02 Apr 2019
6 min 24 sec
Video Overview
Creators:
Tibetan and Himalayan Library
A variation of Stick Sho that includes gambling.
ཤིང་ཤོ་རྩེད་མོ་ཡི་རྩེད་སྟངས་སྣ་ཚོགས་དང་རྒྱན་འཇོག་རྩེད་སྟངས་ཀྱི་ངོ་སྤྲོད།
བརྙན་འདིར་ཤིང་ཤོ་ཡི་གྲངས་རིམ་བགྲངས་ཚུལ་དང་དེའི་མིང་གི་ཆེ་བ་བརྗོད་ཚུལ། ཤོ་རྩེད་བརྒྱུད་ནས་རྒྱལ་འཇོག་མིན་དང་ཤི་རྩེད་བར་འཛེམ་བྱ་ཡང་མི་ཉུང་བ་ཡོད་པ་སོགས་གསལ་བཤད་བྱས་ཡོད།
介绍木根骰子游戏的玩法以及赌法。
这段视频介绍传统藏族儿童的游戏 -木根骰子的游戏以及木根骰子各数名称,赌法等游戏的禁止。
- ལོ་ཤེས།རྩེད་རྒྱུར་དགའ་རྒྱུ་རེད།
- ཞོར་ལས་མིན་ན་གླ་བ་སོགས་མི་ཅུང་མང་ས་ལས།
- རྫི་བོ་ཚོས་དེ་འདྲ་རྩེ་ཐུབ་ནི་མ་རེད། ཁེར་རྐྱང་ཞིག་གི་རྩེད་ཐུབ་པ་མིན།
- དེ་ནས་རྩེད་ནི་ཡང་མ་རེད། མི་འགའ་རེ་ཡོད་ས་སོགས་ལས།
- གནའ་ང་ཚོ་ཡིན་ན་མཉམ་ལས་རེད།
- ཞོར་ལས་ལ་མི་མང་ནི་རེད་བཅུ་གྲངས་ཉི་ཤུར་འབུད་ནི་རེད།
- དེའི་ནང་ན་རྩེ་ནི་འབུད་ནི་རེད། དེ་ནས་ང་ཚོ་རྩེད་ནི་རེད།
- གླ་བ་ཡིན་ན་སྐྱེས་པ་མི་བཅུ་གྲངས་རེ་ཡོད་རྒྱུ་རེད།
- དེའི་ནང་ནས་ཡང་ལོ་ལོན་ཚོས་མི་འཕེན་པ་ལས་
- ཆུང་ཆུང་ཚོ་ཚང་མ་འཕེན་རྒྱུར་འགའ་ནི་རེད། འཕེན་རྒྱུ་རེད།
- འགྲིག་སོ་ཡིན་ན་རྫི་བོ་ཚོ་ཡིན་ཡང་འདེད་ནི་རེད།
- འདི་ཡིན་ན་མི་འགལ་རེ་མེད་ན་རྩེ་ཐུབ་ནི་མ་རེད།
- དེ་ཡང་གཉིས་ཡིན་རུང་ཆོག་ལ་ཁེར་བུ་ཞིག་ཡིན་ན་མི་ཐུབ་པ་ལས།
- མི་གཉིས་ཀྱི་མགོ་འཛོམས་དུས་རང་རང་དགའ་ནི་ཞིག་ཡིན་ན་འཕེན་རྒྱུ་རེད།
- འགྲིག་འདེད་རྒྱུར་དགའ་ནི་ཡོད།
- ལོ་ལོན་ཚོའི་ནང་ན་འཕེན་རྒྱུར་དགའ་ནི་ཡོད་ལ།
- ཤོ་འཕེན་རྒྱུར་དགའ་ནི་ཡང་ཡོད་མོད།
- ལོ་ལོན་དུ་གྱུར་སོང་དུས་ཉུང་ཤས་ལས་མང་བོ་རྩེ་རྒྱུར་དགའ་ནི་མེད།
- ཅི་ཞིག་ཡིན་རུང་དེ་འདྲ་ཞིག་རེད། ད་སྔ་རྩེད་དཔེ་མོད་ད་མི་རྩེ་ཟེར་མཁན།
- གནའ་ཁོས་ཅིག་འདེད་དཔེ་མོད་ད་མི་འདེད། ད་བརྗེད་སོང་ཟིག་ཟེར་ནི་སོགས།
- དེ་མིན་གཏན་ནས་མི་དགའ་ནི་ཡང་མ་རེད་མོད་
- ལོ་མཐོ་ཡོང་དུས་དེ་འདྲ་ཞིག་དགའ་རྒྱུ་མ་རེད།
- ལོ་ལོན་ཚོའི་ནང་ན་ཧ་ལས་པ་དགའ་ནི་ཡོད་སྲིད།
- ཤོག་པེ་འཕང་ན། འགྲིག་དེད་ན། ཤོ་འཕང་ན།
- མཚན་ཕུད་ནས་རྩེད་མོར་རོལ་ན་ནམ་སྐྱ་སི་ལེར་དཀར་འགྲོ་རྒྱུ་ཡོད་སྲིད།
- ལོ་ལོན་རེ་གྲས་སུ་དེ་འདྲ་བྱས་རྩེད་མོར་རོལ་ནི་ཡོད་སྲིད།
- ནམ་དཀར་བར་བྱས་འཇོག་སྲིད། ཆུང་བཞི་བའི་གྲས་ལ། དེ་ཉུང་ཤས་རེད།
- ཤོ་འདི་ཚང་མ་དགའ་ས་ཞིག་མ་ཡིན་པ་འདྲ།
- བརྒྱ་ཆ་བརྒྱ་ཟེར་ན་ཡང་དེའི་ནང་དུ་སྐྱོན་རྒྱག་ནི་ཡོད་ནི་རེད།
- ཕལ་ཆེར་རྒྱལ་སྐུག་པས་ཨེ་ཡིན་འདོད། གཏམ་དཔེ་ཞིག་ཡོད།
- ལུག་རྫི་ཀི་བ་ཡར་ཡར་རེད། ཤོ་བ་བྲང་རྡུང་མར་མར་རེད།
- ཤོ་མ་བབས་དུས་བྲང་ལ་ཁུ་ཚུར་གྱི་རྒྱག་ནི་ཨེ་ཡིན་ན་བསམ་པ་ལས།
- ང་ཚོས་དུས་ལ་དེ་འདྲ་མི་བྱེད། འུར་རྒྱག་བྱེད་ནི་རེད།
- དེས་རྒྱལ་སྐུག་ནི་མེད་པས་ཅི་ཡང་ཤོར་རྒྱུ་མེད་ལ་དེ་འདྲ་ཅི་ཡང་མེད།
- སྔོན་ཞིག་ལ་རྒྱལ་སྐུག་ནི་ཡོད་བཞག་ནི་ཨེ་ཡིན་ན།
- ད་ལྟ་འདང་ཞིག་བརྒྱབ་ན་དེ་འདྲ་ཞིག་རེད།
- དེས་ན་དེར་མི་དགའ་ནི་ཡོད་རྒྱུ་རེད་བསམ་སོང་མིན་ན་ཤོ་བ་བྲང་རྡུང་མར་མར་རེད།
- ལུག་རྫི་ཀི་བ་ཡར་ཡར་རེད། ཞེས་གཏམ་དཔེ་ཞིག་ཡོད།
- དེ་བས་དེར་ཁམས་མི་ཁམས་ཡོད་ནི་ཨེ་ཡིན་ན། དེ་ལས་མི་ཤེས།
- ནམ་ཚའི་དུས་སྐབས་ཀྱི་ཚད་ཞིག་ཡིན་ན་ཐང་།
- ལོ་ལོན་ཚོའི་བཀག་འགོག་ཅི་ཡང་མི་ཕོད་རྒྱུ་ཟིག་ཕལ་ཆེར་ང་ཚོ་རེད།
- སྒྲིག་ལམ་ཞིག་ཡོན་ནི་རེད། དེའི་སྐོར་ལ། དེ་དུས་ཤེས་རྒྱུ་རེད།
- ང་ཚོའི་སྐེ་ནས་འདི་སོགས་མེད་པའི་དུས་རེད།
- སྐོར་རྒྱུ་སོགས་ཚང་མ་སྒྲིག་ལམ་གྱི་མི་ཆོག་དུས་རང་རང་གི་ཅི་བསམ་རེད།
- གསར་བུ་ཚོས་ཅི་ཞིག་ལས་རུང་། ཅི་ཡང་མི་ཟེར་ནི་ཡིན་ན་ཐང་མིན་ནས།
- དེ་འདྲ་ངས་ཅི་ཡང་མི་ཤེས། དེ་འཕང་ན་ངན་པ་ཞིག་རེད་ཟེར་རྒྱུ་སོགས།
- ད་དུང་མི་ཆོག་ཟེར་རྒྱུ་འདྲ་འདྲ་སོགས་གཏན་ནས་མེད།
- རྩེད་སྤྱད་བདེ་མོ་ཞིག་ཡིན་ཟེར། ཟེར་རྒྱུ་ལ་དེ་འདྲིའ་གཏམ་དཔེ་ཞིག་ཡོད།
- ཁྱིམ་ནས་གཏན་ནས་རྩེ་ནི་མ་རེད། ཤོ་ཞིག་ཁྱིམ་དུ་གཏན་ནས་ཡོད་ནི་མ་རེད།
- འགྲིག་ཀྱང་ཁྱིམ་ནས་འདེད་ནི་ཞིག་ཡོད་ནི་མ་རེད།
- ཡིན་གཅིག་མིན་གཉིས་ཐང་ལ་བུད་དེ་ཐང་ལ་འགྲོ་ནི་ཚོ་དང་
- ཐང་གི་ལས་ཀ་ལས་ནི་ཚོས་རྩེད་རྒྱུ་རེད།
- ཤོ་ཐང་ནས་འཕེན་རྒྱུ་ལས་ཁྱིམ་དུ་འཕེན་གཏན་ནས་རིག་མ་མྱོང་།
- ཐང་ནས་རྫི་བོ་ཡིན་ན་རྫི་བོ་ཆ་རེ་འགའ་རེ་ཐུག་ན་
- འཕེན་རྒྱུ་རེད་མིན་ནས་དེར་ཡང་རྫི་བོ་འགའ་རེ་ཐུག་དགོས།
- ཁྱེད་ཚང་གི་ཟོག་མར་ལ་བཞག
- ངེད་ཚང་གི་ཟོག་ཡར་ལ་བཞག་ན་དེའི་འཕྲོར་ཐུག་ཐུབ།
- དེ་ནས་ངེད་གཉིས་ཀྱིས་དེ་རིང་ཤོ་བསྒྲིགས་ཏེ་ཟོག་ལ་ལྟ་ཞོར་བྱས་ན།
- དའི་འཕྲོར་འགྱངས་སོང་སྟེ་མུན་རུབ་སོང་ན་
- ཟོག་སོགས་འགྱངས་ནས་མིན་རུབ་རྒྱུ་དེ་འདྲ་རྩེ་སྲིད།
- དེར་དགའ་བཞན་ནི་རེད། འགྲིག་དེད་རུང་ཨ་ན་མ་ན་རེད།
- ལོ་ལོན་འགྲིག་འདེན་རྒྱུར་དགའ་ནི་ཞིག་ཡོད་ནི་དེས་
- འགྲིག་དེད་དུས་ང་ཚོས་ཨ་ན་མ་ན་འགྱངས་འགྲོ་སྲིད།
- ཤོ་རྡེའུ་ཁུག་ལུའི་ནང་དུ་བླུགས།
- ཤོ་ཁྱི་མ་དང་བུ་དགུ་དགུ་ཡོད་པ་བཅོ་བརྒྱད་པོ་ཁུག་ལུའི་ནང་དུ་
- འཕང་ནས་རྩེ་རོགས་ལ་ཐུག་བཞག་དུས་བླངས་འཇོག་ནི་ཡོད་ས་ཡོད་རྒྱུ་རེད།
- སྒ་མར་བླངས་ཏེ་རྟ་སྟན་ཐོག་ལ་རྡོ་ལུ་ཚང་མ་བླུགས་རྗེས་བསྡད་དེ་འཕེན་རྒྱུ་རེད།
- དེ་འདྲ་བླུགས་ཡོད་ནི་ཁར་ཁེར་ཡོད།
- མང་ཕྱོགས་ལ་མེད་མོད་དེ་རང་རང་གི་
- བསྒྲིགས་བཏང་ན་ཅི་ཡང་མེད་རྒྱུ་ཞིག་ཡོད་ནི་མ་རེད།
- རི་མགོ་ནས་བསྡད་དེ་ཉག་མ་ནི་ཡོད་ནི་རེད་དབྱུགས་པ་འགའ་ཞིག་བཙལ།
- རྡོ་ནི་མེད་ས་ཞིག་ཡོད་ནི་མ་རེད་གང་སོང་རུང་།
- རྡོ་ལུ་རེ་བཙལ་ཏེ་སྒ་ཞབས་ནས་རྟ་སྟན་བླངས།
- དེ་བཏང་ནས་དེའི་ཐོག་ལ་རྡོ་ལུ་ཚང་མ་གོར་གོར་བྱས་བཞག་ན་དེ་རེད།
- དཀའ་མོ་ཞིག་མ་རེད། དེ་ཤེས་སོང་ན་འཕེན་རྒྱུ་ཞིག་ཡིན་སྲིད།
- ཞོར་ལས་ཚོས་འཕེན་རྒྱུ་ཞིག་ཡིན།
- གནམ་བབས་ཏེ་ལས་ཀ་ལས་རྒྱུ་མ་ཡོང་ན་ཉིན་གང་བོར་འུར་རྒྱག་བྱས་འཕེན་སྲིད།
- དེ་ཚོས་གནམ་བབས་དུས་ཕལ་ཆེར་ཁྱིམ་ཡིན་རྒྱུ་རེད།
- ང་ཞོར་ལས་ནང་དུ་འགྲོ་མ་མྱོངས་བས་མི་ཤེས་མོད། ཁྱིམ་རེད།
- བམས་བློ་བཏང་རུང་གནམ་འབབ་ནང་དུ་ཐང་ནས་འཕེན་མི་ཐུབ་རྒྱུ་རེད།
- ཁྱིམ་ན་འཕེན་བཞིན་ཡོད་རྒྱུ་རེད། དཔེར་དང་ཆགས་བཞག་ན།
- ང་རང་གིས་ཁྱིམ་ནས་མང་ཤས་ཞིག་འཕེན་མ་མྱོངས། ཕལ་ཆེར་ཐང་ནས་འཕང་ནི།
- ཁྱིམ་ནས་ཅང་འཕང་ནི་ཞིག་གསལ་ཆ་ཡང་མེད་མོད་
- ཁར་ཁེར་འཕང་ཡོད་ནའང་ཐང་། དགའ་བས་ཕྱིར།
- ཐང་ཏག་ཏག་ཡིན་ནི་རེད། རི་མགོ་ཏག་ཏག
- གླ་བ་ཡིན་རུང་ཐང་གི་འཕེན་རྒྱུ་རེད་དེ་ཡང་ཁྱིམ་ནས་འཕང་ཡོད་ན་ཐང་མོད།
- མང་ཕྱོགས་ཐང་ཡིན་རྒྱུ་རེད། ཐང་རྐྱང་བར་རྩེད་རྒྱུ་ཞིག་ཡིན་སྲིད།