Video Overview
In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.
- Samyé Gön
- པ་སངས་དབང་འདུས།ད་གཤམ་གྱི་དུམ་བུ་དེ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དུས་ལ་རྒྱ་ནག་ནས་ཧ་ཤང་གིས་བོད་དུ་ཕེབས་པའི་སྐོར་གྱི་ལོ་རྒྱུས་དེ་རེད།
- པ་སངས་དབང་འདུས།སྔོན་ལ་གོང་བཞིན་དེ། དེ་དུམ་བུ་དེ་གཅིག་ཀློགས་དེ་ནས་འགྲེལ་པ་གཅིག་ཞུ་གི་ཡིན།
- པ་སངས་དབང་འདུས།རེ་ཞིག་ནས་རྒྱའི་ཧ་ཤང་མ་ཧྭ་ཡ་ན་བོད་དུ་འོངས་ཏེ། ལུས་ངག་གི་དགེ་བ་བྱས་པས་འཚང་མི་རྒྱ། ཅི་ཡང་ཡིད་ལ་མི་བྱེད་པས་འཚང་རྒྱ་ཟེར་ནས། སྒོམ་བསླབས་པས་བོད་འབངས་མང་པོ་ལོག་པའི་ལམ་ལ་ཁྲིད།
- པ་སངས་དབང་འདུས།བཙན་པོས་ཀྱང་བཀས་བཅད་དཀའ་བར་གྱུར་ཀྱང་མཁན་པོའི་གསུང་དྲན་ཏེ། རྒྱ་གར་ནས་ཀ་མ་ལ་ཤཱི་ལ་གདན་དྲངས་པ་བཞིན་བྱོན་ཏེ། ཏྭོན་རྩེན་རྩོད་པས་ཏྭོན་མུན་ཕམ་སྟེ་ཧྭ་ཤང་རྒྱ་ཡུལ་དུ་བརྫངས། དེའི་ལུགས་མི་བྱེད་པར་བཀས་བཅད། ཀ་མ་ལས་སྒོམ་རིམ་གྱི་བསྟན་བཅོས་བརྩམས།
- པ་སངས་དབང་འདུས།སྦ་བཞེད་དུ། བཙན་པོས་རྒྱའི་ཆོས་འདི་མིན་ནམ་བྱས་པས་ཏྭོན་མུན་དང་། ལུས་ལ་མེ་གཏོང་བའི་བརྩེ་བ་དེ་ཆོས་མིན་ནམ་བྱས་པས་བརྩེ་མིན་པ་ར་གྲགས་པར་བཤད་པ་ནི་ལྷད་ཞུགས་པའི་བློན་ཚིག་གི་རྟོག་བཏགས་ལས་རྒྱུ་མཚན་མེད་ཅིང་། ཏྭོན་མུན་དང་རྩེན་མུན་ཞེས་པ་རྒྱ་ནག་གི་སྐད་དེ། བོད་སྐད་དུ་ཅིག་ཅར་བ་དང་རིམ་གྱིས་པར་འགྱུར་ཞེས་མཁས་པའི་དབང་པོ་བུ་སྟོན་ཞབས་གསུང་བ་ལེགས་སོ།
- པ་སངས་དབང་འདུས།དེ་ཡང་རྒྱལ་པོ་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་ལོ་ལ་བོད་འབངས་བྱིངས་ཀྱི་སྣང་ངོར་ཚད་པའི་སྙུན་གྱིས་མྱ་ངན་ལས་འདས་ལ། ལས་ལྡན་རྣམས་ཀྱི་ཡོད་ངོར་ཆོས་དབྱིངས་བདེ་བའི་རང་བཞིན་ཟད་མི་ཤེས་པའི་ཆུ་གཏེར་ཆེན་པོར་སྣ་ཚོགས་སྤྲུལ་པའི་བཀོད་པ་ཉལ་འགྲོའི་རྒྱུན་ཀུན་གཉིས་མེད་ཀྱི་ངང་དུ་མཛད་དེ་རྗེ་བཙུན་འཇམ་དཔལ་རྡོ་རྗེའི་ཐུགས་ཀར་ཐིམ་མོ། མང་སོ་མ་ར་རི་ལ་བརྩིགས་སོ།
- པ་སངས་དབང་འདུས།ཆོས་ཀྱི་རྒྱལ་པོ་འདི་ལ་བཙུན་མོ་འགའ་ཞིག་ཡོད་ཀྱང་ཚེ་སྤོང་བཟའ་ལ་སྲས་གསུམ་བྱུང་བའི་ཆེ་བ་མུ་ནི་བཙན་པོ་རྒྱལ་སར་བསྐོས། འབངས་ཀྱི་ལྟོགས་ཕྱུག་ལན་གསུམ་དུ་སྙོམས་ཀྱང་། མི་འགྱངས་པར་སྔར་བཞིན་གྱུར་པར། ལོ་པཎ་རྣམས་ཀྱིས་སྔོན་གྱི་སྦྱིན་པའི་འབྲས་བུ་ཡིན་པར་གསུངས་པས།
- པ་སངས་དབང་འདུས།རྣམ་དཀར་གྱི་ལས་ལ་ལྷག་པར་མོས་པ་ཐོབ་སྟེ། བསམ་ཡས་དུ་སྡེ་སྣོད་གསུམ་གྱི་མཆོད་པ་བཙུགས། མདོ་སྡེའི་མཆོད་པ་དེང་སང་ཡང་ཡོད། རྒྱལ་སྲིད་མཛད་ནས་ལོ་གཅིག་དང་ཟླ་བ་བདུན་ལ་ཡུམ་གྱིས་དུག་བཏང་ནས་གྲོངས། བང་སོ་མུ་ར་རི་ལ་བརྩིགས།
- པ་སངས་དབང་འདུས།མུ་ཁྲི་བཙན་པོ་དང་འདི་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་མ་གོ་བར། དཔའ་བོ་གཙུག་ལག་གིས། འདིའི་གཅེན་དུ་མུ་ཁྲི་བཙན་པོ་བྱུང་བའི་ཐ་ཆད་ཀྱི་གཏམ་སྨྲས་ཤིང་། ཆོས་རྗེ་བསོད་ནམས་གྲགས་པས། ལོ་གཅིག་དང་ཟླ་བ་བདུན་གྱི་རིང་ལ་ལྟོགས་ཕྱུག་ལན་གསུམ་སྙོམས་ལོང་མེད་ཅེས་ཞིབ་པ་ལྟར་སྨྲ་བ་ནི་མུ་ཅོར་ཏེ།
- པ་སངས་དབང་འདུས།སྔོན་གྱི་ལས་འབྲས་ཤུགས་དགག་པར་མ་ནུས་པའི་བྱེད་པོས་དབུལ་པོ་རྣམས་ལ་མཁོ་རྒུའི་ཡོ་བྱད་ཕུན་སུམ་ཚོགས་པ་བྱིན་ཀྱང་མི་རིང་བར་ཕོངས་པ་ཡིན་ལ། སྐབས་ཤིག་ན་ལྟོགས་ཕྱུག་སྙོམས་པ་ཙམ་དུ་མ་ཟད་འདུས་བྱས་ཐམས་ཅད་འཇིག་པའི་ཆོས་ཉིད་ཅན་ཡིན་པས་སོ།
- པ་སངས་དབང་འདུས།ད་དུམ་བུ་འདི་ཧྭ་ཤང་དང་གཅིག་གི་མུ་ནེ་བཙན་པོའི་སྐབས་ཀྱི་ལོ་རྒྱུས་གཅིག་རེད་ཤག
- པ་སངས་དབང་འདུས།བྱས་ཙང་འདི་གི་ནང་ལ་གཙོ་བོ་འདྲ་དེ་ག་རེ་ཞུ་གི་ཡོའོ་རེད་ཟེར་ན། དེ་ནས་རེ་ཞིག་ནས་གཅིག་གི་རྒྱའི་ཧྭ་ཤང་མ་ཧྭ་ཡ་ན་ཟེར་མཁན་དེ་བོད་དུ་ཡོང་བྱས་ཡིན་ན། ཨ་འདིའི་གཅིག་གི་བཞེད་པ་དེ་བོད་དུ་སྤེལ་བྱས་ཆོས་དེ་བོད་དུ་སྤེལ་བྱས། བོད་དུ་སྤེལ་དུས་ཙམ་པ་བོད་ཀྱི་མི་མང་པོ་ཅིག་ཡིན་ན་ཧྭ་ཤང་གི་ཡིན་ན་རྦད་དེ་ད་གཅིག་གི་རྗེས་འབྲངས་པ་ཆགས་ཡོའོ་རེད་ཟེར།
- པ་སངས་དབང་འདུས།ད་ཧྭ་ཤང་གི་རྗེས་འབྲངས་པ་ཆགས་དུས། ཧྭ་ཤང་གི་ཆོས་འདྲ་དེ་གཙོ་བོ་འདྲ་དེ་ནང་དོན་དེ་ག་རེ་བཤད་ཀྱི་ཡོའོ་རེད་ཟེར་ན།
- པ་སངས་དབང་འདུས།ལུས་ངག་ཡིད་གསུམ་གྱི་ཡིན་ན་ད་གཅིག་གི་ལུས་དང་ངག་གི་ད་གཅིག་གི་དགེ་བ་གི་ལས་ཀ་ག་རེ་རྦད་དེ་དགེ་བ་གི་ལས་ཀ་སྒྲུབ་པ་ཡིན་ན་དེས་སངས་རྒྱས་ཡས་ཡོའོ་མ་རེད།
- པ་སངས་དབང་འདུས།ཡིད་ལ་ཅི་ཡང་མི་བྱེད་པ་དང་ཅི་ཡང་མི་བསྒྲུབ་པ་བྱས་པ་ཡིན་ན། སངས་རྒྱས་ཟེར་བའི་དེ་འདྲས་ཀྱི་ལྟ་བ་གཅིག་གི་བོད་པ་མང་པོ་ཡིན་ན་རྦད་དེ་ད་གཅིག་གི་ལམ་ལོག་པ་ལ་ཁྲིད་པ་རེད་ཟེར། དེ་ཡིན་དུས་ཙམ་པ་སྐབས་དེར་བཙན་པོས་ད་གཅིག་གི་འདི་དེ་མིན་གྱི་བཀས་བཅད་ཡིན་ནའི་ཁག་པོ་ཞེ་པོ་ཡིན་དུས་ཙམ་པ་ཡིན་ན།
- པ་སངས་དབང་འདུས།སྔ་མ་མཁན་པོ་བྷོ་ཏྭ་ས་ཏོའི་གསུང་དྲན་ནས་རྒྱ་གར་ནས་ཡིན་ན་མཁན་ཆེན་བྷོ་ཏྭ་ས་ཏོ་ཚུར་འོ་མཁན་ཆེན་བྷོ་ཏྭ་ས་ཏོ་མ་རེད།
- པ་སངས་དབང་འདུས།རྒྱ་གར་ནས་ཡིན་ན་ཀ་མ་ལ་ཤཱི་ལ་གདན་དྲངས་ནས་དེ་ནི་ཏྭོན་མུན་དང་རྩེན་མུན་ཟེར་གཉིས་ཡིན་ན་ཨ་རྩོད་དུ་བཅུག རྩོད་དུ་བཅུག་བྱས་རྦད་དེ་ཡིན་ན། རྒྱ་ནག་གི་ཏྭོན་མུན་གྱི་ལྟ་བ་འཛིན་པ་དེ་ཡིན་ན་ཕམ་བྱས་ཨ་རྒྱལ་པོས་ཡིན་ན་དེའི་ལུགས་བྱེད་མ་བཅུག་པའི་བཀའ་ཡིན་ན་བཀས་བཅད་པ་རེད་ཟེར།
- པ་སངས་དབང་འདུས།ཀ་མ་ལ་ཤཱི་ལས་རྩེན་མུན་ལྟ་བ་དེ་ལས་རྒྱལ་བྱས་ཡིན་ན་སྒོམ་རིམ་གྱི་བསྟན་བཅོས་ཡིན་ནའི་བརྩམས་ཡོའོ་རེད། ཟེར།
- པ་སངས་དབང་འདུས།ད་དེ་ཡིན་དུས་ཙམ་པ། དེའི་ཐོག་ལ་ཏྭོན་མུན་དང་རྩེན་མུན་གྱི་རྩོད་པ་འདི་རྒྱལ་བ་ལྔ་པས་འདིའི་གསུང་པ་དེ་ཡིན་ན་ལོ་རྒྱུས་དངོས་དང་ཡིན་ན་ཏིག་ཙ་༼ཙམ༽གཅིག་གི་མི་མཐུན་པའི་ཆ་དེ་ག་རེ་ཡོའོ་རེད་ཟེར་ན།
- པ་སངས་དབང་འདུས།ཧྭ་ཤང་མ་ཧཱ་ཡ་ན་དེ་བོད་དུ་ཡོང་དུས་ཡིན་ན། ད་གཅིག་ཏུན་ཧོང་ནས་འདོན་པའི་རྒྱ་ཡིག་གི་ཡིག་རྙིང་ལ་ཆ་བཞག་དུས་ཡིན་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་གདན་དྲངས་ཡོད་པ། ཨ་ཏྭོན་མུན་དང་རྩོད་པ་བརྩམས་པའི་རྗེས་པ་ཡིན་ན། བཙན་པོས་ཡིན་ན་ཁྲི་སྲོང་ལྡེ་བཙན་གྱིས་རྒྱུ་མཚན་དེའི་ངོས་ནས་ཏྭོན་མུན་དང་རྩེན་མུན་གཉིས་བཏང་སྙོམས་སུ་བཞག་ལས། ཏྭོན་མུན་བྱེད་མ་ཆོག་པ་གཅིག་དང་། བཀག་པ་གནང་པ་གཅིག་དང་རྩེན་མུན་ཡིན་ན་བོད་དུ་སྤེལ་ཆོག་པའི་བཀའ་མེད་པ་དེ་འདྲས་ཡིན་ནའི། ད་དེ་ཏུན་ཧོང་ཡིག་རྙིང་ཡོའོ་རེད་དེ་ཡིན་ན་ཡོངས་གྲགས་ཀྱི་བོད་ཡིག་དང་ཏིག་ཙ༼ཙམ༽་ཡིན་ན། མི་མཐུན་པའི་ཆ་གཅིག་ཡོའོ་རེད།
- པ་སངས་དབང་འདུས།ད་རྒྱལ་བ་ལྔ་པས་འདིའི་ནང་ལ་ཡིན་ན་འདུག་རུ་ག་རེ་འོང་། ཡང་དག་པ་ག་རེ་གསུངས་ཡོད་ནམ། ཏྭོན་མུན། རྩེན་མུན་ཟེར་ཡས་དེ་རྒྱ་ནག་གི་སྐད་རེད་ཟེར། བུ་སྟོན་ཐམས་ཅད་མཁྱེན་པའི་རྗེས་སུ་འབྲངས་ནས་ཡིན་ན། བོད་ཀྱི་སྐད་དུ་ཅིག་ཅར་བ་དང་རིམ་གྱིས་འགྱུར་བ་རེད་ཟེར།
- པ་སངས་དབང་འདུས།དེ་སྦ་བཞེད་ནང་ལ་གསུངས་པའི་ཏྭན་མུན་རྩེན་མུན་གྱི་སྐོར་གྱི་རྦད་དེ་ཐ་སྙད་བཞག་སྟངས་གཅིག་ལ་ཡིན་ན་དགག་པ་ཏིག་ཙ༼ཙམ༽བསྐྱོན་ཡོའོ་རེད།
- པ་སངས་དབང་འདུས།དེ་ནས་བྱས་ལྕགས་པོ་འབྲུག་གི་ལོ་ལ། ད་གཅིག་གི་ཨ། ཁྲི་སྲོང་ལྡེ་བཙན་སྐུ་བཤགས་པ། ལྕགས་ཕོ་འབྲུག་གི་ལོ་ལ་ཡིན་ན་སྐུ་བཤགས་བྱས་ཡིན་ན་ད་དེ། བོད་ཀྱི་ཡོངས་གྲགས་ལོ་རྒྱུས་ཐོག་ལ་ད་དེ། ཆོས་ལུགས་ཀྱི་འགྲེལ་པ་བརྒྱབ་པ་ཡིན་ན།
- པ་སངས་དབང་འདུས།ད་གཅིག་གི་རྗེ་བཙུན་འཇམ་དཔལ་རྡོ་རྗེའི་ཐུགས་ཀར་འཐིམས་སོ་ཟེར། དེ་གཅིག་རྗེ་བཙུན་འཇམ་དཔལ་རྡོ་རྗེའི་འཇམ་དཔལ་དབྱངས་ཀྱི་སྤྲུལ་པའི་སྐུ་ཡིན་པའི་སྐོར། ད་ལོ་རྒྱུས་དངོས་ལ་ང་ཚོས་དཔྱད་པ་འདྲ་གཅིག་བྱེད་དུས་ཡིན་ན། ལྕགས་ཕོ་འབྲུག་རང་ལ་ཏག་ཏག་མ་སྡད་པ་རེད། དེ་མེ་མོ་གླང་བདུན་རྒྱ་གོ་བཅུ་གོ་དོན་ནང་ལ་བཤགས་མཁན་དེ་འདྲས་འདྲ་ཅིག་གི། ད་དེང་སང་གི་མཁས་པ་མང་ཆེ་གཅིག་གི་ཞལ་བཞེད་འདི་འདྲས་གཅིག་གནང་གི་ཡོའོ་རེད།
- པ་སངས་དབང་འདུས།རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་ད་འདི་ལ་བཙུན་མོ་ཁ་ཤས་ཅིག་ཡོའོ་རེད་དའི་གཙོ་བོ་འདྲ་དེ་ཡིན་ན་ད་བཙུན་མོ་ཚེ་སྤོང་བཟའ་ལ་ཡིན་ན། སྲས་གསུམ་བྱུང་ཡོའོ་རེད། སྲས་ཆེ་བ་ཡིན་ན་མུ་ནེ་བཙན་པོ་ཟེར་མཁན་དེ་གཅིག་རྒྱལ་སར་བསྐོས། བཙན་པོ་འདིའི་རིང་ལ་བོད་ལ་ད་གཅིག་གི་བོད་འབངས་ཁ་ཅིག་ཕྱུག་པོ་ཡོད་པ། ཁ་ཅིག་རྦད་དེ་དབུལ་པོ་ཞེ་པོ་ཡོད་པ། ཟེར་དུས་ཙམ་ནས།
- པ་སངས་དབང་འདུས།ཐུགས་ཀྱི་མ་བཟོད་པར་འབངས་ཀྱི་ཡིན་ན་ལྟོགས་ཕྱུག་ལན་ཡིན་ན་གསུམ་ཡིན་ན་སྙོམས་བྱས། ཨ། ཡིན་ནའི་ད་གཅིག་གི་མི་འགྱངས་ཡིན་ན་སྔར་བཞིན་དུས་ཙམ་པ་ཡིན་ན་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན།
- པ་སངས་དབང་འདུས།ད་འདི་ཨ་སྔར་བཞིན་ཡིན་ན་ཆགས་ཡོང་གི་་ཡོའོ་རེད། སྔར་བཞིན་ཆགས་ཡོའོ་རེད་ཟེར། ད་འདི་ཡིན་ན་བཙན་པོ་འདི་བཤགས་པའི་རྗེས་ལ་ཡིན་ན་རྦད་དེ་ད་གཅིག་བང་སོ་དེ་ཡིན་ན་མུ་ར་རི་ལ་བརྩིགས་པ་དེ་ཡང་དེང་སང་འཕྱོངས་རྒྱས་ལ་ཡོའོ་རེད།
- པ་སངས་དབང་འདུས།བཙན་པོ་དེ་སྲིད་འཛིན་པའི་ཐོག་ལ་ཡིན་ན་གསུངས་བགྲོས་མང་པོ་གཅིག་ཡོད་པ། རྒྱལ་སྲིད་འཛིན་ནས་ལོ་གཅིག་དང་ཟླ་བ་བདུན་ལ་ཡིན་ན། ཡུམ་གྱིས་དུག་བཏང་བྱས་བཀྲོངས་སོ་ཟེར་ཡས་དེ་རྒྱལ་བ་ལྔ་པས་ཡིན་ན། ཡིག་རྙིང་གཞན་དག་ཡིན་ན་ཟླ་བ་དགུ་རྒྱལ་སྲིད་བསྐྱངས་པ། དེ་མིན་གྱི་ཡང་དུས་ཚོད་འདྲ་མིན་སྣ་ཚོགས་བཏང་བའི་ཡིན་ན་སྐོར་གྱི་དེ་འདྲས་ཀྱི་འགྲེལ་པ་འདུག
- པ་སངས་དབང་འདུས།ད་འདིའི་རྗེས་དེར་ཡིན་ན། ཨ་རྒྱལ་བ་ལྔ་པ་ཆེན་པོས་ཡིན་ན་འདིའི་དགག་པ་བསྐྱོན་ཡས་གཅིག་ལ་མུ་ཁྲི་བཙན་པོ་དང་འདི་གཉིས་ཡིན་ན། དོན་གཅིག་མིང་གི་རྣམ་གྲངས་ཡིན་ཟེར། འོང་མཁས་པའི་དགའ་སྟོན་ནང་ལ་དཔའ་བོ་གཙུག་ལག་འཕྲེང་བས། མུ་ཁྲི་བཙན་པོ་དེ་བཙན་པོ་ལ་བཙན་པོ་དེའི་མུ་ཁྲི་བཙན་པོའི་ཡིན་ན་དེའི་གཅེན་པོ་ཡིན་ཟེར་ཡས་དེ་ཡིན་ན། ཨ་ཏག་ཏག་བསྡད་མི་འདུག
- པ་སངས་དབང་འདུས།མཁན་ཆེན་་་་པཎ་ཆེན་བསོད་ནམས་གྲགས་པས། ལོ་གཅིག་དང་ཟླ་བ་བདུན་ལ་རིང་ལ་རྦད་དེ་སྲིད་གནས་ཟེར་ན། འདི་ཏག་ཏག་བསྡད་ཀྱི་མི་འདུག འདིའི་རིང་ལ་ལྟོགས་ཕྱུག་ལན་གསུམ་སྙོམས་པའི་སྙོམས་ལོང་ཡོའོ་མ་རེད་ཟེར། ཟེར་ཡས་ཀྱི་དེ་འདྲས་ཀྱི་ཆོ་མེད་པའི་གཅིག་གི་ཨ་་་ཨ། སྐད་ཆ་རེད་ཤག་ཟེར། དགག་པ་མཛད་པ། ཨ། དགག་པ་མཛད་པ་དེའི་ནང་དོན་མདོར་བསྡུས་དེ་དེ་འདྲས་གཅིག་རེད་ཤག