02 Apr 2019
4 min 45 sec
Video Overview
Creators:
Tibetan and Himalayan Library
A folktale warning of the vagaries of fate.
མི་ཚེ་འཕོ་འགྱུར་འབྱུང་དཀའ་བའི་སྐོར་གྱི་གནའ་གཏམ།
བརྙན་འདིར་གནའ་གཏམ་བུ་མོ་སྤུན་གཉིས་ཞེས་པ་བཤད་ཡོད། གནའ་གཏམ་འདིར་བུ་མོ་སྤུན་གཉིས་ཡོད་ལ་དེ་ལས་གཅིག་ཕྱུག་པོ་ཞིག་ཡིན། ཅིག་ཤོས་དབུལ་བོ་བུ་ཕྲུག་མང་པོ་ཅན་ཞིག་ཡིན་མོད་མོ་ལ་སྟེས་དབང་གིས་རྒྱུ་མང་པོ་ཐོབ་པར་ཨ་ཅེ་ཕྱུག་པོ་དེས་ལད་མོ་བྱས་པས་ནད་མང་པོ་བྱུང་བ་བརྗོད་དེ། ཕྱུག་པོས་དབུལ་བོར་ལད་མོ་བྱེད་མི་རུང་བ་བསྟན་ཡོད།
关于命运变幻莫测的民间故事。
这段视频介绍 《两姐妹》的民间故事。 故事主要内容是 -两个姐妹中的姐姐很富有。妹妹很穷,但偶然的机会中妹妹变得很富有,她的姐姐模仿她后病得很重。
- བུ་མོ་སྤུན་གཉིས་ཡོད། གཅིག་ཕྱུག་པོ་ཞིག་ཡིན།
- ཅིག་ཤོས་མེད་པོ་བུ་ཕྲུག་མང་པོ་ཅན་ཞིག་ཡིན།
- ཕྱུག་པོ་དེས་སྐྲ་ཡག་པོ་ཞིག་བསླ་འདོད་དེ་
- ནུ་མོར་བོས་ནས་སྐྲའི་ལན་བུ་བསླ་རུ་ཤོག་ཟེར།
- འདི་ལྟར་སྐྲ་ལན་བུ་ཡག་པོ་ཞིག་བསླ་དགོས་ཟེར།
- མེད་པོའི་བུ་མོས་བྱིས་པ་ཚོར་ཁྱེད་ཅག་སྡོད་དང་
- ང་ཨ་ནེ་ལ་སྐྲ་བསླ་རུ་འགྲོ་དགོས།
- ཨ་ནེས་ཟ་རྒྱུ་ཞིག་བྱིན་སྲིད་པས་
- ངས་ཁྱེད་ཅག་ལ་ཁྱེར་ཡོང་ཟེར།
- སྐྱིད་པ་ལ། ཨ་མས་ཟ་རྒྱུ་བཟུང་ཡོང་རྒྱུ་རེད།
- ཁྱེད་ཅག་གིས་བ་ལུ་མར་ལྟོས་ཞེས་པར་
- བྱིས་པ་ཚོས་ཡ་ཟེར།
- བྱིས་པ་དག་ཉིན་གང་བོར་བཞའ་དང་
- དར་ཤུད་སོགས་རྩེད་མོར་རོལ་བས་
- བ་ལུ་མར་ལྟ་རྒྱུ་བརྗེད།
- མ་རྒན་དེ་མོའི་ཨ་ཅེའི་ཟུར་དུ་སོང་ནས་
- སྐྲ་བསླས་དུས་ཐོག་མར་རྩམ་པ་ཞིག་བྱིན།
- མོས་རྩམ་པ་རིལ་བུ་བྱས་ཏེ་བྱིས་པ་ཚོར་
- འཁྱེར་དགོས་བསམ་བཞིན་ཡང་ཨ་ཅེ་ཡིན་པས་
- འགྲོ་ཁར་ང་ལ་རྩམ་པ་ཞིག་བཞིན་ངེས་
- བསམ་སྟེ་ལག་གི་རྩམ་པ་ཟོས།
- ཉིན་གང་བོར་སྐྲ་བསླས་ཏེ་དགོང་རུབ་ལ་ཁད་དུ་
- ཕྱིར་ཁྱིམ་ལ་འགྲོ་དུས་ཨ་ཅེས་
- རྩམ་པ་མ་བྱིན་པར་ཞོ་ཞིག་བླུག
- མོས་མགོ་ནས་ཞ་ཕུད་དེ་ཞའི་ནང་དུ་
- ཞོ་བླུག་ནས་བྱིས་པ་ཚོར་ཁྱེར་ན་
- དེ་ཡང་མི་ཐུབ་བསམ་ནས་ཞོ་འཐུང་།
- བྱིས་པ་ཚོར་འཁྱེར་རྒྱུ་ཙམ་ཡང་མེད་པས་ཞེ་མ་བདེ།
- ཨ་ཅེས་ཅི་ཡང་མ་བྱིན་པས།
- ལམ་དུ་ཡོང་དུས་རྡོ་དཀར་ཡག་པོ་ཞིག་རྙེད།
- བྱིས་པ་ཚོར་རྫུན་བཤད་དགོས་བསམ་སྟེ་
- རྡོ་དཀར་རུམ་དུ་བསྡུས་ནས་ཡོང་།
- བྱིས་པ་ཚོས་ཨ་ནེས་ཅི་ཞིག་བྱིན་ཡོད་
- ཟེར་བཞིན་ཚང་མ་བརྒྱུགས་ཡོང་།
- མོས་ཨ་ནེའི་བྱིན་ཡོད། བྱིན་ཡོད་ཟེར།
- ཨ་ནེས་ཅི་ཡང་བྱིན་མེད་མོད།
- བྱིན་ཡོད། བྱིན་ཡོད་ཟེར་བཞིན་
- བ་མའི་ནང་དུ་རྡོ་དེ་བསྡུས་ནས་ཁ་བརྒྱབ།
- བྱིས་པ་ཚོར་ཁྱེད་ཅག་གིས་
- བ་ལུ་མ་ཅི་བྱས་ཡོད་ཞེས་དྲིས།
- བྱིས་པ་ཚོས་བརྗེད་སོང་ཟེར་བར།
- ང་བཙལ་དུ་འགྲོ་མོད་ཁྱེད་ཅག་གིས་
- འདི་ཁོལ་བར་བྱོས་ལ་ཁ་ཕྱེ་མི་རུང་ཟེར་བར།
- བྱིས་པ་ཚོས་དེའི་ནང་དུ་ཟ་རྒྱུ་ཞིག་ཡོད་བསམ་སྟེ་
- མེ་འབུད་བཞིན་ཁོལ་དུ་བཅུག་ནས་བསྡད།
- མ་རྒན་མར་སོང་བ་ན་
- རི་གཉིས་ཀྱི་བར་ནས་མུན་རུབ་སོང་།
- མུན་རུབ་དུས་འགྲོ་ས་མ་རྙེད་པར་
- ཉལ་ནས་བསྡད། མི་ཉལ་ཐབས་མེད་བྱུང་།
- ལས་ཞིག་གིས་ཉལ་བསྡད་དུས་བར་སྐབས་ཤིག་ལ་
- གཅིག་གིས་འདི་ཅི་ཞིག་མཁོ་ས་ཞིག་རེད་ཟེར་བར།
- དེ་རྒྱུ་དགོས་ས་ཞིག་རེད་ཟེར།
- དེ་མང་པོ་མང་པོ་བྱིན་དང་ཟེར།
- ཕྱི་ཉིན་ནམ་དཀར་དུས་གསེར་བྱེ་དངུལ་བྱེ་སོགས་
- རྒྱུ་མོ་རང་གི་མི་ཐེག་ལ་ཞིག་འཕང་ཡོད།
- དེ་ནས་དགའ་བའི་ངང་ནས་ལམ་དུ་མར་རེ་ཉོས།
- རྩམ་པ་དང་ཆུར་བ་རེ་ཡང་ཉོས་ཏེ་ཡུལ་ལ་སོང་།
- བྱིས་པ་ཚོར་ཨ་ནེ་བཞིན་པ་ཡིན་ཁུལ་བྱས་ཏེ་རྩམ་པ་བྱིན།
- གསེར་བྱེ་དངུལ་བྱེ་ཚང་མ་སྣེ་ལོ་གང་རེ་བཞིན་ཡོད་པས་
- མོས་ཅི་ཞིག་ཉོ་དགོས་པ་ཚང་མ་ཉོས།
- མོ་རང་ཕྱུག་པོ་ཞིག་ཏུ་གྱུར།
- ཉིན་ཞིག་ཨ་ཅེས་ཁྱོད་གནའ་མེད་པོ་ཞིག་ཡིན་མོད།
- ད་ཕྱུག་པོར་གྱུར་ཡོང་གི་ཡོད་པ་ཅི་ཡིན་ཞེས་དྲིས།
- ཅི་ཡིན་ང་ཁྱོད་ལ་མགོ་བསླ་བར་ཡོང་དུས་ཁྱོས་ང་ལ་
- རྩམ་པ་ཞིག་ཨེ་བཞིན་བསམ་མོད་ཡར་ཐོན་དུས་བྱིན།
- མར་འགྲོ་དུས་ཨེ་བཞིན་བསམ་རུང་
- མ་བཞིན་པས་ངས་བྱིས་པ་ཚོར་
- ཅི་ཞིག་བཞིན་དགོས་མི་ཤེས་པས་རྡོ་དཀར་ཞིག་
- ཐབ་ལ་གདུ་རུ་བཅུག་སྟེ་བ་ལུ་མ་བཙལ་དུ་སོང་དུས་
- ང་རི་གཉིས་བར་ནས་མུན་རུབ་པས་བསྡད་དུས་
- ཅི་ཞིག་མཁོ་ས་ཞིག་རེད་ཟེར་བར་
- རྒྱུ་དགོས་ས་ཞིག་རེད་ཟེར་བར་ང་ལ་
- རྒྱུ་བྱིན་པས་ཕྱུག་མགོར་བུད་པ་རེད་ཟེར།
- ཡ་ཡ། ཕ་གཅིག་གི་བུ། གཡག་གཅིག་གི་ཀོ་ཟེར་བས།
- ང་དེ་ལྟར་སོང་ན་ཡང་རྒྱུ་མགོར་འབུད་རྒྱུ་རེད་བསམ།
- ཕྱུག་པོས་མེད་པོར་ལད་མོ་
- བྱེད་མི་རུང་ཟེར་བ་དེ་ཕྱིར་ཡིན།
- མོས་ཡང་ནུ་མོའི་ལད་མོ་བྱེས་ཏེ་
- རི་གཉིས་ཀའི་བར་ཏུ་སོང་ནས་ཉལ།
- བར་སྐབས་ཤིག་ལ་གཅིག་གིས་
- དེ་ཅི་ཞིག་མཁོ་ས་ཞིག་རེད་ཟེར།
- དེ་ནད་མཁོ་ས་ཞིག་རེད་ཟེར།
- སྤྱིར་རྒྱུ་ཡོད་པས་ནད་ཉོ་ན་ཡོང་བ་ཅི་ལ་མིན།
- དེ་ལ་མང་པོ་མང་པོ་བྱིན་དང་ཟེར།
- ཕྱི་ཉིན་ནམ་དཀར་དུས་ཁོ་མོའི་སྐེ་དང་
- ལུས་པོ་ཡོངས་ལ་སྐྲང་འབུར་བུད་དེ་
- ནད་ཐོ་ཐོ་ཞིག་ཏུ་གྱུར།
- དེ་ནས་ཡར་ཡོང་སྟེ་ང་ནད་ཐོ་ཐོ་ཞིག་ཏུ་གྱུར་
- ཁྱོད་ལ་དེ་འདྲ་ཞིག་བྱིན་འདུག་ཟེར།
- ཕྱུག་པོས་མེད་པོར་ལད་མོ་བྱེད་
- མི་རུང་བའི་རྒྱུ་མཚན་དེ་རེད།