Video Overview
Fifth Lunar Picnic: an annual picnic held on the 5th day of the 5th lunar month by Amdo Tibetans in farming areas. This video was filmed in Muhong Village and Horonbo Village in Daowei Township of Xunhua County.
- བཤད་མཁན་དང་པོ།ལོ་རེའི་ལུགས་རྙིང་གི་ཟླ་བ་ལྔ་བའི་ཚེས་ལྔ་ཉིན།/
- མདོ་སྨད་རོང་ཁུལ་གྱི་ཞིང་བ་རྣམས་ཀྱིས།/
- ལྔ་བའི་དབྱར་སྟོན་གྱི་དུས་སྟོན་འདི་ལ་རོལ་བ་ཡིན།/
- འདི་ལ་ཡུལ་སྐད་མི་འདྲ་བའི་དབང་གིས།/
- ལྔ་བའི་དབྱར་སྟོན་ནམ་ལྔ་བའི་བ་གཞི་ཞེས་འབོད་ཚུལ་ཡང་ཡོད།/
- སྲོལ་འདི་ཅི་ལྟར་བྱུང་ཚུལ་གྱི་ཐད་ལ་བཤད་ཚུལ་མི་མཐུན་པ་འགའ་རེ་ཡོད་དེ།/
- ཡུལ་གྲུ་འདིའི་ངག་རྒྱུན་དུ།/
- དབྱར་ཟླ་ལྔ་བའི་ཚེས་ལྔའི་ཞོགས་པ་ནི།/
- སངས་རྒྱས་སྨན་བླས་ཁྲུས་མཆོག་མཛད་པའི་དུས་ཡིན་པས།/
- ཉིན་འདིར་རི་ལུང་ཐམས་ཅད་སྨན་གྱིས་ཁྱབ་ཅིང་།/
- ཆར་ཆུ་ཡོད་ཚད་སྨན་གྱིས་ཕྱུག་པར་བཤད།/
- ཡང་ལ་ལས་ཉིན་འདིར་སངས་རྒྱས་སྨན་བླ་ལ།/
- མི་ཟད་བདུད་ཀྱིས་གནོད་པར་བརྩོན་པ་ལ།/
- དེ་ལས་ཐར་ཕྱིར་ཁོ་རང་བྲོས་བྱོལ་བྱེད་སྐབས།/
- སྨན་ཁུག་ནང་གི་སྨན་སྣ་ཡོད་ཚད་འཇིག་རྟེན་མི་ཡུལ་དུ་གཏོར་ཞིང་།/
- སྐྱེ་འགྲོ་ཡོངས་ལ་གནོད་པར་དོགས་ནས།/
- ཁོས་མི་རྣམས་ལ་ཉིན་འདིར་ཁྱིམ་གྱི་ཕྱི་ནང་གི་སྒོ་མགོར་སྡོང་ལོ་དང་།/
- མེ་ཏོག་སྣ་ཚོགས་གསེབ་དགོས་པ་དང་།/
- མི་རྣམས་ཀྱིས་ཀྱང་མགོ་ལ་སྡོང་ཞྭ་གྱོན་ཞིང་།/
- སྐེད་ལ་སྡོང་ལོའི་སྐ་རགས་བཅིངས་ཏེ།/
- ཉེ་འཁོར་གྱི་སྡོང་གསེབ་དང་ནགས་གསེབ་ཏུ་ཡིབ་དགོས་པར་བཤད།/
- དེ་ནས་མ་རུང་བདུད་ཀྱི་ཆོ་འཕྲུལ་གྱིས་འཇིག་རྟེན་མི་ཡུལ་ལ་གནོད་པར་བརྩོན་པ་ན།/
- འཇིག་རྟེན་མི་ཡུལ་འདི་ནི་ནགས་ཀླུང་གི་ཁམས་ཆེན་པོ་ཞིག་ཏུ་འདུག་པས།/
- བདུད་དེའི་གནོད་པའི་རྙི་ལས་ཐར་བར་བྱས།/
- ལྔ་བའི་དབྱར་སྟོན་འདི་ལ་བཤད་ཚུལ་གཞན་ཞིག་ཡོད་པ་ནི།/
- ཉིན་འདི་ནི་སྔོན་རྒྱ་ནག་གི་གནའ་རབས་ཀྱི་སྙན་ངག་པ།/
- ཆོའུ་ཡོན་ཆུ་ལ་གཅད་པའི་རྗེས་དྲན་གྱི་ཉི་མ་དེ་ཡིན།/
- རྒྱ་སྐད་དུ་དོན་བུ་དུས་ཆེན་ཟེར་བ་ཡིན་ཞིང་།/
- དེ་ནི་མཐའ་ཁུལ་གྱི་མི་རིགས་ཕན་ཚུན་བར་འབྲེལ་འདྲིས་གྱི་དབང་གིས།/
- ད་གཟོད་མདོ་སྨད་རོང་ཁུལ་གྱི་ཞིང་ལས་ས་ཁུལ་དུ་དར་ཞིང་།/
- རིམ་བཞིན་མི་རིགས་རང་གི་རིག་གནས་སུ་འཐིམ་སྟེ།/
- མི་རིགས་རང་གི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་ཁྱད་པར་ཅན་ཞིག་རུ་གྱུར་བར་འདོད།/
- གོང་ནས་བཤད་པའི་ངག་རྒྱུན་དེ་གཉིས་གང་ཞིག་བདེན་པ་དང་གང་ཞིག་མི་བདེན་པ།/
- ཁ་ཚོན་གཅོད་དཀའ་ནའང་།/
- དུས་ད་ལྟ་མཚོན་ན།/
- སྲོལ་འདི་ནི་བོད་རང་གི་རྩམ་དྲི་དང་མར་དྲིས་ཁྱབ་པའི།/
- ཡུལ་སྲོལ་དུས་ཆེན་ཁྱད་པར་བ་ཞིག་ཏུ་གྱུར་ཡོད།/
- གང་ལྟར་ཀྱང་ཡུལ་མི་ཚོས་བཤད་པ་ལྟར་ན།/
- ཉིན་འདིའི་ས་སྣ་ཆུ་སྣ་ཡོད་ཚད་སངས་རྒྱས་སྨན་བླའི་སྨན་གྱི་བྱིན་རླབས་ཀྱིས་ཁྱབ་པར་བཤད་ཅིང་།/
- དེ་མི་ཟོག་གང་གིས་སྤྱད་ཀྱང་དེར་དགེ་བ་ཁྱད་པར་ཅན་ཐོབ་པ་སྟེ།/
- མི་ལ་ན་ཚ་མི་འབྱུང་ཞིང་ཕྱུགས་ལ་གོད་ཁ་མི་རྒྱག་པ།/
- ལོ་ཏོག་ལ་སད་བསེར་གྱི་མི་གནོད་པ།/
- ཐམས་ཅད་ལེགས་ལམ་དུ་འགྲོ་བའི་ལྟོས་སུ་བལྟ་བ་ཡིན།/
- དེ་བས་ཉིན་འདིའི་ཞོགས་པ་སྔ་མོའི་ནམ་ལངས་མ་ཐག/
- ཁྱིམ་ཚང་ནང་གི་བུ་མོ་དང་མནའ་མ་ཚོས།/
- ཟོ་བ་ཁུར་ཏེ་ཆུ་ལེན་པར་སུ་སྔ་བ་དང་སུ་མགྱོགས་པར་བལྟ་བ་ཡིན།/
- དེའི་རྒྱུ་མཚན་ནི།/
- སྐྱ་རེངས་དང་པོ་མ་ཤར་གོང་སྨན་ཆུ་བབས་མེད་པ་དང་།/
- ནམ་ལངས་ཐག་ཆོད་དེ་སྨན་ཆུ་བཞུར་ཚར་བའི།/
- སུ་ཞིག་བར་སྐབས་དེའི་སྔུན་ལ་ཤོར་བའམ་གཞུག་ཏུ་ལུས་པ་ཡིན་ན།/
- མི་དེས་ཁུར་ཡོང་བའི་ཆུ་ནི་སྨན་ཆུ་མ་ཡིན་པར།/
- རྒྱུན་ལྡན་གྱི་ཆུ་དང་གཉིས་སུ་མེད་ཅེས་བཤད་སྲོལ་ཡོད་པ་རེད།/
- གཞན་ཡང་ཡིན་འདིའི་སྔ་མོར།/
- ཡུལ་མི་རྣམས་ཀྱིས་སྨན་ཆུས་ཁ་ལག་བཀྲུ་ཞིང་མགོ་དང་ལུས་སུ་བྱུག་པ་ཡིན།/
- འདི་ལྟར་བྱས་ཚེ་ལུས་ཀྱི་ནད་ཡམས་ཞི་ཞིང་དགག་དང་བར་ཆད་སེལ་བར་བཤད།/
- མ་སྲུ་ཚོས་ཀྱང་ཆུ་ཟོར་བ་བཀང་རེ་བཅུས་ནས་མྱུར་བར་ཁྱིམ་དུ་ལོག་ཅིང་།/
- ཆུ་རྫའི་ནང་གི་ཆུ་རྙིང་རྣམས་དྭངས་སྤྱོད་བྱས་ཏེ་སྣོད་དག་དུ་སྨན་ཆུ་བཀང་རེ་བླངས་རྗེས།/
- ནོར་ལུག་དང་རྟ་དྲེལ་སོགས་ཆུ་ཁར་དེད་དེ་ཆུ་ལྡུད་པ་དང་།/
- སྒལ་བར་ཆུ་ཉུང་ཙམ་རེ་གཏོར་བ་ཡིན།/
- ཁྱོད་སོང་ནས་སྡོང་ལོ་བཅག་ནས་ཤོག་དང་ཕུ་བོ་སོང་ནས་མེ་ཏོག་བཏོག་ནས་ཡོང་།/
- བྱོས་པ་ཚོ་ཡང་སྔ་མོ་ནས་མལ་ལས་ལངས་ཏེ།/
- རང་སྡེ་བའི་ཉེ་འགྲམ་གྱི་ཆུ་ཁར་སོང་སྟེ་སྨན་ཆུ་ཡིས་ཁ་ལག་གཙང་མར་བཀྲུས་རྗེས།/
- ཉེ་འཁོར་གྱི་ཞིང་ཚུགས་དང་རི་མགོ་སོགས་སུ་སོང་སྟེ།/
- ལྕང་སྡོང་གི་ཡལ་ག་དང་ཀྱར་མའི་མེ་ཏོག
- ར་མ་རུ་ཅོག་སོགས་རི་སྐྱེས་ཀྱི་མེ་ཏོག་སྣ་ཚོགས་བཏུས་ཡོང་ནས།/
- རང་ཁྱིམ་གྱི་སྒོ་ཕྱི་ནང་གི་སྒོ་མགོར་གསེབ་པ་ཡིན་ལ།/
- སྐྱེས་མ་ཚོས་ཀྱང་སྐྲ་བར་མེ་ཏོག་གསེབ་པ་དང་།/
- སྐ་རགས་སུ་སྡོང་ལོ་བཅིངས་ཏེ།/
- ལྔ་བའི་དབྱར་སྟོན་གྱི་དུས་སྟོན་བསུ་བའི་སྔ་མོའི་སྲོལ་བཟང་མ་ཉམས་པར་དེ་བཞིན་ཡོད།/
- གཞན་ཡང་ཉིན་འདིའི་ཞོགས་པར།/
- ཁྱིམ་བདག་མའམ་ལོ་ལོན་རྒན་རྒོན་རེ་གཉིས།/
- ཞིང་ཁར་ཚ་གསུར་འཇོག་པར་འགྲོ་བ་ཡིན་ཏེ།/
- ཡུལ་མི་ཚོས་བཤད་ན།/
- ཚ་གསུར་འཇོག་པ་འདི་ནི།/
- ཕྱོགས་གཅིག་ནས་ལོ་ཏོག་ལ་གནོད་པ་གཏོང་མཁན་གྱི་གནོད་འབུ་དེ་དག་མཐར་སྤྲད་དེ།/
- ལོ་ལེགས་ཡོང་བར་རེ་སྨོན་ཞུ་བ་དང་།/
- ཕྱོགས་གཞན་ཞིག་ནས།/
- འགྲོ་བ་རིགས་དྲུག་ལས་ཡི་དྭགས་ཀྱི་གནས་སུ་འཁོར་བའི་དྲི་ཟ་རྣམས་ལ་སྦྱིན་པ་བཏང་སྟེ།/
- དགེ་རྩ་བསྔོ་བའི་ལས་ཞིག་ཀྱང་ཡིན་པར་བཤད།/
- བཤད་མཁན་གཉིས་པ།འདིས་སྐ་རགས་བཅིངས་ན་སྐེད་པ་ན་བ་མ་རེད།/
- བཤད་མཁན་གསུམ་པ།ཨོཾ་མ་ཎི་པད་མེ་ཧཱུཾ་ཧྲི༔་་་ཨོཾ་མ་ཎི་པད་མེ་ཧཱུཾ་ཧྲི༔།/
- བཤད་མཁན་བཞི་བ།གཉིས་མི་ཆུད་ཀི།/
- བཤད་མཁན་དང་པོ།ཉིན་འདིའི་སྔ་མོའི་བྱེད་སྒོ་རྣམས་རིམ་བཞིན་སྤེལ་ཚར་རྗེས།/
- ད་གཟོད་ནངས་ཇ་འཐུང་བ་ཡིན།/
- ཉིན་འདིའི་ནངས་ཇའི་སྐབས་ཀྱི་བཟའ་བཏུང་དུས་རྒྱུན་དང་ཅུང་ཁྱད་པར་བ་ཡིན་ཏེ།/
- ཡུལ་མི་ཚང་མས་སྔ་ཉིན་གྲ་སྒྲིག་བྱས་ཡོད་པའི།/
- ཀེའུ་གཙོ་བྱས་པའི་སྔོ་ཚོལ་རིགས་ཀྱི་ཚོད་མ་ཟ་བ་ཡིན།/
- ཀེའུ་ཚོད་ཟ་བའི་སྲོལ་འདི་མདོ་སྨད་ཀྱི་ཡུལ་གྲུ་ཚང་མར་གཅིག་འདྲར་སྣང་།/
- རྒྱ་མི་རིགས་ལ་མཚོན་ན།/
- འདི་ཉིན་འབྲས་ཆུན་ཟེར་བ་དེ་ཟས་སུ་སྤྲོད་ལ།/
- སྲོལ་འདི་རྒྱའི་ས་ཕྱོགས་ཀུན་ཏུ་ཁྱབ་འདུག
- ནངས་ཀ་འཐུང་ཚར་རྗེས།/
- ཁྱིམ་བདག་རྣམས་ཀྱིས་བྱིས་པ་རྣམས་ལ་ཚོད་མའི་སྐལ་ཁྱེར་དུ་འཇུག་པ་ཡིན་ཏེ།/
- རང་གི་འཚོ་བའམ་ཉེ་འཁོར་ནང་གི་ལོ་ལོན་རྒན་རྒོན་རྣམས་ལ་ཚོད་མའི་སྐལ་བྱིན་ཏེ།/
- འཚམས་འདྲི་ཞུ་བ་ཡིན།/
- བཤད་མཁན་ལྔ་བ།ཨ་ཡེ་་་ངེད་གཉིས་ཀྱི་ཁྱེད་ལ་ཚོད་མ་ཁྱེར་ཡོང་བ་ཡིན།/
- བཤད་མཁན་དྲུག་པ།བཟང་གི་བཟང་གི།/
- བཤད་མཁན་དང་པོ།བྱིས་པ་རྣམས་ཀྱིས་ཚོད་མའི་སྐལ་བྱིན་ཏེ་ཕྱིར་ལོག་རྗེས།/
- རང་དང་ན་ཚོད་མཉམ་པའི་ཁ་ཡ་ན་ཟླ་རྣམས་ལ་གྲོས་བྱས་ཏེ།/
- སྡེ་བའི་ཉེ་འཁོར་གྱི་སྡོང་རའི་ནང་དང་།/
- ནགས་གསེབ་ཏུ་ཇ་བསྐོལ་བར་འགྲོ་བ་ཡིན།/
- བཤད་མཁན་བདུན་པ།ང་ཚོས་འདི་ནས་བསྐོལ།/
- བཤད་མཁན་དང་པོ།ཁོ་ཚོས་རང་ཁྱིམ་ནས་ཟངས་དེམ་དང་འབུད་ཆས།/
- ཇ་དང་འོ་མ།/
- ཟས་རིགས་སྣ་ཚོགས་དང་ཀ་ར་སིལ་ཏོག་སོགས་བཟུང་སྟེ།/
- སྡོང་རའི་ནང་དུ་སོང་ནས།/
- ལ་ལས་བ་རྡོ་འཛུགས་པ་དང་།/
- ལ་ལས་འབུད་ཤིང་བཏུས་ནས་ཇ་སྐོལ་བ་ཡིན།/
- བཤད་མཁན་བརྒྱད་པ།གཅིག་གཉིས་གསུམ།/
- བཤད་མཁན་དགུ་བ།གཅིག་གཉིས་གསུམ།/
- བཤད་མཁན་དང་པོ།ཅུང་མ་འགོར་བར།/
- ཁོ་ཚོས་ཞིམ་མངར་གྱི་འོ་ཇ་ཕན་ཚུལ་ལ་འདྲེན་ཞིང་།/
- སྣ་མང་གི་ཟས་རིགས་ལ་ལོངས་སུ་སྤྱོད་བཞིན།/
- གླུ་གར་རྩེད་མོའི་དུས་འདའ་བར་བྱེད་པ་ནི་དངོས་གནས་སྤྲོ་འོས་པ་ཞིག་རེད།/
- ཉིན་འདིའི་སྔ་དྲོར།/
- ས་ཆ་མང་ཆེ་བར་ཆོས་ལུགས་ཀྱི་ཆོ་ག་རེ་གཉིས་སྤེལ་བ་ཡིན་ཏེ།/
- ཡུལ་མི་རྣམས་ཉེ་འཁོར་གྱི་དགོན་པ་དང་མ་ཎི་ཁང་།/
- མཆོད་རྟེན་ཁ་ལ་སོང་སྟེ་བསང་གཏོང་བ་དང་མཆོད་མེ་འཇོག་པ།/
- སྐོར་བ་བྱེད་པ་སོགས་དགེ་རྩ་ཅུང་ཙམ་རེ་སྒྲུབ་པ་ཡིན།/
- ཡང་ས་ཆ་ལ་ལར།/
- བཀའ་བསྟན་སོགས་པོ་ཏི་ཁུར་ནས་ཆོས་སྐོར་རྒྱག་པ་སྟེ།/
- ལོ་དེའི་གཡར་མ་ལས་གཞན་པའི་ས་ཞིང་དང་རང་སྡེ་བཅས་ལ་སྐོར་བ་བྱེད་པ་ཡིན།
- འདི་ནི་ལོ་གཅིག་གི་སྡེ་བ་དེའི་བཅའ་བ་རིམ་གྲོ་ཡང་ཡིན་པས།
- དེ་ལེགས་པར་སྒྲུབ་ནས་མི་ཕྱུགས་ལ་ནད་ཡམས་མེད་ཅིང་།/
- ལོ་ཏོག་ལ་འཚེ་བ་མེད་པ་དང་།/
- ལོ་ལེགས་ཡག་པོ་འབྱུང་བར་རེ་སྨོན་བྱེད་ཀྱིན་ཡོད།/
- གཞན་ཡང་ཉིན་འདི་ནི།/
- སྟོང་རི་མཚོ་ཁར་མཚོ་སྐོར་དུ་འགྲོ་བ་དང་།/
- ལྷ་ལུང་གནས་མདུན་དུ་གནས་མཇལ་བྱེད་དུ་འགྲོ་བའང་ཡིན་པས།/
- དད་ལྡན་གྱི་ཡུལ་མི་ཁ་ཤས་ཉིན་དེའི་ཞོགས་པ་སྔ་མོ་ནས་ཆས་ཏེ།/
- གནས་དེ་ལ་ཐོན་ཞིང་མཚོ་ནང་དུ་གཏེར་སྒྲུབ་པ་དང་།/
- མཚོ་ཆུ་བླངས་ཏེ་ཁྲུས་བྱེད་པ།/
- གནས་མདུན་ལ་མཆོད་མཇལ་བྱེད་པ་སོགས་དགེ་རྩ་སྣ་ཚོགས་སྒྲུབ་པ་དང་།/
- ཞོར་དུ་གནས་དེའི་ཁྱད་དུ་འཕགས་ཤིང་ཡིད་དུ་འོང་བའི་རང་བྱུང་ཁམས་ཀྱི་མཛེས་ལྗོངས་དང་།/
- གཟི་འོད་འབར་བའི་སྟོང་རི་ལྷ་མཚོའི་མཛེས་ཉམས་ལ་ལྟད་མོར་རོལ་བ་ནི།/
- ངོ་མས་ཡིད་སེམས་འགུག་པ་ཞིག་རེད།/
- ཉིན་འདི་ནི་སངས་རྒྱས་སྨན་བླས་ཁྲུས་མཆོད་མཛད་པའི་ཉིན་རེད་ཟེར་བ་ལས།/
- འདི་ནི་ཕོ་མོས་མཛའ་གཞས་གཏོང་བའི་ལ་གཞས་དུས་ཆེན་རེད་ཟེར་ན།/
- དངོས་གནས་བདེན་ཆོག་ཆོག་ཏུ་འདུག/
- རྡོ་སྦིས་ས་ཁུལ་ལ་མཚོན་ནས་བཤད་ན།/
- ཉིན་དེའི་དྲོས་ཇའི་ཚུན་ནས་རྡོ་སྦིས་སྨད་ཕྱོགས་ཀྱི་འདེད་མའི་ནས་ནང་ཞེས།/
- གཞུང་ཆུ་སྔོན་མོ་ཐུར་དུ་འབབ་ཅིང་ལྗོན་ཤིང་མང་པོས་མཐའ་ནས་བསྐོར་བའི།/
- གཞུང་སྐྱིད་པོ་གོས་ལྗང་ཐང་ལ་བཏང་འདྲའི།/
- ནས་སྤང་གིས་ཁེབས་པ་ཞིག་ཡོད་པ་དེར་འདུས་ནས།/
- ཟས་སྐོམ་ལོངས་སུ་སྤྱོད་ཅིང་འདོད་པའི་མཛའ་གཞས་འཐེན་བཞིན།/
- དགའ་བདེའི་དཔལ་གྱིས་མྱོས་འདུག/
- དེ་ལྟར་རོགས་ཆ་ཡོད་ཆ་མེད་ཚང་མ་སྐོར་དང་སྐོར་བྱས་ཏེ་དབུ་ཆང་འཐུང་བ་དང་།/
- ལ་གཞས་འཐེན་པ་སྟེ།/
- མང་ཆེ་བ་སྡེ་བ་ཕན་ཚུན་བར་རྩེད་པ།/
- དཔེར་ན་འདི་བའི་སྐྱེས་པ་ཚོ་དང་སྡེ་བ་གཞན་པའི་སྐྱེས་མ་ཚོ་རྩེད་པ་དང།/
- ཡང་ན་སྡེ་བ་གཞན་པའི་སྐྱེས་པ་ཚོ་དང་།/
- སྡེ་བ་འདི་གའི་སྐྱེས་མ་ཚོ་རྩེད་པ་ལྟ་བུ་རེད།/
- ཁོ་ཚོས་འདོད་མཐུན་ཡིད་ཀྱི་དུང་བ།/
- སྙན་འཇེབས་ཚིག་གི་དབྱངས་རྟར་དྲངས་ཏེ།/
- ཕན་ཚུན་བར་འཛེམ་འཛེམ་དང་གཡོ་ཟོལ་མེད་པར།/
- སྙིང་གཏམ་ལྷུག་ལྷུག་ཏུ་བརྗོད་ཅིང་།/
- མཚམས་མཚམས་སུ་དགོད་བྲོ་བའི་གཞས་ཚིག་རེ་བྱུང་ཚེ།/
- རྩེད་རའི་ཁྲོད་ཀྱི་ཉན་མཁན་དག་ཀྱང་།/
- རང་དབང་མེད་པར་དགོན་སྒྲ་དང་བཅས་ཏེ་ཀུ་ལུ་རེ་རྒྱག་ཞོར་དབུ་ཆང་གི་མཆོད་ཁ་འཕེན་བཞིན།/
- ཕན་ཚུན་ལ་འདྲེན་པ་ཡིན།/
- རྩེད་ཡ་ཕན་ཚུན་བར་ལ་ལ་ཞིག་སྣང་བ་ཤིན་ཏུ་མཐུན་ཏེ།/
- ཚེ་གཅིག་གི་སྐྱ་ཡར་གྱུར་བ་དང་།/
- ལ་ལ་ཞིག་ཚེ་གཅིག་གི་སྐྱ་ཡར་མ་གྱུར་རུང་།/
- ཡུན་རིང་གི་སྙིང་གཏམ་གླེང་གྲོགས་སུ་གྱུར་ཡོད།/
- དེ་ཕྱིར་ཉིན་འདི་ནི།/
- མི་དང་མིའི་བར་མཛའ་མཐུན་གྱི་འབྲེལ་བ་འཛུག་པའི་གོ་སྐབས་བཟང་བོ་ཞིག་དང་།/
- ཡང་ན་སྣང་ཚུལ་འདི་ལས།/
- བརྩེ་དུང་རང་དབང་ཡིན་པའི་བོད་མིའི་བསམ་པའི་འདུ་ཤེས་ཤིག་ཀྱང་མཚོན་ཡོད་དེ།/
- དེ་ཚེ་གསར་སྐྱེས་ཕོ་མོ་རྣམས་ཀྱིས།/
- ཕན་ཚུན་དང་བཀག་རྒྱ་ཅི་ཡང་མེད་པར།/
- རང་སྣང་གང་སྐྱིད་ཀྱིས་རང་གིས་བློར་འབབ་པའི་རོགས་དང་མཉམ་དུ།/
- ཞེ་མཐུན་གྱི་སྙིང་གཏམ་དྲོན་མོ་ལྷུག་པར་བརྗོད་ཀྱིན་ཡོད།/
- བཤད་མཁན་བཅུ་བ།བྱའི་སྣ་ཁ་འཛོམས་པའི་རྒྱ་རྫོང་ན།/
- བྱ་གསུང་སྐད་ཡག་པ་ཁྱོད་འདྲ་ཞིག/
- བྱའི་གཤོག་རྩལ་བདེ་བ་ང་འདྲ་ཞིག/
- ནགས་འདི་ནས་ཕར་ལ་འཕུར་ནས།/
- ཤ་རིང་གི་ས་ལ་སོང་ནས།/
- ངས་ནགས་གཅིག་ལ་སྨོན་ལམ་འདེབས་རྒྱུ་ཡིན།/
- བདེ་ཁམས་པོ་འཛོམས་པའི་རྩེད་ར་ན།/
- ཕོ་ཞེ་འདང་ཆེ་བ་ང་འདྲ་ཞིག/
- མ་ཡིད་སེམས་དྭངས་བ་ཁྱོད་འདྲ་ཞིག/
- བདེ་འདི་ནས་ཕར་ལ་སོང་ནས།/
- རོགས་ཁ་ཁའི་སར་ལ་གཏོར་ནས།/
- ཁྱིམ་གཅིག་ལ་ངས་སྨོན་ལམ་རྒྱག་རྒྱུ་ཡིན།/
- བཤད་མཁན་བཅུ་གཅིག་པ།དགོ་གཡང་རེ་ཡ་ལ་ཡ་ལ་དགོ