Skip to main content Skip to search
15 Dec 2011
5 min 54 sec
Video Overview
Creators: 
Unknown

Sonam Choephel has Tibetan furniture carvers demonstrate different wood carving tools and how they are used for different purposes. 

Transcript search
No results found for this search
0 of 0
  • ད་དེའི་ནང་ལ་བྱས་ན་ཉོས་པ་ཡང་ཡོའོ་རེད། བཟོས་པའི་ཡོའོ་རེད།
    da de'i nang la byas na nyos pa yang yo'o red/_bzos pa'i yo'o red/
  • ལགས་ལགས་སོ།
    lags lags so/
  • དཔེ་བཞག་ན་འདི་ཚོའི་བཟོ་འདྲ་སྒང་ག་བཟོས་ཀྱོག་རེད། ཡུ་བ་མར་བཀག་པ་དེ་ཚོ། ཆེ་ཆུང་འདི་ཚོའི་གྲས་དེ་བཟོས་ཀྱོག་རེད།
    dpe bzhag na 'di tsho'i bzo 'dra sgang ga bzos kyog red/_yu ba mar bkag pa de tsho/_che chung 'di tsho'i gras de bzos kyog red/
  • འོང་འོང་།
    'ong 'ong /
  • ད་དེ་ཚོ་ཉོས་ཀྱོག་རེད། ད་དེང་སང་སྟབས་བདེ་བ་འདྲ་ཞིག་བྱས་བྱས།
    da de tsho nyos kyog red/_da deng sang stabs bde ba 'dra zhig byas byas/
  • འོ་རེད་པཱ། ཉོ་ཡས།
    'o red pA/_nyo yas/
  • དེ་བར་ཉོ་ཡས་དེ་ཚོ་ཉོས་བཞག་པ་རེད་པཱ། སྔོན་མ་ཡིན་ན་གང་ག་སོ་སོས་བཟོས་དགོ་རེད་པ། རྦད་ལྕགས་རྫོག་ཡས་ནས་སྒང་ག་སོ་སོས།
    de bar nyo yas de tsho nyos bzhag pa red pA/_sngon ma yin na gang ga so sos bzos dgo red pa/_rbad lcags rdzog yas nas sgang ga so sos/
  • ཤིང་བཟོ་ཡིན་པའི་གཞུག་གུར་ལག་ཆ་བཟོ་ཤེས་པ་དགོ་རེད་ཟེར།ཧ་ཧ་་་། འོ་ཡག འོང་འོང་། ལགས་ལེའེ་ཟེ།
    shing bzo yin pa'i gzhug gur lag cha bzo shes pa dgo red zer/ha ha /_'o yag_'ong 'ong /_lags le'e ze/
  • འདི་བརྒྱབ་དུས་སྤྱིར་བཏང་ལག་ཆ། ང་རང་ཚོའི་ལག་ཆ་ག་རེ་ག་རེ་ཡོའོ་རེད།
    'di brgyab dus spyir btang lag cha/_nga rang tsho'i lag cha ga re ga re yo'o red/
  • ད་དེའི་གང་འདྲས་ཟེར་དགོ་རེད། ལག་ཆ། ལག་ཆ་ད་འདྲ་མི་འདྲ་ཆེ་ཆུང་མང་པོ་ཞིག་ཡོའོ་རེད། འདི་ཚོར་ད་ཁ་རིལ་ཟེར་གྱི་རེད། ང་ཚོས།
    da de'i gang 'dras zer dgo red/_lag cha/_lag cha da 'dra mi 'dra che chung mang po zhig yo'o red/_'di tshor da kha ril zer gyi red/_nga tshos/
  • ཁ་རིལ་རེད་པཱ།
    kha ril red pA/
  • འོང་། ཏིག་ཙམ་ཆེ་བའི་འདྲ་ཞིག་གྲས་ཁ་རེད།
    'ong /_tig tsam che ba'i 'dra zhig gras kha red/
  • ད་དེ་བསྔོག་ཡས་འདྲ་ཞིག་འདུག་གམ། དེ་བར་གཅིག་གི་བསྔོག་ཙམ་བསྔོག་ཙམ་བྱེད་ཡས་གཅིག་འདུག་གམ། གཟིགས་དང་།
    da de bsngog yas 'dra zhig 'dug gam/_de bar gcig gi bsngog tsam bsngog tsam byed yas gcig 'dug gam/_gzigs dang /
  • དེའི་སྒང་དེར།
    de'i sgang der/
  • འོ་རེད།
    'o red/
  • ད་ཨེ་འདྲས་ཟེར་བྱེད་ཀ། དཔེ་ཆ་བཞག་ན་ད་དེ་ཚོའི་གྲས་དེ། འདིའི་ལོ་མ་ཆེ་བ་དེ་ཚོའི་ནང་ལ། འདུག་བཟོ་བཏང་གི་རེད།
    da e 'dras zer byed ka/_dpe cha bzhag na da de tsho'i gras de/_'di'i lo ma che ba de tsho'i nang la/_'dug bzo btang gi red/
  • འོ་ཡག ཁ་རིལ།
    'o yag_kha ril/
  • འདི་ཆེ་བ་དེ་གཏོང་ས་དེ་འདྲས་ཟེར་རེད། ཆུང་བ་ལ་ཆ་བཞག་ན། ད་དཔེ་ཆ་བཞག་ན་རི་མོ་ཆུང་བ་དེ་འདྲས་ཡོའོ་རེད་པཱ། དེ་ཚོ་ཏིག་ཙེ་ཡང་དེ་གིན་དེ་ལས་ཏིག་ཙམ་ཆུང་བ་རེད། 
    'di che ba de gtong sa de 'dras zer red/_chung ba la cha bzhag na/_da dpe cha bzhag na ri mo chung ba de 'dras yo'o red pA/_de tsho tig tse yang de gin de las tig tsam chung ba red/_
  • འོང་འོང་། དེ་འདྲས་བཟོ་འདྲ་ཞིག འདི་འདྲས་གནང་ན་འགྲོ་ཡི་རེད།
    'ong 'ong /_de 'dras bzo 'dra zhig_'di 'dras gnang na 'gro yi red/
  • འོང་འོང་། འོ་ཡག
    'ong 'ong /_'o yag
  • ད་འདི་རི་མོ་ཁོ་རང་མ་ཙང་ཆེན་པོ་འདྲ་ཞིག་ཆགས་པ་རེད་པཱ། ད་འདི་མང་ཆེ་བ། རི་མོ་དེ་ཚོ་རི་མོ་ཆེ་བའི་གྲས་རེད།
    da 'di ri mo kho rang ma tsang chen po 'dra zhig chags pa red pA/_da 'di mang che ba/_ri mo de tsho ri mo che ba'i gras red/
  • འོ་རེད་པཱ།
    'o red pA/
  • ད་ལག་ཆ་འདི། མང་ཆེ་བ་དེ་བེད་སྤྱོད་བཏང་གི་རེད་འདིའི་ནང་ལ། ད་རི་མོ་ཆུང་བ་ལ་ཆ་བཞག་ན། ད་ལྟ་དེ་བར་ཡང་ཞིབ་པར་གཅིག་ཡོའོ་རེད། འདི་ཚོའི་གྲས་རི་མོ་ཏིག་ཙམ་ཞིབ་པ་རེད།
    da lag cha 'di/_mang che ba de bed spyod btang gi red 'di'i nang la/_da ri mo chung ba la cha bzhag na/_da lta de bar yang zhib par gcig yo'o red/_'di tsho'i gras ri mo tig tsam zhib pa red/
  • འོང་ཨོང་།
    'ong ong /
  • ད་དེ་ཚོའི་ནང་ལ་མང་བ་ཡང་ཀུང་ཧྲི་ཆུང་བ་དེ། དེའི་གྲས་དེ།
    da de tsho'i nang la mang ba yang kung hri chung ba de/_de'i gras de/
  • ཆུང་ཆུང་།
    chung chung /
  • ཆུང་ཆུང་དེ་ཚོའི་གྲས་བེད་སྤྱོད་འགྲོ་ཡི་རེད། ཆེ་བ་དེ་ཞེ་དྲག་བེད་སྤྱོད་ཡོའོ་མ་རེད། རྒན་ལགས།
    chung chung de tsho'i gras bed spyod 'gro yi red/_che ba de zhe drag bed spyod yo'o ma red/_rgan lags/
  • འོ་རེད་པཱ།
    'o red pA/
  • ད་ཆུང་བ་དེ་ཚོ་སྒང་ག་འདི་འདྲས་ཟེར། དེ་ཚོ་ཡ། དེ་རེད་པ་ལ། སྤྲིན་པའི་འགྲོ་སྟངས་བཟོ་འདྲ་ཞིག ད་གསེང་་ཁུ་བཟོ་དགོ་རེད་པ། དེ་ཚོ་སྒང་ག་ད་སྒོར་སྒོར་དེ་མང་ཆེ་བ་བེད་སྤྱོད་འགྲོ་ཡི་རེད།
    da chung ba de tsho sgang ga 'di 'dras zer/_de tsho ya/_de red pa la/_sprin pa'i 'gro stangs bzo 'dra zhig_da gseng khu bzo dgo red pa/_de tsho sgang ga da sgor sgor de mang che ba bed spyod 'gro yi red/
  • འོང་འོང་།
    'ong 'ong /
  • ད་དཔེ་ཆ་ན། ཆུང་ཆུང་འདི་ཚོའི་གྲས་དེ་འདྲས། མིག་རིལ་དེ་འདྲས་བཟོ་ཡས་བཟོ་འདྲ་དེ་གྲས་འགྲོ་ཡི་རེད། 
    da dpe cha na/_chung chung 'di tsho'i gras de 'dras/_mig ril de 'dras bzo yas bzo 'dra de gras 'gro yi red/_
  • ད་དེའི། ལག་ཆ་དེའི་ག་རེ་ཟེར་གྱི་ཡོའོ་རེད། ཁ་རིལ་ཟེར་གྱི་ཡོའོ་རད།
    da de'i/_lag cha de'i ga re zer gyi yo'o red/_kha ril zer gyi yo'o rad/
  • དེའི་ཨོང་། དེ་ཟེར་གྱི་རེད་རྒན་ལགས། སེན་ཟུར་ཟེར་གྱི་རེད་ད་ང་ཚོས།
    de'i ong /_de zer gyi red rgan lags/_sen zur zer gyi red da nga tshos/
  • སེན་ཟུར། སེན་ཟུར་ཟེར་ག་རེ་རེད། 
    sen zur/_sen zur zer ga re red/_
  • སེན་ཟུར་ཟེར་གང་འདྲས་ཟེར་དགོ་རེད། ད་དེ་ཁ་རིལ་མིན་པ་ཡང་ཁ་ལེབ་མིན་པ། ད་ཁ་རིལ་དང་བསྡུར་ན་ཡང་དེ་སྒོར་ཞེ་དྲག་ཆེན་པོ་ཡོའོ་མ་རེད། ང་རང་ཚོའི་མིའི་སེན་མོའི་བཟོ་བལྟའི་བཟོ་འདྲ་ཞིག་གི་དེ་མིན་འགྲོ་བསམ་གྱིས།
    sen zur zer gang 'dras zer dgo red/_da de kha ril min pa yang kha leb min pa/_da kha ril dang bsdur na yang de sgor zhe drag chen po yo'o ma red/_nga rang tsho'i mi'i sen mo'i bzo blta'i bzo 'dra zhig gi de min 'gro bsam gyis/
  • སྤྱིར་བཏང་བེད་སྤྱོད་གཏོང་ཡས་མང་ཤོས་ག་དེའི་རེད། དེའི་གྲས་ཁ་དེ་རེད་པས།
    spyir btang bed spyod gtong yas mang shos ga de'i red/_de'i gras kha de red pas/
  • ད་དེ་ཚོའི་གཙོ་གནད་ཅིག་རེད།
    da de tsho'i gtso gnad cig red/
  • རེད་པཱ། གཙོ་བོ་ཞིག
    red pA/_gtso bo zhig
  • དེ་ཚོ་དང་ད་ཁ་རིལ་དེ་ཚོ་ད། འོང་། དེ་ཚོའི་གྲས་རེད་པཱ།
    de tsho dang da kha ril de tsho da/_'ong /_de tsho'i gras red pA/
  • ཨ་ནི་ཤོན་གཏོང་དགོས་བྱུང་། དཔེར་ན་དེ་འདྲས་ཤིག་སྒོར་སྒོར་ཆེན་པོ་ཞིག་དེ་བྱེད་དགོས་ན་ག་གི་གཏོང་དགོ་རད་པས།
    a ni shon gtong dgos byung /_dper na de 'dras shig sgor sgor chen po zhig de byed dgos na ga gi gtong dgo rad pas/
  • སྒོར་སྒོར་ཆེན་པོ་དེ་གཏོང་དགོས་དུས་ཙམ་པ། དེ་ཚོ་འགྲོ་ཡི་རེད། འོང་དེ་སག་གཅོད་ཀྱི་ཁ་དེ་སྒོར་ཆེན་པོ་ཡོའོ་མ་རེད་པཱ།
    sgor sgor chen po de gtong dgos dus tsam pa/_de tsho 'gro yi red/_'ong de sag gcod kyi kha de sgor chen po yo'o ma red pA/
  • འོང་།
    'ong /
  • ད་ཕིང་ཕིང་༼རྒྱ་སྐད་སྙོམ་པོ་༽རང་མིན་པ། ཁ་ཐུག་མིན་པ་བྱས། ཏིག་ཙམ་སྒོར་འཁྱིལ་པོ་ཞིག་ཡོད་ཙང་། འདི་འགྲོ་ཡི་རེད།
    da phing phing (rgya skad snyom po )rang min pa/_kha thug min pa byas/_tig tsam sgor 'khyil po zhig yod tsang /_'di 'gro yi red/
  • ད་ཁ་ཐུག་རང་ཡིན་པ་ཡང་འདི་ཚོའི་གྲས་དེ་རེད་པཱ། ཤག་གཅོད་ད་དེ་ཚོའི་རྒྱབ་དེ་རྦད་ཕིང་ཕིང་རེད་པཱ། ཁ་ཐུག 
    da kha thug rang yin pa yang 'di tsho'i gras de red pA/_shag gcod da de tsho'i rgyab de rbad phing phing red pA/_kha thug_
  • དེ་ག་པར་བེད་སྤྱོད། སྤྱིར་བཏང་འདུག་བཟོ་འདུག་བཟོ་ཡར་བརྐོས་བརྒྱབ། འདུག་བཟོ་རེད་པས་ལ། འདུག་བཟོ་མར་དང་འདུག་བཟོ་ཡར།
    de ga par bed spyod/_spyir btang 'dug bzo 'dug bzo yar brkos brgyab/_'dug bzo red pas la/_'dug bzo mar dang 'dug bzo yar/
  • ལགས་རེད། ད་དེའི་སག་ཅིག་ཡོའོ་རེད་པ་ལ། ད་དེའི་བཟོ་བལྟ་མི་འདྲ་བ་ཞིག་བྱུང་ན།
    lags red/_da de'i sag cig yo'o red pa la/_da de'i bzo blta mi 'dra ba zhig byung na/
  • འོང་འོང་། ད་འདི།
    'ong 'ong /_da 'di/
  • དེའི་ནང་ལ་བྱས་ན། དེ་འདི་ཚོའི་པིང་ཀོ་ཟེར་གྱི་རེད། ད་གུག་གུག་དེ་རྩ་བའི་ཆ་ནས་ད་བརྐོས་དེ་ཤང་བརྐོས་བརྒྱབ་དུས་བེད་སྤྱོད་མང་བ་ཡོའོ་རེད། ད་ལྟ་འདི་ཚོའི་གྲས་དེ་རེད་པཱ། མར་ལྕགས་སྐུད་ཀྱི་གྲས་སྟོང་པ་བཟོས་པ་རེད་པཱ། དེ་ཞེ་དྲག་གི་བེད་སྤྱོད་ཡོའོ་མ་རེད།
    de'i nang la byas na/_de 'di tsho'i ping ko zer gyi red/_da gug gug de rtsa ba'i cha nas da brkos de shang brkos brgyab dus bed spyod mang ba yo'o red/_da lta 'di tsho'i gras de red pA/_mar lcags skud kyi gras stong pa bzos pa red pA/_de zhe drag gi bed spyod yo'o ma red/
  • འོ་རེད།
    'o red/
  • ཁག་ཅིག་དེའི། ལྕགས་སྐུད་མ་བྲེགས་བྱས་བྱས་ནས་བསྔོག་ཡས་ཤིག་ཡོའོ་རེད་པ་ལ། 
    khag cig de'i/_lcags skud ma bregs byas byas nas bsngog yas shig yo'o red pa la/_
  • འོ་རེད་འོ་རེད།
    'o red 'o red/
  • དེའི་གསེང་གསེང་དེ་ཚོ་བསྔོག་ཡས་དེ། དེ་འདྲས་གུག་གུག་དེ་འདྲས་དགོ་རེད། ཡིན་གཅིག་ཡང་།
    de'i gseng gseng de tsho bsngog yas de/_de 'dras gug gug de 'dras dgo red/_yin gcig yang /
  • འོང་འོང་། ལག་ཆ་དེ་ཚོ་ཉོས་ཀྱོག་རེད། སོ་སོས་བཟོས་ཀྱོག་རེད། 
    'ong 'ong /_lag cha de tsho nyos kyog red/_so sos bzos kyog red/_
  • ད་ལྟ་དེའི་ནང་ལ་དེ་གཉིས་བར་ལ་ཡང་། མ་ཙང་ཧབ་སྟེ་བལྟས་ན་འདྲ་པོ་རེད། དེ་གཉིས་ལག་ཆ་དེ་གཉིས་བར་ལ། ཡིན་ནའི་གཅིག་དེ་བརྡར་རྡོ་དེ་ནང་ལོགས་ནས་བརྒྱབ་ཡོའོ་རེད། འདི་ཁ་རིལ་ཟེར་གྱི་རེད།
    da lta de'i nang la de gnyis bar la yang /_ma tsang hab ste bltas na 'dra po red/_de gnyis lag cha de gnyis bar la/_yin na'i gcig de brdar rdo de nang logs nas brgyab yo'o red/_'di kha ril zer gyi red/
  • འོ་རེད་པ་ལ།
    'o red pa la/
  • དེ་འདི་ཁ་ལོག་ཟེར་གྱི་རེད། ཡང་བརྡར་རྡོ་དེ་ཕྱི་ནས་བརྒྱབ་ཀྱི་རེད། འོང་། ད་དཔེ་ཆ་བཞག་ན་འདུག་བཟོ་ཡར། མེ་ཏོག་དེ་འདྲ་བཟོ་དུས་དང་དེ་ཁྱད་པར་ཡོའོ་རེད། དེ་གཉིས་ཧབ་སྟེ་བལྟས་ན་ད་འདྲ་པོ་འདྲ་ཞིག་རེད། ཁོ་གཉིས་ཀྱི་མགོ་དབྱིབས་རེད་པཱ།
    de 'di kha log zer gyi red/_yang brdar rdo de phyi nas brgyab kyi red/_'ong /_da dpe cha bzhag na 'dug bzo yar/_me tog de 'dra bzo dus dang de khyad par yo'o red/_de gnyis hab ste bltas na da 'dra po 'dra zhig red/_kho gnyis kyi mgo dbyibs red pA/
  • འོང་འོང་།
    'ong 'ong /
  • ཡིན་ནའི་དེའི་བརྡར་རྡོ་བརྒྱབ་སྟངས་ཀྱི་རྒྱབ་མདུན་གྱི་ཁྱད་པར་ཡོའོ་རེད། ད་སག་གཅོད།
    yin na'i de'i brdar rdo brgyab stangs kyi rgyab mdun gyi khyad par yo'o red/_da sag gcod/
  • ཨ་ལའི་སྒུག་ཨཱ། པང་ལེབ་གཅིག་གི་སྒང་ལ་བཙུགས་ཙམ་བྱད་དགོ་རེད། པང་ལེབ་གཅིག་གི་སྒང་ལ། ད་ག་ཟེར་གཅིག་གས་ལ། པང་ལེབ་མི་འདུག་གས་ལ།
    a la'i sgug A/_pang leb gcig gi sgang la btsugs tsam byad dgo red/_pang leb gcig gi sgang la/_da ga zer gcig gas la/_pang leb mi 'dug gas la/
  • པང་ལེབ་ཨེ་འདྲས་ཤིག་གི་ཡོང་གི་རེད། ཨེ་འདྲས་བཟོ་འདྲ་ཞིག་སྒང་ལ་བཙུགས་ན་འགྲིག་གི་རེད། ཁྱེད་རང་།
    pang leb e 'dras shig gi yong gi red/_e 'dras bzo 'dra zhig sgang la btsugs na 'grig gi red/_khyed rang /
  • ད་དེ། འདི་ཚོའི་གྲས་འདི་ཡིན་རྒྱུ་བྱས་ན་ཀོང་དོང་བཟོ་ཡས་ལ་བྱས་ན་འདྲ་པོ་རེད། ཡིན་ནའི་འདིའི། ད་འདི་མཐའ་ཤིང་དེ་འདུག་བཟོ། མར་འདུག་བཟོ་འོག་འབྲུས་བརྒྱབ་ཡས་བཟོ་འདྲ་དེ་རན་པ་ཡོའོ་རེད།
    da de/_'di tsho'i gras 'di yin rgyu byas na kong dong bzo yas la byas na 'dra po red/_yin na'i 'di'i/_da 'di mtha' shing de 'dug bzo/_mar 'dug bzo 'og 'brus brgyab yas bzo 'dra de ran pa yo'o red/
  • འོང་།
    'ong /
  • གང་ལྟར་ཁ་རིལ་འདི་ཚོའི་གྲས་དེ། ལོ་མ་གཏོང་ཡས་དེ་ཚོ་རེད། འདུག་བཟོ། སྒོར་ཡས་ཞིག་ཡོའོ་རེད་པཱ། འདུག་བཟོ་མང་ཆེ་བ་བེད་སྤྱོད་འདུག་བཟོ་བཏང་གིས། 
    gang ltar kha ril 'di tsho'i gras de/_lo ma gtong yas de tsho red/_'dug bzo/_sgor yas zhig yo'o red pA/_'dug bzo mang che ba bed spyod 'dug bzo btang gis/_
  • འོང་འོང་།
    'ong 'ong /
  • འདིའི་གྲས་དེ། ད་གང་ལྟར་སེན་ཟུར་གྱི་གྲས་དེ་ཡང་ཁ་དེ་སྒོར་སྒོར་ཚ་པོ་ཞེ་དྲག་མེད་ཙང་། ཀོང་ཀོང་ཞེ་དྲག་རང་མིན་པ་བྱས། དེ་འདྲས་ཕིན་ཡས་དེ་འདྲས་ལ་འདི་འགྲོ་ཡི་རེད། 
    'di'i gras de/_da gang ltar sen zur gyi gras de yang kha de sgor sgor tsha po zhe drag med tsang /_kong kong zhe drag rang min pa byas/_de 'dras phin yas de 'dras la 'di 'gro yi red/_
  • འོང་འོང་།
    'ong 'ong /
  • གང་ལྟར་ཁ་ལེབ་ལེབ་ཆེ་བ་དེ་ཚོའི་གྲས་དེ་ད། སྤྱིར་བཏང་ཁོ་བེད་སྤྱོད་ཤུགས་ཆེ་བ་ཞིག་གི་གྲས་རེད། དཔེ་ཆ་བཞག་ན། སྐམ་བཟོ་བྱེད་ཡན་ལའི་བེད་སྤྱོད་མང་པོ་ཡོའོ་རེད། འདིའི་གྲས་དེ། ད་འདུག་བཟོ་མང་པོ་འགྲོ་དགོ་རེད་པཱ།
    gang ltar kha leb leb che ba de tsho'i gras de da/_spyir btang kho bed spyod shugs che ba zhig gi gras red/_dpe cha bzhag na/_skam bzo byed yan la'i bed spyod mang po yo'o red/_'di'i gras de/_da 'dug bzo mang po 'gro dgo red pA/
  • འོ་རེད།
    'o red/
  • འདི་ལ་ཡ། ཁ་ལེབ་ཟེར་གྱི་རེད་ང་ཚོས་ཡིན་ན། ཁ་ལེབ་ལའི་ཡང་ཁྱད་ཆོས།
    'di la ya/_kha leb zer gyi red nga tshos yin na/_kha leb la'i yang khyad chos/
  • ཁ་གཉིས་དང་ཁ་གཅིག་རེད་པས།
    kha gnyis dang kha gcig red pas/
  • ཁ་གཉིས་དང་ཁ་གཅིག་ཟེར་ཡོའོ་རེད། བརྡར་རྡོ་དེའི་གཞོགས་འདིའི་བརྒྱབ་པ་རེད་པ། ཨ་ནི་གཞོགས་གཉིས་ནས་བརྒྱབ་པ་ཡིན་ན་ཁ་གཉིས་མ་ཟེར་གྱི་རེད།
    kha gnyis dang kha gcig zer yo'o red/_brdar rdo de'i gzhogs 'di'i brgyab pa red pa/_a ni gzhogs gnyis nas brgyab pa yin na kha gnyis ma zer gyi red/
  • འོ་རེད་པཱ།
    'o red pA/
  • ད་ལྟ་དེའི་རྩབ་ཕིང་ཕིང་ཆགས། ད་ཁོ་ར་ཁ་ཕྱོགས་འདྲ་དེ་བྱས་ན། ཁག་ཅིག་ད་གཞོགས་འདུག་བཟོ་བྱས། ཁག་ཅིག་འདུག་བཟོ། ཁ་ཕྱོགས་ཚུར་ཡང་ཁ་སྤྲོད་ལ་སློག་དགོས་ཡོའོ་རེད། ད་ཁོ་བེད་སྤྱོད་གཏོང་དུས་ཁྱད་པར་བྱས། ཨེ་འདྲས་ཟེར་ཡོའོ་རེད། ད་ཁོ་གཉིས་བར་ལ། དེ་གཉིས་ད་ལག་ཆ་དེ་གཉིས་ལ་ཆ་བཞག་ན། ད་ཁོ་གཉིས་ཆེ་ཆུང་མ་གཏོགས་གཅིག་པ་གཅིག་རྐྱང་རེད།
    da lta de'i rtsab phing phing chags/_da kho ra kha phyogs 'dra de byas na/_khag cig da gzhogs 'dug bzo byas/_khag cig 'dug bzo/_kha phyogs tshur yang kha sprod la slog dgos yo'o red/_da kho bed spyod gtong dus khyad par byas/_e 'dras zer yo'o red/_da kho gnyis bar la/_de gnyis da lag cha de gnyis la cha bzhag na/_da kho gnyis che chung ma gtogs gcig pa gcig rkyang red/
  • འོང་འོང་།
    'ong 'ong /
  • ཁ་ཡར་ལ་ཁ་ལེབ་རེད། 
    kha yar la kha leb red/_