02 Apr 2019
3 min 52 sec
Video Overview
Creators:
Tibetan & Himalayan Library
An introduction to the children's game of Willow Branch Horse.
བྱིས་པའི་རྩེད་མོ་ལྕང་མའི་རྟ་ཡི་ངོ་སྤྲོད།
བརྙན་ཐུང་འདིར་ལྕང་མའི་རྟ་ཞེས་པའི་རྩེད་མོ་ལས་ལྕང་མའི་ཡལ་ག་ཡིས་རྩེད་ཆས་ཀྱི་རྟ་བཟོ་བྱེད་ཀྱི་རྒྱུ་ཆ་དང་། དེ་ལ་རྒྱན་འདོགས་ཚུལ། དེ་བདག་ཉར་བྱེད་ཚུལ་དང་དེ་སྤྱད་ནས་རྩེད་མོ་རྩེད་ཚུལ་སོགས་ངོ་སྤྲོད་བྱས་ཡོད།
介绍藏族传统儿童游戏 - 柳树马。
这段视频介绍骑柳树条的儿童游戏以及马的创造方法、多种装饰做法等游戏规则。
- བྱིས་པ་དེ་ཡར་ཅུང་ཙམ་ཆེ་ནས་སེམས་ཤེས་པ་ཙམ་དང་
- འགྲོ་ཐུབ་པའི་ཚད་ནས་ལྕང་མའི་རྟ་ཞིག་འཛིན་སྲིད།
- བྱིས་པ་ཚོའི་རྩེད་བྱེད་དེ་ལྕང་མའི་རྟ་ཡིན།
- ལྕང་མ་ལག་ཏུ་མ་རྙེད་རུང་མེ་བྲུ་བྱེད་ཀྱི་མེ་འབྲུ་ལ་སོགས་
- པའི་སྐེ་ལ་ཅིག་བཏགས་ནས་རྒྱུགས་དཔེ།
- བྱིས་པ་ཚོས་དེ་ཞབས་ལ་རྟ་བྱས་ཏེ་
- རྟ་གཤིབ་བྱེད་པ་དང་གོམ་གཤིབ་བྱེད།
- ལྕང་མའི་རྟ་དེ་ཚོར་དབྱར་ཁ་ལོ་མ་རྒྱས་ཡོད་དུས་
- ལོ་མར་རྔ་མདུད་རྒྱག་པ།
- དེ་ལྟར་བྱས་ཏེ་རྒྱུགས་པ་དང་གཤིབ་བསྡུར་བྱེད།
- སྐབས་རེར་ལྕང་མར་ཤིང་ཤུན་བཤུས་ཏེ།
- རྟ་དཀར་དཀར་ཡིན་ཟེར་ནས་བཟུང་སྟེ་རྒྱུགས་པ་དང་།
- སྐབས་རེར་ཤིང་ཤུན་མ་བཤུས་པར་
- རྟ་ནག་ནག་ཡིན་ཟེར་ཏེ་གཤིབ་པ།
- དེ་མིན་ད་དུང་ཤིང་ཤུན་ཕྱེད་བཤུས་ཕྱེད་མ་བཤུས་པར་
- རྟ་ནག་ཁྲ་ཡིན་ཟེར་ནས་འཛིན།
- བྱིས་པ་ཚོས་ལྕང་མའི་རྟ་དེ་རྒྱུན་དུ་འཛིན་དཔེ།
- དེ་རྩེད་སྤྱད་གཙོ་བོ་ཞིག་ཡིན།
- སྐྱེ་ཕོ་མོ་མེད་པར་བྱིས་པ་ཚོ་དེར་དགའ་དཔེ།
- བྱིས་པ་ཧ་ཅང་ཆུང་ཆུང་གོམ་ཁ་བརྟན་མིན་གྱི་
- ཚད་ཡིན་ཀྱང་དབྱུག་པ་རེའི་སྐེ་ལ་ཐུ་གུ་རེ་བཏགས་ནས་
- བླ་བར་དུ་དྲུད་དེ་འགྲོ་དཔེ།
- ལྕང་མའི་རྟ་ནི་བྱིས་པ་ཚོ་ཧ་ཅང་དགའ་ས་ཞིག་ཡིན།
- གནའ་དུས་ཀྱི་ཞོན་པ་རྟ་དང་སེམས་ཅན་
- ཡིན་པས་སྟབས་ཀྱི་ཡང་ན་གོམས་གཤིས་ཞིག་གིས་སོ།།
- དགུན་ཁར་ར་སྒོ་བརྒྱབ་སྟེ་ར་སྒོའི་
- ར་བྲའི་སྟེང་དུ་བུད་ནས་རྟ་བྱེད་པ།
- དེའི་མ་མྱུག་མགོར་སྲབ་བསྐན་ནས་
- དེ་རྟ་ཡིན་ཁུལ་བྱས་རྒྱུགས།
- དེ་ལྟར་བྱེད་པ་དང་ཡིན་གཅིག་མིན་གཉིས་ཀྱི་
- རྟ་ཞིག་འཛིན་རྒྱུ་ཨེ་རྙེད་བལྟས་ནས་རྩེད་སྤྱད་བྱེད་དཔེ།
- ལྕང་མའི་སྐེ་ལ་འདོགས་རྒྱུར་ཙོར་ལྟ་བུ།
- གནས་དུས་སུ་བླ་མ་སོགས་ཀྱི་རྟའི་སྐེ་ན་སྡོམ་ཞེས་
- རྩིད་པ་དཀར་པོར་རྩི་དམར་པོ་བྱུག་ཡོད་པ་
- ཞིག་འདོགས་རྒྱུ་ཡོད་པས་
- དེར་ལད་མོ་བྱས་ཏེ་ལྕང་མའི་རྟའི་སྐེ་ལ་རས་དུམ་བུ་རེ།
- གནའ་དུས་རས་དུམ་བུ་རེ་ཡང་རྙེད་ནི་མ་རེད།
- སྐེད་རགས་ཧྲུལ་བོ་སོགས་ལས་དུམ་བུ་རེ་དེའི་ངོར
- སྡོམ་ལྟ་བུའི་དམར་བོ་རེ་འདོགས་རྒྱུ་ཨེ་རྙེད་ལྟ།
- དེའི་སྐེ་ལ་ཙོར་རེ་འདོགས་ཁུལ་བྱེད།
- བར་སྐབས་རེར་ཐབས་མེད་པར་ཅི་ཡང་མ་རྙེད་ཚེ་
- དབྱར་ཁར་མེ་ཏོག་དུམ་བུར་བསྡམ་ནས་དེའི་ངོར་
- བཏགས་སྟེ་སྡོམ་བྱས་ནས་བཟུང་སྟེ་རྒྱུགས་དཔེ།
- བདག་བྱེད་ཚུལ་ལ། རྟ་གཤིབ་སོགས་སུ་འགྲོ་ཁུལ་བྱས་ཏེ་
- རྟ་དག་ཁྲིད་དེ་རྔ་མདུད་རྒྱགས་ཁུལ་བྱས་ཏེ་
- རྡང་ཐེན་ནས་དེའི་ངོར་རྟ་འདོགས་ཁུལ་བྱེད་པ།
- དེ་ལྟར་བྱས་ནས་བདག་བྱེད་པ་ཡིན།
- གནའ་དུས་དེང་སྐབས་ལྟ་བུའི་རྟ་གཤིབ་ཆེན་པོ་མེད།
- ལ་རྩེ་བསྟོད་པ་སོགས་སུ་རྟ་གཤིབ་བྱེད།
- དེ་དག་ལ་འགྲོ་བས་དེའི་ལད་མོ་བྱེད།