12 Mar 2012
44 min 33 sec
Video Overview
Creators:
Mayuk Cultural Video Company, རྨ་ཡུལ་རིག་གནས་བརྙན་འཕྲིན་སྒྲིག་བཟོ་ཀུང་སི།, 玛域文化影视制作公司
Great Prayer Festival, filmed in Wendu Monastery, the largest Buddhist monastery in Xunhua, and one of the famous monasteries in Qinghai Province.
རྒྱ་ལོའི་སྨོན་ལམ། འདི་ནི་ཞོན་ཧྭ་རྫོང་ཆེས་ཆེ་བའི་ནང་བསྟན་དགོན་བའམ་ཡང་ན་མཚོ་སྔོན་ཞིང་ཆེན་ནང་ཆེ་གྲས་སུགཏོགས་པའི་བི་མདོ་དགོན་པ་ནས་བརྙན་ཕབ་པ་ཡིན།
祈愿法会: 拍摄在循化县文都大寺里,该寺院是循化县最大的佛教寺院,或者说在青海省有名的寺院之一。
- སྨོན་ལམ་འཚོགས་པའི་སྲོལ་འདི་ཐོག་མར་གསར་འཛུགས་གནང་མཁན་ནི།
- རྗེ་རིན་པོ་ཆེ་ཁོང་ཉིད་ཡིན་ཞིང་།
- སྲོལ་འདི་བཙུགས་ནས་དུས་ད་ལྟའི་བར་ལོ་དྲུག་བརྒྱ་ལྷག་འགོར་ཡོད།
- དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་སྨོན་ལམ་གྱི་ཆོ་ག་འདི་ལ།
- དུས་བབ་ཀྱི་ཆགས་འཇིག་དང་ཉམས་ཉེས་གང་མང་བྱུང་ཡོད་ན་ཡང་།
- དད་ལྡན་སེར་སྐྱ་ཕོ་མོ་ཚོགས་ཀྱིས།
- དམ་པའི་ཆོས་ལ་དམིགས་པའི་གཡོ་མེད་ཀྱི་དད་པ་དང་།
- མེས་པོའི་སྲོལ་བཟང་ལ་ཕྱོགས་པའི་བརྩེ་འདུན་དྲག་པོས།
- སྨོན་ལམ་འཚོག་པའི་སྔ་སྲོལ་འདིའི་རྒྱུན་མ་ཆད་པར་དུས་ད་ལྟའི་བར་དུ་གནས་ཤིང་།
- ད་དུང་མུ་མཐུད་དུ་སྤེལ་བཞིན་ཡོད།
- ཞུན་ཧྭ་ས་ཆའི་བོད་ཁུལ་ལ་མཚོན་ན་ཡང་།
- སྨོན་ལམ་ནི་ལོ་གཅིག་གི་ནང་མེད་དུ་མི་རུང་བའི་སྲོལ་རྒྱུན་གྱི་དུས་སྟོན་ཆེས་ཆེ་ཤོས་ཡིན་ཏེ།
- དེའི་འཚོག་ཡུན་རིང་ཞིང་གཞི་རྒྱ་ཆེ་ལ།
- དེ་ལ་མཇལ་སྐོར་དང་ལྟ་སྐོར་བྱེད་མཁན་མང་པས།
- མི་ཚོགས་ཀྱང་ཆེས་རྒྱས་པའི་དུས་ཤིག་རེད།
- སྤྱིར་ཞུན་ཧྭ་ནི་ཟ་ལེར་རིགས་རང་སྐྱོང་རྫོང་ཞིག་ཡིན་ལ།
- དེའི་ནང་བོད་རིགས་འདུས་སྡོད་བྱེད་པའི་རང་སྐྱོང་ཞང་བཞི་མ་གཏོགས་མེད།
- བོད་རིགས་ཀྱི་ཞང་འདི་བཞི་ན།
- དགོན་སྡེ་ཆེ་ཆུང་མི་འདྲ་བ་སུམ་ཅུ་ལྷག་ལ་ཉེ་ཞིང།
- དགོན་སྡེ་དེ་དག་ཁྲོད་དུས་ད་ལྟ་ཡང་྄
- སྔར་སྲོལ་མ་ཉམས་པར་ལོ་རེར་སྨོན་ལམ་འཚོག་པའི་དགོན་སྡེ་བཞི་ལས་མེད་དེ།
- དེ་དག་ནི་བིས་མདོ་དགོན་ཆེན་དང་རྡོ་སྦིས་གྲྭ་ཚང་།
- དཀྱིལ་འཁོར་སྒར་དང་བསེ་ཆང་སྒར་བཅས་ཡིན།
- སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དུས་འགྱུར་ངེས་ཅན་ཞིག་གི་དབང་གིས།
- དགོན་སྡེ་དེ་དག་གི་སྨོན་ལམ་འཚོག་པའི་དུས་ཚིགས་དང་ཉིན་གྲངས།
- སྨོན་ལམ་སྐབས་ཀྱི་བྱེད་སྒོ་སྣ་ཚོགས་ལ།
- ཚད་མི་འདྲ་བའི་སྒོ་ནས་འགྱུར་ལྡོག་ཅུང་བྱུང་ཡོད་དེ།
- བིས་མདོ་དགོན་ཆེན་དང་རྡོ་སྦིས་གྲྭ་ཚང་གཉིས་ལ་མཚོན་ན།
- ལོ་རེར་ལུགས་རྙིང་ལོ་གསར་སྐབས་སུ་སྨོན་ལམ་འཚོགས་ཤིང་།
- ཡོངས་གྲགས་སུ་དེ་ལ་རྒྱ་ལོའི་སྨོན་ལམ་ཞེས་འབོད།
- བསེ་ཆང་སྒར་གྱིས་ལུགས་རྙིང་གི་ཟླ་བཞི་བའི་ནང་སྨོན་ལམ་འཚོགས་པ་དང་།
- དཀྱིལ་འཁོར་སྒར་གྱིས་ལུགས་རྙིང་གི་ཟླ་བ་དྲུག་པའི་ནང་སྨོན་ལམ་འཚོགས་པའི་སྲོལ་ཆགས་ཡོད།
- དགོན་སྡེ་དེ་དག་གི་ནང་ནས་ཀྱང་དུས་ད་ལྟའི་བར།
- སྔ་སྲོལ་ཕལ་ཆེ་བ་མ་ཉམས་པར་འཛིན་སྐྱོང་སྤེལ་གསུམ་དང་།
- སྨོན་ལམ་སྐབས་ཀྱི་ཆོ་ག་སྣ་ཚོགས་དང་བྱེད་སྒོའི་མ་ལག་ཆུང་ཆ་ཚང་བར་སྤེལ་བཞིན་ཡོད་པ་ནི།
- བིས་མདོ་དགོན་ཆེན་གྱི་རྒྱ་ལོ་སྨོན་ལམ་རེད།
- བིས་མདོ་དགོན་ཆེན་ནི་ཞུན་ཧྭ་རྫོང་བིས་མདོ་བོད་རིགས་ཞང་གི་ཁོངས་ཏེ།
- པིས་ལ་རི་བོའི་ཤར་ངོས་སུ་ཆགས་ཤིང་།
- དུས་ད་ལྟའི་བར་ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ལ།
- ད་ནི་མཚོ་སྔོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཆེས་ཐོག་མའི་གྲས་ཀྱང་ཡིན།
- བིས་མདོ་དགོན་ཆེན་དུ།
- ལོ་རེར་རྒྱ་ལོའི་སྨོན་ལམ་གྱི་སྲོལ་འདི་མ་ཉམས་པར་སྤེལ་བཞིན་ཡོད་ལ།
- སྨོན་ལམ་འཚོག་ཡུན་ཅུང་རིང་སྟེ།
- སྤྱིར་བཏང་དུ་ལུགས་རྙིང་ལོ་གསར་གྱི་ཚེས་གསུམ་ནས།
- ཚེས་ཉེར་གཉིས་བར་སྨོན་ལམ་གྱི་ཡར་ཚོགས་ཡོད།
- ཉིན་འདི་དག་གི་རིང་ལ།
- དགོན་པའི་ལྷ་སྡེ་དང་དད་ལྡན་སྦྱིན་བདག་རྣམས་ཀྱིས།
- དགོན་པའི་གྲྭ་བཙུན་ཡོངས་ལ།མཆོད་ཡོན་རྒྱ་ཆེན་པོ་སྒྲུབ་བཞིན་ཡོད།
- སྨོན་ལམ་འཚོག་པའི་ཉིན་འདི་དག་ལས།
- ཆེས་གཟབ་རྒྱས་ཆེ་ཞིང་འདུ་འཛི་ཆེ་བ་ནི་ཚེས་བཅོ་ལྔ་ནས་བཅུ་དགུ་བར་ཡིན་པས།
- ཉིན་དེ་དག་གི་རིང་དུ་དགོན་པས་མཆོད་མཇལ་གཏོང་བ་དང་།
- ཆོས་ལུགས་དང་འབྲེལ་བའི་འཁྲབ་སྟོན་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད་པས།
- ཉེ་འཁོར་གྱི་དམངས་ཚོགས་རྣམས་ཀྱང་དགོན་པ་ཡོང་སྟེ།
- མཇལ་སྒོར་དང་ལྟད་མོ་ལ་གཡེང་བ་སོགས།
- འདུ་འཛིའི་ཡོ་ལང་རྣམ་པར་རྒྱས་འདུག
- སྤྱིར་བཤད་ན་ཚེས་བཅོ་ལྔའི་ཉིན་ནི།
- བིས་མདོ་དགོན་ཆེན་གྱི་མེ་ཏོག་མཆོད་མཇལ་གཏོང་བའི་ཉིན་མོ་ཡིན་མོད།
- ཡིན་ཡང་དུས་སྟོན་འདི་སྔ་མོ་ནས་ཉམས་འདུག་པས།
- དུས་ད་ལྟ་ཚེས་བཅུ་དྲུག་ནས་བཟུང་སྟེ།
- དམངས་ཚོགས་ལ་འཁྲབ་སྟོན་དང་མཆོད་མཇལ་གྱི་བྱེད་སྒོ་སྤེལ་བཞིན་ཡོད།
- ཤ་བདའ་ཡི་མིང་གཞན་ལ་མགོན་པོ་རྡོ་རྗེ་ཞེས་འབོད་ཅིང་།
- དེ་འཁྲབ་མཁན་རྗེ་བཙུན་མི་ལ་རས་པ་དང་།
- ཤ་བ་ནག་པོ་དུང་རིའི་ཁ་རྒྱན་ཅན།
- ཆུ་མོ་གློག་རྐྱང་དམར་མོ།
- ཆུ་ར་བ་མགོན་པོ་རྡོ་རྗེ་དཔོན་གཡོག་ཆེ་ཆུང་འཁོར་དང་བཅས་པ་ཡོད།
- དེའི་ནང་དུ་རྗེ་བཙུན་ཁོང་ཉིད་ལ།
- ཚེ་གང་བོར་བསྔགས་འོས་པའི་མཛད་ཆེན་བཅུ་གཉིས་ཡོད་པ་ལས།
- རྩེ་གཅིག་ཏུ་རི་ལ་སྒོམ་པ་དང་།
- སྒྲུབ་འབྲས་མངོན་དུ་གྱུར་ཏེ་འགྲོ་དོན་སྤེལ་བའི་མཛད་པའི་སྐབས་སུ་བྱུང་བའི།
- དོན་རྐྱེན་ཞིག་བརྗོད་ཡོད་དེ།
- དེ་ཡང་རྗེ་བཙུན་ཁོང་ཉིད་བལ་བོད་གཉིས་ཀྱི་ས་མཚམས།
- དབེན་གནས་གཉི་ཤིང་མགུར་རྟ་ཞེས་བྱ་བར།
- སེམས་རྩེ་གཅིག་ཏུ་ཏང་ངེ་འཛིན་ལ་བཞུགས་པའི་དུས་སུ།
- ཆུ་ར་བ་མགོན་པོ་རྡོ་རྗེ་ཞེས་ཚེ་གང་བོར་རི་དྭགས་གསོད་པའི་ལས་ཁོ་ནས།
- དུས་འདའ་བར་བྱེད་པའི་མི་གདུག་ཅན་ཞིག་ཡོད་པ་དེས།
- རི་དྭགས་ཤྭ་བ་ཞིག་གསོད་པར།
- དེའི་རྗེས་བསྙེག་པས་ཤྭ་བ་སྐྲག་སྣང་དང་བཅས་ཏེ།
- རྗེ་བཙུན་གྱི་མདུན་སར་བྲོས་ཡོང་བ་དང་།
- ཅང་མ་འགོར་བར།
- ཤ་ཁྱི་དང་མགོན་པོ་རྡོ་རྗེ་གཉིས་ཀྱང་གཅིག་འཕྲོར་གཅིག་མཐུད་དེ།
- རྗེ་བཙུན་གྱི་མདུན་སར་སླེབས་པས།
- རྗེ་བཙུན་གྱིས་དེ་རེ་རེ་ལ་དམ་པའི་ཆོས་གསུངས་ཏེ་ཆོས་འོག་ཏུ་བཀུགས།
- མཐའ་མར་མགོན་པོ་རྡོ་རྗེ་ཁོ་རང་ཡང་རྗེ་བཙུན་ལ་དད་པ་དུང་དུང་བ་ཞིག་སྐྱེས་ནས།
- ཤྭ་བའི་སྲོག་དང་ཁྱི།
- སྐེ་འཁོར་གསུམ་དང་བཅས་པ་རྗེ་བཙུན་ལ་ཕུལ།
- བླ་མས་ཀྱང་མི་གདུག་ཅན་མགོན་པོ་རྡོ་རྗེ་དེ་ཉིད་རྗེས་སུ་བཟུང་སྟེ།
- དབང་དང་གདམ་ངག་མཐའ་དག་རྫོགས་པར་གནངས་བས།
- མཉམ་རྟོག་མཐར་ཕྱིན་པ་ཆུ་ར་རས་པ་ཞེས་བྱས་བ།
- ཐུགས་ཀྱི་སྲས་གཅིག་བྱུང་བ་ཡིན།
- ཁྱི་དང་ཤྭ་བ་གཉིས་ཀྱང་དེ་ནས་བཟུང་སྟེ་ངན་སོང་གི་སྡུག་བསྔལ་ལས་གྲོལ་བ་རེད།
- འཁྲབ་སྟོན་འདི་ལས་མི་རྣམས་ལ་སྡུག་ལས་སྤངས་ཏེ།
- དཀར་པོའི་ལས་སྒྲུབ་དགོས་པ་དང་།
- མི་རྟག་སྒོམ་ཏེ་དམ་པའི་ཆོས་སྒྲུབ་དགོས་པའི་སྐུལ་མ་བཏང་བས།
- ཆོས་ཀྱི་གནད་དམ་པ་དེས་གར་སྟེགས་འཁྲབ་སྟོན་རྣམ་པར་སྒྱུར་ཏེ་དམངས་ཚོགས་ལ་སྟོན་ཞིང་།
- དམངས་ཚོགས་ཀྱིས་དེའི་དོན་གོ་ཞིང་གནས་ལུགས་རྟོགས་པར་གྱུར་ན།
- རྒྱུན་ལྡན་གྱི་འཚོ་བའི་ཁྲོད།
- མི་དང་མི།
- མི་དང་རི་སྐྱེས་སྲོག་ཆགས།
- ཡང་ན་རང་བྱུང་ཁོར་ཡུག་བཅས་བར་གྱི་འབྲེལ་བ་ཇེ་བཟང་ནས་ཇེ་བཟང་དང་།
- མིའི་རིགས་ཀྱི་སྤྱི་ཚོགས་ཆ་མཐུན་ཡོང་བར།
- ཕན་ནུས་ཆེན་པོ་ཐོན་ཐུབ།
- རྒྱ་ལོའི་ཚེས་བཅུ་བདུན་ཉིན་ནི།
- བིས་མདོ་དགོན་ཆེན་གྱིས་བྱམས་པ་གདན་འདྲེན་པའི་ཉིན་མོ་ཡིན།
- དེ་ལ་མི་རྣམས་ཀྱིས་རྒྱུན་པར་བྱམས་པ་གླིང་སྐོར་རྒྱག་པ་ཞེས་བརྗོད།
- བྱམས་པ་གདན་འདྲེན་ཞུ་བ་ནི།
- མ་འོངས་བསྐལ་བཟང་རྣམ་འདྲེན་ལྔ་བ།
- རྒྱལ་བ་མི་ཕམ་མགོན་པོའི་བསྟན་པ་ཆུ་རྒྱས་རྟེན་འབྲེལ་གྱི་སླད་དུ།
- ཚོགས་ཆེན་འདུ་ཁང་གི་རྟེན་གྱི་གཙོ་གྲས།
- རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་གསེར་གྱི་སྟེང་དུ་གདུགས་དང་།
- གཡས་གཡོན་རྒྱལ་མཚན་སོགས་ཀྱིས་བརྒྱན་ཏེ།
- དུང་དང་རྒྱ་གླིང་གི་ཁྲོད་དུ་དམངས་ཚོགས་ཀྱིས་སེར་ཕྲེང་སྒྲིག་སྟེ།
- བར་སྐོར་དུ་འགྲོ་བ་རེད།
- དེ་ནི་རྒྱལ་བ་ཤཀྱ་ཐུབ་པས་བསྟན་པ་རྫོགས་རྗེས།
- ཚེ་ལོ་བཅུ་བའི་བསྟན་པ་འཆར་བ་ཟློག་ཐབས་སུ།
- རྗེ་ཙོང་ཁ་པ་ཆེན་པོས་རྟག་བརྟན་གྱི་སླད་དུ་གསོལ་སྟོན་མཛད་པ་ཞིག་ཡིན།
- ཉིན་འདིའི་ནངས་སྔ་མོ་ནས།
- ཉེ་འཁོར་གྱི་མི་རྣམས་དགོན་པར་ཡོང་སྟེ་བསང་ཕུད་པ་དང་།
- ཕྱག་སྐོར་སོགས་བྱས་རྗེས་ཚོགས་ཆེན་འདུ་ཁང་གི་མདུན་དུ་འདུས་ཤིང་།
- ལག་པ་ཐལ་མོ་སྦྱར་ཏེ་སྐྱབས་འགྲོ་དང་མ་ཎི་དབྱིངས་སུ་གྱེར་བཞིན།
- རྗེ་བཙུན་བྱམས་མགོན་གདན་འདྲེན་པར་སྒུག་ཡོད།
- གྲྭ་བ་རྣམས་ཀྱིས་ཀྱང་ལུས་ལ་སྟོད་གོས་རིགས་ལྔ་སོགས་བསྣམས་ཤིང་།
- མེ་ཏོག་གི་མཆོད་པ་དང་མཁར་རྔ།
- རྒྱ་གླིང་།
- དུང་ཆེན་སོགས་ཀྱིས་མདུན་བསུས་ཏེ།
- དམངས་ཚོགས་རྣམས་གྲལ་སྒྲིག་པའི་དབུས་ནས།
- བྱམས་མགོན་གྱི་སྐུ་གདན་འདྲེན་པར་བྱེད་པ་ཡིན།
- དེ་ཡང་བྱམས་པ་གླིང་སྐོར་དུ་གདན་འདྲེན་པ་ལ།
- ཐོག་མ་བྱམས་པའི་སྐུ་ཡི་མདུན་དུ་མཆོད་པའི་རྣམ་གྲགས་གྱ་ནོམ་པ་བཤམས་ཏེ།
- དགེ་འདུན་པ་རྣམས་གྲལ་དུ་སྒྲིག་ནས།
- རྒྱལ་བ་བྱམས་པའི་ཕྱག་མཆོད་བརྒྱད།
- ཡན་ལག་བདུན་པ་མཎྜལ་སེམས་བསྐྱེད་སོགས་རྫོགས་པར་འདོན་པ་དང་།
- དེ་ནས་བྱམས་པའི་དམ་ཞེས་པའི་འདོན་ཐབས་སྟེང་ནས།
- བྱམས་པའི་དམ་ཞེས་པའི་གཟུངས་ཚར་ཉེར་གཅིག་འདོན།
- དེ་ནས་བླ་གྲྭ་རྣམས་ཡར་བཞེངས་ཏེ།
- བྱམས་པ་གདན་འདྲེན་པའི་མདོ་གླུ་རྒྱུན་ཐམས་ཅད་ཀྱིས་བརྒྱན་པར་བྱས་པའི་ནང་དུ།
- བྱམས་པའི་སྐུ་བཞུགས་སུ་འཇུག་པ་དང་།
- དུང་དང་མཆོད་པའི་སྣེ་དྲངས་ཏེ།
- རོལ་ཆས་སྣ་ཚོགས་དཀྲོལ་པའི་དབྱིངས་དང་བཅས་གླིང་སྐོར་དུ་གདན་འདྲེན་པ་ཡིན།
- བྱམས་པ་གླིང་སྐོར་དུ་གདན་དྲངས་ཏེ་ཕྱིར་སླེབས་རྗེས།
- བྱམས་པའི་སྐུ་མདུན་དུ་བླ་གྭ་ཚང་མས་ཕྱག་འཚལ་རྗེས།
- བྱམས་པའི་སྨོན་ལམ་དང་བྱམས་པའི་སྐུ་གཟུགས་མ།
- དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་རྣམས་གསུང་བ་དང་།
- དད་ལྡན་དམངས་ཚོགས་རྣམས་ཀྱིས་ཀྱང་གྲལ་བསྒྲིགས་ཏེ།
- གོ་རིམ་ཡོད་པའི་སྒོ་ནས་བྱམས་སྐུ་ལ་ཕྱག་འབུལ་བྱས་ཏེ།
- ལུས་སེམས་རྩེ་གཅིག་གིས་བྱམས་པས་རྗེས་སུ་འཛིན་པར་གསོལ་བ་འདེབས་བཞིན་ཡོད།
- ཉིན་དེའི་ཕྱི་དྲོ་རྟེན་མཇལ་གཏོང་བ་ཡིན་ཏེ།
- དགོན་པའི་རྟེན་གྱི་གཙོ་གྲས་རྣམས་གདན་དྲངས་ཏེ།
- དམངས་ཚོགས་ལ་རེ་རེ་བཞིན་མཇལ་ཁ་གཏོང་བ་ཡིན།
- རྡོ་སྦིས་གྲྭ་ཚང་ལ་མཚོན་ན།
- རྒྱ་ལོའི་ཚེས་བཅོ་ལྔ་ཉིན་བྱམས་པ་གླིང་སྐོར་རྒྱག་པའི་ཉིན་མོ་ཡིན་ལ།
- དམངས་ཚོགས་ཀྱི་འདུ་འཛི་ཧ་ཅང་རྒྱས།
- རྒྱ་ལོའི་ཚེས་བཅོ་བརྒྱད་ཉིན་ནི།
- བིས་མདོ་དགོན་ཆེན་གྱི་གོས་སྐུ་བཤམས་པའི་ཉིན་མོ་ཡིན།
- ཉིན་འདིའི་སྔ་མོར་གྲྭ་བཙུན་བཅུ་ལྷག་གིས།
- གོས་སྐུ་ཤོག་དྲིལ་ཡུག་གཅིག་ཏུ་བསྡམས་ཡོད་པ་དེ།
- ཚོགས་ཆེན་འདུ་ཁང་གི་ནང་ནས་གདན་དྲངས་ཤིང་།
- ཚོགས་ཆེན་འདུ་ཁང་གི་མདུན་སྒོ་དབུས་མའི་ཀླད་ནས་གོས་སྐུ་མར་བཀྲམ་སྟེ།
- གོས་སྐུ་བཤམས་པའི་མགོ་དངོས་སུ་རྩོམ་པ་ཡིན།
- སྐབས་དེར་དགོན་པའི་ཁྲི་པ་འཁོར་དང་བཅས་པ།
- གདུགས་དང་རྒྱལ་མཚན་སྐོར་ཏེ།
- རྒྱ་གླིང་སོགས་རོལ་ཆས་སྣ་ཚོགས་ཀྱི་དབྱིངས་དང་བཅས་ཏེ།
- གོས་སྐུ་ཁ་གཏད་དུ་ཡོད་པའི་གསེར་ཁྲི་ལ་བཞུགས་ཤིང་།
- གྲྭ་བ་ཚོས་གོས་སྐུའི་མདུན་དུ་མཆོད་རྫས་དང་བར་སྟན་གྱ་ནོམ་པ་བཤམས་ཏེ།
- གསོལ་འདེབས་དང་སྨོན་ལམ་རྒྱ་ཆེན་པོ་མཛད།
- དེ་ནས་ཅང་མ་འགོར་བར།
- གོས་སྐུའི་ངོས་ཀྱི་རས་ཡོལ་དལ་བུའི་ངང་ཕྱེ་པ་ན།
- གོས་སྐུའི་ཞལ་གྱི་དཀྱིལ་འཁོར་གཟི་འོད་ཀྱི་མདངས་འཕྲོ་བཞིན།
- སེར་སྐྱ་ཕོ་མོ་སྣ་ཚོགས་ཀྱི་མིག་མདུན་དུ་མངོན་བྱུང་།
- སྤྱིར་དགོན་པ་སོ་སོའི་གོས་སྐུའི་སྟེང་གི་སྐུ་བརྙན་གྱི་རིགས་མི་འདྲ་སྟེ།
- གོས་སྐུའི་མང་ཆེ་བའི་སྟེང་གི་སྐུ་བརྙན་ནི་སྟོན་པ་ཐུགས་རྗེ་ཅན་ཡིན།
- ཡང་དགོན་པ་ལ་ལས་རྗེ་བཙུན་བྱམས་པ་མགོན་པོ་དང་།
- རྗེ་རིན་པོ་ཆེ་སོགས་ཀྱི་གོས་སྐུ་བཤམས་པ་ཡང་ཡོད།
- བིས་མདོ་དགོན་ཆེན་ལ་མཚོན་ན་རྗེ་རིན་པོ་ཆེའི་གོས་སྐུ་བཤམས་ཡོད།
- གོས་སྐུའི་སྟེང་དུ་རྗེ་ཡབ་སྲས་གསུམ་གཙོར་བྱས།
- སྟོན་པ་ཐུགས་རྗེ་ཅན་འཕགས་པ་སྤྱན་རེས་གཟིགས་སོགས་ཀྱི་སྐུ་བརྙན་བཞེངས་ཡོད་ལ།
- གོས་སྐུའི་འདབ་རོལ་དུ་མགོན་པོ་དང་གུར།
- དམ་ཆེན་ཆོས་རྒྱལ་སོགས་དགོན་པའི་ཆོས་སྐྱོང་གཙོ་གྲས་ཀྱི་སྐུ་བརྙན་བཞེངས་ཡོད།
- དེ་ཡང་གོས་སྐུ་བཤམས་པའི་དུས་སྟོན་འདིའི་ཆེས་ཐོག་མ་ནི།
- སྤྱི་ལོ་ཆིག་སྟོང་བཞི་བརྒྱ་ཐིག་དགུ་ལོ་ནས་མགོ་བརྩམས་པར་བཤད།
- དེ་ཡང་དགེ་ལུགས་བསྟན་པའི་མངའ་བདག
- རྗེ་བློ་བཟང་གྲགས་པས།
- ལོ་དེའི་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་ནས།
- སྨོན་ལམ་ཆེན་མོ་གསར་ཏུ་བཙུགས་ཤིང་།
- དེ་ནི་སྔོན་སྟོན་པ་ཤཀྱ་ཐུབ་པས་མི་རྟག་པའི་སྟོན་པ་དྲུག་ཚར་བཅད་དེ།
- དེ་ལས་རྣམ་པར་རྒྱལ་བར་དྲན་གསོ་བྱེད་ཆད་དང་།
- རྒྱ་གར་ནས་མཆོད་པ་མཆོད་པའི་དུས་སྟོན་ཆེན་མོ་བྱ་སྲོལ་ཞིག་ཡོད་པ་དེ་དང་མཚུངས་བར།
- མཆོད་རྫས་མར་མངར་སྣ་མང་བཤམ་སྟེ།
- སངས་རྒྱས་སྟོན་པ་ལ་དྲན་གསོ་དུས་སྟོན་མཛད་པ་ཞིག་རེད།
- གོས་སྐུ་འདི་བཤམས་པའི་དགེ་བ་ནི།
- གཅིག་ནས་བདག་ཅག་གི་སྟོན་པ་སངས་རྒྱས་གཙོར་བྱས།
- སངས་རྒྱས་བསྟན་པའི་བདག་པོ་རྣམས་ཀྱི་བཀའ་དྲིན་ལ་རྗེས་སུ་ཡི་རང་བྱས་ཏེ།
- དེ་ལ་དྲིན་བཟོ་ཕྱིར་རྗེས་དྲན་གྱི་ཚོགས་གཏོང་བ་དང་།
- གཉིས་ནས་དེ་དག་གི་མཚན་དཔེ་ལེགས་པར་སྤྲས་པའི།
- སྐུའི་ཁྱད་འཕགས་ཀྱི་ཡོན་ཏན།
- དད་ལྡན་རྒྱལ་མཚན་དམངས་ཚོགས་ཀྱི་མིག་མདུན་དུ་བཤམས་ཏེ།
- དེ་ལ་དད་གུས་ཡིད་སྨོན་བྱས་ཏེ།
- རྒྱལ་བོའི་བསྟན་པ་རྟག་བརྟན་ཡོང་བར་སྨོན་འདུན་ཞུ་བ་དང་།
- སངས་རྒྱས་བསྟན་པའི་གདུལ་བྱ་སྔར་ལས་དར་ཞིང་རྒྱས་པར་མཆོད་བཤམ་དང་།
- སྨོན་ལམ་ཆེ་ཆེར་མཛད་པ་ཞིག་རེད།
- རྒྱ་ལོའི་ཚེས་བཅུ་དགུ་ཉིན་ནི།
- བིས་མདོ་དགོན་ཆེན་གྱི་འཆམ་འཁྲབ་པའི་ཉིན་མོ་ཡིན།
- འདི་ནི་དགོན་པས་དམངས་ཚོགས་ལ་ཆོས་ལུགས་ཀྱི་ཆོ་ག་དང་།
- འཁྲབ་སྟོན་སོགས་ཀྱི་བྱ་འགུལ་སྤེལ་བའི་ཆེས་མཐའ་མཇུག་གི་ཉིན་མོ་ཡང་ཡིན།
- འཆམ་ཞེས་པའི་འཁྲབ་སྟོན་འདིའི་ལོ་རྒྱུས་ཀྱི་རྒྱུན་རིང་ལ།
- འཁྲབ་སྟོན་བྱེད་མཁན་གྱི་གར་བ་མང་ཞིང་།
- འཁྲབ་སྟོན་གྱི་རྣམ་པ་མང་ལ་བརྒྱུད་རིམ་ཡང་ཀྱག་ཀྱོག་ལྡན་པ་ཞིག་རེད།
- འཆམ་འདི་ཅི་ལྟར་བྱུང་བའི་སྐོར་ལ།
- བཤད་རྒྱུན་མི་འདྲ་བ་འགའ་རེ་ཡོད་དེ།
- བཤད་ཚུལ་གཅིག་ནི་སྔོན་བོད་རྒྱལ་ཁྲི་སྲོང་སྡེ་བཙན་གྱི་སྐབས་སུ།
- སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ཡུལ་ནས་སངས་རྒྱས་བསྟན་པ་སྤེལ་བ་དང་།
- བསམ་ཡས་གཙུག་ལག་ཁང་སོགས་བཞེངས་སྐབས།
- ལྷ་སྲིན་གདོན་འདྲེ་རྣམས་ཀྱིས་སངས་རྒྱས་ཆོས་བོད་ཡུལ་དུ་དར་བར།
- གེགས་དང་བར་ཆད་གང་མང་བཟོས།
- སློབ་དཔོན་གྱིས་སངས་རྒྱས་བསྟན་པའི་དགྲ་རུ་གྱུར་བའི་གེགས་དང་བར་ཆད་དེ་དག་སེལ་ཕྱིར།
- སངས་རྒྱས་ཀྱི་ཐུགས་དགོངས་དང་མ་འགལ་བའི་སྒོ་ནས།
- གནོད་པ་གཏོང་མཁན་གྱི་གདོན་འདྲེ་དེ་དག་དམ་ལ་འདོག་པ་དང་།
- ཆོས་སྐྱོང་དུ་འགུག་པ་སོགས་ཀྱི་ཐབས་ཤེས་སྣ་ཚོགས་སྤྱད་དེ་དེ་རྣམས་ཚར་བཅད།
- ཕྱིས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་འགྲུབ་བྱུང་བའི་རབ་གནས་ཀྱི་མཛད་སྒོའི་སྟེང་།
- གདོན་འདྲེ་མཐར་བསྐྲོད་པ་དང་།
- ཆོས་སྐྱོང་དག་གི་གཟི་ཉམས་མངོན་པའི་འཆམ་གྱི་རྣམ་པ་འདི་ཙམ་འཁྲབ་པ།
- དུས་དེ་ནས་བཟུང་དར་བར་བཤད།
- ཡང་བཤད་ཚུལ་གཞན་ཞིག་ནི།
- འཆམ་འདི་ནི་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡིས།
- སངས་རྒྱས་ཀྱི་བསྟན་པ་སྣུབ་མཁན་བོད་རྒྱལ་ཐ་མ་གླང་དར་མ་བཀྲོངས་རྗེས།
- སངས་རྒྱས་བསྟན་པའི་མེ་རོ་སླར་ཡང་གསོས་པ་དེ་ལ།
- རྗེས་དྲན་གྱི་ཆེད་དུ་འཁྲབ་སྟོན་འདིའི་མཛད་སྒོ་སྤེལ་བར་བཤད།
- གང་ལྟར་སྤྱི་ལོ་དུས་རབས་བཅོ་ལྔ་བའི་དུས་སུ།
- རྗེ་ཙོང་ཁ་པ་ཆེན་པོས།
- སངས་རྒྱས་ཀྱི་བསྟན་པ་སྔར་བས་དར་ཞིང་རྒྱས་པར་མཛད་དེ།
- སེམས་ཅན་བདེ་ལ་བཀོད་པ་དང་།
- ལྷ་ལྡན་སྨོན་ལམ་ཆེན་མོའི་སྲོལ་བཙུགས་པའི་སྐབས་སུ།
- སྔོན་ཆད་ཀྱི་འཆམ་གྱི་རྣམ་པ་དང་ནང་དོན་ཐད་བཟོ་བཅོས་གང་ལེགས་བརྒྱབ་རྗེས།
- ད་གཟོད་ད་ལྟའི་འཆམ་གྱི་རྣམ་པ་འདི་བྱུང་བ་རེད།
- སྤྱིར་བཏང་དུ་འཆམ་འཁྲབ་པའི་དགོངས་གཞི་དང་དམིགས་ཡུལ་གཅིག་འདྲ་ཡིན་ན་ཡང་།
- དགོན་པ་སོ་སོའི་འཆམ་འཁྲབ་མཁན་གྱི་གར་བའི་མང་ཉུང་དང་།
- འཆམ་འཁྲབ་པའི་གོ་རིམ་སོགས་ལ་ཁྱད་པ་ཅུང་ཙམ་རེ་ཡོད།
- བིས་མདོ་དགོན་ཆེན་ལ་མཚོན་ན།
- དམ་ཆེན་ཆོས་རྒྱལ་གཙོ་བོ་འཁྲབ་པ་དེ།
- འཁྲབ་མཁན་དམ་ཆེན་ཆོས་རྒྱལ་ཆེ་ཆུང་གཉིས་གཙོ་བྱས།
- མགོན་པོ་དང་གུར།
- ལྷ་མོ་སོགས་ཆོས་རྒྱལ་གྱི་འཁོར་བསྡོམས་པས་བཅོ་བརྒྱད་ཡོད།
- སྤྱིར་བཤད་ན་འཆམ་འཁྲབ་པ་འདི་ནི།
- རྩེད་མོ་འཁྲབ་སྟོན་གྱི་རིགས་སུ་གྱུར་བ་མིན་ཏེ།
- འདི་ནི་ཉི་མ་འདི་ལ་དགོན་པའི་ཆོས་སྐྱོང་འཁོར་དང་བཅས་པ།
- གཟུགས་སུ་སྣང་བའི་སྒོ་ནས།
- དངོས་སུ་སྒོར་བུད་དེ།
- བསྟན་པས་དགྲ་རྣམས་འགོག་པ་དང་།
- བསྟན་པའི་དགྲ་རུ་གྱུར་བའི་འབྱུང་བོ་མི་དང་མི་མ་ཡིན་པ་རྣམས་ལ།
- ཟིལ་ཉམས་མངོན་པའི་ཚུལ་བསྟན་པ་ཡིན།
- དེ་ཡང་བིས་མདོ་དགོན་ཆེན་ལ་མཚོན་ན།
- དགོན་པའི་ཡི་དམ་ལྷ་ནི་དཔལ་རྡོ་རྗེ་འཇིགས་བྱེད་ཡིན།
- དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་གསུང་ནི་དམ་ཆེན་ཆོས་རྒྱལ་ཡིན་པས།
- དམ་ཆེན་ཆོས་རྒྱལ་གྱིས་དཔལ་རྡོ་རྗེ་འཇིགས་བྱེད་སྒྲུབ་མཁན་གྱི་གང་ཟག་དེ་དང་།
- ཡང་ན་དེའི་བླ་མ་དང་སློབ་མ།
- ལྷ་སྡེ་བཅས་ལ་སྲུང་སྐྱོབ་བྱས་ཏེ་གནོད་པ་འགོག་པ་དང་།
- གང་ཟག་གང་དེས་དམ་ཆོས་ཉམས་སུ་ལེན་པར་གྲོགས་བྱེད་པ་ཡིན།
- དེ་བས་བིས་མདོ་དགོན་ཆེན་གྱིས་གཙོ་བོ་ཆོས་རྒྱལ་འཁྲབ་པ་ཡིན།
- འཆམ་གྱི་འཁྲབ་སྟོན་མཇུག་རྫོགས་རྗེས་གཏོར་རྒྱག་འཕེན་པའི་ཆོ་ག་ཡིན།
- གཏོར་རྒྱག་འཕེན་པ་འདི་ཡང།
- གཙོ་བོ་སངས་རྒྱས་བསྟན་པས་གདོན་བགེགས་མཐར་བསྐྲད་དེ།
- སེམས་ཅན་བདེ་ལ་འགོད་པ་དང་།
- བསྟན་པ་རྟག་བརྟན་ཡོང་བར་སྨོན་ལམ་བསྔོ་བ་དང་།
- གཞན་ཡང་མི་ཐོག་གི་ན་ཚ་དང་ཕྱུགས་ཐོག་གི་གོད་ཁ།
- ལོ་ཐོག་གི་སེར་བ་སོགས་གེགས་བར་ཆད་སེལ་ཞིང་།
- སེམས་ཅན་ཐམས་ཅད་སྐྱིད་ཅིང་།