02 Apr 2019
2 min 1 sec
Video Overview
Creators:
Tibetan and Himalayan Library
A story warning of the perils of imitation.
ངན་པའི་རིགས་ལ་ལད་ཟློས་བྱ་མི་རུང་བའི་སྐོར་གྱི་གནའ་གཏམ།
བརྙན་འདིར་གནའ་གཏམ་ཤིང་ལུ་ཀེ་ཀེ་དང་ཚིལ་ལུ་པོག་པོག་ཅེས་པ་བཤད་ཡོད། གནའ་གཏམ་འདིར་ཚིལ་ལུ་པོག་པོག་གིས་ཟ་མ་སྣུམ་པོ་བཟོས་པར་ཤིང་ལུ་ཀེ་ཀེས་ཀྱང་དོན་གྱི་སྙིང་བོར་བསམ་བློ་མ་བཏང་བར་རང་གི་དེ་འདྲ་བཟོ་ཐུབ་སྙམ་སྟེ། ཁོས་ཚིལ་ལུ་པོག་པོག་ལ་ལད་མོ་བྱས་མཐར་རང་གི་རིན་ཆེན་སྲོག་དང་བྲལ་བ་བརྗོད་ཡོད།
木毫不犹豫地模仿肥肉,吃了大量的油性食物,不久后死亡。
这段视频介绍 《木与肥肉》的民间故事。 故事主要内容是 -木毫不犹豫地模仿肥肉,吃了大量的油性食物,不久后死亡。
- ཤིང་ལུ་ཀེ་ཀེ་དང་ཚིལ་ལུ་པོག་པོག་ཟེར་རྒྱུ་གཉིས་ཡོད།
- ཚིལ་ལུ་པོག་པོག་ཉིན་ལྟར་ཁྱིམ་དུ་བསྡད་ལ་
- ཤིང་ལུ་ཀེ་ཀེ་ར་མ་དང་ལུག་འཚོ་བར་འགྲོ།
- ཚིལ་ལུ་པོག་པོག་གིས་ཁྱིམ་དུ་བརྔོ་ཟངས་ཚ་བར་
- བྱས་ཏེ་ཚིལ་ཉུང་ཙམ་རེའི་གྲོ་མ་མར་ཁུ་སོགས་
- ཟ་མ་ལས་ནས་བསྡད། ཉིན་ཞིག
- ཤིང་ལུ་ཀེ་ཀེས་འདི་འདྲའི་ཟ་མ་སྣུམ་པོ་ཏག་ཏག་
- ཅི་ལྟར་ལས་པ་ཡིན་ནམ་བསམ་ནས།
- ཐེངས་ཤིག་ལུག་འཚོ་བར་འགྲོ་ཁུལ་བྱས་ཏེ་
- སྒོ་རྒྱབ་ནས་ཕག་ལྟ་བྱས།
- ཁོས་གྲོ་མ་བཙོས་ཏེ་བརྔོ་ཟངས་ཚ་བར་
- བྱས་ནས་ནང་དུ་འགྲུལ་ལྡོག་ཞིག་བརྒྱབ་པར་
- ཚིལ་ལུ་པོག་པོག་ཡིན་པས་བརྔོ་ཟངས་ནང་དུ་སྣུམ་འཁྱིལ།
- སྣུམ་ཅུང་ཙམ་རེ་ཞུ་རྗེས་དེ་བླུགས་ཏེ་
- ཁོ་གཉིས་ཀས་ཟོས་པ་ཡིན་འདུག
- ཤིང་ལུ་ཀེ་ཀེས་ཐོ་རེ་ངས་ཀྱང་
- དེ་ལྟར་བྱེད་དགོས་བསམ་སྟེ།
- ཚིལ་ལུ་པོག་པོག་ལ་ཐོ་རེ་ང་ཤུལ་ནས་འདུག
- ཁྱོད་ར་མ་འཚོ་བར་སོང་ཟེར།
- ཚིལ་ལུ་པོག་པོག་གིས་ཁྱོས་ཐུབ་རྒྱུ་མ་རེད་ཞེས་པར།
- ཤིང་ལུ་ཀེ་ཀེས་ཐུབ་ཞེས་བསྡད།
- ཁོས་གྲོ་མ་བཙོས་ཏེ་ཚིལ་ལུ་པོག་པོག་ལ་
- ལད་མོ་བྱས་ནས་བརྔོ་ཟངས་ཚ་བར་བྱས་རྗེས་
- ཁོ་རང་ནང་དུ་བསྡད་པ་ན་
- ཁོ་རང་ཤིང་ཡིན་པས་ཚིག་སོང་།