Video Overview
The Laptsé (lab rtse) ritual is a mountain deity festival that involves inserting symbolic arrows into an altar. It is a common festival among Xunhua Tibetan communities. This video includes more popular Laptsé such as Dobi Laptsé (rdo sbis lab rtse) in Daowei Township, Anye Lonbo Laptsé (In the Kyilkor community) and Dargyal Laptsé in Daowei Township. This also includes some village Laptsé and clan Laptsé from Daowei and Karang townships.
- Dobi
- བཤད་མཁན་དང་པོ།སྤྱིར་བཏང་དུ་ལབ་ཙེ་གཏོད་པ་ནི།
- བོད་ཀྱི་གདོན་མའི་ཆོས་ལུགས་འབྲེལ་བ་དམ་པོ་ཆེ་ཞིང་།
- དེར་ཡང་དགྲ་ལྷ་འཁོར་བ་དང་རླུང་རྟ་དར་བ།
- བསམ་དོན་འགྲུབ་པ་སོགས་ཀྱི་སླད་དུ།
- ཡུལ་ལྷ་གཞི་བདག་ཐུ་བོ་ཆེ་རྣམས་ལ་མཆོད་པའི་ཆོས་ལུགས་ཀྱི་བྱ་འགུལ་ཞིག་ཡིན་པ་དང་།
- དེ་ནི་ལོ་རྒྱུས་ཀྱི་རྒྱུན་དང་འགྲོགས་ཏེ།
- ད་ལྟའི་བར་མ་ཉམས་པར་རྒྱུན་འཛིན་བྱས་ཡོད་པའི་རྣམ་པ་ཞིག་ཡིན།
- ལབ་ཙེ་ནི་སྤྱིར་བཏང་དུ་མདའ་གཏོད་ཅིང་།
- ཁ་ཤས་ཀྱིས་ལབ་ཙེ་མ་བུ་བཅུ་གསུམ་ཞེས།
- ཤིང་སྟག་པའི་ཡལ་ག་བཅུ་གསུམ་ལ་བལ་བཏགས་ཏེ་གཏོད་པ་ཡང་ཡོད།
- མདའ་གཏོད་མཁན་གྱི་སེམས་འདུན་མི་འདྲ་བའི་དབང་གིས།
- དཔའ་མདའ་དང་རྒྱུ་མདའ།
- བུ་མདའ།
- གཡང་མདའ་སོགས་ཀྱི་ཁྱད་པར་ཡོད་པ་ཡིན།
- དེ་དག་གི་མདའ་ཤིང་ལ་ཁྱད་པར་ཆེན་པོ་མེད་ཀྱང་།
- མདའ་སྒྲོའི་དབྱིབས་དང་ཚོན་ལས་བྱེད་ཚུལ་ལ་ཁྱད་པར་ཡོད་པ་ཡིན།
- ལབ་ཙེ་ལ་གཏད་བྱའི་མདའ་དང་རྨུ་ཐག་ཡོད་པ་དང།
- རྨུ་ཐག་ནི་བལ་དཀར་པོས་འཁེལ་བའི་སྐུད་པ་ཡིན།
- དེ་ནི་ལབ་ཙེ་ལ་བསྐོར་བ་བརྒྱབ་ནས་སྒང་མཐོ་སར་འཐེན་ཡོད་པ་དང།
- དེ་ནི་རང་ཉིད་དགྲ་ལྷས་མགོན་སྐྱོབ་མཛད་དེ།
- ཁ་ལས་དགེ་ཞིང་རླུང་རྟ་དར་ནས་ལྷ་ཡུལ་ལ་བགྲོད་བྱེད་ཀྱི་ཕྲེང་ལམ་ལྟ་བུར་ཡིན་པར་བཤད།
- དེ་བས་ལབ་ཙེ་གཏོད་སྲོལ་འདི་བོད་ཁུལ་གྱི་གནས་གང་དུའང་མཐོང་ཐུབ་པ་ཞིག་དང་།
- ལབ་ཙེ་གཏོད་སྲོལ་ཞུན་ཧྭ་ཡོད་ཁུལ་ལ་ཡང་ཧ་ཅང་དར་ཁྱབ་ཆེ་ལ།
- ཕལ་ཆེར་སྡེ་བ་རེ་རེར་ལབ་ཙེ་གཏོད་རྒྱུ་མེད་པ་གཅིག་ཀྱང་མེད།
- ལབ་ཙེ་ནི་མང་ཆེ་བ་ཁའི་ཁ་ཉག་གར་གཏད་ཡོད་ཅིང་།
- ཞུན་ཧྭ་བོད་ཁུལ་གྱི་ལབ་ཙེ་གཏོད་སྲོལ་དང་།
- མིང་གི་འདོགས་ལུགས་སོགས་ལ་ཁྱད་པར་ཅུང་ཡོད་པས།
- འདི་ནས་རེ་རེ་བཞིན་བྱེ་བྲག་གིས་ཅུང་སྤྲོས་ན།
- གཏོད་སྲོལ་གྱི་ཆ་ནས་སྡེ་བ་གཅིག་གིས་གཏོད་པ་ནི།
- སྡེ་བ་དེར་མི་ཁྱིམ་དུ་ཁ་དུ་ཡོད་པ་ཚང་མས།
- རང་རང་གི་ཁྱིམ་ནས་མདའ་དང་ལབ་ཙེ་མ་བུ་བཅུ་གསུམ་སོགས་གྲ་སྒྲིག་བྱས་ཏེ།
- ཉིན་གཅིག་ཏུ་གཏོད་པ་ཡིན་པ་དང་།
- ཡང་རྡོ་སྦིས་དམག་དཔོན་སྡེ་བའི་རྒྱ་ཞར་ཚོ་བས།
- དམག་དཔན་སྡེ་བའི་སྟོད་ཀྱི་ལུག་ཕུག་གི་རྒྱ་ཞར་ལབ་ཙེ་སྒང་ཞེས་པའི་སྒང་དེར་གཏད་ཡོད་པ་ལ།
- རྒྱ་ཞར་ལབ་ཙེ་ཟེར་བས།
- འདི་ལྟ་བུ་ནི་འཚོ་བ་གཅིག་ཁོ་ནས་གཏོད་པའི་ལབ་ཙེ་ཡིན།
- བཤད་མཁན་གཉིས་པ།ཀོས་་་ལྷ་རྒྱལ་ལོ།
- བཤད་མཁན་དང་པོ།ཁྱིམ་ཚང་གཅིག་གིས་གཏོད་པ་ནི།
- དཔེར་ན་རྡོ་སྦིས་མདོ་རྩེ་མ་རྒྱ་སྡེ་བས་གོང་གཡིས་དཀྱིལ་དུང་ཞེས་པའི་ས་དེ་ན་གཏད་ཡོད་པའི།
- གོང་གཡིས་དཀྱིལ་དུང་ལབ་ཙེ་ཞེས་པ་ལྟ་བུ་ཡིན།
- ས་ཆ་ལ་ལར་སྡེ་བ་ཁ་ཤས་ཀྱིས་ཉིན་གཅིག་ཏུ་ལབ་ཙེ་གཅིག་བཏོད་པ་ཡང་ཡོད་དེ།
- དཔེར་ན་རྡོ་སྦིས་གཏོད་པ་ཁག་གསུམ་ཞེས།
- ལོ་རེའི་ལུགས་རྙིང་གི་ཟླ་དྲུག་པའི་ཚེས་བཅུ་ཉིན།
- དར་རྒྱུད་རི་བོར་གཏོད་པའི་དར་རྒྱུད་ལབ་ཙེ་ནི།
- ཧོར་རོན་པོ་དང་ཧོར་གྲོལ་བ།
- སྤྲེལ་ལུང་བཅས་སྡེ་བ་གསུམ་པོས་གཏོད་པ་དང་།
- ལབ་ཙེ་འདི་ནི་རྡོ་སྦིས་གཏོད་པ་ས་ཁུལ་ལ་མཚོན་ན།
- ཅུང་གཞི་རྒྱ་ཆེ་བའི་ལབ་ཙེ་ཞིག་ཡིན།
- བཤད་མཁན་གསུམ་པ།ཀོས་་་ལྷ་རྒྱལ་ལོ།
- བཤད་མཁན་བཞི་བ།ཀོས་་་ལྷ་རྒྱལ་ལོ།
- བཤད་མཁན་ལྔ་བ།ཀོས་་་ལྷ་རྒྱལ་ལོ།
- བཤད་མཁན་དང་པོ།ཞུན་ཧྭ་བོད་ཁུལ་གྱི་ལབ་ཙེ་གཏོད་པ་དེར།
- གཏོད་མཁན་གྱི་ཁྱིམ་ཚང་མང་ཉུང་གི་དབང་གིས་རྒྱ་ཆེ་ཆུང་འདྲ་མིན་སྣང་ཡང་།
- ས་ཁུལ་འདི་ལ་མཚོན་ན།
- གཞི་རྒྱ་ཅུང་ཆེ་ཞིང་ཚབ་མཚོན་བྱེད་ཐུབ་པའི་ལབ་ཙེ་ནི།
- ལོ་རེའི་ལུགས་རྙིང་གི་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན།
- རྡོ་སྦིས་ས་ཁུལ་ན་གཏོད་བཞིན་པའི་རྡོ་སྦིས་ལབ་ཙེ་ཡིན།
- ལབ་ཙེ་གཏོད་སྐབས་སྡེ་བ་རེ་རེས་སྤྱི་མདའ་རེ་གཏོད་ལ།
- ཁྱིམ་ཚང་སོ་སོས་རང་རང་གི་མདའ་ཆུང་རེ་གཏོད་པ་ཡིན།
- དེ་ཡང་ཐོག་མར་མདའ་ནི་མདའ་ཤིང་དང་མདའ་སྒྲོ་གཉིས་ཀྱིས་གྲུབ་ལ།
- མདའ་ཤིང་ནི་ལྗོན་ཤིང་དྲང་མོ་ཅུང་རིང་བོ་ཞིག་ཡིན་དགོས་ལ།
- ཆེས་རིང་བ་ལ་སྨི་བཞི་བཅུ་ཡས་མས་ཡོད།
- དེ་ནི་མ་གཏད་པའི་ཟླ་གཉིས་ཀྱི་ཡར་སྔོན་ནས་ལེགས་པར་བཤད་དེ།
- ཤུན་པགས་བཤུས་ཤིང་ཉི་མ་སྐེམ་ནས།
- གྲ་སྒྲིག་གང་ལེགས་བྱེད་དགོས་པ་དང།
- ད་བཞིན་མདའ་སྒྲོ་ཡང་སྔ་མོ་ནས་གྲ་སྒྲིག་བྱེད་པ་ཡིན།
- དེ་ནི་མདའ་ཤིང་གི་ཐོག་ལ་གཏོད་པ་དང་།
- མདའ་སྒྲོ་གཅིག་དེ་ཤིང་ལེབ་གསུམ་གྱིས་གྲུབ་པ་དང་།
- དེའི་མ་གཞུང་ནི་རྩེ་སྦོམ་ཞིང་སྟེང་ཕྲ་ལ།
- གསུམ་པོ་ཆ་གཅིག་ཏུ་ཁ་སྤྲད་ཚེ།
- ནོར་བུ་མེ་འབར་གྱི་དབྱིབས་དང་མཚུངས།
- ཐོག་ཏུ་ཚོན་མདོག་མི་འདྲ་བ།
- དམར་སེར་སྔོ་ལྗང་སོགས་ཀྱིས་བརྒྱན་ཞིང་།
- རིང་ཐུང་ལ་ཆེས་རིང་བར་སྨི་གཉིས་ཡས་མས་ནས།
- ཐུང་བར་མཐོ་བཀང་སོགས་རང་རང་གི་མདའ་ཤིང་གི་དགོས་མཁོ་ལྟར་ཅི་རིགས་ཡོད།
- མདའ་སྒྲོའི་རི་མོ་ལ་སོ་སོའི་བསམ་འདུན་མི་གཅིག་པའི་དབང་གིས་མི་འདྲ།
- གོང་ནས་བཤད་པའི་རྒྱུ་མདའ་དང་དཔའ་མདའ།
- གཡང་མདའ།
- བུ་མདའ་ལ་སོགས་པའི་ཁྱད་པར་གཙོ་བོ་མདའ་སྒྲོའི་ཐོག་ན་ཡོད་པ་དང་།
- དེའི་སྟེང་དུ་བྲི་བྱའི་རི་མོ་མི་འདྲ་བ་དང།
- མདའ་སྒྲོའི་བཟོ་བཀོད་མི་འདྲ་བ་ལས།
- མདའ་ཤིང་ལ་ཁྱད་པར་མེད་པར་སྣང་།
- མདའ་གཏོད་རག་ལ་ཉི་མ་གཅིག་ཙམ་མ་གཏོགས་མེད་དེ།
- མདའ་ལས་བྱེད་པ་དེ།
- ཐོག་མར་སྐམ་པོར་གྱུར་ཡོད་པའི་མདའ་ཤིང་གི་སྟེང་གི་རྩེ་མོ་དེ།
- མདའི་ཚུལ་དུ་གཞོག་པར་བྱེད་ལ།
- དེ་ནས་སྟེང་དུ་ཚོན་ལས་བྱེད་པ་དེ།
- ཨ་ལོང་འཁྱིལ་བའི་ཚོན་གྱི་ཐིག་འཐེན་ནས་མཛེས་པར་བརྒྱན་རྗེས།
- སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པའི་མདའ་སྒྲོ་གཏོད་ཅིང་།
- དེར་ཡང་ཁེར་གཏོད་དང་ཉིས་གཏོད།
- སུམ་གཏོད་ཡོད་པ་དང།
- ཁེར་གཏོད་དང་ཉིས་གཏོད།
- སུམ་གཏོད་བཅས་པ་ནི་མདའ་སྒྲོའི་མང་ཉུང་གིས་བཤད་པ་ཡིན།
- མདའ་ཤིང་ལ་མདའ་སྒྲོ་གཅིག་མ་གཏོགས་གཏད་མེད་ན་ཁེར་གཏོད་དང་།
- གཉིས་གཏད་ཡོད་ན་ཉིས་གཏོད།
- གསུམ་གཏད་ཡོད་ན་སུམ་གཏོད་བཅས་ཟེར་བ་རེད།
- གལ་ཏེ་ཁྱིམ་ཚང་གི་མདའ་ཡིན་ན་ཁེར་གཏོད་བྱས་ན་ཆོག་མོད།
- སྤྱི་མདའ་དང་མདའ་གལ་ཆེན་ཡིན་ན་ཉིས་གཏོད་དང་སུམ་གཏོད་སོགས་བྱས་ཡོད།
- མདའ་སྒྲོ་སྤྲོས་ཚར་རྗེས།
- ཐོག་ཏུ་གོས་ལིང་དང་ཁ་བཏགས་མང་དུ་བཏགས་ནས་ལེགས་པོར་བརྒྱན་པ་དང་།
- རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་དར་ལྕོག
- ཁ་ཏོག་མི་འདྲ་བའི་བལ་ཆེན་སོགས་འདོགས་པར་བྱས།
- དེ་ལར་ལས་དེ་དག་ཡོངས་སུ་གྲུབ་རྗེས།
- མདའ་ལ་ཤུག་བདུག་གང་ལེགས་བྱེད་ཅིང་།
- ཕྱི་ཉིན་སྟེར་རྒྱུར་ཚགས་སུ་ཆུད་པ་བྱེད།
- དེ་ནས་བསང་ཤིང་དང་བསང་རྫས།
- བསང་རྩི་ལ་སོགས་དང་མདའ་བཏོད་སྐབས་སྒང་ལ་འཐེན་རྒྱུའི་རྨུ་ཐག
- རླུང་རྟ་སོགས་གྲ་སྒྲིག་ལེགས་པར་བྱེད་དོ།
- གོང་གི་དེ་དག་ནི་གྲོང་པ་ཚོའི་སྐོར་གྱི་གྲ་སྒྲིག་ཡིན་པ་དང་།
- དེ་ལས་ཀྱང་གཙོ་ཤོས་སུ་གྱུར་བ་ཞིག་ནི།
- རྡོ་སྦིས་གྲྭ་ཚང་གི་དགེ་འདུན་པའི་གྲ་སྒྲིག་སྟེ།
- དེ་ཡང་ལབ་ཙེ་མ་གཏད་པའི་ཡར་སྔོན་གྱི་ཚེས་བཅུ་གསུམ་ནས་བཟུང་།
- དགེ་འདུན་པ་བདུན་སྡེ་ལས་བསང་མཆོད་དང་བསྐང་བཤགས་གསུང་ཞིང་།
- ལབ་ཙེ་སྒྲུབ་དགོས་ལ།
- ཚེས་བཅོ་ལྔའི་ཉིན་དངོས་སུ་གཏོད་པ་ཡིན།
- ཉི་རྩེ་ས་ལ་མ་ཤར་གོང་ནས་སྡེ་བ་སོ་སོ་ནས་ལམ་ལ་ཆས་པ་སྟེ།
- མི་རྣམས་ཀྱིས་ལུས་ལ་ཤོམ་ལྭ་གྱོན་ཞིང་།
- སྡེ་བའི་སྤྱི་མདའ་དང་རང་རང་གི་མདའ་ཆུང་ཁུར་ནས།
- ལབ་ཙེ་གཏོད་སའི་ཕྱོགས་སུ་འགྲོ་བ་དང་།
- དུས་ཚོད་བཅུ་བའའི་ཡས་མས་སུ།
- རྡོ་སྦིས་ཁུལ་གྱི་རྒན་གཟོན་སྐྱེས་ཕོ་མོ་ཡོད་ཚད་གནས་འདིར་འཛོམས་ཤིང་།
- མི་ཚོགས་ཀྱི་འདུ་འཛི་ཡོ་ལང་རྣམ་པར་རྒྱས།
- མདའ་མ་གཏད་གོང་།
- དགེ་འདུན་པས་བསང་མཆོད་གསུང་བ་དང་།
- གྲོང་བ་རྣམས་ཀྱིས་བསང་ཤུག་སྤུངས་ཤིང་།
- བསང་རྩི་དང་བསང་རྫས་བླུགས་ནས།
- སྤྱི་བསང་རྒྱ་ཆེན་པོ་ཕུད་ཅིང་།
- ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་དང་བཅས་རང་གི་སྐྱེས་ལྷར་མཆོད་པར་བྱེད།
- དེ་ནས་རྡོ་སྦིས་ས་ཁུལ་ཡོངས་ཀྱི་སྡེ་བ་སོ་སོའི་མདའ་གཤིབ་སྟེ།
- རིང་ཐུང་དང་མཛེས་ཆ།
- བཟོ་བཀོད་སོགས་ལས་ཆེས་ལེགས་བསལ་ནས།
- གཟེངས་དུ་བསྟད་ཅིང་བྱ་དགའ་སྟེར་བ་དང་།
- དེ་ནས་ཨང་རིམ་སྟར་ཐོག་མར་སྤྱི་མདའ་གཏོད་ཅིང་།
- དེའི་རྗེས་ནས་རང་རང་གི་ཁྱིམ་གྱི་མདའ་ཆུང་གཏོད་པར་བྱེད།
- རྨུ་ཐག་དཀར་པོ་ལབ་ཙེ་ལ་བསྐོར་བ་བྱས་ཏེ་མཐོན་པོའི་སྒང་ལ་འཐེན།
- རླུང་རྟ་དགུང་ལ་སྤུར་ནས།
- རང་གི་ཁ་ལས་བསོད་ནམས་རྒྱས་པའི་སྨོན་ལམ་རྒྱག་ཅིང་སྐྱབས་འཇུག་བྱེད།
- མ་སྲུ་རྣམས་ཀྱིས་ཐག་རིང་གི་གནས་ནས་བལྟ་བ་ལས།
- མདའ་གཏོད་སའི་མདའ་རའི་ཁར་མི་ཡོང་ཞིང་།
- རང་རང་གི་འདོད་འདུན་འགྲུབ་པའི་སྐྱབས་འཇུག་སྙིང་ནས་སྐྱེས་ལྷར་ཞུ་བཞིན་ཡོད།
- དེ་ལྟར་སྡེ་བ་སོ་སོའི་སྤྱི་མདའ་དང་ཁྱིམ་ཚང་སོ་སོའི་མདའ་ཆུང་གཏད་དེ།
- གོང་གི་གོ་རིམ་རྣམས་མཇུག་སྒྲིལ་རྗེས།
- མདའ་གཏོད་ཡོངས་སུ་མཇུག་རྫོགས་པ་དང་།
- དེ་ནས་དམངས་ཚོགས་རྣམས་ཞོལ་གྱི་གྲམ་ཆུ་ཁར་བབས་ཏེ།
- རྟ་རྒྱུགས་དང་གླུ་ལེན་གར་རྩེད་བྱེད་ཅིང་།
- ཞིམ་མངར་གྱི་ཟས་མཆོག་ཅི་ལྡན་ལ་རོལ་ཏེ།
- དུས་སྟོན་ལ་རྒྱ་ཆེར་རོལ་བར་བྱེད།
- ད་ནི་དཀྱིལ་འཁོར་སྡེ་བདུན་གྱིས་གཏོད་བཞིན་པའི།
- ཨ་མྱེས་བློན་པོའི་ལབ་ཙེ་ཡི་གནས་ཚུལ་རགས་ཙམ་བཤད་པར་བྱ་སྟེ།
- ལབ་ཙེ་འདིའི་ལོ་རྒྱུས་ཁུངས་ལྡན་ཞིག་ད་ལྟ་ལག་སོན་མ་བྱུང་ཡང་།
- འདིའི་གནས་ཚུལ་སྐོར་རྒྱུས་ལོན་བྱུང་བ་ལྟར་ན།
- སྔོན་ཆད་ཞིག་ནས་ལབ་ཙེ་འདི་གཏོད་སྲོལ་ཡོད་མོད།
- འོན་ཀྱང་རིག་གསར་གྱི་སྐབས་ཀྱི་ལོ་རྒྱུས་རྒྱུ་རྐྱེན་སོགས་ཀྱི་དབང་གིས།
- གཏོད་རྒྱུན་ཆད་པ་དང་།
- སྤྱི་ལོ་ཉིས་སྟོང་དགུ་ལོར་ཕྱིར་གཏོད་མགོ་ཚུགས་ཤིང་།
- འདིའི་དགེ་བ་ནི་དཀྱིལ་འཁོར་སྡེ་བདུན་པོ།
- སྡེ་བ་ཕྱི་ནང་ཕན་ཚུན་འགྲིག་ཅིང་མཐུན་ཞིང་ཁ་ལས་དགེ་བ།
- རླུང་རྟ་དར་བ།
- རྒྱུ་ནོར་ལོངས་སྤྱོད་ཀྱི་དཔལ་རྒྱས་ཕྱིར་གཏད་པ་ཡིན་པ་དང་།
- དེ་ཡང་ད་ལྟའི་ལབ་ཙེ་འདི་ནི།
- བླ་བྲང་གི་མཁན་པོ་རྣམ་པ་བཞིའི་ཡ་གྱལ།
- རྒྱལ་མཁན་པོ་ཁོང་སྐུ་དངོས་སུ་ས་སྟེང་དུ་ཕེབས་ཤིང་སར་བཅག་སྟེ།
- ལུགས་རྙིང་གི་ཉིས་སྟོང་དགུ་ལོའི་ཟླ་བརྒྱད་པའི་ཚེས་བཞི་ཉིན་གཏད་པ་ཞིག་ཡིན་ལ།
- ཕྱི་ལོ་ནས་ཟླ་དྲུག་པའི་ཚེས་བཞི་ཉིན་གཏད་རྒྱུར་གཏན་འཁེལ་བྱས།
- གཏོད་ཚུལ་གྱི་གོ་རིམ་དང་།
- ལབ་ཙེ་སྒྲུབ་པའི་ཆོ་གའི་སྔ་ཕྱིའི་གོ་རིམ་ནི།
- ཐོག་མར་ལབ་ཙེའི་གཏེར་བུམ་སྒྲུབ་པ་ཡིན་ལ།
- གཏེར་ཁུག་དེར་མར་འབྲུ་སོགས་དང་གསེར་དངུལ་སོགས།
- རིན་པོ་ཆེའི་རིགས་དང་དཀར་གསུམ་དམར་གསུམ།
- སྨན་བཟང་དྲུག་སོགས་བཅུག་ཅིང་།
- གཏེར་སྒྲུབ་ཀྱི་ཆོ་གའི་འདོན་མཆོག་ས་བདག་སྙིང་གཏེར་གཙོར་བྱས།
- དཀྱིལ་འཁོར་སྒར་དང་ཁང་སྨོན་སྒར་གྱི་གྲྭ་བ་བཞིས།
- ཉིན་གཅིག་ལ་ཚར་བཞི་རེ་བྱས་ཏེ་ཉིན་བདུན་ལ་སོང་བ་དང་།
- དེ་ནས་བླ་མ་ཕེབས་ཏེ་ས་ལ་རབ་གནས་བྱས་ཏེ་ས་བཅག་པ་ཡིན།
- ས་གཅོག་སྐབས་སྐལ་གཏོར་བརྔོས་ནས་བསང་འདོན་ཞིང་གངས་སར་མ་འདོན་པ་དང་།
- བླ་མས་ཟངས་ཀྱི་རུས་སྦལ་ཞིག་ས་དེར་བཞག་ཅིང་།
- རི་དྭགས་རྒོ་བའི་རྭ་ཞིག་སར་བཙུགས་ཏེ་གཅོག་ལ།
- དེ་ཡང་རུས་སྦལ་འཇོག་དོན་ནི།
- རུས་སྦལ་ནི་ས་ཡི་བདག་པོ་ཡིན་པས་ས་བསླངས་བར་བཤད།
- འདིའི་སྐབས་ཀྱི་འདོན་པ་བླ་མ་ཁོང་གིས་གསུང་བ་ལས་གྲྭ་བ་ཚོས་འདོན་དགོས་པ་ཞིག་མ་རེད།
- དེ་ནས་དམངས་ཚོགས་རྣམས་ཀྱིས་ས་བརྐོས་ཤིང་ལབ་ཙེ་གསེབ་མཁར་ལས་པ་དང་།
- གཏེར་སྒམ་དུ་སྔོན་ནས་སྒྲུབ་ཟིན་པའི་གཏེར་ཁུག་རྣམས་བཅུག་ཅིང་གཏེར་སྦས་པ་ཡིན།
- སྤྱིར་བཏང་དུ་ལབ་ཙེའི་གཏེར་ལ།
- མདའ་གྲི་མདུང་སོགས་མཚོན་ཆའི་རིགས་སྦས་སྲོལ་ཡང་ཡོད་མོད།
- དཀྱིལ་འཁོར་ཨ་མྱེས་བློན་པའི་ལབ་ཙེ་འདིའི་གཏེར་སྦས་སྐབས།
- བླ་མ་རྒྱལ་མཁན་པོ་ཚང་གིས།
- གཞི་བདག་ཐམས་ཅད་ཞི་བར་གནས་ན།
- སྡེ་བ་ཚོ་བའི་འགྲིག་མཐུན་སོགས་ཞི་བའི་ལས་ལ་ཕན་པར་སྒོམ་ནས་སྦས་སུ་བཅུག་ནས།
- དེ་གྲུབ་རྗེས་སྲོག་ཤིང་གི་ཐོག་ཏུ།
- ཕྱོགས་བཞིར་སྟག་སེང་ཁྱུང་འབྲུག་སོ་སོ་དང་།
- དེའི་སྣེ་མོར་ས་བདག་གི་མཚོན་བྱེད་རུས་སྦལ།
- ཀླུ་ཡི་ཁ་གནོན་གྱི་མཚོན་བྱེད་དུ་བྱ་རྒྱ་ཁྱུང་གི་རི་མོ་འབྲི་བ་ཡིན།
- དེ་ཡང་ཉིན་བདུན་གྱི་རིང་ལ་སྒྲུབ་དགོས།
- དེ་དག་གྲུབ་རྗེས་ལབ་ཙེ་རིགས་ལ་རབ་གནས་བྱེད་ཅིང་།
- དེ་ནས་ལབ་ཙེ་དངོས་སུ་གཏོད་མགོ་ཚུགས་པ་ཡིན།
- ཞུན་ཧྭ་བོད་ཁུལ་གྱི་ལབ་ཙེ་ཆེ་ཆུང་ཅི་རིགས་སྣང་བ་འདི་དག་གི།
- མིང་གི་ཐོགས་ལུགས་དེ་ཡང་འདྲ་མིན་དུ་སྣང་སྟེ།
- ས་མིང་ལབ་ཙེ་ལ་ཐོགས་པ།
- དཔེར་ན་རྡོ་སྦིས་བསྟོད་པ་ཁག་གསུམ་གྱི་དར་རྒྱུད་ལབ་ཙེ་དང་།
- རྡོ་སྦིས་རྒྱལ་ཚང་སྡེ་བའི་ཀ་བརྩིགས་ཁ་ཞེས་པའི་ས་དེར་གཏད་ཡོད་ཀ་བརྩིགས་ལབ་ཙེ་ལྟ་བུ་དང་།
- ཡང་གཏོད་པའི་དགོས་དབང་གིས་ལབ་ཙེ་ལ་མིང་ཐོགས་པ།
- ཀ་རིང་མར་ཁ་སྡེ་བའི་བྱིས་པའི་ལབ་ཙེ་ལྟ་བུ་དང་།
- ཀ་རིང་མར་ཁ་སྡེ་བའི་བྱིས་པའི་ལབ་ཙེ་ནི།
- བཤད་རྒྱུན་དུ།
- སྔོན་ཆད་མར་ཁ་སྡེ་བར་བྱིས་པ་བུ་མ་སྐྱེས་པས།
- གནས་ཚུལ་བླ་མར་ཞུས་པར།
- བླ་མས་བྱིས་པ་སྐྱེས་པར་གཞི་བདག་ཐུ་བོ་ཆེ་ཁག་གཅིག་ལ་ལབ་ཙེ་ཞིག་གཏད་དེ།
- རྒྱ་ཆེར་མཆོད་ཅིང་བུ་བསླང་ན་སྐྱེས་ཚུལ་གྱི་ལུང་བསྟན་པ་བཞིན་གཏད་པས།
- བྱིས་པའི་ལབ་ཙེ་ཟེར་ལ།
- སྲོལ་དེ་ད་ལྟའི་བར་དུ་མ་ཉམས་པར་རྒྱུད་འཛིན་བྱས་ཡོད་པས།
- ད་ལྟ་ང་ཚོས་མཐོང་ཐོས་སུ་ཡོད་པའི་ཀ་རིང་མར་ཁ་སྡེ་བའི་ལབ་ཙེ་འདི་ཡིན།
- ཡང་གཏོད་མཁན་གྱི་ཚོ་བའམ་སྡེ་བའི་མིང་ལབ་ཙེ་ལ་ཐོགས་པ།
- རྡོ་སྦིས་དམག་དཔོན་སྡེ་བའི་རྒྱ་ཞར་ཚོ་བའི་རྒྱ་ཞར་ལབ་ཙེ་དང་།
- ཉིན་པ་སྡེ་བའི་བཀའ་མ་ཚོ་བའི་བཀའ་མའི་དཔའ་མཁར།
- བདེ་སྨན་སྡེ་བའི་ཁ་རིང་ནང་གི་ཉིན་ཕྱོགས་ན་གཏད་ཡོད་པའི་བདེ་སྨན་ལབ་ཙེ་ལྟ་བུ།
- ཡང་གཏོད་པའི་དུས་ཚོད་ཀྱི་ཆ་ནས་ལབ་ཙེ་ལ་མིང་འབྱོར་ཡོད་པ།
- རྡོ་སྦིས་སྒར་གྲོང་ཡོངས་ཀྱིས།
- ལོ་རེའི་ལུགས་རྙིང་གི་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་གཏོད་བཞིན་པའི།
- རྡོ་སྦིས་ལབ་ཙེ་ལ་དྲུག་པའི་ལབ་ཙེ་ཟེར་བ་ལྟ་བུ་སོགས་ཀྱིས་མཚོན།