Skip to main content Skip to search
15 Dec 2011
3 min 53 sec
Video Overview
Creators: 
Unknown

A selection of the Lhasa Wood Carver for demo purposes.

Transcript search
No results found for this search
0 of 0
  • ཤིང་བཟོ་བ་ Wood Carver
    ང་ལྟ་དེ་ཤག་བརྐོས་ཤིག་རྒྱག་གི་ཡོད།
    These days, I am creating a wood carving.
  • དྲི་བ་ལེན་མཁན་ Questioner
    ཨ་ལས། ག་རེ་ཡིན་པ།
    I see. What are you carving?
  • ཤིང་བཟོ་བ་ Wood Carver
    འདི་འོ་མཆོད་གཤོམ་ཞིག་བཟོ་ཡག་ཡིན།
    I want to make an altar.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    Okay.
  • འོ་ཤིང་འདི་གང་རེད།
    What type of wood is this?
  • ཤིང་བཟོ་བ་ Wood Carver
    འདི་ལྟ་ང་རང་ཚོའི་བོད་བྱས་ན་སྦྱར་དཀར་ཟེར་དགོས་ཀྱི་རེད་པ།
    In Tibetan, we call it jarkar [white poplar].
  • དྲི་བ་ལེན་མཁན་ Questioner
    སྦྱར་དཀར།
    Jarkar?
  • ཤིང་བཟོ་བ་ Wood Carver
    འོ།
    Yes.
  • དྲི་བ་ལེན་མཁན་ Questioner
    སྦྱར་པ་དཀར་པོ།
    Is it white poplar?
  • ཤིང་བཟོ་བ་ Wood Carver
    འོ། སྦྱར་པ་དཀར་པོ་རེད།
    Yes, it's white poplar.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    I see.
  • ཤིང་བཟོ་བ་ Wood Carver
    ལྟ་སྦྱར་དཀར་སྦྱར་ནག་བྱས་བྱས་རིགས་གཉིས་ཡོད་རེད།
    We have two kinds of poplar wood, namely white poplar, and black poplar wood.
  • དྲི་བ་ལེན་མཁན་ Questioner
    སྦྱར་ནག་བརྐོས་ཡོང་གི་རེད་པས།
    Can we use black poplar for wood carving?
  • ཤིང་བཟོ་བ་ Wood Carver
    སྦྱར་ནག་གིས་བརྐོས་ཡང་པོ་ཡོང་གི་མ་རེད།
    Black poplar wood is not good material for carving.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    I see.
  • ཤིང་བཟོ་བ་ Wood Carver
    གང་རེད་ཟེར་ཟེར་ན། ཤིང་མཁྲེགས་པོ་བྱས། ཨཱ་ནི་སྤུས་ཚད་ལ་ཡག་པོ་ཡོད་མ་རེད།
    The reason is that the black poplar wood is very hard and affects the quality of the carving.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    I see.
  • ཤིང་བཟོ་བ་ Wood Carver
    འོ་འདི་འདྲས་སེ་ཕར་ཚུར་འགྱུར་ལྡོག་འགྲོ་ཡག་གི་སྐྱོན་ཡོད་རེད།
    And it's also vulnerable to deformation.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    I see.
  • ཤིང་བཟོ་བ་ Wood Carver
    ལྟ་སྦྱར་པ་སྦྱར་དཀར་འདའི་ག་རེ་ཁྱད་ཆོས་ཡོད་རེད་ཟེར་ན། འོ་ལས་ཀ་བྱེད་དུས་ཁོ་ཤུན་པོ་ཡོད་པ། མཉེན་པོ་ཡོད་པ།
    However, the white poplar wood is easy to work on because of its softness.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    I see.
  • ཤིང་བཟོ་བ་ Wood Carver
    ལས་ཀ་བྱས་ན་སྤུས་དག་པོ་ཆགས་པ།
    It has a positive effect on the quality of work.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    I see.
  • ཤིང་བཟོ་བ་ Wood Carver
    འོ་ཨེ་འདྲས་ཀྱི་ཁྱད་ཆོད་ཡོད་རེད།
    These are some of the characteristics.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    I see.
  • ཤིང་བཟོ་བ་ Wood Carver
    ཨཱ་ནི་ང་རང་ཤིང་གཞན་དག་ཨེ་དག་སོམ་ཤིང་ཡོད་རེད། ཤིང་འདྲ་མིན་འདྲ་ཞེ་དྲགས་ཡོད་རེད་འདའི་དེ་ཚོ་སྤྱིར་བཏང་ནས་བྱས་ན་བརྐོས་རྒྱག་ཡག་ཡག་ག་རྩི་གི་མ་རེད།
    Although there are other woods like that of pine tree, generally speaking, they are not considered as good materials for carving.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    I see.
  • ཤིང་བཟོ་བ་ Wood Carver
    འདི་ཡག་ག་རྩི་གི་རེད།
    This one is considered a better choice.
  • དྲི་བ་ལེན་མཁན་ Questioner
    སྦྱར་དཀར་འདི་ང་རང་ཚོ་བོད་ལ་ག་པར་ག་པར་ཡོད་རེད།
    Where would you find a white poplar tree in Tibet?
  • ཤིང་བཟོ་བ་ Wood Carver
    ལྟ་འདི་ལྟ་སྤྱིར་བཏང་བྱས་ན་ང་རང་ཚོ་བོད་ཀྱི་ས་ཆ་གང་ག་ཡོད་རེད།
    Generally, you will find it everywhere in our Tibetan area.
  • དྲི་བ་ལེན་མཁན་ Questioner
    འོ་འོ། ལུང་པ་གང་ས་གང་ལ།
    I see. You mean in every part of the country?
  • ཤིང་བཟོ་བ་ Wood Carver
    འོ། ལུང་པ་གང་ས་གང་ལ་སྐྱེས་ཡོག་རེ།
    Yes, the tree grows in every part of the country.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    I see.
  • ཤིང་བཟོ་བ་ Wood Carver
    ལྟ་ཡིན་ནའི་ལུང་པ་སོ་སོའི་སྐད་མི་འདྲ་སོང་ཙང་མིང་ཏོག་ཙམ་མི་འདྲ་བ་ཡོད་རེད།
    However, there are different names for it because each region has its own dialect.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    I see.
  • ཤིང་བཟོ་བ་ Wood Carver
    ཁ་ཤས་སྡེ་རྒྱ་ཟེར་གྱི་རེད། ཁ་ཤས་སྡེ་ཁོག་ཟེར་གྱི་རེད།
    Some call it degya, others call it dekhok.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    I see.
  • ཤིང་བཟོ་བ་ Wood Carver
    ལྟ་སྤྱིར་བཏང་ལྷ་སའི་སྐད་བྱས་ན་སྦྱར་དཀར་སྦྱར་ནག
    In Lhasa dialect, we call it jarkar and jarnak.
  • དྲི་བ་ལེན་མཁན་ Questioner
    སྦྱྲར་དཀར་ཟེར་གྱི་ཡོད་རེད་ཟེར། དེ་མིན་པའི་ང་རང་ཚོའི་བརྐོས་རྒྱག་ཡག་ཤིང་གཞན་དག་ག་རེ་ག་རེ་ཡོད་རེད།
    So it's called jarkar. Other than poplar wood, what other choices are there?
  • ཤིང་བཟོ་བ་ Wood Carver
    ཤིང་གཞན་དག་ལྟ་ཁྲེད་པ་ཡོག་རེད།
    We have trepa.
  • དྲི་བ་ལེན་མཁན་ Questioner
    འོ།
    Okay.
  • ཤིང་བཟོ་བ་ Wood Carver
    ཁྲེད་པ་ཟེར་དུས་ལྟ་སྤྱིར་བཏང་ཤིང་མཁྲེགས་པོ་བྱས། ཅ་ལག་སྤུས་དག་པོ་དེ་འདྲས་ཀྱི་[ཆེད་དུ་]རེད།
    Trepa wood is generally very hard, and it is used for making high-end carvings.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    I see.
  • ཤིང་བཟོ་བ་ Wood Carver
    ཨཱ་ནི་སྤྱིར་བཏང་བྱས་ན་བེད་སྤྱོད་མང་ཤོས་གཏོང་ཡག་གི་ཤིང་འདི་རེད།
    Generally speaking, this type of wood is the most commonly used material.
  • དྲི་བ་ལེན་མཁན་ Questioner
    འོ་འོ། སྟག་པང་།
    I see. Tak pang?
  • ཤིང་བཟོ་བ་ Wood Carver
    འོ། སྟག་པང་ཟེར་གྱི་རེད།
    Yes, it is called tak pang.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    I see.
  • སྟག་པ་བརྐོས་རྒྱག་གི་ཡོད་རེད་པས།
    Can you use birch tree for carving?
  • ཤིང་བཟོ་བ་ Wood Carver
    རྒྱག་གི་ཡོད་རེད། རྒན་ལགས།
    Yes sir. We do use it.
  • དྲི་བ་ལེན་མཁན་ Questioner
    ཨ་ལས། འོ་འོ།
    I see. Okay.
  • ཤིང་བཟོ་བ་ Wood Carver
    ལྟ་ཡིན་ནའི་དེང་སང་བྱས་ན། སྤྱིར་བཏང་མང་ཆས་ལྟ་ཤིང་སྦྱར་དཀར་བེད་སྤྱོད་བྱེད་སྤྱོད་བྱེད་ཀྱི་རེད།
    However, generally speaking, white poplar wood is more popular.
  • དྲི་བ་ལེན་མཁན་ Questioner
    ལྟ་ང་རང་ཚོ་བརྐོས་མ་རྒྱག་སྔོན་ལ་སྔས་ལ་ག་རེ་ག་རེ་བྱེད་དགོས་རེད་གྲ་སྒྲིག་ར་དེ།
    Before carving, what kind of preparations do you need to make?
  • ཤིང་བཟོ་བ་ Wood Carver
    ལྟ་བརྐོས་མ་རྒྱག་གོང་ལ་སྔས་ལ་ལྟ་ཤོག་བུ་འདི་འདྲས་ཤིག་སྒང་འདའི་ཡ་རི་མོ་བྲིས་དགོས་རེད།
    Before carving, you need to prepare a sketch of design on a piece of paper like this.
  • དྲི་བ་ལེན་མཁན་ Questioner
    འོ།
    Okay.
  • ཤིང་བཟོ་བ་ Wood Carver
    ལྟ་ཡང་ཨམ། རི་མོ་འདིའི་འཆར་གཞི་འགོད་ཡག འདི་འདྲས་ཤིག་སྒང་ལ་ལྟ། ཤིང་ཁོ་ར་ཚད་གཞི་ལེན། ཨཱ་ནི་ཤོག་བུ་འདིའི་སྒང་ལ།
    And then you create the design on the paper while making sure that the size is appropriate.
  • ཨཱ་ནི་ཤོག་བུ་འདིའི་སྒང་ལ་ནག་པོ་འདི་ཏིག་ཙམ་གཙབ་ཡག་འདའི་ཡ་ཡག་པ་ཡོད་རེད་ཡང་།
    This type of paper with dark texture is good for punching holes in the drawing.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    I see.
  • ཤིང་བཟོ་བ་ Wood Carver
    འོ་ཤོག་བུ་ད་ལྟ་འདི་འདྲས་དཀར་པོ་འདི་འདྲས་སྒང་ལ་་་
    Other paper like this white one ...
  • དྲི་བ་ལེན་མཁན་ Questioner
    ལྕགས་དེ་ད་ལྟ་ག་རེའི་ལྕགས་པར་རེད།
    What is that design for?
  • ཤིང་བཟོ་བ་ Wood Carver
    ད་ལྟ་འདིའི་མཆོད་འདི་མཆོད་གཤོག་གི་སྒྲོམ་སྐྱོར་རེད།
    This one is for making the altar railing.
  • དྲི་བ་ལེན་མཁན་ Questioner
    སྒྲོམ་སྐྱོར།
    Railing?
  • ཤིང་བཟོ་བ་ Wood Carver
    འོ།
    Yes.
  • དྲི་བ་ལེན་མཁན་ Questioner
    ཨ་ལས། སྔོན་ལ་གང་འདྲ་བྱེད་དགོས་རེད།
    I see. What should be the first step?
  • ཤིང་བཟོ་བ་ Wood Carver
    ལྟ་འདའི་སྔོན་ན་འདི་འདྲས་སེ་བྱས་ལྟ་སྨྱུ་གུ་གས་ཁ་རེ་རེ་བྱས་འདི་འདྲས་སེ་བྲིས་རྒྱོགས་རེད།
    First, I created the design with this ink pen.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    Okay.
  • ཤིང་བཟོ་བ་ Wood Carver
    འདི་འདྲས་སེ་བྱས།
    Like this.
  • དྲི་བ་ལེན་མཁན་ Questioner
    རི་མོ་བྲིས།
    You draw it?
  • ཤིང་བཟོ་བ་ Wood Carver
    རི་མོ་འདི་བྲིས། ལྟ་འདི་ནས་འདུག་སེ་བྱས་ནས།
    First, create the design like this.
  • དྲི་བ་ལེན་མཁན་ Questioner
    བྲིས་ཚར་ནས།
    After drawing, then what?
  • ཤིང་བཟོ་བ་ Wood Carver
    གཙབ་དགོས་ཀྱི་རེད་ཡང་།
    Then you have to trace the design.
  • དྲི་བ་ལེན་མཁན་ Questioner
    ཨང་ལས། ཁབ་ཀྱིས།
    I see, with a needle.
  • ཤིང་བཟོ་བ་ Wood Carver
    ཁབ་ཀྱིས་གཙབས་རྒྱོགས་རེད།
    I punched holes on it with a needle.
  • དྲི་བ་ལེན་མཁན་ Questioner
    འོ་འོ། འོག་ལའི་ཅིག་ཨ་ཅོར།
    I see. And you keep a towel at the bottom.
  • ཤིང་བཟོ་བ་ Wood Carver
    འདི་འདྲས་སེ་ཨ་ཅོར་ཞིག་བཏིང་། ལྟ་སོབ་སོབ་བྱེད་ཡག་འདི་རེད་པ།
    Place a towel beneath it so that it is soft.
  • དྲི་བ་ལེན་མཁན་ Questioner
    འོ་འོ། ཨཱ་ནི།
    Right. And then?
  • ཤིང་བཟོ་བ་ Wood Carver
    འདི་འདྲས་ཤིག་ཡོད། ཁབ་ཅིག་ཡོད།
    I have one needle somewhere around here.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    Okay.
  • ཤིང་བཟོ་བ་ Wood Carver
    འདའི། ཨེ་འདྲས་སེ་ལྟ་ཁབ་ཅིག་ཡར་འདའི་བརྒྱུད། ཨེ་འདྲས་སེ་ཡར།
    Here it is. Like this, you have to punch holes.
  • དྲི་བ་ལེན་མཁན་ Questioner
    གཙབ།
    Punch holes.
  • ཤིང་བཟོ་བ་ Wood Carver
    ལྟ་གང་ག་ཡར་ཨི་ཁུང་འདི་འདྲས་སེ་གཙབ་ཀྱི་ཡོད་རེད།
    You punch holes on the outline of the entire sketch.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    I see.
  • ཤིང་བཟོ་བ་ Wood Carver
    ད་ལྟ་གཙབས་ཚར་བ་ཞིག་འདའི་ཡོད་རེད། འདི་འདྲས་ཤིག
    I have a completed one here.
  • དྲི་བ་ལེན་མཁན་ Questioner
    གཙབས་ཚར་བ།
    Completed one?
  • ཤིང་བཟོ་བ་ Wood Carver
    གཙབ་ཚར་བ་འདི་འདྲས་རེད།
    This one is an example of a completed one.
  • དྲི་བ་ལེན་མཁན་ Questioner
    འོ་འོ། དམིགས་བསལ་གྱི་འོ་འདི། ཨི་ཁང་[ཁུང་]ཡོད་པ། རི་མོ་གང་ག་ཨི་ཁང་ཡོད་པ།
    I see. Especially this one with holes on the sketch.
  • ཤིང་བཟོ་བ་ Wood Carver
    འོ།
    Yes.
  • དྲི་བ་ལེན་མཁན་ Questioner
    འོ་འོ། ཚུར་སྟོན་དང་། འོ་འདུག་སེ། མ་རེད་ད་འདུག་སེ་སྟོན་དང་འགྲིག་གི་རེད། འོ་ཧེ།
    I see. Show me the front face. That's good.
  • ཤིང་བཟོ་བ་ Wood Carver
    ལྟ་འདི་བོད་པའི་ལྟ་གོམས་གཤིས་ཤིག་ཡོད་པ་སྔ་མོ་དུས་ནས། འདི་འདྲས་སེ་ལྟ།
    This is a traditional Tibetan practice since ancient time.
  • དྲི་བ་ལེན་མཁན་ Questioner
    ལྟ་འདི་སྟག་པར་གཙབ་ཡག་འདི་རྒྱུ་མཚན་གང་རེད།
    Why do you trace the design on birch wood?
  • ཤིང་བཟོ་བ་ Wood Carver
    ལྟ་འདི་གཙབ་ཡག་དེ་རྒན་ལགས་ལ་ཞུས་པ་ཡིན་ན། འོ་འདི་འདྲས་རེད། རི་མོ་འདི་ལྟ། ལྟ་དཔེར་ན་ཆ་བཞག་ན་རི་མོ་འདི་ནི་མཆོད་གཤོམ་གྱི་དྲྭ་ཆས་གཡས་དང་གཡོན་འདུག་སེ་བཏང་ཡོང་དུས།
    To tell you the reason, it is like this, for example, this design is for creating fences for the altar on its left and right sides.
  • དྲི་བ་ལེན་མཁན་ Questioner
    འོ་རེད།
    Right.
  • ཤིང་བཟོ་བ་ Wood Carver
    འདའི་གཅིག་པ་བསྡད་ཡག་ཆེད་དུ།
    And it helps that both exact.
  • དྲི་བ་ལེན་མཁན་ Questioner
    གཅིག་པ་བསྡད་ཡག་ཆེད་དུ།
    So it is for making sure that both are same.
  • ཤིང་བཟོ་བ་ Wood Carver
    ལག་པས་བྲིས་པ་ཡིན་ན་ཏིག་ཙམ་ཏིག་ཙམ་ཆེ་ཆུང་འགྲོ་ཧེ་བག་འགྲོ་ཡི་ཡོད།
    If I draw it by hand, there will be some minor differences.
  • དྲི་བ་ལེན་མཁན་ Questioner
    གཅིག་བྱས། གཉིས་ནས་དུས་ཚོད་ཐོག་ལ།
    That's one thing. It also saves time.
  • ཤིང་བཟོ་བ་ Wood Carver
    ལཱའོ།
    What?
  • དྲི་བ་ལེན་མཁན་ Questioner
    དུས་ཚོད།
    Time.
  • ཤིང་བཟོ་བ་ Wood Carver
    འོ། དུས་ཚོད་ཐོག་ལ་ལྟ་ཞེ་དྲགས་ཡང་སྟབས་བདེ་དུ་ཕྱིན་ཚར་པ་རེད།
    Yes. Timewise, it makes the job much easier.
  • དྲི་བ་ལེན་མཁན་ Questioner
    འོ་རེད།
    Okay.
  • ཤིང་བཟོ་བ་ Wood Carver
    ད་ལྟ་འདའི་རི་མོ་འདི་གཅིག་བྲིས་ནས་གཙབས་ཚར་བའི་གཞུག་གུར་ཨཱ་ནི་ཤིང་མང་པོ་དེ་འདྲས་སྒང་ག་ཚོད།
    After you finished creating the sketch, you can reuse it many times.
  • དྲི་བ་ལེན་མཁན་ Questioner
    བཅུ་བཅོ་ལྔ་སྒང་གར་བརྡབ་ཆོག་གི་རེད་པ།
    You can trace the design on ten or fifteen planks of woods.
  • ཤིང་བཟོ་བ་ Wood Carver
    འོ་རེད།
    Correct.
  • དྲི་བ་ལེན་མཁན་ Questioner
    འོ་ཡག
    Great.
  • ཤིང་བཟོ་བ་ Wood Carver
    འདའི་འདི་འདྲས་སེ་བྱས་བྱས་འདུག་སེ་བརྡབ་བྱས་ལྟ།
    And you trace design by placing it like this.
  • དྲི་བ་ལེན་མཁན་ Questioner
    འོ་འོ། འདི་སྔོན་མ་ང་རང་ཚོ་འཕྲུལ་འཁོར་མེད་པའི་རྐྱེན་གྱིས་བོད་པའི་ཐབས་ཤེས།
    I see. So it was an ingenious solution found by Tibetans in the absent of machinery.
  • ཤིང་བཟོ་བ་ Wood Carver
    ལགས་རེད། ལྟ་སྔ་མོ་བོད་པའི།
    That's right. It is an ancient Tibetan solution.