁ་བཏགས་གང་གས་ཁ་བཏགས། ཁ་བཏགས་རེ་རེ་གང་གས་གཡུགས་ཀྱི་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཁ་ཤས་ཀྱིས་ནི་ཁ་བཏགས་དཀྱིལ་ལ་ཤོག་ཆགས་དེ་འདྲས་བསྒྲིལ།
  • བཅའ་འདྲི་བྱ་ཡུལ་
    དཔེ་ཤག་དེ་འདྲས་བསྒྲིལ་བྱས་ཁ་ཤས་ཀྱིས་ཡང་མི་ཁ་བཏགས་ད་ག་སེ་གཡུགས་ངན་༼མཁན་༽ཡི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    བྱ་རྟ་བྱེད་ངན་ཡི་ཡོག་རེད། སྣ་མིན་སྣ་ཚོགས་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཁ་བཏགས་ཕ་ནས་ཆགས་རྡུང་ཡག་རྡུང་༼ཆར་པ་བབས་བབས་༽གཡུགས་བྱས་ཁོ་ཚོ་སྐུ་དྲག་ལོག་འགྲོ་རན་བྱས་
  • བཅའ་འདྲི་བྱ་ཡུལ་
    ཨ་ནི། དེ་ཚོ་ཁ་བཏགས་དེ་ཚོ་ཁ་ཤས་ཀྱི་མདའ་གོང་ལ་སླེབས་ཀྱིས། ཁ་ཤས་ཀྱི་མདའི་གོང་ལ་སླེབས་མེད་ནི།
  • བཅའ་འདྲི་བྱ་ཡུལ་
    ཕོ་ཕར་མེ་ཏོག་གི་ཟེ་ཕོ་པ་བདེ་ཆེན་ཐང་ལ་སྒོར་དེ་མེ་ཏོག་གི་ལྕགས་རི་ཡོད་པོ་ལགས།
  • བཅའ་འདྲི་བྱ་ཡུལ་
    མེ་ཏོག་དཀྱིལ་ཕོ་རུ་འཛུལ། མེ་ཏོག་དཀྱིལ་ཕོ་ལ་ཕྱིན། ཨ་ནི་བསྐོར་འོ་འདུག་སེ་རྒྱབ་བྱས་སྐུ་དྲག
  • བཅའ་འདྲི་བྱ་ཡུལ་
    སྐུ་དྲག་དེ་གས་ཁ་བཏགས་གཡུགས་ཐེངས་གཅིག་ལ་གཡུགས་བྱས་ཙར་ཙར་ཙར་ལ་ཞེ་དག་གཡུགས་མི་ནིས།༼མི་འདུག༽
  • བཅའ་འདྲི་བྱ་ཡུལ་
    ཁོ་རཱི་སོ་སོའི་ག་ཚད་གཡུགས་ཡས་ཡིན་ནའི་འོ་དེ་རྦད་དེ་གཡུགས་ཐེངས་གཅིག་ལ་གཡུགས།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ནི་ཟི་ལིང་གུ་ལིང་༼ཟང་ཟིང་།༽བྱས་བྱས་འགྲོ་ཡིས།༼འགྲོ་གིས༽
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཁག་ནི་ཁག་མེད་ཉིན་མཚན་རྟ་ལྟོགས་ཀ་བཏང་མི་ལྟོགས་ཀ་བཏང་བཞག་བཱ་ན་ལགས།
  • བཅའ་འདྲི་བྱ་ཡུལ་
    ཁོ་ཚོའི་ཞབས་ཕྱི་དེ་ཚོ་འོ་འདུག་སེ་སྒུག་སྡོད་ཀྱི་ག་ལགས། ཉིན་མཚན་སྒུག་སྡོད་ཀྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་འོ་འདུག་སེ་བྱས་བཀྲ་ཤིས་སྒྲིལ་ལ་མ་སྒྲིལ་བྱས་ཚེས་པ་བདུན་ཉིན་ག་དེ་གས་ཡར་ཀླུང་བཀྲ་ཤིས་ཞོལ་པ་གིས་
  • བཅའ་འདྲི་བྱ་ཡུལ་
    བཀྲ་ཤིས་བསྒྲིགས་ཀྱི་འདུག་གོང་། དཔེ་མ་སྲིད་པའི་བཀྲ་ཤིས་དེ་ཚོ་བརྩེགས་གནང་།
  • བཅའ་འདྲི་བྱ་ཡུལ་
    བཀྲ་ཤིས་སྨོན་ལམ་དེ་ཚོ་དཔེ་མ་སྲིད་པའི་ཡེ་ཤེས་ནོར་བུའི་སྐུ་མདུན་ལ་ཡེ་ཤེས་ནོར་བུས་
  • བཅའ་འདྲི་བྱ་ཡུལ་
    རྣམ་སྒྲོན་ཁ་བཏགས་གཡུགས་བཏང་། མཆོད་པ་མ་བཀྱག་གོང་ནས་སྐུ་ཕྱག་འཕུལ།
  • བཅའ་འདྲི་བྱ་ཡུལ་
    སྐུ་ཕྱག་འཕུལ་ཚར་སོང་ནས་ནི་གཞན་པས་ཀྱི་བླ་མ་དེ་ཚོ་ལ་འབུལ་གོ་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཚགས་དང་ཚིག་མ་ནོར་པ་ལ་འབུལ་གོ་བཱ་ལགས། འོ་དེ་ལ་དགེ་རྒན་ལ་རྔམ་དྲག་ཡོད་པོ་ལགས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཡིན་ན། གནམ་བསྟོད་དང་བཀྲ་ཤིས་སྨོན་ལམ་མའི་ལོགས་དེ་རུ་རྔུལ་ནག་དོན་༼ཐོན།༽ཆུ་དོན་བྱས་མར།
  • བཅའ་འདྲི་བྱ་ཡུལ་
    ཞེད་སྣང་གིས་ལགས། འོ་འདུག་སེ་དོན་ཀྱིས་ལགས།
  • བཅའ་འདྲི་བྱ་ཡུལ་
    ཞེད་སྣང་ཨ་ལ་པ་ལ་མེད་པོ་༼ཞེད་སྣང་ཤིན་ཏུ་ཆེན་པོ་ཡོད་པ།༽ལགས། ད་མི་སྡེ་པ་གཞུང་དང་ཐུག་པ་ན་ལགས།
  • བཅའ་འདྲི་བྱ་ཡུལ་
    སྐེ་མགོ་ལུས་བདག་པོ་སེ་བྱ་སྔོན་མ་ཞེད་སྣང་ཆེན་པོ་བྱས་འདུག་སེ་ཡོད་པོ་ལགས།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ནི་སྤྱན་རས་གཟིགས་ལ་ཕར་མཆོད་སྐྱེམ་བཏང་སྐུ་བཅར་འཕུལ། བཀྲ་ཤིས་སྨོན་ལམ་དེ་འཕུལ།
  • བཅའ་འདྲི་བྱ་ཡུལ་
    བཀྲ་ཤིས་སྨོན་ལམ་དེ་ཚར་སོང་ནི་། ཨོ་དེ་ནི་ཨབ་རག་གིས་གནམ་བསྟོད།
  • བཅའ་འདྲི་བྱ་ཡུལ་
    ད་ག་སེའི་དགོན་པའི་འདོན་བཟོ་རགས་པོ་དེ་ཨ་ནས་༼ཅུངཟད།༽ཅིག་བཏོན།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ནི་དམངས་དེ་ལ་བཀྲ་ཤིས་གཅོད་ཡས་དེ་རྔ་ཞེ་དྲག་མ་རྡུང་བྱས་རྒྱལ་སྒོའི་ཤར་གྱི་ཕྱི་
  • བཅའ་འདྲི་བྱ་ཡུལ་
    ལོགས་མ་རུ་མ་གཏོགས་ནང་ལོགས་ལ་རྔ། ངའི་རྔ་དང་དེ་ཚོ་སྤྱད་ཆོག་མི་ནི་ཀ་ལགས།
  • བཅའ་འདྲི་བྱ་ཡུལ་
    རྔ་རྡུང་རྦད་དེ་འགག་མ་ལ་འགྲོ་དགོས་བའ་ལགས། འགག་མ་ཕྱིན་རྒྱལ་སྒོ་ཤར་གྱི་མ་ནས་བཀྲ་ཤིས་དེ་ཕྱེ།
  • བཅའ་འདྲི་བྱ་ཡུལ་
    བཀྲ་ཤིས་ཕྱེ་ཚར་སོང་ནི་ཨོ་དེ་ནི་སང་ཉིན་ནས་སྡེ་པ་གཞུང་གི་ཞོ་སྟོན་དེ་ཚར་པོ་ལགས།
  • བཅའ་འདྲི་བྱ་ཡུལ་
    ནང་ལོགས་ལ་གླིང་ནང་ལོགས་ལ་ལྷ་མོ་འཁྲབ་ཆོག་མི་ནི་ན་ལགས།
  • བཅའ་འདྲི་བྱ་ཡུལ་
    གླིང་ཕྱི་ལོགས་ལ་སེ་ར་ངོ་ཕྱོགས་པ་ཟེར་ཡས་ར་པོ།ད་ཕོ་ཕ་དེ་ངོ་ཕྱོགས་ལ་འབོམ་སྟོད་ཟེར་ཡས་ར་པོ།
  • བཅའ་འདྲི་བྱ་ཡུལ་
    ཚེ་ཕྱོགས་གླིང་ཟེར་ཡས་ར་པོ་དང་། དོ་པ་ཕྱི་དོ་པ་གླིང་ཕྱི་ལོགས་ལ་མ་གཏོགས་གཅིག་ནི།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ནང་ཁུག་ལ་འཁྲབ་ཆོག་ཀྱི་མ་བཱ་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཕྱི་ལོགས་ལའིི་ཚེས་པ་བཅོ་ལྔ་བར་དུ་མ་གཏོགས་དེ་ནས་འཁྲབ་ཆོག་ཀྱི་མི་ནི་ཀ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཞོ་སྟོན་ཀྱི་དགོངས་ཞུ་སེ་བྱས་ཚེས་པ་བཅོ་ལྔ་བར་དུ་མ་གཏོགས་མི་འདིས་༼མི་འདུག༽ཀ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཚེས་པ་བཅོ་ལྔ་བར་དུ་དེ་ནི་ག་པར་འཁྲབ་ཡས་ཡིན་ནའི་འཁྲབ་ཤིག་ཟེར།
  • བཅའ་འདྲི་བྱ་ཡུལ་
    ད་གཞུང་གི་ཞོ་སྟོན་དེ་ཚེས་པ་བདུན་ནས་རྫོགས་བཱ་ན་ལགས། དེ་ནི་བརྒྱད། དགུ།
  • བཅའ་འདྲི་བྱ་ཡུལ་
    བཅུ། བཅུ་གཅིག བཅུ་གཉིས། བཅུ་གསུམ། བཅུ་བཞི།
  • བཅའ་འདྲི་བྱ་ཡུལ་
    འོ་དོ་པར་དེ་ནི་ག་པར་འགྲོ་ཡས་ཡིན་ནའི་ཁྱོད་རང་ཚོ་བསྐོར་བསྐོར་ལ་གཟིམ་ཤག་ཁག་ལ་ག་དེའི་ག་པར།
  • བཅའ་འདྲི་བྱ་ཡུལ་
    གཟིམ་ཤག་ཞེ་དྲག་ཡོད་པཱ། དོ་པར་འགྲོ་པོ།༼འགྲོ་ཀྱི་རེད།༽ག་ས་གང་ལ་འགྲོ་པོ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཡེ་ནི་༼ང་ཚོ་ནི།༽ཚེས་པ་བཅུ་བཞི་ཙམ། བཅོ་ལྔ་ཙམ་དོ་པ་ནས་དེ་ནི་ཡར་ཐོན་འགྲོ་པོ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཐོན་མ་ཕྱིན་ན་ནོ་པར་༼ནོ་པར། འདི་ཁུལ་ལ།༽བརྩས་མ་དགའ་ཆེན་རན་གྲབས་ཡོད་པོ་ན་ལགས།
  • བཅའ་འདྲི་བྱ་ཡུལ་
    བརྩས་མ་རྒྱག་རོའོ་༼རྒྱག་གྲབས།༽ཡོད་པོ། ཨ་ནི་ཚེས་པ་བཅུ་བཞི་ལ་ཡར་དེ་ལ་ཡོང་། གུང་ཐང་ལ་ཡོང་།
  • བཅའ་འདྲི་བྱ་ཡུལ་
    བཅོ་ལྔ་ལ་ལ་འོག་ཡ་རུ་ཡོང་།བཅུ་དྲུག་ལ་ལ་ཕར་རྒྱབ་པའི་བསམ་ཡས་མཉེན་ཁ་ཟེར་ཡས་དེ་ལ་བབས།
  • བཅའ་འདྲི་བྱ་ཡུལ་
    མཉེན་ཁ་ནས་བཅུ་བདུན་ལ་བསམ་ཡས་རང་ལ་ཕྱིན།དེ་ནི་བསམ་ཡས་ཞོ་སྟོན་གཏོང་དགོས་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    བསམ་ཡས་ཞོ་སྟོན་ཉིན་མ་གཉིས་ཡོད་པོ་ལགས། དོ་དགོང་དེ་བསམ་ཡས་ལ་སླེབས་ན།
  • བཅའ་འདྲི་བྱ་ཡུལ་
    སང་དེ་བསམ་ཡས་ནས་ལྕམ་ཤག་རྒྱབ་གནང་གི་བཱ་ལགས། སང་དེ་མགོ་ར་དེ་ཚོ་བཀྲུས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་འཁྲུ་གས་རྒྱག་ཡས་དང་དེ་ཚོ་རྒྱབ་བྱས་སང་ཉིན་སྐྱིད་པོ་བྱས་ལྕམ་ཤག་རྒྱབ་ཤིག་སེ།
  • བཅའ་འདྲི་བྱ་ཡུལ་
    ད་ལ་ཞེ་པོ་ཅིག་རྒྱབ་བྱས་དཀའ་ལས་ཁག་ཡོད་དྲོ་སེ། ཨ་ནི་དགོན་པ་ནས།
  • བཅའ་འདྲི་བྱ་ཡུལ་
    དགོན་པའི་དཀར་ཤལ་མཐིལ་རང་ལ་འཁྲབ་ཆོག་ཀྱི་བཱ། ཞོ་སྟོན་ལ་ལོ་སྟར་རེ་ཞིག་འཁྲབ་དགོས་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    བསམ་ཡས་བཀྲ་ཤིས་ཞོལ་པ་གི་སྦྱིན་བདག་བཱ་ག་མི། སྔོན་མ་བྱས་ན།
  • བཅའ་འདྲི་བྱ་ཡུལ་
    སྦྱིན་བདག་དེ་ལྷ་མོ་ཁོ་རོ་རྩ་ཆེན་པོ་ཡིན་ཙང་བྱས་པོ་ལགས།
  • བཅའ་འདྲི་བྱ་ཡུལ་
    སྦྱིན་བདག་ད་ཕྱི་ལོགས་ཀྱི་བརྒྱུད་ནོ་པ་བྱས་ན་ད་ཡག་གོ་ནོ་ལ་མིས།
  • བཅའ་འདྲི་བྱ་ཡུལ་
    ཕོ་རུ་དེ་འོན་ཆོས་སྡེའི་སློབ་ར་ཟེར་ཡས་དགོན་པ་ཀླད་ཆེན་དེ་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ལོ་གསར་ཞེ་དག་བཀྲ་ཤིས་ཞོལ་པ་ནང་ལ་སྡོད་ཡས་མེད་པོ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཚེས་པ་གཅིག་དང་གཉིས་ལ་ཕ་རུ་ཚོགས་དགོས་བཱ། ཨོང་དའ།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་བཅུ་གཅིག་པའི་ནང་ལ་རི་བོ་བདེ་ཆེན་ལ་ཉིན་མོ་གསུམ་ཚོགས།
  • བཅའ་འདྲི་བྱ་ཡུལ་
    བཅུ་པའི་ནང་ལ་རྩེ་ཚོགས་པ་ཟེར་ཡས་དགོན་པ་དེ་ལ་ཉིན་མོ་གཉིས་ཚོགས།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་འཁྲབ་ཡས་ནོ་གོ སྦྱིན་བདག་ཡི་ཡག་པོ་ཞེ་དྲག་ནོ་གོ་མི།བཀྲ་ཤིས་ཞོལ་པ་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་བསམ་ཡས་ལ་ཉིན་མོ་དོ་དགོང་དེ་བསམ་ཡས་ལ་ཡོང་ན། སང་དེ་མགོ་བཀྲུ་བྱས་འཁྲུ་གད་རྒྱབ།
  • བཅའ་འདྲི་བྱ་ཡུལ་
    དེ་ཀྱིས་༼དེ་དག༽བྱས་ཨ་ནི་གནང་དགོང་ད་ཉིན་མོ་ཕྱེད་ཀ་ཡར་ར་ཅིག་ལ་བསམ་ཡས་
  • བཅའ་འདྲི་བྱ་ཡུལ་
    དཀར་ཤལ་མཐིལ་ལ་འཆམ་རྒྱག་གནང་ཞེ་ནོ་གོ
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་གཞས་ཕུད་འཕུལ། གཞས་ཕུད་འཕུལ་པ་དང་སང་དེ་ཉིན་མཚན་འཁྲབ་དགོས་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཉིན་སྐྱོང་འཁྲབ་དགོས་བཱ་ལགས། དེའི་གོ་སོང་༼སྐབས་སུ།༽སྡེ་པ་གཞུང་གི་སྐུ་དྲག་།
  • བཅའ་འདྲི་བྱ་ཡུལ་
    འོ་བསམ་ཡས་ཀྱི་ཨར་པོའི་ལས་བྱེད་ལ་སྐུ་དྲག་ཁག་ཅིག་གཞུགས་གདན་འཇགས་གནང་གོ
  • བཅའ་འདྲི་བྱ་ཡུལ་
    ཡིན་ཅིག་མིན་ཅིག་ཞོ་སྟོན་དེ་གཏོང་གི་བཱ་ལགས། བསས་ཡས་ཞོ་སྟོན་དེ་བཏང་།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཚེས་པ་བཅུ་དྲུག་ལ་དོ་རུ་བསྡད། དོ་རུ་༼དེ་རུ།༽ཉིན་མོ་གསུམ་བཞི་ཅིག་བསྡད།
  • བཅའ་འདྲི་བྱ་ཡུལ་
    བསམ་ཡས་ལ། དེ་དེ་ནས་མར་ལ་ལོག་ཡོང་། སོ་སོའི་ནང་ལ་དེ་ནི་ཉི་ཤུ་དེ་ཙམ་ལ་སླེབས་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    དགོང་མོ་དཀར་ཡོལ་གོང་དོ་རུ་ཉི་ཤུ་བཞི་ཙམ་ལ།གསུམ་ཙམ་ལ། འོ་དེ་ལ་སླེབས་ཀྱི་ལགས། ནང་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་བར་དུ་དོ་པ་འགོར་ཀྱིས་ལགས། འོ་བར་དུ་དོ་པ་ལྷས་ས་༼ལྷ་ས།༽དང་
  • བཅའ་འདྲི་བྱ་ཡུལ་
    ཚུར་ཞོར་བསམ་ཡས་ཞོ་སྟོན་དང་།དེ་འགོར། དེ་ནི།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་འོ་བཀྲ་ཤིས་ཞོོལ་པ་དེ་འོ་ད་སྔོན་མ་འཁྲབ་ཆས་བཟོ་ངན་༼བཟོ་མཁན།༽ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    ཡེ་ཤེས་ནོར་བུ་ནི་༼འདི།༽ལྕང་གསེབ་ཤར་ཡིན་ན། གང་ཡིན་ན་། འོ་དེ་བཱ།ལྕང་གསེབ་ཤར་མ་བཱ།
  • བཅའ་འདྲི་བྱ་ཡུལ་
    འོ་ཡབ་གཞིས་ཚང་དེ་ནས།ཡབ་གཞིས་ཚང་ནས་ནོར་བུ་གླིང་ཁ་ལ་ཕར་
  • བཅའ་འདྲི་བྱ་ཡུལ་
    གདན་འདྲེན་བའི་ལོ་དེ་སྐུ་ཅང་ཨ་ནས་བཱ་ལགས།༼དགུང་ལོ་ཆུང་ཆུང་།༽འོ་དེ་སྐབས་ན་
  • བཅའ་འདྲི་བྱ་ཡུལ་
    ང་ཞེ་དག་པྲུ་གུ་༼ཕྲུ་གུ༽ཏོག་ཏོག་༼ཆུང་ཆུང་༽བཱ་ལགས། ལོ་བཅུ་བཞི་ཙམ་ལ་སླེབས་པ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    བཅུ་གསུམ་ཙམ་ལ་སླེབས་པ་ཡིན་ན། དེ་ལས་སླེབས་མེད་པོ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་བཅུ་གཉིས་པའི་ནང་ལ་ཉིན་ཤར་ཚེས་ཤར་༼ཐེངས་ མང་པོ།༽དང་འགྲོ་དགོས་བྱུང་།
  • བཅའ་འདྲི་བྱ་ཡུལ་
    ལྷ་ས་ལ་བཀྲ་ཤིས་ཞོལ་པ་ཡེ་ཤེས་ནོར་བུའི་མཛད་སྒོ་ལ་ཤོག་སེ། ལོ་གསར་ལ་ཟླ་བ་དང་པོ་ཤར་ན་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    ཨོང་དེ་ལ་ནོར་བུ་གླིང་ཁ་ལ་གསེར་ཁྲི་ལ་ཡར་བཞུགས་གནང་ཡས་བཱ་སེ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་མི་གང་ག་མ་ལས་༼མ་ལུས།༽བོགས་རྒྱུག་གུ་བྱས་འཁྲབ་ཆས་ཡོད་པ་དེ་འཁྱེར།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་འཁྲབ་ཆས་དེ་ནི་ཕ་རུ་སླེབས་པ་དང་གོ་མ་ལོག་པ་༼བློ་ལ་མ་ཕྱིན་པའི་དོན།༽བྱས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་འཁྲབ་ཆས་གཞུང་ལ་མར་སྤྱན་འབུལ་ཞུས་པ་དང་དེའི་ལོ་དེ་འཁྲབ་ཆས་གསར་རྐྱང་
  • བཅའ་འདྲི་བྱ་ཡུལ་
    ཁོ་ར་གཞུང་རང་གས་༼རང་གིས།༽བཟོ་གནང་སོང་།
  • བཅའ་འདྲི་བྱ་ཡུལ་
    སྡིང་ཆའི་སྒང་ལ་སྡེ་པ་གཞུང་གི་དོ་པར་༼དེ་ཁུལ།༽ལྷས་ས་ལ་འཚེམ་པོ་ཡོད་པ་དེ་གས་གང་ག་སྐད་གཏང་བྱས།
  • བཅའ་འདྲི་བྱ་ཡུལ་
    སྡིང་ཆ་ཁོ་རའི་སྒང་ལ་སྟོད་ལྭ་དང་དེ་ཚོ། འཚེམ་པོ་ཞེ་པོ་དེ་ཚོ་ཕར་རས་༼སྡུག་སྐད་༽ཤོར་སོང་།
  • བཅའ་འདྲི་བྱ་ཡུལ་
    འོ་ཛི་ལགས། ཇོ་བོ་རིན་པོ་འདི་འདྲས་ཟེ། ག་འདྲས་འཚེམ་དགོས་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དེ་ཞེ་དྲག་འགོར་ཡས་རེད་པ་ཟེར། སྟོད་ལྭ་གང་ག་༼ཚང་མ།༽འཁྱེར་བཱ་ན་ལགས།
  • བཅའ་འདྲི་བྱ་ཡུལ་
    སྟོད་ལྭ་ལ་སྐད་ཤོར་སོང་དེ།
  • བཅའ་འདྲི་བྱ་ཡུལ་
    འཚེམ་པོ་ནོ་ཡས་ལ་ནི་ཨ་ལ་པ་ལ་མི་ནིས་མིས།༼ཨ་ལ་པ་ལ་མི་ནིས་མིས།ཤིན་ཏུ་ཡག་པོ་ཡོད་པ།༽སྐུ་རག་ཁོ་ན་རེད།
  • བཅའ་འདྲི་བྱ་ཡུལ་
    སོག་བྱིལ་དེ་ཚོ་བཏགས།ཉམས་བཟང་ནོ།༼ཉམས་བཟང་པོ་འདུག།༽འོ་དེ་ཚོ་སྐད་བཏང་བྱས།
  • བཅའ་འདྲི་བྱ་ཡུལ་
    ཟུབ་ཆགས་དེ་བཟོ་དུས་སྐུ་དྲག་ཁོ་ར་བཱ་དེ་ནི། ཨེ་རེའི་༼ང་ཚོའི།༽ཙིས་བྱས་ན། འོ་དེ་སྡིང་ཆའི་
  • བཅའ་འདྲི་བྱ་ཡུལ་
    སྒང་ལ་སྟོད་ལྭ་ནི་ནས་ཕར་ལ་དཔེ་འཁྱེར་ཕྱིན་བཱ་ན་ལགས། དེ་ནི་དཔེ་དེ་ཕ་རུ་འཚེམ་པོ་ལ་བསྟན།
  • བཅའ་འདྲི་བྱ་ཡུལ་
    འཚེམ་པོ་གས་སྟོད་ལྭ་བཟོས། གཞན་དག་ལ་འཁྲབ་ཆས་གཞན་དག་བཟོ་ཡས་ལ་རྩིས་གུ་གཏོང་གི་མི་ནིས།
  • བཅའ་འདྲི་བྱ་ཡུལ་
    སྟོད་ལྭ་དེ་ལ་ཧང་སངས་སོང་། བྱ་དགའི་དེ་དེ་བཟོས།
  • བཅའ་འདྲི་བྱ་ཡུལ་
    གཞུང་རང་ནས་བཟོས་གནང་པོ་གོ་ལགས།བཀྲ་ཤིས་ཞོལ་པ་མི་༼ནི།༽
  • བཅའ་འདྲི་བྱ་ཡུལ་
    རྟེན་འབྲེལ་བྱེད་དུས་རྩ་ཆེན་པོ་ར་ཅིག་ལ་རྟེན་གྱིི་ག་ལགས།གཞུང་རང་ནས་མིས་
  • བཅའ་འདྲི་བྱ་ཡུལ་
    བླ་བཏགས་ལ་ཡང་འདི་ག་གནང་མ་སོང་གཞུང་རང་ནས་གང་ག་མ་ལས་འཁྲབ་ཆས་
  • བཅའ་འདྲི་བྱ་ཡུལ་
    ཁྲིག་སམ་༼ཁྲིག་སམ། ཚང་མ་ཞེས་པའོ།༽གཞུང་ནས་གསར་རྐྱང་བཟོ་གནང་བྱས།
  • བཅའ་འདྲི་བྱ་ཡུལ་
    ད་མཛད་སྒོ་ཚར་ཚར་པ་དང་དེ་ན་ནི་ནས་ཕར་ལ་ཞོ་སྟོན་ལ་འཁྱེར་མོ་དགོས་བྱས།
  • བཅའ་འདྲི་བྱ་ཡུལ་
    འཁྲབ་ཆས་ནས་རྔ་ནས་གང་ག་དེ་ནི་ཕར་རུ་བཞག་བཞག་པོ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཕར་རུ་བཞག་བཞག་རྔ་གཡུག་པ་དེ་ནི་ལོ་གཉིས་ཡིན་ན་གཅིག
  • བཅའ་འདྲི་བྱ་ཡུལ་
    གཉིས་གསུམ་ཅིག་ཞོག་ཡས་བྱུང་ཡོད་ན་མེད་ནོ། དེ་ནས་ཕོག་པ་༼འཕྲོག་པ།༽མདའ་བྱས།དེ་ཕོའོ་༼ཕ་རུ།༽ཤོར་པོའོ།
  • བཅའ་འདྲི་བྱ་ཡུལ་
    འཁྲབ་ཆས་དང་རྔ་དང་གང་ག་འཁྲབ་ཆས་ཆ་ཚང་བཱ་དེ་ནི། ཕོའོ་ཡོད་པ་དེ་ཕོའོ་མ་ཚང་པ་བྱས་ཤོར།
  • བཅའ་འདྲི་བྱ་ཡུལ་
    ལྷས་ས་ལ་འགྲོ་མ་ཐུབ་པ་བྱས་ཟིང་འཁྲུག་ལངས་བཱ་ན།
  • བཅའ་འདྲི་བྱ་ཡུལ་
    ད་ནོ་རུ་ཡོད་པའི་འཁྲབ་ཆས་དེ་གས་ནོ་པ་བཞག་ཆོག་གི་མ་བཱ་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཡག་སེ་དེ་ཞེ་དྲག་མེད་པོ་དེ། ནོ་རུ་༼འདི་རུ།༽འཁྲབ་ཆས་དེ་ནི་ལམ་ལུགས་རྙིང་པ་དང་བསམ་བློ་རྙིང་པ།
  • བཅའ་འདྲི་བྱ་ཡུལ་
    ཡུལ་སྲོལ་རྙིང་པ། དེ་བཞག་ཆོག་གི་མ་བཱ་སེ་བྱས། དེ་ནི་འགོ་ཁྲིད་ཀྱིས་ཚ་དེད་སྣང་དེད་བཏང་།
  • བཅའ་འདྲི་བྱ་ཡུལ་
    བཞག་ཆོག་གི་མ་ནོ་གོ་སུའི་ནང་ནས་རྗེས་མ་འཁྲབ་ཆས་འདོན་ག་བྱས་ནའི་
  • བཅའ་འདྲི་བྱ་ཡུལ་
    འགན་གཡུགས་ཡས་ཡིན་དོ་ཟེར།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ང་ཞེ་དག་དར་མ་དྲག་ཁའི་སྡེ་ཚོགས་ཀྲེ་པུའུ་༼ཀྲེ་པུའུ། རྒྱ་སྐད། བོད་སྐད་དུ། རུ་དཔོན།༽ཨ་ཅེ་གཅིག་ཡོད།
  • བཅའ་འདྲི་བྱ་ཡུལ་
    ཞེད་སྣང་མ་དཀྲོག་གུ་དཀྲོག་དཀྲོག་དེ་ནི་འཁྲབ་ཆས་ཞེ་དག་ཁྲིག་ཀའི་༼ཆ་ཚང་།༽ཆུའི་ནང་མ་གཡུགས་ཀོ་བཏང་པ།
  • བཅའ་འདྲི་བྱ་ཡུལ་
    འོ་ད་ཁྱེད་འདྲའི་ནང་ནས་གོ་ལོག་འདོན་ན་ཁྱེད་འདྲ་དགེ་རྒན་བཱ་ཁྱེད་འདྲ་ལ་ཡར་ལ་གཡུགས་ཡས་ཡིན་དོ་ཟེར།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་དེ་ཚོ་བཞག་ཆོག་མ་བཱ་ཟེར། དེ་ནི་མ་བཞག་པོ་ད།ད་ཨ་ལུགས་༼ཡག་པོ།༽ར་ཅིག་བྱེད་མ་བཱ་བསམ།
  • བཅའ་འདྲི་བྱ་ཡུལ་
    གང་ག་མ་ལུས་གཡུགས་ཀོ་གཏོང་ཡས་གཡུགས་ཀོ་བཏང་།འགྲུག་ག་བྱས་བྱས་པ་ཡིན་ཏཱ།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་རྩེ་ཀ་བྱས་འབག་ཞེ་དག་ཆུའི་ནང་ལ་གཡུགས་ཀོ་བཏང་། ཞེ་པོ་ཅིག་བྱས་པོ།
  • བཅའ་འདྲི་བྱ་ཡུལ་
    དེའི་ལོ་དེ། འཁྲབ་ཆས་གཉིས་ཀ་མེད་པ་བཟོས། ལྷས་སཱི་ད་གའི་མེད་པ་བཟོས།
  • བཅའ་འདྲི་བྱ་ཡུལ་
    ཕོའོ་མ་ཐར་བྱས་ནོ་པ་ཡོད་པའི་འཁྲབ་ཆས་ད་གའི་དེ་མ་བྱས་བྱས། འོ་ད་ནི་ད་ལྷས་སར་ཞོ་སྟོན་ཚར་སོང་ནོ་ནི།
  • བཅའ་འདྲི་བྱ་ཡུལ་
    ལྷས་ས་ལ་གཟིམ་ཤག་ཁག་ཞེ་དྲག་ཡོད་པོ་ལགས།
  • བཅའ་འདྲི་བྱ་ཡུལ་
    གཟིམ་ཤག་ཁག་ཀླ་གས༼མང་པོ།༽་ཡོད་པོ། ད་ག་ནང་བཞིན་དགོན་པ་ཁག་ཡོད་པོའོ།
  • བཅའ་འདྲི་བ་
    གཟིམ་ཤག་ཁག་གོ་པར་གོ་པར་འཁྲབ་ཀ་ཐད་ཀྱི་ཡོད་ན།
  • བཅའ་འདྲི་བྱ་ཡུལ་
    ད་བཀྲ་ཤིས་ཞོལ་པ་གཟིམ་ཤག་ཨ་ལས་དེ་ལ་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    འོ་གཟིམ་ཤག་ཕ་ལྷ་ཟེར་ངན་དེ་ལ་འགྲོ་དགོས་བཱ་ལགས། གཟིམ་ཤག་དེ་ལ་གཡུ་ཐོག་ལ་འགྲོ་དགོས་བཱ་།
  • བཅའ་འདྲི་བྱ་ཡུལ་
    གཟིམ་ཤག་ཟུར་ཁང་ལ་འགྲོ་དགོས་བཱ། གཟིམ་ཤག་སྐུ་བཟང་བདེ་ལ་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    གཟིམ་ཤག་བཀྲས་གཏོང་ཟེར་དེ་ལ་འགྲོ་དགོས་བཱ། གཟིམ་ཤག་ལྕང་ལོ་ཅན་ལ་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    གཟིམ་ཤག་ཕུན་ཁང་ལ་འགྲོ་དགོས་བཱ། གཟིམ་ཤག་གནིས་ཚང་ལ་ཕྱིན།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ནས་གཟིམ་ཤག་དེ་གཅིག་ཡོད། འོ་དེ་ལ་ཡཱ་གཟིམ་ཤག་དེ་ཅིག་ཡོད་ལགས།
  • བཅའ་འདྲི་བྱ་ཡུལ་
    གཟིམ་ཤག་ཕ་ལྷ་བྱས། གཟིམ་ཤག་བཀྲས་གཏོང་བྱས།
  • བཅའ་འདྲི་བྱ་ཡུལ་
    འོ་གཟིམ་ཤག འོ། འོ།
  • བཅའ་འདྲི་བྱ་ཡུལ་
    ཕོ་བྲང་གི་གཟིམ་ཤག་ཅིག་ཡོད། འོ་དེ་བྱས། གཟིམ་ཤག་དེ་ཅིག་ཟའ་ང་ནི་དེའི་མིང་ལ།
  • བཅའ་འདྲི་བྱ་ཡུལ་
    གཟིམ་ཤག་ལ་འགྲོ་ཡས་འོ་དེ་གས་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་དགོན་པ་ལ་འགྲོ་ཡས་སྣེ་ཆུང་དགོན་པ་ལ་འགྲོ་མྱོང་།སྦྱིན་བདག་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    སྣེ་ཆུང་དགོན་པ་བྱས། ཀུན་བདེ་གླིང་དགོན་པ་བྱས། རྨོག་རུ་དགོན་པ་བྱས།
  • བཅའ་འདྲི་བྱ་ཡུལ་
    འོ་ཚེ་མཆོག་གླིང་དགོན་པ་བྱས། འོ་དེ་ནས།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་དགོན་པ་ཅིག་ཡོད། དེའི་ལོགས་དོ་པ་དགོན་པ།རྨོག་རུ་དགོན་པ་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་རྨོག་རུ་རྙིང་པ་ཟེར་ཅིག་བྱས། དགོན་པ་རང་འོ་དོ་པར།
  • བཅའ་འདྲི་བྱ་ཡུལ་
    ལྷས་ས་ཁྲོད་དོ་པར་དགོན་པ་རང་འོ་དེ་གས་ལ་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ཉིན་མཚན་འཁྲབ་ཡས་མེད་པོ་ལགས།གཞས་ཕུད་རྒྱས་པོ་རྒྱས་པོ་ར་སང་༼ར་སང་།
  • བཅའ་འདྲི་བྱ་ཡུལ་
    སྐབས་འདིར་དེ་འདྲའམ།དེ་ལྟ་བུ་ལ་གོ༽འཁྲབ་བྱས་མི། དེ་ནི་འོ་དེ་ལ་མི་དེ་ར་པོ་གསོལ་རས་བཟོ་རགས་པོ་ཨ་ནས་ཨ་ནས་
  • བཅའ་འདྲི་བྱ་ཡུལ་
    སྔ་མོ་ནས་འོ་འདུག་སེ་འཁྲབ་བཱ་ལགས། འོ་དེའི་སྔ་རྒྱུད་བྱས་འགྲོ་དགོས་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    བཀྲ་ཤིས་ཞོལ་པ་མི་འོ་དེ་གས་ལ་སྦྱིན་བདག་རགས་པོ་ཨིན་སོང་ནི་༼ཡིན་སྟབས།༽འོ་འདུག་སེ་འཁྲབ་ག་ཕྱིན།
  • བཅའ་འདྲི་བྱ་ཡུལ་
    དེ་བྱས།དེ་ནི་དེ་གས་མགྱོགས་སེ་མགྱོགས་སེ་བསྐོར། དེ་ནི་ཚུར་མགྱོགས་སེ་ལོགས་ན་མ་གཏོགས་སྟོན་ཁ།
  • བཅའ་འདྲི་བྱ་ཡུལ་
    སྟོན་ཁའི་སྟོན་ལས་ཚུགས་གྲབས་ཡོད་ཙ་ན།
  • བཅའ་འདྲི་བྱ་ཡུལ་
    ཚ་གི་བྱེད་ཀྱི་ན་མི་གང་ག་མ་ལས་༼གང་ག་མ་ལས།ཚང་མ་ཞེས་པའོ།༽ཕྱེད་ཀ་ནི་དགོན་པའི་མི་སེར་བཱ།
  • བཅའ་འདྲི་བྱ་ཡུལ་
    ཕྱེད་ཀ་ནི་ད་ལྟ་དེ་རུ་བཀྲ་ཤིས་ཚེ་ཟེར་ཡས་དེའི་མི་སེར་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་གང་ག་མ་ལས་ཁྲལ་པ་ཡིན་ཙང་ཚ་གི་ཚི་གི་གནང་། དེ་ནི་ནོ་པར་འཕྲད་ཁག་པོ་བྱས་དེ་གའི་གོང་ཙ་ནི།
  • བཅའ་འདྲི་བྱ་ཡུལ་
    ཞོ་སྟོན་འགྲོ་རིན་རིང་སྒང་ལ་དགོངས་པ་སྟེར་ཀྱའ་༼སྟེར་གྱི་རེད་ཞེས་པའོ།༽མ་གཏོགས་ཤེ་ན་དེ་ནས་
  • བཅའ་འདྲི་བྱ་ཡུལ་
    འཕྲད་ཁག་གོ་བཱ་ནོ་ཀཱ་ལའོ།ནམ་རྒྱུན་ནོ་པྲ་ལྷ་མོ་རྒྱུན་རིང་པོ་སྦྱངས་བྱེད་ཡས་མེད་པོ།
  • བཅའ་འདྲི་བྱ་ཡུལ་
    ཞོ་སྟོན་རིང་སྒང་རྒྱུན་རིང་ཤོས་བཱ།འོ་དེའི་རིང་སྒང་དེ་ནི་ལྷ་མོ་སྦྱངས་ཡས་དང་མ་སྦྲགས་གུ་སྦྲགས་
  • བཅའ་འདྲི་བྱ་ཡུལ་
    རྒྱུན་རིང་པོ་བྱས་ནོ་རུ་༼འདི་རུ་ཞེས་པའོ།༽ཉིན་མོ་གཅིག་ཡི་སྦྱངས་ཡས་མེད་པོ།
  • བཅའ་འདྲི་བ་
    འོ་ན་སྦྱངས་ཡས་དེ་ཚོ་གང་འདྲས་སེ་སྦྱངས་གནང་ཀྱི་ཡོད་ནཱ།
  • བཅའ་འདྲི་བྱ་ཡུལ་
    ལའོ།
  • བཅའ་འདྲི་བ་
    སྔན་མ་༼སྔོན་མ།༽ལྷ་མོ་སྦྱངས་ཡས་དེ་ཚོ་ག་འདྲས་སེ་སྦྱངས་གནང་ཀྱི་ཡོད་ནཱ།
  • བཅའ་འདྲི་བྱ་ཡུལ་
    སྦྱངས་ཡས་བཱ་ནཱ།
  • བཅའ་འདྲི་བ་
    འོ། མི་གསར་པ་སྒྲུག་པ་དང་ཞེ་དག་༼དེ་འདྲ།༽བྱས་ན།
  • བཅའ་འདྲི་བ་
    དེ་ནི་རྣམ་ཐར་དང་འཁྲབ་སྟངས་དང་འཁྲབ་རྒྱུན་དང་ཞེ་དག་སློབ་དགོས་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    འོ་བཱ་ལགས།
  • བཅའ་འདྲི་བ་
    འོ་དེ་ཚོ་གང་འདྲས་སེ་བྱས་སྦྱངས་ཀྱི་ཡོད་ནཱ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ཚོ་ཕྲུ་གུ་གསར་པ་བརྫངས་པ་ད་གར་དེ་གོ་ནས་༼དེའི་སྐབས་ལ་ཞེས་པའོ།༽མི་བུ་མོ་ནི་རྐང་འདྲ་མེད་པོ་ལགས།
  • བཅའ་འདྲི་བྱ་ཡུལ་
    བུ་མོའི་ཚབ་ལ་ནི་བུ་བཱ་ན་ལགས།དེ་ནི་དེ་བཟོ་དགོས་བཱ་ལགས། སྒྲིག་འཛུགས་བཟོ་དགོས་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    བུ་གསར་པ་ཆེན་པོ་ཨབ་དབྲག་གྲས་ཀ་ཨིན་ན། དགེ་རྒན་ལོགས་ལ་རྣམ་ཐར་སློབ་ཀ་གཏོང་ཀྱི་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་གསུམ་གྱི་ནང་ལ་དགོང་མོས་སྤོ་དགོས་བཱ་ལགས།ཉལ་ཆས་སྤོ་དགོས་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    བུ་ཨ་ནས་༼ཆུང་ཆུང་།༽དེ་ཚོ་ལྷ་མོ་རྒན་པ་དེའི་ལོགས་ལ་སློབ་པར་འགྲོ་དགོས་བཱ་ལགས། སྐར་མ་བལྟས།
  • བཅའ་འདྲི་བྱ་ཡུལ་
    རྣམ་ཐར་དེ་དགོང་མོས་རྐྱང་རྐྱང་སློབ་པར་འགྲོ་གོ་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་འཁྲབ་ཡས་དེ་གསར་འཛོམས་རེ་བཞིན་རྟེན་འབྲེལ་བྱས་ཉིན་མ་གཅིག
  • བཅའ་འདྲི་བྱ་ཡུལ་
    ཉིན་མཚན་སློབ་དགོས་བཱ། ཉིན་མ་གཅིག་ཧོབ་ཙམ་ཅིག་སློབ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དེ་ནས་ཞོ་སྟོན་ལ་མ་ཕྱིན་གོང་ནས་ཉིན་མ་གཅིག་ཡང་རྟེན་འབྲེལ་བྱས་ཉིན་མ་གཅིག་འཁྲབ་དགོས་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    འོ་དེའི་ཉིན་པར་དེ་སློབ།
  • བཅའ་འདྲི་བྱ་ཡུལ་
    རྣམ་ཐར་རེའི་རྩིས་གཞི་དེ་མཚན་ནང་གོང་ལ་རྐྱང་རྐྱང་སློབ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    གཟའ་སྐར་སྐར་མ་བལྟས་དེ་ནི་དེ་ས་ནས་ཉལ་ཆས་དགེ་རྒན་ནང་ལ་བསྐྱལ་ཡས་ཡིན་ན་དགེ་རྒན་ནང་ལ་བསྐྱལ།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་རྒན་པ་དེའི་ནང་ལ་བསྐྱལ་ཡས་ཡིན་ན་རྒན་པ་དེའིི་ནང་ལ་བསྐྱལ།
  • བཅའ་འདྲི་བྱ་ཡུལ་
    གང་ལྟར་གཞུང་ཉམ་དྲག་དྲག་༼ཅུང་ལེགས་པ།༽སུ་ཡིན་ནའི་འོ་དེའི་ནང་ལ་ཉལ་ཆས་དེ་ཞོགས་ཀས་ནས་བསྐྱལ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དོ་དགོང་ཆང་བྱས།ཁ་སྟོང་པར་མིན་པ་བྱས། འོ་དེ།
  • བཅའ་འདྲི་བྱ་ཡུལ་
    ངའི་ཨ་ནས་གོ་ནས་༼ཆུང་དུས།༽ལྷ་མོ་ཡེད་༼ང་ཚོ།༽ཕྲུ་གུ་ལྔ་དྲུག་ཅིག་ཡོད་པོ། དེ་ལ་དགེ་རྒན་
  • བཅའ་འདྲི་བྱ་ཡུལ་
    འཕྲིན་ལས་ཟེར་ཡས་ཅིག་ཡོད་ལགས།ལྷ་མོ་རྒན་པ་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    འོ་དེའི་ལོགས་ལ་དགོང་མོ་ཁ་ཤས་འགྲོ་མྱོང་ལའོ།དེའི་ལོགས་ལ་ཕྱིན།རྟ་ལྕགས་གི་སྣ་རྫར་རའི་བཏང་གནང་།
  • བཅའ་འདྲི་བྱ་ཡུལ་
    སྤྲོ་༼སྐབས་འདིར་རྡུངས་པའི་དོན།༽ཡས་ཡི་གོ་རོ་༼མང་ཙམ།༽སྤྲོས་མྱོང་ལའོ།དེ་གས།
  • བཅའ་འདྲི་བྱ་ཡུལ་
    ཕྲུ་གུ་གང་ག་མ་ལས་༼ཚང་མ།༽དམར་ཧྲེང་ད་གར་ཞར་པིན་གཏང་༼རྒྱུགས་པའི་དོན།༽ནས་འགྲོ་བཱ་དེ་ནི།
  • བཅའ་འདྲི་བྱ་ཡུལ་
    ཉལ་སའི་ནང་ནས། ཧུ་དག ཧུ་དག ༼བྲོས་ཕྱིན་པའི་སྒྲ༽སེ།འཇིགས་ཞེ་པོ་སྤྲོས་པཱ།
  • བཅའ་འདྲི་བྱ་ཡུལ་
    ཤེས་ཡས་ཡི་མགྱོགས་པོ་ཤེས་ཀྱིས།དང་ཐོག་དགོང་མོ་གཅིག་ལ་ཨམ་པོ་༼མཉམ་དུ།༽ཕྱིན་ནའི་
  • བཅའ་འདྲི་བྱ་ཡུལ་
    གནང་དགོང་མོས་ཙམ་དགོང་མོ་བཞི་ལྔ་དྲུག
  • བཅའ་འདྲི་བྱ་ཡུལ་
    དྲུག་ཙམ་འགྲོ་བའི་སྐབས་ལ་དེ་ནི་རྣམ་ཐར་རིམ་པས་འདོན་འཚར་གྱིས།
  • བཅའ་འདྲི་བྱ་ཡུལ་
    ཁ་ཤས་ཡར་གོ་རུ་ཤེས། ཁ་ཤས་དང་ཐོག་ད་གའི་མ་ཤེས་པ་བྱས་བསྡད།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་བྱས་པ་སང་ཡི་ཡོང་ཡོང་གིས། ད་སོ་སོའི་རིག་པ་སིལ་ལོས་བཱ་ན་ལགས།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་བྱས་བསླབ་དགོས་བཱ་རྣམ་ཐར། དགེ་རྒན་འགྲིམ།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་དམངས་ཚོགས་ཁོ་རོ་སླའོ་བཏང་།༼ལྷ་མོ་བ་ཀུན་གྱིས་གྲོས་བྱས་པའི་དོན།༽དེ་ནི་
  • བཅའ་འདྲི་བྱ་ཡུལ་
    ཨབ་དབྲག་གསྲ་པའི་རྣམ་ཐར་བསླབ་ངན་༼སློབ་མཁན།༽ཡིན་ན་དགེ་རྒན་ལོགས་ལ་བཏང་།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་གསར་པ་ཡིན་ན་ལྷ་མོའི་དགེ་རྒན་དེའི་ལོགས་ལ་བཏང་།
  • བཅའ་འདྲི་བྱ་ཡུལ་
    ཉལ་ཆས་སྤོས།མཚན་ནང་དགུང་ལ་ཟླ་བ་གསུམ། གསུམ་རིང་སྒང་ལ་འགྲོ་དགོས་བཱ་ལགས།ཨ་ལས་དགོང་མོས།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་རྣམ་ཐར་རེའི་རྩིས་གཞི་དེ་དགོང་མོས་རྐྱང་རྐྱང་སློབ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    གདངས་དེ་རྙོག་དྲ་ཆེན་པོ་ཆེ་དྲག་བཱ་ན་ལགས།
  • བཅའ་འདྲི་བྱ་ཡུལ་
    གདངས་ཨེ་རེའི་༼ང་ཚོའི།༽རྐྱང་ག་ར་ཅིག་བྱས་གདངས་གཏོང་བདེ་པོ་མ་བཱ་ན་ལགས།
  • བཅའ་འདྲི་བྱ་ཡུལ་
    གདངས་ལྐུགས་པའི་གདངས་ཁོ་ར་བཱ། ད་མི་རྩ་ཆེན་པོ་ཨིན་པོ་ཟེར་ཀ་མ་གཏོགས་
  • བཅའ་འདྲི་བྱ་ཡུལ་
    ཤེས་ཁག་ནོ། ཕྲུག་གས་༼ཕྲུ་གུ།༽དེ་ནི། གདངས་མ་ཤེས་པ་བྱས་ཞེ་ དྲག་འགོར་ཀྱིས་ལགས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་འོ་འདུག་སེ་བྱས་ཞོ་སྟོན་ཐག་ར་པོ་དེ་ལྟེ་བ་ར་དེ་མི་གཞུང་གིས་མི་ཚེས་པ་དེ་ནས།
  • བཅའ་འདྲི་བྱ་ཡུལ་
    ཚེས་པ་བདུན་ནས་མ་གཏོགས་ཞོ་སྟོན་མེད་པོ་ལའོ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་སོ་སོ་སོའི་ལྷ་མོ་ཡོངས་རྫོགས་ག་ས་གང་ལ་ག་པྲ་སློང་ག་འགྲོ་ཡས་ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    སོ་སོའི་སྦྱིན་བདག་སྔན་མ་ནས་༼སྔོན་མ་ནས།༽སྦྱིན་བདག་གོ་གོ་ཡིན་ན་འོ་དེ་ ཚོའི་དོ་པར་ཕྱིན།
  • བཅའ་འདྲི་བྱ་ཡུལ་
    དེ་དེ་ནས་ལོག་ཡས་དེ་སོ་སོ་སོའི་ལུང་པའི་བྲེལ་བ་ཚ་ཅིག་བཱ།
  • བཅའ་འདྲི་བྱ་ཡུལ་
    སྤུན་བདུན་པ་ཞེ་དག་སྔ་རྒྱག་ནས་ལོག་འགྲོ་གིས།
  • བཅའ་འདྲི་བ་
    ལྷས་ས་ལ་ཞོ་སྟོན་ལ་འཐད་ན་ཞུག་ལ་ཚུར་ཕེབས་དུས་ཙམ་པ་གསོལ་རས་ར་དེ་འདྲས་ཡོད་ན་མེད་ན།
  • བཅའ་འདྲི་བྱ་ཡུལ་
    གསོལ་རས་ཨ་ནས་ཨ་ནས་ཡོད་པོ་ལགས། གཞུང་ནས་ཨ་ལས་མང་ཤོས་ར་པོ་ཡོད་པོ་དཱ།
  • བཅའ་འདྲི་བྱ་ཡུལ་
    གཞུང་ནས་ཡོད་པོ།དེ་ནི་དོ་པར་གཟིམ་ཤག་ཁག་དང་དགོན་པ་ཁག་དང་དེ་ཚོ་
  • བཅའ་འདྲི་བྱ་ཡུལ་
    རྦད་རས་༼ཡོངས་ཀྱིས་༽གསོལ་རས་གནང་གི་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    གང་གོ་མ་ལུས་ཁ་གུ་ལུད་པ་ཁོ་རོ་༼བློ་ཁེངས་པ་དང་དོན་འདྲ།༽ གསོལ་རས་གོ་རོ་ཡོང་གིས།
  • བཅའ་འདྲི་བྱ་ཡུལ་
    བསགས་བཞག ཇ་དང་།མར་དང་།ཙམ་པ་ཟེར་ཡས་ར་པོ།
  • བཅའ་འདྲི་བྱ་ཡུལ་
    ཁ་བཏགས་ཟེར་ཡས་ར་པོ། དོ་པར་སྣ་ཁ་གང་ག་ནས་བསགས་ཡས་ར་པོ་དེ་ག་རོ་ཡོངས་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཞོ་སྟོན་མ་ཚུགས་གོང་ནས་ཕ་རུ་སྐྱེས་ལྷ་གསོལ།
  • བཅའ་འདྲི་བྱ་ཡུལ་
    འབྲུ་ནི་བ་ཆས་༼མང་ཆེ་བ།༽ད་རྦད་གྲོའི་བཟོ་ར་པོ་དེ་བསྟེར་གྱིས་ཕོ་ཕར། འབྲུ་བསགས་བཞག
  • བཅའ་འདྲི་བྱ་ཡུལ་
    ཕོ་ཕར་ཟ་ཁང་དེ་ཚོ་གས་ཉོ་གིས་གའ། གྲོ་ཡིན་སོང་ནི། བ་ཆས་གྲོ་ཡིན་སོང་ནི། འོ་དོ་པར་བརྩོངས།
  • བཅའ་འདྲི་བྱ་ཡུལ་
    རྩམ་པ་དེ་ཚོ་གྲིབ་པ་ལ་བརྩོངས།དེའི་གོ་ནས་༼དེའི་སྐབས་ལ།༽གྲིབ་པ་གས་རྩམ་པ་ཞེ་པོ་ཉོ་པ་ལགས།
  • བཅའ་འདྲི་བྱ་ཡུལ་
    གྲིབ་པ་ལྟོ་ལྷག་ཟ་ངན་༼ཟ་མཁན།༽ཡིན་ན་ཅིག་བཱ་བྱས་ནས། ལྷས་ས་ལ་རྩམ་པ་དང་ལྟོར་མ་ཉོ་ག་ཞེ་པོ་སླེབས་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    རྩམ་པ་གྲིབ་པ་ལ་བརྩོངས།རྩམ་པ་ཨ་ལུགས་༼ཡག་པོ།༽སེ་མེད་པོ་ལགས། རྩམ་པ་ཕ་གི་ཕུ་གེ་བཟོ་ར་སང་།
  • བཅའ་འདྲི་བྱ་ཡུལ་
    རྩམ་པ་ཨ་ལགས་ཨེ་རེའི་༼ང་ཚོའི།༽ནི་ནས་ཕར་ལ་འཁྱེར་འགྲོ་དགོས་བཱ། འདང་ཡོད་བཞིན་པ་འཁྱེར་ ཕྱིན།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཕོ་ཕར་ཨ་ནི་ཡང་རྩམ་པ་ཡག་ག་རང་ནོ་བསམ་ན་བསགས་བསགས་གྲུང་གྲུང་བྱས་བསགས་བཞག
  • བཅའ་འདྲི་བྱ་ཡུལ་
    འགའ་ཤས་ཡང་ཡག་པོ་ཞེ་པོ་སང་ཡོང་གིས། འོ་དེ་ཚོ་སྤྱི་པ་ལ་བཞག
  • བཅའ་འདྲི་བྱ་ཡུལ་
    བསྒོ་བཤའ་བརྒྱབ། ཤེ་ན་རྩམ་པ་དམངས་ཆེ་བསགས་བཞག་དེ་ནི་གྲིབ་པ་དང་འོ་དོ་པར་བརྩོངས་བཞག
  • བཅའ་འདྲི་བྱ་ཡུལ་
    དེ་ནི་གང་ག་མ་ལུས་དངུལ་སྒྲིལ་ལ་བཏང་།འོ་དོ་པར་འབྲུ་བརྩོངས་མཁན་དང་།
  • བཅའ་འདྲི་བྱ་ཡུལ་
    ཁ་བཏགས་བརྩོངས་ཀྱི་མ་བཱ་ད། ཁ་བཏགས་ཚུར་འཁྱེར་སླེབས་པ་ཡང་།
  • བཅའ་འདྲི་བྱ་ཡུལ་
    དེ་གོ་སོང་༼སྐབས་ལ།༽ཁ་བཏགས་དེ་ བཀྲེས་པོ་༼དཀོན་པོ།༽ཞེ་པོ་བཱ།
  • བཅའ་འདྲི་བྱ་ཡུལ་
    དེ་རིང་སང་རྩིས་བྱས་ན། ཁ་བཏགས་ཚུར་འཁྱེར་སླེབས་བཱ།
  • བཅའ་འདྲི་བྱ་ཡུལ་
    ཁ་བཏགས་དང་ཇ་དང་།དར་ལྕོག་བཟོ་རང་ཟ་དང་དོ་སོང་༼དེ་ཚོ།༽ཚུར་འཁྱེར་སླེབས་བཱ།
  • བཅའ་འདྲི་བྱ་ཡུལ་
    ཤེ་ནི་ཡང་དཔག་ཚོད་མི། གང་ག་མ་ལུས་རུབ་རུབ་བཟོས་ན་བགོ་བཤའ་རྒྱག་ཡས་གོ་རོ་ཡོངས་ཀྱིས།
  • བཅའ་འདྲི་བ་
    ཚུར་ཕེབས་ནས་དེ་ནི་ནོ་རུ་༼འདི་རུ།༽གླིང་གིའི་བཟོ་ར་ཅིག་བཏང་བྱས་བཞུགས་ཀྱི་ཡོད་ན།
  • བཅའ་འདྲི་བ་
    ག་འདྲས་སེ་གནང་ཀྱི་ཡོད་ན།
  • བཅའ་འདྲི་བྱ་ཡུལ་
    ནོ་རུ་ཨ་ནས་ཅིག་སྟོན་ཁ་དེ་མ་བྱས་ཙུགས་གོང་དེ་མེད་པོ་གང་ཡི་མེད་པོ། ཨ་ལས་སྟོན་མ་འཁྲིལ་བཙུགས་གོང་།
  • བཅའ་འདྲི་བྱ་ཡུལ་
    འཁྲལ་པ་ཨ་དུང་༼ད་དུང་།༽ལས་ཀ་ཁག་གོ་བཱ་ན། སྟོན་འཁྲལ་ལངས་པ་དེ་གས། སྟོན་ཁ་ཚུར་འཁྲིལ་སོང་ན།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་སྐྱིད་སྐྱིད་ཉིན་མ་བཞི་ལྔ་གཅིག་གཏོང་ཀྱི་བཱ་ལགས། དོ་པ་སེམས་ཅན་ར་སྔ་འཚལ་ཀ་ཕྱིན། ཆང་བཙོས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ལྷ་མོ་ཐུགས་སྤྲོ་སྔས་མ་ནས་བྱས་ན། བདུན་རེ་རེ་གཏོང་ཀྱི་ཡོད་པོ་ཟེར་ན་དེ།
  • བཅའ་འདྲི་བྱ་ཡུལ་
    བདུན་རེ་རེ་གང་ཡིན་ན་ཉིན་མ་བཞི་ཅམ་ལྔ་ཙམ་ང་དགེ་རྒན་བྱས་ནས་ལོ་ལྟར་བཏང་པོ།
  • བཅའ་འདྲི་བྱ་ཡུལ་
    འོ་སྐྱིད་སྐྱིད་བཟོ་རགས་པོ་ཞོ་སྟོན།ཨ་ལས་ཕོ་འཁྲལ་འཁྱོལ་པའི་དེ་རགས་པོ་དེ་ལ་བད་
  • བཅའ་འདྲི་བྱ་ཡུལ་
    གུ་རགས་པོ་དེ་ལ་འོ་དེ་སྐྱིད་སྐྱིད་དེ་གཏོང་དགོས་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    སྐྱིད་སྐྱིད་གཏོང་དགོས་བཱ་ལགས། ད་ལྷ་མོ་འཁྲབ་ཆས་དེ་འོ་དེའི་ལོ་དེ་གསར་རྐྱང་ཁོ་ར་
  • བཅའ་འདྲི་བྱ་ཡུལ་
    གཞུང་རང་ནས་བཟོ་གནང་བྱུང་མ་གཏོགས་གཞན་འཁྲབ་ཆས་བཟོ་ངན་སེ་མེད་པོ་ལའོ།
  • བཅའ་འདྲི་བྱ་ཡུལ་
    སྦྱིན་བདག་ཚོ་གས་གསོལ་རས་གནང་ཀྱི་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    སྦྱིན་བདག་གཅིག་གས་སྟོད་ལྭ་གསར་རྐྱང་བཟོ་གྱ།༼བཟོ་གི་རེད།༽སྦྱིན་བདག་གཅིག་གས་ཧ་གོ་ཆ་ཁོ་ར་བཟོ་གྱ།
  • བཅའ་འདྲི་བྱ་ཡུལ་
    དེའི་སྐབས་ལ་ཧ་གོ་གྲྭ་པའི་ཧ་གོ་བཟོ་ར་དེ་བཱ་ལགས། སེང་གེ་དེ་བཱ།
  • བཅའ་འདྲི་བྱ་ཡུལ་
    སྣ་ཁུང་ཡར་ལ་འདུག་སེ་བྱས་པ་གཅིག་ནོ་ན། འོ་དེ་བཱ་ལགས། སྦྱིན་བདག་གཅིག་གས་ཧ་གོ་བཟོ་གྱ།
  • བཅའ་འདྲི་བྱ་ཡུལ་
    སྦྱིན་བདག་གཅིག་གས་འོག་འཇུག་དང་། ལྷ་མོའི་དོ་པ་རིང་དང་།
  • བཅའ་འདྲི་བྱ་ཡུལ་
    གནས་ཆུང་དགོན་པ་ཆེ་དག་གས་རིང་དང་བཀྲ་ཤིས་ཞོལ་པ་གི་འབག་དེ་ཡིན་གཅིག་མིན་ཅིག་བཟོ་བཱ།
  • བཅའ་འདྲི་བྱ་ཡུལ་
    འབག་བཀྲ་ཤིས་ཞོལ་པ་གི་འབག་གནས་ཆུང་དགོན་པས་མ་གཏོགས་བཟོ་ཐུབ་མེད་པོ། དེའི་སྐབས་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ནི་གནས་ཆུང་ངས་འབག་དེ་ཨེན་དོད་༼དང་དོད།༽བྱས་བཟོ་པ།
  • བཅའ་འདྲི་བྱ་ཡུལ་
    སྔན་མ་མི་གནས་ཆུང་དགོན་པ་ཟེར་ཡས་དེ་དེ་བྱེད་པོ་ཡིན་ཙ་ན།
  • བཅའ་འདྲི་བྱ་ཡུལ་
    ཁོ་རྣམས་ཚོའི་དགེ་འདུན་པ་བཀྲ་ཤིས་ཞོལ་པ་འཁྲབ་གནང་ངན་ཁག་ཅིག་ནོ་ཀ་༼ཡོད་པའི་དོན།༽ལའོ།
  • བཅའ་འདྲི་བྱ་ཡུལ་
    བསྐལ་པ་སྔ་མོ།འོ་དེ་སྐབས་ལ་ཨ་ནི་ངེད་གས་རས་པ་ནི་ནས་༼འདི་ནས།༽ཕར་ཕུལ།
  • བཅའ་འདྲི་བྱ་ཡུལ་
    རས་པ་ནི་ནས་ཕར་ཕུལ།ཁྱོད་ཚོས་རས་པ་འཁྱེར་ཤོག་དེ་ནི་
  • བཅའ་འདྲི་བྱ་ཡུལ་
    ནི་ནས་ཕྲ་ལ་ཞོ་སྟོན་ལ་འབག་བཟོས་ཞོག་ནོ།༼བཟོས་བཞག་གོ་ཟེར་བའོ།༽
  • བཅའ་འདྲི་བྱ་ཡུལ་
    རས་པ་ཕུལ་བྱས་འབག་ཚོས་དེ་གནས་ཆུང་ངས་ཡིའི་༼ངའི།༽རས་པ་དེ་གས་གས་ཁོ་རྣམས་ཚོ་ལའི་འདང་།
  • བཅའ་འདྲི་བྱ་ཡུལ་
    ཡེད་༼ང་ཚོ།༽ལའི་འདང་། འོ་འདུག་སེ་བཟོ་གནང་ཀྱི་ག།
  • བཅའ་འདྲི་བ་
    རས་པ་དེ་བཟོ་གནང་ཡས་དེ་ཁྱེད་རྣམས་ཚོས་ནོ་པར་
  • བཅའ་འདྲི་བྱ་ཡུལ་
    ར་རི་གོག་༼རེའུ།༽ཆུང་ཆུང་དེ་འདྲས་གསོས་བྱས་དེ་གནང་གི་ཡོད་པོ་གས།
  • བཅའ་འདྲི་བྱ་ཡུལ་
    འོ། འོ་འདུག་སེ་བྱེད་དགོས་བཱ་ལགས། རི་གོག་ཕོ། ཕོ་དེ་སོང་དེ་བྱས།
  • བཅའ་འདྲི་བྱ་ཡུལ་
    ཕོ་དེ་སོང་དེ་བྱས་ཟླ་བ་དྲུག་པའི་ནང་དོ་པར་དེ་ནི་རི་ལ་མ་བཏང་བྱས་བཞག་ནང་ལ་ཚགས་བྱས་གསུམ་ཙམ།
  • བཅའ་འདྲི་བྱ་ཡུལ་
    ར་གསུམ་ཙམ། བཞི་ཙམ། ཁོ་རྣམས་ཚོ་ལ་དགོས་ཡས་བྱས་ན་བཞི་ཙམ།
  • བཅའ་འདྲི་བྱ་ཡུལ་
    ཅ་ག་བྱས་འོ་དེ་ནི་དེ་བྱེད་དགོས་བཱ་ལགས།ཉིན་མ་བཅུ་ཙམ་བཅུ་ཙམ་ཐོག་ལ་འཁྲུ་དགོས་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ར་དེ་བཀྲུས། རྩ་སྦྱིན་བཞག རྩ་སྦྱིན་དེ་མ་སྟེར་བྱས་བང་མ་མ་སྟེར་བྱས།
  • བཅའ་འདྲི་བྱ་ཡུལ་
    བང་མ་སྟེར་ན་སྤུ་དེ་བིད་༼བུད།༽ཀྱི་ག་ལགས།
  • བཅའ་འདྲི་བྱ་ཡུལ་
    རྩ་སྦྱིན། ནང་ལ་གསོས་བཞག་ཉིན་མ་བཅུ་ཙམ་ཅོ་ལྔ་ཙམ་ཐོག་ལ་བཀྲུས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་རྒྱུག་ཤད་རྒྱབ། རྒྱུག་ཤད་རྒྱབ།
  • བཅའ་འདྲི་བྱ་ཡུལ་
    དེ་བྱས་ནས་ཞོ་སྟོན་ལ་མ་ཕྱིན་གོང་དོ་པར་ཟླ་བ་དྲུག་པའི་ཚེས་པ་བཅུ་གྲངས་དོ་པར་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    དེ་བྱེད་ཀྱི་ག་ལགས།རས་པ་ས་མཐིལ་ལ་ཧྲལ་ཧྲལ་དྲད་༼དྲུད།༽འགྲོ་ཀྱི་ག་ལགས།
  • བཅའ་འདྲི་བྱ་ཡུལ་
    འུར་འུར་ལོངས་ཀྱི་ག་ལགས།འོ་དེ་ས་མཐིལ་ལ་བགྲད་པའི་སྐབས་ལ་དེ་ནི་ར་དེ་ཨམ་པོ་༼མཉམ་དུ།༽ཉིན་མ་གཅིག་བཅོས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་རྙེད། ཧམ་རྙེད་བཏང་། གྲངས་མ་༼ཡག་པོ།༽རྙེད།
  • བཅའ་འདྲི་བྱ་ཡུལ་
    སྔན་སྔན་ལ་མི་གཉིས་ཀས་གནས་ཅུང་དགོན་པ་ལ་ཕར་བསྐྱལ་༼སྐྱེལ།༽ཀ་འགྲོ་དགོས་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    བསྐྱལ་ཀ་ཕྱིན་ཨ་ནི་ཕ་ནས་ཁོ་རྣམས་ཚོའི་དེའི་བཟོ་གནང་། བཀྲ་ཤིས་ཞོལ་པ་ལའི་བཟོ་གནང་།
  • བཅའ་འདྲི་བྱ་ཡུལ་
    འབག་རྩིས་གཞི་གང་དེ་གནས་ཆུང་གས་རྩིས་བླངས་བྱས་དཔེ་བཟོ་གནང་ཀྱི་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    འབག་ལྡན་མ་དེ་ཐོག་ག་བྱས་བཟོ་ལྟ་ཡག་ག་བྱས།
  • བཅའ་འདྲི་བ་
    འབག་བཟོ་ལྟ་དེ་གའི་ཁོ་གཞན་དག་དང་མ་འདྲ་དཀྱིལ་མར་ཀོང་ཙམ་མེད་དྲོ།
  • བཅའ་འདྲི་བྱ་ཡུལ་
    འོ་མར་ཀོང་ཙམ་ཡོད་པོའོ།ཐེར་ཐེར་ཐེར་རྐྱང་མ་བཱ་ལགས། དཀྱིལ་དེ་ཉམ་༼ཅུང་ཟད།༽ཀོང་ཙམ་ཡོད་པོ།
  • བཅའ་འདྲི་བྱ་ཡུལ་
    དགོན་པ་དེ་དེ་ནོ་གོ་ལགས།བསྐལ་པ་སྔ་མའི་འབག་དེའི་པར་ནོ་གོ་ལགས།
  • བཅའ་འདྲི་བྱ་ཡུལ་
    པར་དེ་སྡེ་པ་འཐེན་རེས་བཞིན་ཕར་ཚུར་རྩིས་ལོན་རྒྱག་དགོས་བཱ་ཟ་༼ཟེར།༽རྩིས་སྤྲོད་རྒྱག་དགོས་བཱ་ཟ།
  • བཅའ་འདྲི་བྱ་ཡུལ་
    འབག་དེ་འོ་དེ་བཟོ་ཡས་དེ་། འོ་དེ་གཡོག་རས་དེ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ལ་གཡོག་དེ་ནི་དེ་ནི་སྐྱོབ་ར་དེ་གང་གཏོང་ཀྱི་ཡོད་ན་ཚི་དམ་པོ་ཞེ་པོ་གཅིག་ནོ་ལགས།
  • བཅའ་འདྲི་བྱ་ཡུལ་
    ལས་སླ་པོ་ནོ་སེ་དེ་བྱེད་མི་ནི་ཀ་ལགས།ད་དེ་རིང་སང་ཡེད་འབག་ཞེ་དག་ལ་ལྟ་ཡས་མེད་པོ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་འབག་ཀྲབ་༼སྲབ་༽མོའི་གང་དོ་རུ་པྲུ་གུས་༼ཕྲུ་གུས།༽ཤེད་བྱས་བསྡམས།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ནི་འབག་ཡར་འབུར་འབུར་ཆགས། སྔ་མ་འབག་ཡིན་ན་གང་འདྲ་འབུར་འབུར་ཆགས་ཡས་མེད་པོ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཁྲིག་གི་སྡོད་ཀྱི་བཱ་ལགས། འབག་ལ་བཟོ་པོ་ཞེད་པོ་བྱེད་དགོས་བ་ལགས་བཱ་མཐུག་པོ་བྱས།
  • བཅའ་འདྲི་བྱ་ཡུལ་
    གྲངས་མ་༼ཡག་པོ།༽བཟོ་གནང་ཀྱི་བཱ།གནས་ཆུང་དགོན་པས།སྦྱིན་བདག་དེ་སོང་༼དེ་ཚོ།༽ཡག་གོ་ཡོད་པོ་ལཱོ།
  • བཅའ་འདྲི་བྱ་ཡུལ་
    བཀྲ་ཤིས་ཞོལ་པ་ལ་དཀུན་སྡེ་གླིང་ནས་བཟོ་གནང་ཀྱི་བཱ། གནས་ཆུང་དགོན་པས་བཟོ་གནང་ཀྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དོ་པར་གཟིམ་ཤག་ཁག་ཚོ་གས་བཟོ་གང་ཀྱི་བཱ་ལགས།
  • བཅའ་འདྲི་བ་
    དེ་ནི་ཁྱེད་རྣམས་ཚོའི་ཕ་རུ་ལྷས་ས་ལ་དཔོན་ཁུངས་བཟོ་ར་གཅིག་ཡོད་དྲོ།
  • བཅའ་འདྲི་བ་
    དེ་དེ་སྦྱིན་བདག་གི་དཔོན་ཁུངས་བཟོ་ར་སང་།
  • བཅའ་འདྲི་བྱ་ཡུལ་
    དཔོན་ཁུངས་བྱས་ན་དཔོན་པོ་ལྟེ་བ་སྐུ་བཟང་ཡེད་བྱས་ན་སྐུ་བཟང་རྩིས་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་ཕྱེད་ཀའི་དཔོན་ཁུངས་ནོ་རུ་དགོན་པ་ནི་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    བཀྲ་ཤིས་ཆོས་སྡེ་ནི་བཱ་ལགས།ཁོ་གཉིས་ཁབ་སྡེབ་བྱས་ལྷ་མོ་དེ་དེ་བྱེད་ཀྱི་ག་ལགས།
  • བཅའ་འདྲི་བ་
    མཉམ་དུ་དེ་བྱས།
  • བཅའ་འདྲི་བྱ་ཡུལ་
    ལགས་འོ།
  • བཅའ་འདྲི་བྱ་ཡུལ་
    ཞོ་སྟོན་ལ་མི་མ་འདང་ན་མི་ཉུང་དྲག་ནའི་ཕ་ནས་མི་སྣོན་པས་འཇུག་དགོས་གསུངས་པ་ར་གཅིག་
  • བཅའ་འདྲི་བྱ་ཡུལ་
    ཡིན་ན་དེ་ཚུར་ཡོང་བྱས་དཔོན་པོ་སྙན་སེང་ཞུས་བྱས་གཞུང་ནས་མི་སྣོན་པས་གོ་ཟེར་
  • བཅའ་འདྲི་བྱ་ཡུལ་
    བཀའ་རྒྱག་གིས་བྱས་དེ་ནི་ཁོ་གཉིས་མི་སུ་མང་ང་ཡོད་ནའི་ཉུང་ན་དེ་གས་མི་སྣོན་པས་གཏོང་དགོས་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཁོ་གཉིས་ལྷ་མོ་མི་མི་གྲངས་དེ་འོ་ཁེ་སྨད་གཞིས་ཀ་དང་དགོན་པ་ནི་ལ་ཁེལ་གྱི་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཁོང་གཉིས་ཀས་རྫོངས་དགོས་བཱ་ལགས། ཨ་ནི་མི་བཀྲ་ཤིས་ཞོལ་པ་ད་མི་ཡག་གོ་མི།
  • བཅའ་འདྲི་བྱ་ཡུལ་
    རྟེན་འབྲེལ་བཟང་པོ་དང་སྦྱིན་བདག་ཡི་ཡག་གོ་སང་།
  • བཅའ་འདྲི་བྱ་ཡུལ་
    གཞན་ནི་ཨ་ལུགས་༼ཡག་པོ།༽བྱས་ན་དཔོན་ཁུངས་གས་གོ་ལོག་བཟོ་དགོས་བཱ་དེ།
  • བཅའ་འདྲི་བྱ་ཡུལ་
    མི་དཔོན་ཁུངས་གས་གོ་ལོག་ཞེ་དྲག་བཟོ་དོག་མེད།
  • བཅའ་འདྲི་བྱ་ཡུལ་
    འཁྲབ་ཆས་ཁྲིག་སང་༼ཆ་ཚང་།༽སྦྱིན་བདག་ཚོ་གས་གསོལ་རས་གནང་གི་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་གཟིམ་ཤག་གཅིག་གས་ནི་རྔ་གསར་རྐྱང་གཙང་ཡི་མངག་གནང་བྱས་རྔ་གསར་རྐྱང་གཅིག
  • བཅའ་འདྲི་བྱ་ཡུལ་
    རྦད་བརྡུང་ཆོག་ཆོག་བཱ། སྐད་ཡག་ག་གཅིག་ནོ། མེ་ཏོག་དེ་སོང་ཚོན་ཡག་ག་གཅིག་ནོ།
  • བཅའ་འདྲི་བྱ་ཡུལ་
    དང་དོད་བྱས་སོ་སོའི་ལྷ་མོ་གི་ཞལ་ར་པོ་དེ་ཞེ་དྲག་ཡོད་པོ་ང་ཚོའི་བཀྲ་ཤིས་ཞོལ་པ་ཟེར་ག་བྱས་
  • བཅའ་འདྲི་བྱ་ཡུལ་
    དེ་བྱེད་དོགས་ཀྱིས་ཆགས་སྣང་ཟད་དོག་གིས་འཁྲབ་ཆས་བཟོ་ངན་ཡག་པོ་ཡོང་གིས་ན། གྲངས་མ་ཡོང་གིས་དེ།
  • བཅའ་འདྲི་བྱ་ཡུལ་
    ད་རྗེས་ལ་ད་དེ་རིང་སང་འ་བཱ་ལ་ལ་ཐེབས།ད་ལྷ་མོ་ལ་བདག་གོ་སྤྲོད་ངན་སེ་མེད་པོ་ལགས།
  • བཅའ་འདྲི་བ་
    ཨེ་རེའི་དེ་ནས་ལོ་གསར་ལ་ཚེས་པ་གཅིག་དང་གཉིས་ལ་ཕ་རུ་རྒྱལ་བཟང་ལ་འཁྲབ་ཀ་ཐད་དགོས་བཱ་ན་ལགས།
  • བཅའ་འདྲི་བྱ་ཡུལ་
    འོ་བཱ་ལགས།
  • བཅའ་འདྲི་བ་
    འོན་ཆོས་སྐྱིད་བླ་བྲང་དེ་རུ།
  • བཅའ་འདྲི་བྱ་ཡུལ་
    འོ་བཱ། རི་འི་སྒང་ཡ།
  • བཅའ་འདྲི་བ་
    དེ་ནས་ད་གཞན་དག་ས་ཆ་ག་པར་ག་པར་ཐད་ཀྱི་ཡོད་ན་ལགས།
  • བཅའ་འདྲི་བྱ་ཡུལ་
    ཚེས་པ་གཅིག་དང་གཉིས་ལ་ཡ་རུ་ལོ་གསར་ལ་ཡ་རུ་འཁྲབ། དེ་ནས་ཟླ་བ།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་ཟླ་བ་བཅུ་པ་ཙུགས་གོང་མེད་པོ།
  • བཅའ་འདྲི་བ་
    ལྕགས་ཟམ་ལ་ཐད་དགོས་མ་བཱ་ནས།
  • བཅའ་འདྲི་བྱ་ཡུལ་
    ལའོ།
  • བཅའ་འདྲི་བ་
    ལྕགས་ཟམ་ཡོ་པར་ཐད་དགོས་མ་བཱ་ནས།
  • བཅའ་འདྲི་བྱ་ཡུལ་
    ལྕགས་ཟམ་ལ་སྔོན་མ་ཡེད་ཨིན་པོ་ཟ།༼ང་ཚོ་རེད།༽ལྟེ་བ་བྱས་ན་བཀྲ་ཤིས་ཞོལ་པ་ཨིན་པོ་ཟ།དེ་ལ་དེ་བྱས་པོ་ཟ།
  • བཅའ་འདྲི་བྱ་ཡུལ་
    ཡེའི་༼ང་ཚོའི།༽ཁོ་རྣམས་ཚོ་རྒན་པ་ཚོ་གས། ཕ་རུ་བཀྲ་ཤིས་ཞོལ་པ་ཨེ་རེའི་འོན་ལ་འགྲོ་ཡས་དང་
  • བཅའ་འདྲི་བྱ་ཡུལ་
    ཡ་རུ་འགྲོ་ཡས་དེ་གབ་ཐུག་རྒྱབ་དེ་ནི་ཡ་གི་ཤོར་པོ་སེ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཡ་རུ་སྤུན་བདུན་ཁོང་རྣམས་ཚོ་ར་གཡང་ཡིན་པ་ན་ར་གཡང་འདྲ་ཕལ་ཆེར།
  • བཅའ་འདྲི་བྱ་ཡུལ་
    གཅིག་གས་བཀྲ་ཤིས་ཞོལ་པ་ཡིན་ཟེར་གནང་། འོན་ལྕགས་ཟམ་ཆུ་པོ་རི་ལ་ལོ་གསར་ལ་འོ་ཡ་རུ་འཐད་ཀྱི་པོ་སེ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་བཀྲ་ཤིས་ཞོལ་པ་སྦྱིན་བདག་དེ་ཨིན་ཡས་བྱས་ན་ལྕགས་ཟམ་ཡིན་པོ་དེ་ཡ་གི་ཤོར་པོ་གནང་གིས།
  • བཅའ་འདྲི་བྱ་ཡུལ་
    ད་ཨེ་རཱི་ལྕགས་ཟམ་དེ་ཤོར་པོ་དེ་ནི་སྤུན་བདུན་པོ་ཁོང་རྣམས་ཚོས། ར་གཡང་ཟེར་ཡས་དེ་གས་ཁག་ཐེག་བྱས་བྱུང་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཡེ་ཕ་རུ་ཡིན་ཅིག་མིན་ཅིག་འོན་ཆོས་སྡེའི་བླ་བྲང་ལ་འགྲོ་དགོས་ཡི་ག་ཡ་རུ་རྒྱལ་སྲས་
  • བཅའ་འདྲི་བྱ་ཡུལ་
    རིན་པོ་ཆེ་བྱེ་༼ཡི།༽བླ་མ་ཞེ་པོ་དེ་ཡོད་ཙང་།
  • བཅའ་འདྲི་བྱ་ཡུལ་
    ཕ་རུ་རྟགས་རྟེན་འབྲེལ་དེ་དེ་ནི་ཚེས་པ་གཅིག་ལ་རྦད་དེ་གཟབ་གཟབ་སིལ་སིལ་ཞེ་པོ་བསྐྱངས་དགོས་ཡས།
  • བཅའ་འདྲི་བྱ་ཡུལ་
    རྟེན་འབྲེལ་གཞན་དང་མ་འདྲ།
  • བཅའ་འདྲི་བྱ་ཡུལ་
    མི་ནས་ཡར་ཡ་རུ་ཚོགས་ཚུགས་པ་དང་དགོན་པའི་གཙུག་ལག་ཁང་ནས་
  • བཅའ་འདྲི་བྱ་ཡུལ་
    དཔེ་ཀློག་གསོན་ཚོགས་ཡར་ཚུགས་པ་དང་ཐོག་ལྕགས་སྒང་ནས་མཁར་རྡུང་།
  • བཅའ་འདྲི་བྱ་ཡུལ་
    དུང་ཆེན་བཏང་། རྒྱ་གླིིང་བཏང་། གབ་ཐུག་རྒྱབ་པ་དང་ནི་ནས་ཡར་བཀྲ་ཤིས་ཞོལ་པ་གས་བཀྲ་ཤིས་བརྒྱབ།
  • བཅའ་འདྲི་བྱ་ཡུལ་
    ཡིན་ཅིག་མིན་ཅིག་གབ་ཐུག་དེ་དགོས་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    ཡིན་ནས་དའ་་་་་དའ་་་་དའ་སེ་བྱས་པ་དང་ནི་ནས་རྡང་སེ་རྒྱག་གི་ཀ་པི་ནི་ག
  • བཅའ་འདྲི་བྱ་ཡུལ་
    འོ་དེ་རྟེན་འབྲེལ་དེ་ཞེ་པོ་དགོས་ཀྱིས་ལགས། ག་ཐུག་ར་དེ་མི།
  • བཅའ་འདྲི་བྱ་ཡུལ་
    བསྐལ་པ་སྔ་མའི་འོ་འདུག་སེ་འཁྲབ་དགོས་ཀྱིས། འོ་འདུག་སེ་འཁྲབ་དགོས་ཀྱི་ལགས།
  • བཅའ་འདྲི་བྱ་ཡུལ་
    ཚེས་པ་གཅིག་ལ་འཁྲབ། ཚེས་པ་གཉིིས་ལ་འཁྲབ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་གཉིས་དགོང་མོས་དེ་ད་ལོས་གསར་ཡིན་ཙང་བྱས་པོ། དེ་ནི་ཆང་ཞེ་པི་ཡེད་རང་ཆང་མ་དེ།
  • བཅའ་འདྲི་བྱ་ཡུལ་
    དེའི་སྐབས་ལ་ཕྲུ་གུ་ཆ་བཱ་དེ་ཁོ་རྣམས་ཚོ་རྒན་པ་དེ་སོང་དག་
  • བཅའ་འདྲི་བྱ་ཡུལ་
    གཉིད་བབས་ས་བབས་ས་རྒས་པོ་གཅིག་ལ་དེ་ནི་བོང་གུ་༼བོང་བུ།༽ལ་ཁལ་བསྐལ།
  • བཅའ་འདྲི་བྱ་ཡུལ་
    ད་འགྲོ་དགོས་བཱ་སེ། ནང་ལ་འགྲོ་དགོས་བཱ་སེ། ལོ་གསར་བཱ་སེ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་གནམ་མའི་དཀྱིལ་ལ་ཡོང་དགོས་བཱ་ཕ་ནས་ཚུར།
  • བཅའ་འདྲི་བྱ་ཡུལ་
    ནང་ལ་ཚེས་པ་གསུམ་ཉིན་པ་དེ་ཚེས་པ་གཅིག་དང་གཉིས་ལ་འཁྲབ།
  • བཅའ་འདྲི་བྱ་ཡུལ་
    གསུམ་ལ་ཚུར་ཡོང་དེ་ནི་ད་བཅུ་པའི་ནང་ལ།དང་གོའི་ནང་ལ་འོ་ཕ་རུ་འཁྲབ།
  • བཅའ་འདྲི་བྱ་ཡུལ་
    བཅུ་པའི་ཚེས་པ་གང་བཱ། ཉིས་བཤུ་བཞི་དང་།ཉིས་བཤུ་ལྔ་དང་དྲུག་ལ་དགའ་ལྡན་ལྔ་མཆོད་ལ་
  • བཅའ་འདྲི་བྱ་ཡུལ་
    ཨེ་རེའི་རྩེ་ཚོགས་པ་ལ་འཁྲབ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    མ་རུ་མི་བསྐལ་པ་སྔ་མ་ནས་མིས་འབྲོམ་ཆོས་པའི་དེ་རྟེན་འབྲེལ་གནང་གི་ག་མིས།
  • བཅའ་འདྲི་བྱ་ཡུལ་
    འབྲོམ་ཆོས་པའི་ཉིན་མ་གཉིས་ཞེ་པོ་བཏང་ཀྱི་ག་ལགས། དེ་ནི་མིས་འབྲོམ་ཆོས་མ་གསོལ་པས་མིས།
  • བཅའ་འདྲི་བྱ་ཡུལ་
    ལྷན་རྒྱས་ཁག་དང་གནས་ཚང་དང་གང་ག་ནས་མིས་གསོལ་རས་བཏང་ཀྱི་བཱ་ན།
  • བཅའ་འདྲི་བྱ་ཡུལ་
    མ་གི་བཀྲ་ཤིས་ཞོལ་པ་གི་སྦྱིན་བདག་ཨོ་མ་གི་ཞེད་ཤོས་བཱ་ནོ་གོ་མིས།
  • བཅའ་འདྲི་བ་
    འོ་མ་གི་དྲ་རྒྱས་པོ་ནོ་ག་མིས།
  • བཅའ་འདྲི་བྱ་ཡུལ་
    ཨ་ལ་པ་ལ་མེད་པོ་ལགས།༼ཧ་ཅང་ཡག་པོ་ཡོད་པའི་དོན།༽དགོང་དག་གོང་ནས་༼སྐབས་ལ།༽ཤག་རེ་རེ་ནས་
  • བཅའ་འདྲི་བྱ་ཡུལ་
    ཕྱག་འབྲུ་འབོ་རེ་རེ་ཡོད་པོ་ཟེར་ཀ རྡོ་བཅལ་བྱས་དག་དག་༼ཁེངས་པ།༽ཁངས་༼ཁེངས།༽སྡོད་ཀྱ་དེ་ནི།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དགེ་བསྐོས་གས་དམ་འགྲོས་བསྐྱངས།
  • བཅའ་འདྲི་བྱ་ཡུལ་
    རྗེས་ལ་མིས་དགེ་བསྐོས་གས།དགེ་བསྐོས་ཡག་གོ་༼པོ་༽ཞེད་པོ་ཡོད་བཱ་ལགས་
  • བཅའ་འདྲི་བྱ་ཡུལ་
    དེ་ཉིས་ཤུ་བཅོ་བརྒྱད་ཉིན་པ་དེ་མར་མཇུག་རྩིས་ཞུ་ལ་བཅར་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ཁོང་རྒན་པ་གསུམ།དེ་ནི་དེའི་ཉིན་པ་དེ་དགེ་བསྐོས་ལའི་གནང་འཇག་ཞུ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་ལགས་ཐུགས་ཆེ།ཕྱག་གཡས་པའི་བརྐྱངས་ཕྱོགས་ཨིན་སེ་བྱས་ནས་
  • བཅའ་འདྲི་བྱ་ཡུལ་
    ད་མིས་དགོན་པའི་དགེ་འདུན་པས་ཕྱག་འབྲུ་གསོལ་རས་གནང་ཡས་གནང་ཀྱིས་དེ་འགའ་ཤས་ནི་མིས་
  • བཅའ་འདྲི་བྱ་ཡུལ་
    དིང་༼བརྟིང་།༽མོའོ་གོ་སོབ་བཱ་སེ། འགའ་ཤས་ནི་གོ་སོབ་བཱ། འགའ་ཤས་ནི་དེ་བྱེད་ཡིས་སེ།
  • བཅའ་འདྲི་བྱ་ཡུལ་
    དགོང་དག་གོ་ལས་འབོ་དེ་བླགས་དོག་ཡོང་ཀྱི་ཡོད་པ་ན་གང་ཤེས།
  • བཅའ་འདྲི་བྱ་ཡུལ་
    གཞོགས་གཡས་གཞོགས་གཡས་འགྲོ་སའི་དཀྱིལ་མར་གཞོར་ལོག་རྒྱབ་ཆོས་སྒོ་རྒྱང་གིས་དའ།
  • བཅའ་འདྲི་བྱ་ཡུལ་
    དེ་སོང་དགེ་བསྐོས་གས་སྐྱབས་འཇུག་བྱེད་ཐུབ་པ་ཅིག་སེ།
  • བཅའ་འདྲི་བྱ་ཡུལ་
    སྐྱབས་འཇུག་ཞུས་པ་དང་དེ་ནི་མཇུག་ལ་དགེ་བསྐོས་གས་རྟ་ལྕག་དེ་འཁྱེར།
  • བཅའ་འདྲི་བྱ་ཡུལ་
    ཕྱག་འཇུག་གནང་བྱས། གླ་བྱེད་ལུགས་པའི་ལོ་དེ་རུ། རྡོ་གཅལ་སྒང་དེ་རུ་བཞུགས་བྱས།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ནས་ཡག་གོ་ཞེད་པོ་བྱས་སོང་།
  • བཅའ་འདྲི་བྱ་ཡུལ་
    ད་འབྲུ་ཤོས་མི་ནིས་འབྲུ་ཤོས་ཡི་མ་ཤོས་དེ་ནི་དེ་ནས་དེ་བཀན་ཀྱི་པོ་ཟ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཞོགས་ཀས་ཡ་རུ་ཚོགས་ལ་ཆུན་གནང་པའི་ག་དུས་སྐབས་ལ་འབྲུ་དེ་ཡ་རུ་ཤག་རེ་རེ་ནས་འཁྱེར་ནས་ཆུན་བྱེད་ཀྱི་འདྲ་ནུའུ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དགེ་བསྐོས་གས་དིང་མི་ནས་ཡར་སྐྱོགས་གནང་།
  • བཅའ་འདྲི་བྱ་ཡུལ་
    ནོ་སེ་ཨ་ལོག་རྒྱབ་གནང་ཀྱི་ཡོས་པོ་ས།འོ་དེ་གས་ཁྱད་ཞེ་པོ་བྱུང་པོ་ཟ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཤེ་ནི་ཁྱེད་ཀ་གོ་སོབ་བྱས་ཁ་ད་རུ་འབྲུ་བྱས།འགོ་སྟོད་ཕ་འོ་འདུག་སེ་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་མི་སོ་སོའི་དེ་རགས་པོ་བཱ་ན་མིས། མཐོང་སོའི་དེ་རགས་པོ་བཱ།
  • བཅའ་འདྲི་བྱ་ཡུལ་
    འགའ་ཤས་ནི་མིས་གཙང་རྐྱང་བྱས་ནས་ནོག་༼ཡོད།༽དེ།མ་གི་དགོན་པ་མ་གི་དྲིན་ཆེན་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    མ་ནས་དྲང་མ་གསོལ་རས་སྦྱིན་གྱི་བཱ་ནོ་ག
  • བཅའ་འདྲི་བྱ་ཡུལ་
    བཅུ་པའི་ནང་ལ་འོ་མ་རུ་འགྲོ་དགོས་བཱ་ལགས། ཚེས་པ་ཉིས་ཤུ་ལྔ་དང་དྲུག་ལ་འོ་མ་རུ་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་བཅུ་གཅིག་བཅུ་གཉིས་པ། བཅུ་གཅིག་པའི་ལྷ་བབས་དུས་ཆེན་ལ་ཉིན་མ་གསུམ་འཁྲབ།
  • བཅའ་འདྲི་བ་
    བཅུ་པ་བྲོ་གཞས་ཟེར་དེ་བཱ་ན།
  • བཅའ་འདྲི་བྱ་ཡུལ་
    ལའོ།
  • བཅའ་འདྲི་བ་
    རི་བོ་བདེ་ཆེན་དེ་བཅུ་པ་བྲོ་གཞས་ཟེར་དེ་བཱ་ན།
  • བཅའ་འདྲི་བྱ་ཡུལ་
    བཱ་ལགས། འཕྱོངས་རྒྱས་བཅུ་པ་བྲོ་གཞས་ཟེར་དེ་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་མཆོག་ལྔ་པ་ཆེན་པོའི་མཇལ་སྒོའི་དེ་བཱ་ནོ་ག་ལགས།
  • བཅའ་འདྲི་བྱ་ཡུལ་
    མཛད་སྒོ་དེ་ད་སེ་མིས་བྲོ་གཞས་ཉིན་མ་བདུན་ཡོད་པོ་གོ་ལགས་དགོན་པའི་ནང་ལ།
  • བཅའ་འདྲི་བ་
    ཡར་ཀླུང་ནང་ཁུག་ནས་བྱས་ན་ཡར་ཀླུང་བཀྲ་ཤིས་ཞོལ་པ་དང་ཧ་ལོ་སྒང་གི་བྲོ་དེ་བཱ་ན།
  • བཅའ་འདྲི་བྱ་ཡུལ་
    བཱ་ལགས། ཧ་ལོ་སྒང་ཞུག་དོ་རུ་བཱ། ཡེད་༼ངེད་༽བྱས། ཧ་ལོ་ཉིན་མ་གསུམ་བཱ་དེ་ཡང་ཁོ་ཚོ་ཉིན་མཚན་འཁྲབ་དགོས་མི་ནིས།
  • བཅའ་འདྲི་བྱ་ཡུལ་
    ཁོང་རྣམས་ཉིན་མོས་དོ་དགོང་ཨ་ན་ཅིག་གནམ་བསྟོད་བཟོ་ར་ཅིག་བརྒྱབ།ཞོགས་ཀས་ཨ་ནས་གནམ་བསྟོད་བརྒྱབ།
  • བཅའ་འདྲི་བྱ་ཡུལ་
    ཉིན་མོའི་དཀྱིལ་དེ་རུ་བཀྲ་ཤིས་ཞོལ་པ་གས་འཁྲབ། ཁོ་ཚོ་ཉིན་མཚན་ད་སེའི་ཆར་གུག་གས་ཁ་སྡུམ་བརྒྱབ།
  • བཅའ་འདྲི་བྱ་ཡུལ་
    མཐའ་ཕོ་སྒོར་སྒོར་ད་སེ་བྱས་དེ་ནི་མིས་དགོང་མོས་ཇ་ཐུག་དང་གཏོང་ད་
  • བཅའ་འདྲི་བྱ་ཡུལ་
    དེ་སོ་མིས་གསོལ་རས་གནང་པ་དེ་གས་བསྣམས།ཁོང་ཉིན་མཚན་སྐྱིད་ཤང་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་དེ་དེ་ཨིན་པོ་ཟེར་ལགས། འོ་དེ་གོ་ཐུག་ཡིན་ན་བྱས་སོང་ནི་ཡིན་ནས་མར་ལ་ཡ་རུ་རི་བོ་བདེ་ཆེན་གཞིས་ཀ་ཡོད་པོ་ན།
  • བཅའ་འདྲི་བྱ་ཡུལ་
    གཞིས་ཀ་དེ་འབྲུ་ལོ་རེ་ལོ་རེ་ཡིན་ནས་མར་དེ་བྱེད་དགོས་བཱ་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ཧ་ལོ་སྒང་ག་གས་རི་བོ་བདེ་ཆེན་ལ་དབོར་དགོས་བཱ་ཟེར་ན།
  • བཅའ་འདྲི་བ་
    ཨ་ལས།
  • བཅའ་འདྲི་བྱ་ཡུལ་
    དབོར་འདྲེན་རྒྱག་དགོས་བཱ་ཟེར་ན།འོ་དེ་དཀའ་ལས་ཁ་གོ་ཡིན་སོང་ནི་འོ་དེལ་ཆགས་པོ་ཟེར་ཡིས།
  • བཅའ་འདྲི་བྱ་ཡུལ་
    ཉིན་མཚན་བྲོ་པ་འཁྲབ་མོ་དགོས་དེ། བྲོ་པ་དང་གཞས་མ། ཉིན་པ་བཀྲ་ཤིས་ཞོལ་པ་གས་འཁྲབ།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་བཱ་ཟེར་ཡིས་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་ཡ་རུ་འཁྲབ་ཡས་དེ་མིས་བཀྲ་ཤིས་ཞོལ་པ་མིས་རི་བོ་བདེ་ཆེན་ནས་དེ་གནང་ཡས་དེ་
  • བཅའ་འདྲི་བྱ་ཡུལ་
    ཡེ་ཤེས་ནོར་བུ་སྐུ་ཕྲེང་ལྔ་པའི་ཞལ་ཆེམས་དང་མ་དྲག་བཀྲ་ཤིས་ཞོལ་གཉིད་ལམ་བཏང་བྱུང་སེ།
  • བཅའ་འདྲི་བྱ་ཡུལ་
    ད་ནིའི་མཛད་སྒོ་དེ་ལ་བཀྲ་ཤིས་ཞོལ་པ་དགོས་ཡོད་གསུངས་བ་ཡིན་ཙ་ན།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ནས་དེ་ནི་རི་བོ་བདེ་ཆེན་དང་ཁ་མ་བྲལ་བ་བྱེད་ཡས་དེ་འོ་འདུག་སེ་བཀྲ་ཤིས་ཞོལ་པ་འོ་འདུག་སེ་ཕར་བསྐྱངས་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    གཞན་ནི་མིས་འཕྱོངས་རྒྱས་མངའ་འོག་ལ་མིས་ཨེ་རེའི་འཕྱོངས་རྒྱས་བཀྲ་ཤིས་སྤུན་བདུན་པ་
  • བཅའ་འདྲི་བྱ་ཡུལ་
    ཁོང་རྣམས་ཚོ་ཁག་གཉིས་ཡོད་པོ་ན། ཁུངས་ར་པོ་བྱས་ན་ཁོ་རྣམས་ཚོའི་ཡར་རྟེན་འབྲེལ་ཞུ་གནང་ཡས་ར་ཅིག་ཡོད་པོ་དེ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་རྗེས་ལ་འོ་བཀྲ་ཤིས་ཞོལ་པ་དེ་འོ་འདུག་སེ་གཉིད་ལམ་ལ་བཏང་བྱུང་སེ་བཀའ་ཕེབས་བྱས་
  • བཅའ་འདྲི་བྱ་ཡུལ་
    ཡེ་ཤེས་ནོར་བུ་སྐུ་ཕྲེང་ལྔ་པའི་གཟིམ་ནང་ལ་བཏང་བྱས་དེ་ནི་འོ་བཀྲ་ཤིས་ཞོལ་པ་དེ་
  • བཅའ་འདྲི་བྱ་ཡུལ་
    འོ་བཀྲ་ཤིས་ཞོལ་པ་གིས་ཡ་རུ་རྟེན་འབྲེལ་ལ་དང་ཐོག་འོ་ཡ་རུ་འཕྱོངས་རྒྱས་ལ་འཁྲབ་པ་ཨིན་སོང་ནི་
  • བཅའ་འདྲི་བྱ་ཡུལ་
    རྟེན་འབྲེལ་དང་གོ་དེ་ལ་ཡ་རུ་ཕྱིན་པ་ཡིན་སོང་ནི་དེ་ནི་འཕྱོངས་རྒྱས་བཀྲ་ཤིས་སྤུན་བདུན་པ་གས་
  • བཅའ་འདྲི་བྱ་ཡུལ་
    ཕ་རུ་ཤར་ཁོ་རོ་ལྷས་སར་ཞོ་སྟོན་ལ་རྟེན་འབྲེལ་ལ་ཕྱིན་པོ་ཟེར་ཀ
  • བཅའ་འདྲི་བྱ་ཡུལ་
    ད་ཨེ་རེ་དེ་ལ་འགྲོ་དགོས་བཱ་སེ་ལྷས་ས་ལ་འགྲོ་དགོས་བཱ་སེ། ཨེ་ལ་ཡ་རུ་རྟེན་འབྲེལ་དང་པོ་དེ་མ་བྱུང་པོ་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཡ་རུ་བཀྲ་ཤུས་ཞོལ་པ་གས་དེ་ཕྱི་པོ་ཟེར། སྤུན་བདུན་གས།
  • བཅའ་འདྲི་བྱ་ཡུལ་
    འཕྱོངས་རྒྱས་བཀྲ་ཤིས་སྤུན་བདུན་གས་པད་སྣ་སྤུན་བདུན་གས།ཕ་རུ་ཐོའི་ནང་ལ་
  • བཅའ་འདྲི་བྱ་ཡུལ་
    སྡེ་པ་གཞུང་གི་ཐོའི་ནང་ལ་སྤྱིར་བཏང་ཐོ་བཤེར་གནང་གོའི་སྐབས་ལ་
  • བཅའ་འདྲི་བྱ་ཡུལ་
    འཕྱོངས་རྒྱས་བཀྲ་ཤིས་པད་སྣ་སྤུན་བདུན་པ་སེ་འོ་དེ་དོན་༼ཐོན།༽ཀྱི་མིས།
  • བཅའ་འདྲི་བྱ་ཡུལ་
    བད་སྣའི་ནས་འདྲ།དང་ཐོག་བྱས་ན།
  • བཅའ་འདྲི་བ་
    བད་སྣ་ནས་མི་ཁ་ཤས་ཤིག་ཡོད་པོ་ཟ།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་སེ་འདྲ་དེ། དེ་ནི་རྗེལ་ལ་དང་ཐོག་ནས་བྱས་ན་པད་སྣ་ཨིན་པོ་ཟ་ཀ
  • བཅའ་འདྲི་བྱ་ཡུལ་
    དེ་ནི་རྗེས་ལ་བད་སྣའི་ནས་ཚུར་གཅིག་རེ་གཉིས་རེ་སྤུན་བདུན་ལ་ཚུར་ཡོང་།
  • བཅའ་འདྲི་བྱ་ཡུལ་
    ཁབ་སྡེབ་ར་དེ་ཚུར་ནོ་པ་ཐེབས་དེ་ནི་སྤུན་བདུན་པ་ནོ་རུ་ཆགས་པོ་ཟེར་ཡས་ར་པོ་གཅིག
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་ཟེར་ཡིས་ཁ་ཤས་ཀྱིས། འོ་འདུག་སེ་ཨིན་ན་མིན་ན།
  • བཅའ་འདྲི་བྱ་ཡུལ་
    གཞན་ནི་ཕ་རུ་ཐོའི་ནང་ལ་བྱས་ན་ཨོ་འདུག་སེ་དོན་ཀྱིས། ལྷས་ས་ལ་དོན་ཀྱིས།
  • བཅའ་འདྲི་བ་
    ཨེ་རེའི་ནིའི་གྲོང་ཚོའི་ནང་ནོ་པར་ལྷ་མོ་འཁྲབ་གནང་གི་མེད་ན། སྔས་མ།
  • བཅའ་འདྲི་བྱ་ཡུལ་
    ནོ་རུ་༼འདི་རུ་༽དགོན་པའི་ནོ་རུ་ཚམ་ཚམ་འཁྲབ་ཀྱི་བཱ། དེའི་གོ་ནས།
  • བཅའ་འདྲི་བྱ་ཡུལ་
    དགོན་པའི་གཉེར་ཚང་གིས་ལོ་གསུམ་གསུམ་ཐོག་ལྷ་མོ་རེ་རེ་འཁྲབ་འཇུག་གྱི་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    རྟེན་འབྲེལ་བྱས་ནས།
  • བཅའ་འདྲི་བ་
    ཨ་ལ་ལགས་སེ།ཨེ་ནི་ནོ་པར་ཡར་ཀླུང་གི་དེའི་ཁོ་ཆས་དོ་པར་ཨ་ད་དགོན་པའི་གི་
  • བཅའ་འདྲི་བ་
    བོད་ཟླ་གསུམ་པའི་ཚེས་པ་བཅོ་ལྔ་ལ་དེ་བཱ་ན་བཀྲ་ཤིས་ཕྱེ་མར།
  • བཅའ་འདྲི་བྱ་ཡུལ་
    འོ་བཱ་ལགས།
  • བཅའ་འདྲི་བ་
    ཨ་ནི་བཀྲ་ཤིས་ཕྱེ་མར་གས་ལྟད་མོའི་སྒོ་ཕྱེ་ཟེར་ཡས་ར་སང་ཅིག་སང་ནོ་ཀ་འོ་དེ་ག་འདུག་སེ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    སྔ་མའི་མི་དགོན་པའི་དེ་བཱ་ནོ་ག་དགོན་པའི་གཏམ་རྒྱུད་ཟོ་ར་དེ་ལ་
  • བཅའ་འདྲི་བྱ་ཡུལ་
    ལྟད་མོའི་ལོ་རེ་ལོ་རེ་ལ་ལྟད་མོའི་སྒོ་འབྱེད་ཡས་ར་པོ་དེ་ལ་དེ་
  • བཅའ་འདྲི་བྱ་ཡུལ་
    དགོན་པ་ནི་གས་ཟླ་བ་གསུམ་པའི་ནང་ལ་བཀྲ་ཤིས་ཕྱེ་མར་དེ་གཏོང་གནང་ཡི་ག་ལགས།
  • བཅའ་འདྲི་བ་
    འོ་བཱ། བཀྲ་ཤིས་ཕྱེ་མར་ཟེར་ཡས་དེ།
  • བཅའ་འདྲི་བྱ་ཡུལ་
    གསུམ་པའི་ནང་ལ་བྱས། ད་བཞི་པའི་ནང་ལ་ཁྲ་འབྲུག་ལ་ཤིག་ལ་རྒྱང་སེ་བྱས་ཡང་དུས་ཆེན་ཅིག་ནོ་ཀ་ལགས།
  • བཅའ་འདྲི་བྱ་ཡུལ་
    ལྔ་པའི་ནང་ལ་མེ་ཏོག་མཆོད་པ་སེ་བྱས་གཅིག་ནོ་ཀ
  • བཅའ་འདྲི་བྱ་ཡུལ་
    ད་དྲུག་པའི་ནང་ལ་དྲུག་པ་ཚེས་བཞི་བྱས་ཡང་མིས་ཤེར་བྲག་ལ་ཡ་ལྟད་མོ་རང་།
  • བཅའ་འདྲི་བྱ་ཡུལ་
    ཤེར་བྲག་ལྟད་མོ་དེ་ཟླ་བ་བཅུ་གཉིས་གཉིས་ཐོག་ལ་སྤྲེལ་ལོ་ཚེས་བཞིའི་ལོ་དེ་ལ་ཡོང་ཀྱིས་མ་གཏོགས།
  • བཅའ་འདྲི་བྱ་ཡུལ་
    གཞན་ལྟད་མོ་རང་མ་ཡོང་ལགས།
  • བཅའ་འདྲི་བྱ་ཡུལ་
    དྲུག་པ་ཚེས་བཞི་བྱས་སྤྲེལ་ལོ་ཚེས་བཞི་ལ་ཤེར་བྲག་ལ་སློབ་དཔོན་རིན་པོ་ཆེའི་དུས་ཆེན་ཡིན་སོང་ནི།
  • བཅའ་འདྲི་བྱ་ཡུལ་
    ཨོ་ཡ་རུ་མིས་རྡོ་རྗེ་བྲག་ནས་མར། ཤེར་བྲག་དེ་རྡོ་རྗེ་བྲག་ཁུངས་བཱ་ན།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་རུ་དགུན་འཆམ་ཉིན་མཚན་དགུན་འཆམ་རྒྱག་གྱིས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ལྔ་པའི་ནང་ལ་ཁྲ་འབྲུག་ལ་མེ་ཏོག་མཆོད་པ་བྱས། དྲུག་པའི་ནང་ལ་དེ་བྱས།
  • བཅའ་འདྲི་བྱ་ཡུལ་
    དྲུག་པའི་ནང་ལ་ཡ་རུ་རྟག་སྤྱན་ལ་སྟག་སྤྱན་མ་ཎི་སེ་བྱས་ཡང་ཡ་རུ་འོང་བསྐོར་བཟོ་ར་གཅིག་ཡོང་ཀྱིས་མ་གཏོགས་ཡང་
  • བཅའ་འདྲི་བྱ་ཡུལ་
    ལྟད་མོ་སེ་བྱས་ཞེ་བྲག་སེ་མ་ཡོང་ལགས།རྟག་སྤྱན་མ་ཎི་སེ་བྱས་རྟག་སྤྱན་ཡ་རུ་མཆོད་འཇལ་ཞུ་ཡས་དང་འོང་བསྐོར་ར་པོ་གཅིག
  • བཅའ་འདྲི་བྱ་ཡུལ་
    འོང་བསྐོར་གཅིག་ཡོད་པོ། ཁོང་ཚོའི་རྟག་སྤྱན་ཡ་རུ་གྲོང་ཚོ་དེའི་འོང་བསྐོར་གཅིག་ཟླ་བ་དྲུག་
  • བཅའ་འདྲི་བྱ་ཡུལ་
    པའི་ནང་ལ་དེ་ནི་ཟླ་བ་བདུན་པའི་ནང་ལ་རི་བོ་ཆོས་སྡེའི་ཕ་རུ་བདུན་པའི་ཉིས་ཤུ་ལྔ་ལ་ལྟད་མོ་ཡོད་པོ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཉིས་ཤུ་ལྔ་ལ་ལྟད་མོ་ཡོད་པོ།
  • བཅའ་འདྲི་བ་
    ཡར་སྟོད་དར་རྒྱས་གླིང་གི་དེ་དེ་བོད་ཟླ་ལྔ་པའི་ཉིས་ཤུ་ལྔ་ལ་བཱ་ས།
  • བཅའ་འདྲི་བྱ་ཡུལ་
    ལྔ་པའི་ནང་ལ་བཱ། ལྔ་པའི་ཉི་ཤུ་ལྔ་ལ་བཱ། ལ་བཱ། ལྔ་པའི་ཉི་ཤུ་ལྔ་ལ་ཡང་སྔས་ཞོགས་གོས་སྐུའི་ཞལ་མཇལ་བྱས།
  • བཅའ་འདྲི་བྱ་ཡུལ་
    དགོང་ད་འཆམ་དེ་ལ་དྲི་བ་སེ་གའི་མིན་ནི། དེ་བཱ་ལགས། ཚེ་སྟོད་སྒོམ་པ་ཅི་ཨོམ་དང་ར་མོ་རྐ་མ་ལྷ་ཁང་གི་ཨོམ་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཨོམ་པའི་ཨོ་འཆམ། འཆམ་སེ་བྱས་ནའི་ལྷ་མོ་ཟོ་འདྲ་ར་པོ་ཁྱད་འཚར་ཅིག་རྒྱག་གྱིས། འོ་དེ་འཁྲབ་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    ཁོ་གཉིས་རེས་མོས་བྱས་ཁོ་གཉིས་ལོ་རེ་ལོ་རེ་འོ་དེ་རྒྱག་དགོས་བཱ་ཟ། ཁོ་ཚོའི་ཁྲལ་ར་དེ།
  • བཅའ་འདྲི་བྱ་ཡུལ་
    ཁོ་ཚོ་ནམ་རྒྱུན་ཨོམ་པ་ཡིན་སོང་ནི། དོ་པར་ལུང་པ་དེའི་ནང་ཁུག་དེའི་སྐུ་ཡོན་ཆེན་པོའི་དེ་ར་དེ་ཡིན་པོ་ཟ།
  • བཅའ་འདྲི་བྱ་ཡུལ་
    ཁོ་ཚོའི་ཉེས་ཆད་ར་དེ་ཡིན་པོ་ཟ། རྐ་མ་ལྷ་ཁང་དང་འོ་དེ་གས།
  • བཅའ་འདྲི་བྱ་ཡུལ་
    ཚེ་སྟོད་དགོན་པར་འཆམ་འོ་དེ་རྒྱག་གྱིས། འཆམ་ཡག་སེ་དེ་གའི་མི་ནིས་ད་ཁོ་ཚོའི་ཁྲལ་ར་པོ་བཱ།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་དར་རྒྱས་གླིང་ལ་ཉི་ཤུ་ལྔའི་ཉིན་སྒང་དེ། འཆམ་འོ་འདུག་སེ་རྒྱག་གྱིས།
  • བཅའ་འདྲི་བྱ་ཡུལ་
    ད་ཟླ་བ་དེའི་གཉིས་པའི་ཚེས་པ་བཅུ་བཞི་ལ་ཅི་ཟ། བཅུ་གསུམ་ལ་གཡབ་བཟང་ལ་དེ་ནོ་ག་ལགས།
  • བཅའ་འདྲི་བྱ་ཡུལ་
    དགུན་འཆམ་ནོ་ག་ལགས།གཡབ་བཟང་བཅུ་གསུམ་ཆོས་པ་སེ་བྱས། འོ་ཡ་རུ་དགུན་འཆམ་ནོ་ལགས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་གཉིས་པའི་ནང་ལ་བཅུ་གསུམ་ལ་ཡ་རུ་དགུན་འཆམ་བྱས། དེ་ནས་དེ་ན་ནོ་པར་འཆམ་ཡོད་པ་ར་པོ་ཅིག
  • བཅའ་འདྲི་བ་
    ཟླ་བ་བརྒྱད་པའི་ནང་དོ་པར་ཅ་ཅིག་གའི་མེད་པ་མིན་དྲོ།
  • བཅའ་འདྲི་བྱ་ཡུལ་
    ལོའུ་ལགས།
  • བཅའ་འདྲི་བ་
    ཟླ་བ་བརྒྱད་པ་དང་དགུ་པ་དང་།
  • བཅའ་འདྲི་བྱ་ཡུལ་
    དོ་པ་མིན་ནིས། བརྒྱད་པའི་ནང་ལ་འཆམ་མི་ནིས། ཟླ་བ་ལྔ་པའི་ནང་ལ་དེ་ནོ་ཀ་ལགས་སྨིན་གྲོལ་གླིང་ཚེས་བཞི།
  • བཅའ་འདྲི་བ་
    འོ་བཱ། དེ་དེ་ཡོ་པར་ཡར་བཱ་ན། སྨིན་གྲོལ་གླིང་གི་གྲ་ནང་ཡོ་པར།
  • བཅའ་འདྲི་བྱ་ཡུལ་
    འོ་བཱ་ལགས། ལྔ་པའི་ནང་ལ་སྨིན་གྲོལ་གླིང་བྱས་སྔས་མ་ཡིན་ན་བན་ཙང་ཚེས་བཞི་བྱས།
  • བཅའ་འདྲི་བ་
    འོ་བཱ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་སོང་མཉམ་པོ་བཱ་ལགས། ཁོང་རྣམས་ཚོ་ཆོས་ལུགས་གཅིག་བཱ་ན།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་ཡོང་ཀྱིས། གཞན་ནིའི་ཁུལ་ལ་འཆམ་འོ་དེ་གས་མ་གཏོགས་གཞན་པས་མིན་ནི་ག
  • བཅའ་འདྲི་བ་
    ཨ་ནི་བཅུ་པའི་ཉི་ཤུ་ག་ཚད་བཱ་ན་དེ་དགའ་ལྡན་བསྟོད་བཤགས་ཟེར་དེ།
  • བཅའ་འདྲི་བྱ་ཡུལ་
    དགའ་ལྡན་སྟོད་བཤགས་བཅུ་པའི་ཉི་ཤུ་དགུ་ལ་བཱ་ལགས།
  • བཅའ་འདྲི་བ་
    ཨོ་དེ་ནས་དེ་ནི་
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དེ་ནས་ཨ་ནས་གཅིག་ལོ་མ་ཤར་བར་དུ་གའི་མེད་པོ་འོ་ད་དེའི་སྒོ་རྒྱབ་པའི་སྐད་ཆ་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    དགོན་པ་ཁ་གི་དེ་མིན་དེ་ག་ལ།
  • བཅའ་འདྲི་བ་
    ཨེ་ནི་ནོ་པར་ཨེ་རེའི་ཡར་ཀླུང་ནིའི་འཁོར་ཆས་དོ་པར་ལུང་པའི་གི་མིང་བཟོ་རང་སང་གང་དང་གང་ཡོད་ན།
  • བཅའ་འདྲི་བྱ་ཡུལ་
    ད་ནོ་པར་ལུང་པའི་མིང་བཟོ་ར་དེ།
  • བཅའ་འདྲི་བྱ་ཡུལ་
    ཡ་རུ་ད་དེ་འམ་བུའི་༼ཡུམ་བུ་བརླ་མཁར་༽འོག་ཡ་རུ་ཞལ་ཟས་ཞིང་ཟེར་ཡས་དེ་འོ་དེ་ཡ་རུ་ཡང་
  • བཅའ་འདྲི་བྱ་ཡུལ་
    བསྐལ་པ་སྔ་མའི་ལོ་རྒྱུས་ཐོག་ལ་དེ་ཡོད་པའི་སྐད་ཆ་ཅིག་གཏོང་གི་ག་ལགས།
  • བཅའ་འདྲི་བྱ་ཡུལ་
    སྔ་མའི་ལོ་རྒྱུས་བྱས་རྩ་ཆེན་པོ་ཡིན་པོ་སེ།
  • བཅའ་འདྲི་བྱ་ཡུལ་
    ཞལ་ཟས་ཞིང་སེ་བྱས་འམ་བུའི་འོག་དེ་རུ་ཞིང་ཁ་རིང་རྐྱང་ཅིག་ལྟོར་མ་ནང་བཞིན་ཅིག་ཡོང་ཀྱིས་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ཞལ་ཟས་ཞིང་ཡིན་ན་ཅིག་བཱ་སེ་བྱས།
  • བཅའ་འདྲི་བྱ་ཡུལ་
    ད་ནི་ད་ནིང་དེའི་ཚུར་ཙམ་དེའི་ཡང་མོན་སྟོན་ཤྲ་པ་ཟེར་ཡས་ཅིག་མི་ཚང་ཅིག་སྔོན་མ་མི་ཚང་ཡིན་པོ་ལགས་
  • བཅའ་འདྲི་བྱ་ཡུལ་
    ད་རྗེས་ལ་མི་ཚང་མིན་ནི་ག་དེའི་འོག་ལ་སྔ་མ་མཚོ་ཡོད་པོ་ཟེར་ཡས་ར་པོ་ཅིག་
  • བཅའ་འདྲི་བྱ་ཡུལ་
    ཅིག་ཤོད་ཀྱི་ག་ལགས། ད་དོ་རུབ་ཨེ་རེའི་རྗེས་ལ་གཞས་རྒྱག་སེའི་ན་ནིང་དེ་བཟོ་གནང་སོང་ང་ལགས།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་རུ་འོག་མོ་མཚོ་ཡོད་པོ་ཟེར་ཡས་ར་ཅིག་ཨོ་འདུག་སེ་ཟེར་ཡིས།
  • བཅའ་འདྲི་བ་
    དེ་ཨ་ད་ཨེ་རེའི་འདིའི་ཁ་གཏུག་དོ་པར་ཅིག་ཨུ་ཅུག་པུའུ་ཟེར་ཡས་ར་སང་ཡོད་པོ་ན།
  • བཅའ་འདྲི་བྱ་ཡུལ་
    ཡོད་པོ་ལགས།
  • བཅའ་འདྲི་བ་
    འོ་དེ་སོང་གང་ཡིན་མིན་ཐུགས་མཁྱེན་གྱི་ཨ་ཡོད།
  • བཅའ་འདྲི་བ་
    ཨུ་ཅུག་སྦུག་སྒང་བཱ་ན།
  • བཅའ་འདྲི་བ་
    ཨུ་ཅུག་བུ་ཟེར་ཡས་དེ་གང་བྱས་བྱས་མིང་ག་གཏུག་༼གང་འདྲ།༽སེ་ཨིན་མིན་ ༼ཡིན་མིན།༽སྐོར་ར་སང་།
  • བཅའ་འདྲི་བྱ་ཡུལ་
    ཨུ་ཅུག་བུ་སྒང་ཟེར་ཡས་དེ་ལ་ད་མིས་ཡེད་ཤག་ཨམ་པོ་༼མཉམ་དུ།༽ཡིན་པའི་སྐབས་ལའི་བྱས་ན་
  • བཅའ་འདྲི་བྱ་ཡུལ་
    མི་དེ་སོང་གང་ག་༼ཚང་མ།༽དེ་བཱ་ལགས། ལོ་རོ་དང་དེ་སོང་ཨུ་ཆུག་སྦུག་སྒང་ཟེར་ག་མ་གཏོགས།
  • བཅའ་འདྲི་བྱ་ཡུལ་
    གཞན་ནི་བཱ་ཟེར་ཡས་དེ་སོང་གའི་མིན་ནི་ག་ལགས། ལོ་རོ་བརྒྱུད་ཚང་བཱ་གང་ག་མ་ལས་༼མ་ལུས།༽
  • བཅའ་འདྲི་བྱ་ཡུལ་
    སྔན་མ་སྤྲང་གོ་ལོ་རོ་ཨོ་དེ་སོང་ཕོ་པར་སྦུག་ཕོ་ཆགས་བསྡད་ནས་ན་ལགས།
  • བཅའ་འདྲི་བྱ་ཡུལ་
    མ་གཏོགས་གཞན་ཡང་ཁོ་ཚོ་ལ་དམིགས་གསལ་ནི་བཱ་ཟེར་ཡས་ར་ཅིག་དེ་སེ་གའི་མིན་ནི་ག་ལགས།
  • བཅའ་འདྲི་བ་
    ཨེ་ནི་ལུང་པའི་མིང་གཞན་དག་ར་སང་ཡོད་ན།
  • བཅའ་འདྲི་བྱ་ཡུལ་
    ལོའུ་ལགས།
  • བཅའ་འདྲི་བ་
    དེ་ནས་ཡར་ལུང་པའི་མིང་།
  • བཅའ་འདྲི་བྱ་ཡུལ་
    ད་ལུང་པའི་མིང་ད་ཡེའི་༼ཡར།༽རྟག་སྤྱན་ཟེར་ཡས་ར་པོ།
  • བཅའ་འདྲི་བྱ་ཡུལ་
    ལྷ་རུ་སྨན་པའི་རྒྱལ་པོ་ཟེར་ཡས་ར་པོ།ཡོད་པོ་དེ་ལྷ་རུའི་དགོན་པ་དེ་བཞངས་༼བཞེངས།༽་མ་སོང་ལགས།
  • བཅའ་འདྲི་བྱ་ཡུལ་
    ཡ་རུ་ལྷ་རུ་སྨན་རྒྱལ་ཟེར་ཡས་དགོན་པ་ཅིག་ཡོད་པོ་ལགས།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་རས་ནས་ཡར་ཙམ་ཕྱིན་པའི་དོ་རུ་ཡོད་པོ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་ཡར་ཕྱིན་ན་ལུང་པའི་ཡ་གའི་ཕུ་ཡུ་རུ་དེ་ཡོད་པོ་རྟག་སྤྱན་ཟེར་ཡས་དགོན་པ་ཅིག་ནོ་ག་ལགས།
  • བཅའ་འདྲི་བ་
    གྲིབ་ནང་ཟེར་ཡས་དེ་བཱ་ན་ལགས།
  • བཅའ་འདྲི་བྱ་ཡུལ་
    ལའོ།
  • བཅའ་འདྲི་བ་
    པུ་རི་སྒང་། པུ་རི་ངོ་ཕྱོགས་དེ་ལ་བཱ་ན།
  • བཅའ་འདྲི་བ་
    པུ་རི་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་རུ་རྟག་སྤྱན་ཟེར་བྱས། སྤྱན་གཡས་པ་དེ་བཱ་ཟེར་ག་སྤྱན་གཡས་པ་ཟ་སྤྱན་གཡོན་མ།
  • བཅའ་འདྲི་བྱ་ཡུལ་
    ད་སྤྱན་གཡས་པ་དེ་ཡ་རུ་སྤྱན་གཡས་རང་ལ་ཡོད་པོ་ཟེར་ག་ལགས།
  • བཅའ་འདྲི་བྱ་ཡུལ་
    སྐུ་དེ་བསམ་ཡས་དགོན་པ་ལ་ཡོད་པོ་ཟེར་ཡིས།
  • བཅའ་འདྲི་བྱ་ཡུལ་
    ཡ་རུ་འོ་ད་རྒན་གོག་བཟོ་ར་སང་མིག་གས་མ་མཐོང་པ་གང་ཡིན་སྤྱན་གཡས་ལ་བསྐོར་བསགས་ག་འགྲོ་ཡིས་ག་ལགས།
  • བཅའ་འདྲི་བྱ་ཡུལ་
    བསྐོར་བསགས་ན་མིག་དྭངས་ཀྱིས་ཟེར་ཡིས་ག་ལགས།
  • བཅའ་འདྲི་བྱ་ཡུལ་
    ཟེར་ཡིས་ཁོ་རའི་བསྐལ་པ་སྔ་མའི་ཕ་ནས་ཚུར་སྦྱིན་རླབས་རོ་ཅིག་གས་མིས།
  • བཅའ་འདྲི་བྱ་ཡུལ་
    བསྐོར་ཉིན་མ་བདུན་ཙམ་བདུན་ཙམ་བསགས། ཁ་ཤས་ནི་བདུན་གཉིས་ཙམ་གསུམ་ཙམ།
  • བཅའ་འདྲི་བྱ་ཡུལ་
    བསགས་ན་དེ་ནི་མིས་ཙ་ཆེན་པོ་ད་ག་ཨིན་གྱི་བཱ་ལགས་མིག་དྭངས་ཀྱིས་ཟེར་ཡིས། ཟེར་ཀྱིས་ལགས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ལོགས་ནི་ལ་ཚུར་ཕི་པའི་ངོགས་ཕྱོགས་ནི་ལ་ཡང་
  • བཅའ་འདྲི་བྱ་ཡུལ་
    དགོན་པ་ནིའི་དགོན་ལག་ཨ་ནས་༼ཆུང་ཆུང་།༽ཅིིག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཕྱག་སྟོང་སྤྱན་སྟོང་གཅིག་དང་ཤཀྱ་ཐུབ་པའི་མཆོད་ཁང་གཅིག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    གཞན་དེ་ནས་ཡར་ཕུ་ཡར་དར་རྒྱས་གླིང་དང་དོ་པར་མ་གཏོགས།
  • བཅའ་འདྲི་བྱ་ཡུལ་
    གཞན་དགོན་པ་སེ་གའི་མེད་པོ་ལགས་ལུང་པ་རྩ་ཆེན་པོ་ནོག་སེ་༼འདུག་སེ།༽བཱ་ཟེར་ཡས་ར་པོ་དོ་པར་གའི་མིན་ན་ག
  • བཅའ་འདྲི་བྱ་ཡུལ་
    ད་འག་བུ་ལྷ་ཁང་བཱ། འམ་བུ་ལྷ་ཁང་ནི་དེའི་བཱ་གང་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    སྡོད་ཤ་དེ་བཱ་འམ་བུ་ལྷ་ཁང་དེ།
  • བཅའ་འདྲི་བ་
    མཉའ་ཁྲི་བཙན་པོའི་དེ་བཱ།
  • བཅའ་འདྲི་བྱ་ཡུལ་
    བློན་པོ་མགར་གྱི་དེ་བཱ་ན།
  • བཅའ་འདྲི་བ་
    བློན་པོ་མགར་བཱ་དེ་མགར་ཆུ་ཟེར་ཡས་དེ་བློན་པོ་མགར་བའི་དེ་བཱ་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    དེ་བཱ་ནོ་ག་ལགས། མགར་ཆུ་ཨིན་པོ།
  • བཅའ་འདྲི་བྱ་ཡུལ་
    བོད་ཀྱི་བློན་པོ་མགར་བའི་མགར་རྒྱུག་ཁ་རྒྱུག་དེ་བཙུགས་ཕེབས་བྱས་དེ་ནི་ཨ་ལས་དང་ཐོག་
  • བཅའ་འདྲི་བྱ་ཡུལ་
    འོ་ཡ་རུ་ཕྱག་བརྐྱངས་པོ་ཟེར་ག་ལགས།ཡ་རུ་མཆིབས་བྱས་བྱས་ད་ང་ཕ་རུ་སྡོད་ཡས་ཡིན་
  • བཅའ་འདྲི་བྱ་ཡུལ་
    ངའི་སྤགས་ཁུ་དེ་ནི་ནས་འདོན་སེ་བཀའ་གསུངས་པོ་ཟེར་ག་ལགས།
  • བཅའ་འདྲི་བྱ་ཡུལ་
    ཡ་རུ་བང་མཁར་དེ་སུག་གནང་ཙ་ན་དེ་འོ་ཡ་གའི་ཕུ་ཡ་ནས་ཆུ་དེ་མི་རྒྱུན་མ་ཆད་པ་བསྐལ་པ་སྔ་མ་ནས་
  • བཅའ་འདྲི་བྱ་ཡུལ་
    མིས་ད་ལྟ་དེ་རིང་སྔ་མིས་རྩ་ཆེན་པོ་ཨིན་གྱི་བཱ་ལགས་འདོན་གྱི་ག་ལགས།
  • བཅའ་འདྲི་བྱ་ཡུལ་
    ང་ཕ་རུ་སྡོད་ཡས་ཡིན་ངའི་སྤགས་ཁུ་དེ་ནི་ནས་འདོན་ཤོག་སེ་བང་མཁར་དེ་སུག་གནང་པོ་ཟེར་ཡིས་ག་ལགས།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙ་ན་མགར་ཆུ་མགར་ཆུ་ཟེར་ཡས་དེ། བང་མཁར་དེའི་མིང་ཨིན་པོ་ཟེར་ཡི་ག་ལགས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དེའི་སྒང་དེ་རུ་སངས་རྒྱས་སྨན་པའི་རྒྱལ་པོ་སྨན་གྲོགས་ལ་ཆོས་བསྐྱངས་བྱས་ཟླ་བ་
  • བཅའ་འདྲི་བྱ་ཡུལ་
    དྲུག་པ་ཨིན་ན་ཅིག་ནང་ལ་དྲུག་པ་ཡིན་ན་ལྔ་པ་ཨིན་ན་ཅིག་ནང་ལ་སྨན་གྲོགས་ལ་ཆོས་བརྐྱངས་བྱས་
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དེ་ནས་མར་སངས་རྒྱས་སྨན་པོའི་རྒྱལ་པོའི་སྨན་ཁུག་དེ་ནས་མར་མགར་ཆུའི་ཆུ་དེའི་སྒང་དོ་པར་
  • བཅའ་འདྲི་བྱ་ཡུལ་
    གཏོར་སྐྱོགས་ལོག་པོ་སེ་འོ་འདུག་སེ། ཟེར་རེ་ར་དེ་ལ་འོ་འདུག་སེ་ཟེར་ཡིས།
  • བཅའ་འདྲི་བྱ་ཡུལ་
    སྨན་ཁུག་དེ་དེ་ནས་ཐག་ག་ཆད་བྱས་བྱས་མོ་མར་དྲུད་༼སྐབས་འདིར་ཟགས་པའི་དོན།༽བྱས་
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཆུ་དེ་གས་ལུས་ངག་ཡིད་གསུམ་ལ་ཕན་གྱི་ཡོད་པོ་ཟེར་ཡས་དེ་གང་ག་ལ་ཕན་གྱི་ཡོད་པོ་ཟེར་ཡས་དེ་སྨན་
  • བཅའ་འདྲི་བྱ་ཡུལ་
    སྣ་མའི་སྣ་ཚོགས་དེ་གས་འོ་དེ་གས་བྱས་པོ་ཟེར།
  • བཅའ་འདྲི་བྱ་ཡུལ་
    སངས་རྒྱས་སྨན་པའི་རྒྱལ་པོའི་སྨན་ཁུག་དེ་ཨོ་དོ་མར་གཏོར་སྐྱོགས་ལོག་པོ་བྱས་
  • བཅའ་འདྲི་བྱ་ཡུལ་
    སྨན་གྲོགས་ལ་ཆོས་བསྐྱངས་བྱས་འོ་འདུག་སེ། རྩ་ཆེན་པོ་བྱེད་ཡས་དེ་འོ་འདུག་སེ་བཱ་ཟེར་ཡིས།
  • བཅའ་འདྲི་བྱ་ཡུལ་
    ལུང་པ་ཐག་རིང་པོ་ཞེད་སང་ནས་ཆུ་དེ་རྒྱག་ག་སླེབས་ཡི་ག་མིས།
  • བཅའ་འདྲི་བྱ་ཡུལ་
    ཆུ་དེ་གས་མ་ཕན་པའི་ལུང་ག་གཞི་རྩ་བ་མེད་པོ་སེ།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་ཟེར་ཡི་ལགས་སྔས་རྒྱས་སྨན་པོའི་རྒྱལ་པོའི་སྨན་ཁུག་དོ་མར་གཏོར་སྐྱོགས་ལོག་པོ་སེ།
  • བཅའ་འདྲི་བྱ་ཡུལ་
    ཟེར་ཡས་ར་པོ་ཅིག་ཟེར་ཡིས།