Skip to main content Skip to search
15 Dec 2011
21 min 43 sec
Rating
0
No votes yet
Video Overview
Creators: 
Unknown

In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.

Show More

  • པ་སངས་དབང་འདུས།
    ད་གཤམ་ལ་ཡིན་ན། དེ་ཁྲི་སྲོང་ལྡེའུ་བཙན་དང་བསམ་ཡས་བཞངས་༼བཞེངས༽པའི་ལོ་རྒྱུས། དུམ་བུ་དེའི་སྐོར་དེ། སྔོན་ལ་སྒྲོགས་སྦྱང་ཞུ་གི་ཡིན། ཨ་ནི་དུམ་བུ་རེ་རེ་བྱས་འགྲེལ་བཤད་ཞུ་གི་ཡིན།
  • པ་སངས་དབང་འདུས།
    དེ་ཡང་མགོན་པོ་ཟུར་ཕུད་ལྔ་པའི་འཕྲིན་ལས་སུ་ཝ་རྞཱི་འཁོར་ལོའི་ལྟ་བུ་ལྷུན་གྱིས་གྲུབ་པའི་མཆོད་སྡོང་ཆེན་པོ་བོད་ཀྱི་རྒྱལ་པོའི་རིགས་ཀྱི་སྐྱེས་བུ་མིའི་ཁྱུ་མཆོག་ཏུ་འཕགས་པར་སྤྲུལ་ནས་ལུགས་ཟུང་གི་རྩིབས་སྟོང་ཐོགས་པ་མེད་པར་འཁོར་བའི་ཆེད་དུ་ཡབ་ཁྲི་ལྡེ་གཙུག་བརྟན་དང་། ཡུམ་ཀོང་ཇོ་གཉིས་ཀྱི་སྲས་སུ་སྣ་ཚོགས་ཞེས་པ་ཆུ་རྟའི་ལོ་ཕོ་བྲང་བྲག་དམར་དུ་རྒྱལ་པོ་ཁྲི་སྲོང་ལྡེའི་བཙན་སྐུ་བལྟམས།
  • པ་སངས་དབང་འདུས།
    དུས་དེར་རྒྱལ་པོའི་བཙུན་མོ་སྣ་རྣམ་བཟས་ཀྱང་རྒྱལ་པོའི་སྲས་ཤིག་མངལ་དུ་ཆགས་པ་སྐད་ཟེར་ནས་ཀོང་ཇོའི་སྲས་ཕྲོགས་ཏེ། ཁོང་རང་ལ་སྐྱེས་པ་ལྟར་བྱས་པས། རྗེ་བློན་རྣམས་ཐེ་ཚོམ་དུ་གྱུར་པས་ཞལ་ལྕེ་གཅོད་པའི་སྤོབས་པ་མ་བྱུང་ཞིང་།
  • པ་སངས་དབང་འདུས།
    ཀོང་ཇོས་ཡིད་མ་རངས་པར་བོད་ཀྱི་ས་དཔྱད་བཟང་བ་འགའ་ཞིག་ཉམས་སུ་བཅུག མི་རིང་བར་སྲས་ཞབས་འཛུགས་ཀྱི་དགའ་སྟོན་ལ་བཙུན་མོ་གཉིས་ཀྱི་ཕ་མིང་དང་བློན་འབངས་རྣམས་འཚོགས་པའི་དབུས་སུ། རྒྱལ་པོས་འབྲས་ཆང་གིས་བཀང་པའི་གསེར་གྱི་ཕོར་པ་སྲས་ཀྱི་ལག་ཏུ་གཏད་དེ།
  • པ་སངས་དབང་འདུས།
    སྣོད་གསེར་སྐྱོགས་ཆང་གིས་གང་བ་འདི༎ བུ་ཁྱོད་རང་གི་ཞང་པོའི་ལག་ཏུ་ཐོད༎ མ་གང་ཡིན་གྱི་ཡིད་ཆེས་དེ་ལ་བྱེད༎ གསུངས་པས།
  • པ་སངས་དབང་འདུས།
    སྲས་ཀྱི་རིན་པོའི་ཆེའི་ཕོར་པ་རྒྱ་རྣམས་ཀྱི་ལག་ཏུ་གཏད་ནས༎ ང་ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ཡིན༎ ་སྣ་རྣམ་གང་གི་དོན་མི་འཚལ༎ གསུངས་པ་དང་།
  • པ་སངས་དབང་འདུས།
    ཀོང་ཇོ་ཡིད་རབ་ཏུ་དགའ་སྟེ། ཚེ་སྔོན་མ་ལས་ཀྱི་ཕན་པ་ཡིས༎ ང་རྒྱ་ནས་འོངས་པའི་བུ་མོ་ལ༎ རྗེ་འགྲན་མེད་རྒྱལ་པོའི་སྲས་གཅིག་འཁྲུངས༎ ཞེས་སོགས་ཀྱི་གཏམ་སྨྲས་ནས།
  • པ་སངས་དབང་འདུས།
    སྔར་ས་དཔྱད་ཉམས་སུ་བཅུག་པ་རྣམས་བསོས་སྐད། 
  • པ་སངས་དབང་འདུས།
    ད་དུམ་བུ་འདི་ཡིན་ན། གཙོ་བོ་རྦད་དེ་ཁྲི་སྲོང་ལྡེའུ་བཙན་ད་ལྟ་འཁྲུངས་པའི་སྐོར་དེ་རེད་ ད་རྒྱལ་བ་ལྔ་པའི་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་འདིའི་རྩོམ་འདིའི་སྤྱིའི་ཁྱད་ཆོས་ལ་ག་རེ་ཡོའོ་རེད།ཟེར་ན།
  • པ་སངས་དབང་འདུས།
    གཅིག་གི་སྙན་ངག་དང་མངོན་་བརྗོད་ཀྱིས་བརྒྱན་བྱས་བྱས། ཚིག་གི་ཡིན་ན་རྦད་དེ་གཅིག་གི་རྗོད་བྱེད་ཡིན་ན་ཧ་ཅང་གི་སྙན་པོ་ཞེ་དྲག་ཡོའོ་རེད།
  • པ་སངས་དབང་འདུས།
    བྱས་ཙང་དུམ་བུ་འདིའི་ནང་ལ་རྡོག་རྡོག་འདྲ་དེ་ག་རེ་གསུངས་ཀྱི་ཡོའོ་རེད་ཟེར་ན།
  • པ་སངས་དབང་འདུས།
    ཁྲི་སྲོང་ལྡེའུ་བཙན། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་འདི་ཡིན་ན་རྦད་དེ་ས་སྟག་ལོ་ལ་ཆུ་ཕོ་རྟའི་ལོ་ལ་ཡི་ན་ན། ཡབ་ཁྲི་ལྡེ་གཙུག་བརྟན་དང་ཡུམ་ཀོང་ཇོའི་སྲས་ལ་ཡིན་ན། འཁྲུངས་པ་རེད་ཟེར།  
  • པ་སངས་དབང་འདུས།
    འང་ཆུ་རྟ་ལོ་ལ་ཡིན་ན་འཁྲུངས་པ་རེད་ཟེར། འདི་ན་འཁྲུངས་པའི་དུས་ལ་དེ་ལ་ཨཱ། ཡབ་མེས་ཨག་ཚོམས་ཀྱི་གཅིག་གི་བཙུན་མོ། ཨ་བོད་བཟའ་སྣ་རྣམ་བཟའ་ལ་ཡིན་ནའི་སྲས་གཅིག་མངལ་དུ་ཆགས་བྱས་འཁྲུངས་ཡོད་པའི་རྦད་དེ་དེ་འདྲས་ཀྱི་གཅིག་གི་བཤད་སྲོལ་ཡོད་པ་ལ་བརྟེན་བྱས། འདིས་བཙུན་མོ་འདིས་བོད་བཟའ་འདི་ཡིས་ཡིན་ན་ཀོང་ཇོའི་སྲས་དེ་ཕྲོགས་སྟེ། ཁོང་རང་ལ་སྐྱེས་པ་ལྟར་བྱས་བྱས།
  • པ་སངས་དབང་འདུས།
    ཡིན་ན་ཁྲི་སྲོང་ལྡེའུ་བཙན་ཕྲོགས་བྱས་ཁོང་རང་ལ་སྐྱེས་པ་ལྟར། གཅིག་གི་ད། བྱས་པ་རེད་ཟེར།
  • པ་སངས་དབང་འདུས།
    དེ་བྱེད་དུས་ཙམ་པ་ད་དེར་འཚོགས་པའི་བློན་པོ་རེད། ཨཱ་གཅིག་གི་གཞན་དག་གི་གཅིག་གི་ཨ་སུ་ཡིན་ནའི་འདིར་ལ་འདིར་བཙུན་མོ་བཙུན་མོ་བོད་བཟའ་ལ་འཁྲུངས་མི་འདུག དེ་རྒྱ་བཟའི་སྲས་རེད་ཟེར་དེ།
  • པ་སངས་དབང་འདུས།
    དེའི་གཅིག་གི་ཚིག་མཚོན་རྦད་དེ་གཅིག་གཅོད་པའི་སྤོབས་པ་མ་བྱུང་པ། བརྟེན་ནས་ཡིན་ན་ཀོང་ཇོ་ཁོང་རང་ཡིན་ན་རྦད་དེ་སོ་སོ་རང་གི་སྲས་དེ་བོད་ཀྱི་གཅིག་གི་བོད་བཟའ་ཐུག་དུས་ཡིན་ནའི་ཐུགས་མ་དགའ་པ་དང་། གཅིག་གི་མ་སྤྲོ་བ་བྱུང་བར་ལ་བརྟེན་ནས། བོད་ཀྱི་ས་དཔྱད་མང་པོས་ཉམས་སུ་ལེན་དུ་བཅུག་པ་དེ་འདྲས་ཀྱི་ཐབས་ཤེས་ཡིན་ནའི་སྤེལ་ཡོའོ་རེད་ཟེར།
  • པ་སངས་དབང་འདུས།
    དེ་ཡིན་དུས་ད་དེ་ནས་དུས་ཚོད་རྒྱུན་མི་རིང་གཅིག་ལ་སྲས་དེ་རྦད་དེ་ཁྲི་སྲོང་ལྡེའུ་བཙན་འཁྲུངས་བྱས་ཞབས་བཙུགས་ཐུབ་ཙམ་གཅིག་གི་དགའ་སྟོན་ལ་བཙུན་མོ་གཅིག་ལ་ཡིན་ན། བཙུན་མོ་གཉིས་དང་དེ་ནི་བློན་འབངས་གང་ག་གཅིག་ཚོགས་པའི་དབུས་གཅིག་ལ་ཡིན་ན།
  • པ་སངས་དབང་འདུས།
    རྒྱལ་པོས་འབྲས་ཆང་གསེར་གྱི་ཕོར་པ་གང་དེ་སྲས་ཀྱི་ལག་པར་ཕུལ་ནས་གང་གསུངས་ཡོའོ་རེད་ཟེར་ན།
  • པ་སངས་དབང་འདུས།
    ད། སྣོད་གསེར་སྐྱོགས་ལ་བླུགས་པའི་ཆང་དེ་ཡིན་ན། ཁྱོད་རང་གི་རྦད་དེ་ཞང་པོའི་ལག་ཏུ་ཐོགས་ཟེར། ཨ་ཞང་གི་ལག་ཏུ་སྤྲོད་ཟེར། ཡས་གཅིག
  • པ་སངས་དབང་འདུས།
    འོང་། འདི་སྤྲད་པ་ཡིན་ན་ཨ་ནི་མ་དེ་སུ་ཡིན་མིན་ཐག་ཆོད་ཀྱི་རེད་ཟེར་དུས། སྲས་དེས་གཅིག་གི་རིན་པོ་ཆེ་གི་ཕོར་པ་དེ་གཅིག་རྒྱའིཕོར་ཉའི་ལག་ཏུ་ཕུལ་ནས། ག་རེ་གསུངས་ཡོའོ་རེད།
  • པ་སངས་དབང་འདུས།
    ང་ཁྲི་སྲོང་ལྡེའུ་བཙན་རྒྱ་ཚ་ཡིན། ཟེར། ད་ང་ཁྲི་སྲོང་ལྡེའུ་བཙན་རྒྱ་ནག་གི་ཚ་བོ་ཡིན།ཟེར།
  • པ་སངས་དབང་འདུས།
    ་སྣ་རྣམ་གང་གིས་དོན་མི་འཚལ་ཟེར། རྣམ་སྣང་ཟེར་དེ་ད་བཙུན་མོ་རྣམ་སྣ་རྣམ་བཟའ་གི༼ཡི༽་འོང་ད་ག་རེ་བྱེད་རྒྱུ་ཡོད་ཟེར།
  • པ་སངས་དབང་འདུས།
    དེ་གསུངས་པ་རེད་ཟེར། དེ་གསུངས་དུས་དེའི་ཚིག་དེ་རྒྱ་བཟའ་ཀོང་ཇོས་རྦད་དེ་གཅིག་གི་གྱིམ་ཤིང་ཀོང་ཇོས་ཨ་གསན་དུས་ཡིན་པ་ཡིན་ན།
  • པ་སངས་དབང་འདུས།
    ཨ་ཐུགས་ཤིན་ཏུ་དགའ་ནས་ཡིན་ན་ག་རེ་གསུངས་ཡོའོ་རེད། ཚེ་སྔ་མའི་ངའི་ལས་ཀྱི་བཀོད་པའི་ཨ་ནི་ང་ལ་རྒྱ་ནས་འོངས་པ་ལ་སྲས་འགྲན་ཟླ་མེད་པའི་རྦད་དེ་རྒྱལ་པོ་གཅིག་འཁྲུངས་ཡོད་ཟེར། དགའ་ཚོར་གྱི་དེ་འདྲས་གཅིག་གསུངས་པ་རེད། ཟེར་ཡས་ཀྱི་དེའི་དུམ་བུ་དེ།
  • པ་སངས་དབང་འདུས།
    སྔར་ས་དཔྱད་ཉམས་པ་དེ་གྱད་དེ་སླར་ཡང་ས་དཔྱད་བསོས་ཐབས་ཡིན་ན་གནང་པ་རེད། ཟེར། དུམ་བུ་འདི་ཡོའོ་འདི་གསུངས་ཀྱི་ཡོའོ་རེད། 
  • པ་སངས་དབང་འདུས།
    ད་དུམ་བུ་འདིའི་ནང་ལ་ཡིན་ན་ཨ་རྒྱལ་བ་ལྔ་པས། གཅིག་ཁྲི་སྲོང་ལྡེའུ་བཙན་གྱི་འཁྲུངས་ལོ་དེ་ཆུ་རྟ་ཡིན་ཟེར། འདི་ནས་ད་དུམ་བུ་གཤམ་དེ་ཡིན་པ་ཡིན་ན་སྔར་གྱི་མཁས་པ་གཞན་དག་གི་གཅིག་གི་ཁྲི་སྲོང་ལྡེའུ་བཙན་གྱི་འཁྲུངས་ལོའི་སྐོར་ལ་བཞེད་པ་འགའ་ཤས་ཡིན་ན་བཀག དགག་པ་བསྐྱོན་ཡོའོ་རེད།
  • པ་སངས་དབང་འདུས།
    ད་ལྟ་ཨ་ལས་ངས་སྔོན་ལ་དེ་མར། འབྱོར་ཀློགས་ཞུ་གི་ཡིན།
  • པ་སངས་དབང་འདུས།
    དཔའ་བོ་གཙུག་ལག་འཕྲེང་བས། ཆོས་རྒྱལ་འཁྲུངས་ལོ་ལ་སྦ་བཞེད་བུ་སྟོན་གྱི་ལུགས་སོགས་ཡིག་ཚང་མང་པོ་ཞིག་གི་འདོད་པ་བསྐྱར་ཞིང་། སྦ་བཞེད་ལུགས་དེ་འཁྲུལ་པར་་བཤད་མ་ཐག་ཏུ། སྦ་བཞེད་ཀྱི་གཏམ་རྒྱུས་ཚང་བར་བྲིས་པ་ལ། རང་ལུགས་འཐད་ལྡན་དུ་བཞག་པ་དང་། གཞན་ལུགས་དགག་པའི་རྣམ་དབྱེ་མེད་པར་མིག་གིས་མཐོང་ཚད་དང་རྣ་བས་ཐོས་ཚད་ཡི་གེར་བྲི་བ་ནི་སོས་དུས་ཀྱི་ཉི་མ་འཕུལ་བྱེད་ཀྱི་ཐབས་ནི་ཡིན་མཆིས།
  • པ་སངས་དབང་འདུས།
    མཁས་པ་ཆེན་པོ་བུ་སྟོན་ཞབས་ཀྱི་གསུང་ཕལ་ཆེར་ཚད་མར་གདའ་བས། རྒྱལ་པོ་ས་རྟ་ལ་འཁྲུངས་པར་གསུངས་པ་འདི་ཡིག་མཁན་གྱིས་ནོར་བའི་རྒྱུན་འབྱམས་པ་ཞིག་ཡིན་ནམ།
  • པ་སངས་དབང་འདུས།
    གང་ལྟར་ཆོས་རྗེ་བསོད་ནམས་གྲགས་པ་སོགས་འགའ་ཞིག་གིས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ས་རྟ་ལ་འཁྲུངས་པ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོ་མེ་གླང་ལ་འཁྲུངས་བྱེད་པ་ནི།
  • པ་སངས་དབང་འདུས།
    གཙུག་ལག་རྩིས་ཀྱི་གཞུང་ལུགས་ལ་བློ་གྲོས་ཀྱི་འཇུག་པ་ཤར་བ་ཞིག་གིས་བརྟགས་ཚེ། ལོ་གྲངས་བཅུ་གཉིས་ཙམ་མི་འགྲིག་པའི་མུ་ཅོར་གྱི་གཏམ་དུ་ཟད་དོ།
  • པ་སངས་དབང་འདུས།
    སྲས་དགུང་ལོ་ཆུང་ངུའི་དུས། རྒྱ་ཡུལ་ནས་གསང་ཤི་གཙུག་ལག་འགའ་ཞིག་ལེན་དུ་གཏང་བར་ལམ་དུ་ཞུགས་པ་དང་། རྒྱ་ཡུལ་ཇོ་ཞག་མཁས་པ་ཞིག་གིས། ད་སྟེ་ཟླ་བ་གསུམ་ན་ནུབ་ཕྱོགས་ནས་བོད་ཀྱི་བཙན་པོའི་ཕོ་ཉ་རྟགས་དང་ཤ་ཚུགས་འདི་འདྲ་བ་བྱུང་ཞེས་གཟུགས་བརྙན་བྲིས་ནས་རྒྱལ་པོར་གསོལ་བ་བཞིན་བྱུང་བས།
  • པ་སངས་དབང་འདུས།
    རྒྱ་རྗེ་དགྱེས་ནས་བཀའ་སྩལ་ཞིང་། མཐིང་ཤོག་ལ་གསེར་གྱིས་བྲིས་པའི་གླེགས་བམ་སོགས་བྱ་དགའ་ཆེན་པོ་གནང་། དུས་སྐབས་དེ་དག་ན་བོད་ཡུལ་ཀྱི་ཡབ་རྒྱལ་པོ་དགུང་ལོ་དྲུག་ཅུ་རེ་གསུམ་ལ་གཤེགས། བང་སོ་མུ་ར་རི་ལ་བརྩིགས། སང་ཤི་སླར་བོད་དུ་ཡོང་བའི་ལན་དུ་ཧྭ་ཤང་མངོན་ཤེས་ཅན་ཞིག་ལ་བོད་ཀྱི་བདེ་དོག་དྲིས་པས།
  • པ་སངས་དབང་འདུས།
    བཙན་པོ་གཤེགས། རྒྱལ་བུ་ནར་མ་སོན། བདུད་བློན་རྣམས་ཀྱིས་ཁྲིམས་བུ་ཆུང་བཅས་ནས་ཆོས་བསྣུབ་པ་སོགས་ཀྱི་ལུང་བསྟན། འོན་ཀྱང་རྒྱལ་བུ་ནར་སོན་པ་ན་གླེགས་བམ་གསུམ་པོ་འདི་རྣམས་རིམ་གྱིས་སྙན་དུ་གསོལ།
  • པ་སངས་དབང་འདུས།
    ཟ་ཧོར་གྱི་དགེ་སློང་ཤནྟི་རཀྵི་སྤྱན་དྲངས་ཤིག་ཆེས་ཟེར་བ་ཡིད་ལ་བཟུང་ནས་ཧྭ་ཤང་གཅིག་ཁྲིད་ནས་བོད་དུ་འོངས་པས། མ་ཞང་སོགས་རྒྱལ་པོའི་སྐུ་ཚེ་ཐུང་བ་དང་བཀྲ་མ་ཤིས་པ་ཆོས་ཀྱིས་ལན་པས་ཆོས་བྱར་མེད་པའི་ཁྲིམས་བབཅས་ཏེ། 
  • པ་སངས་དབང་འདུས།
    ཤཱཀྱ་མུ་ནི་རྒྱ་ཡུལ་དུ་སྐྱེལ་བའི་ཐབས་བྱས་ཀྱང་མ་ཐེག་པར་ས་འོག་ཏུ་སྦས། འཕྲུལ་སྣང་དུ་བཤས་ར་བྱས། དུས་ཟེར་སྣ་རྣམ་ཁྲི་ཐོག་རྗེ་ཐང་ལྷ་བར་བྱ་བ་རྒྱལ་བས། ལྕོག་རོ་སྐྱེས་བཟང་རྒྱལ་མགོ་བྱད་བསྐམས་ནས་ཤི་བས།
  • པ་སངས་དབང་འདུས།
    ལྟས་ངན་དང་མི་ཕལ་ཆེ་གྱིས་ལྷ་ས་འོག་ཏུ་སྦས་པས་ལན་ཟེར་བས། སྐྱིད་གྲོང་དུ་བསྐྱལ། བྲག་དམར་མགྲིན་བཟང་བཤིག་དགོས་འདུག་པས། སང་ཤིས་རྒྱའི་གླེགས་བམ་རྣམས་མཆིམས་ཕུའི་རྫ་ལ་སྦས། ཧྭ་ཤང་སློག སྐབས་དེར་སྦ་གསལ་སྣང་གི་བུ་མོ་ཤི་བ། ཧྭ་ཤང་གི་རོའི་ཁར་མུ་ཏིག་མཚལ་གྱིས་བྱུགས་པའི་མཚན་མ་བཅུག་ནས་མའི་མལ་འོག་ཏུ་སྦས།
  • པ་སངས་དབང་འདུས།
    བུ་མོ་མའི་བུར་སྐྱེ་བ་འི་ལུང་བསྟན་པ་བཞིན་བཙས་པའི་སྐབས་སུ་ཁ་ན་མུ་ཏིག་བྱུང་བས། ཚེ་ཕྱི་མ་ཡོད་པའི་ངེས་པ་རྙེད་ནས། གསལ་སྣང་ཆོས་ཀྱི་ཆེད་དུ་ལྷོ་བལ་དུ་འགྲོ་བར་རྗེ་ལ་གསོལ་པས་མང་ཡུལ་གྱི་ཁང་དཔོན་དུ་བརྫངས།
  • པ་སངས་དབང་འདུས།
    སྦ་བཞེད་དུ། གསལ་སྣང་མང་ཡུལ་དུ་སོང་བའི་རྗེས་སུ་སང་ཤི་རྒྱ་ནག་ནས་འཁོར་བར་བཤད་པ་འདུག་པ་དང་། དཔའ་པོ་གཙུག་ལག་ཀྱང་དེའི་རྗེས་སུ་འབྲངས་ནའང་། གོང་འོག་ཚིག་གི་འགལ་འདུ་ཡོད་མེད་མ་བརྟགས་པའི་བབ་ཅོལ་ཏེ། ཧྭ་ཤང་ནི་རྒྱའི་ཆོས་སྟོན་པའི་སློབ་དཔོན་ཡིན་ཞིང་།
  • པ་སངས་དབང་འདུས།
    ཆོས་ཁྲིམས་བཤིག་པའི་དོན་གྱིས་ར་མོ་ཆེའི་ཧྭ་ཤང་སོགས་བོད་ན་ཡོད་པ་ཀུན་ཕྱིར་བསྐྲད་ཟིན། གསལ་སྣང་གི་བུ་མོ་བུར་སྐྱེས་པའི་ལུང་བསྟན་བྱེད་པ་པོ་དེ་སང་ཤི་གསར་དུ་ཁྲིད་ཡོངས་པའི་ཧྭ་ཤང་དེར་ངོས་འཛིན་དགོས་པས། སྙིགས་དུས་མཁས་པ་ཀུན་གྱི་གཙུག་གི་ནོར་བུ་གཞོན་ནུ་དཔལ་བའི་དེབ་སྔོན་དང་། ཤེས་བྱ་ཀུན་ལ་གཟིགས་པའི་སྤྱན་ལྡན་སྤྲུལ་སྐུ་ངག་དབང་ནོར་བུའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་དུ། ཟེར།
  • པ་སངས་དབང་འདུས།
    སང་ཤི་བོད་དུ་སླེབ་ནས་གསལ་སྣང་སྟོད་དུ་སོང་བའི་གོ་རིམ་མཛད་པ་འདི་འཐད་དོ།
  • པ་སངས་དབང་འདུས།
    ད་དུམ་བུ་འདི་ཨ་གཙོ་བོ་འདྲ་ཡིན་་ན། དོན་དག་གཅིག་གི་གཉིས་རེད། དོན་དག་གོང་དེར་ཡིན་ན་ཁྲི་སྲོང་ལྡེའུ་བཙན་གྱི་འཁྲུངས་པོ་ཐོག་ལ་ཡིན་ན།
  • པ་སངས་དབང་འདུས།
    རྒྱལ་བ་ལྔ་པས། ཨ་གཅིག་གི་མཁས་པ་གཞན་གྱི་གཅིག་གི་བཞེད་པ་ལ་ཡིན་ན་དགག་པ་བསྐྱོན་ཡོའོ་རེད། དགག་པ་གཙོ་བོ་འདྲ་དེ་ག་རེ་བསྐྱོན་གྱི་ཡོའོ་རེད་ཟེར་ན།
  • པ་སངས་དབང་འདུས།
    དཔའ་བོ་གཙུག་ལག་འཕྲེང་བ་གི་ད་འདི་ང་ཚོ་དུས་རབས་བཅུ་དྲུག་གི་བོད་ཀྱི་གྲགས་ཅན་གྱི་ལོ་རྒྱུས་དེབ་ཐེར་གཅིག་རེད། ཨ་བཀའ་བརྒྱུད་བླ་མ་དཔའ་བོ་གཙུག་ལག་འཕྲེང་བ་ཞུ་གི་ཡོད།
  • པ་སངས་དབང་འདུས།
    ཁོང་གི་དེབ་ནང་ལ་ཡིན་ན་མཁས་པའི་དགའ་སྟོན་ནང་ལ་ཡིན་ན། ད་གཅིག་གི་གཙོ་བོ་འདྲ་དེ་འང་ཆོས་རྒྱལ་གྱི་འཁྲུངས་ལོར། དཔའ་བོ་གཙུག་ལག་འཕྲེང་བ་གིས་ཆོས་རྒྱལ་གྱི་འཁྲུངས་ལོ་ཡིན་ནི། སྦ་བཞེད་དང་བུ་སྟོན་སོགས་ལུགས་མང་པོ་རྦད་དེ་ལུངས་དྲངས་ནས་དེ་རྣམས་ཀྱི་བཞེད་པ་དེ་ཁོང་རང་གི་བཞེད་པར་ངོས་འཛིན་ནས། ཡིན་ན་གཙོ་བོ་དེ་ཡིན་ན་ཁྲི་སྲོང་ལྡིའུ་བཙན་དེ་ཡིན་ན་ས་རྟ་ལ་འཁྲུངས་ཡོའོ་རེད་ཟེར།
  • པ་སངས་དབང་འདུས།
    ས་རྟ་ལ་འཁྲུངས་བཞག་ཟེར་། ད་དེ་ཡིན་དུས་ཙམ་པ་སྲོང་བཙན་དེ་གཅིག་གི་ཨཱ། འཁྲུངས་བཞག་འང་སྲོང་བཙན་སྒམ་པོ་ཡིན་ན་མེ་གླང་ལ་འཁྲུངས་བཞག་དེ་འདྲས་ཀྱི་ལྟ་བ་གཅིག་བཤད་ཀྱི་ཡོའོ་རེད།
  • པ་སངས་དབང་འདུས།
    ད་ལྟ་བ་འདིའི་རྒྱལ་བ་ལྔ་པས་གསུངས་པ་ཡིན་ན། ད་འདི་ལྟ་བ་འདི་ཡིན་རྦད་དེ་གཅིག་གི་གཞན་ལུགས་ལ་ད་གཅིག་གི་ག་རེ་ཟེར་དགོས་རེད་པས།
  • པ་སངས་དབང་འདུས།
    དཔྱད་པ་རྒྱུ་ནས་མེད་པ་ཨ་མིག་གིས་མཐོང་ཚད་དང་རྣ་བས་ཐོས་ཚད་གང་ག་ཡི་གེར་བྲིས་པ་གཅིག་གི་ཨ་བྱ་བ་གཅིག་རེད་ཟེར།
  • པ་སངས་དབང་འདུས།
    དེ་ཡིན་དུས་ཙམ་པ་དེ་ཉིན་མ་གཅིག་གི་གང་འཁྱོལ་གྱི་བྱེད་ཐབས་གཅིག་མ་གཏོགས་ཡིན་ན། ད་གཅིག་གི་མཁས་པ་ཆེན་པོའི་གཅིག་གི་་བྱེད་ཐབས་གཅིག་མ་རེད། ཡིན་ནའི་ད་བུ་སྟོན་རིན་པོ་ཆེ་ལ་ས་རྟ་ལྟ་བ་དེ་བཞེད་ཡས་དེ་ཕལ་ཆེར་ད་བུ་སྟོན་རིན་པོ་ཆེ་གིས་ད་དེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་བཟོ་འདྲ་དེ་འདྲས་ཀྱིས་ད་ནོར་སྲིད་ཀྱི་མ་རེད།
  • པ་སངས་དབང་འདུས།
    ད་དེ་གཙོ་བོ་ཕལ་ཆེར་ཡིག་མཁན་གྱི་ནོར་པ་རེད་ཟེར། ཨ་རྒྱུ་མཚན་འདི་འདྲས་གཅིག་གསུངས་ཡོའོ་རེད།
  • པ་སངས་དབང་འདུས།
    ད་དེའི་རྗེས་ལ་ཡིན་ན་ཆོས་རྗེ་བསོད་ནམས་གྲགས་པ་འདི་ཡིན་ན། པཎ་ཆེན་བསོད་གྲགས་དགའ་ལྡན་ཁྲི་ཐོག་བཅུ་ལྔ་པ་དེ་ད་དེབ་ཐེར་དམར་མོ་གསར་མའི་རྩོམ་པོ་རེད་གསུངས་ཀྱི་ཡོའོ་རེད།
  • པ་སངས་དབང་འདུས།
    ཨ་ཆོས་རྗེ་བསོད་ནམས་གྲགས་པ་སོགས་ཀྱི་ཡིན་ན་ད་ཁྲི་སྲོང་ལྡིའུ་བཙན་ས་རྟ་ལ་འཁྲུངས་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་མེ་གླང་ལ་འཁྲུངས་ཟེར་བ་དའི་གཅིག་གི་གཙུག་ལག་རྩིས་ཀྱི་གཞུང་ལུགས་ལ་ཡིན་ན་ད་གཅིག་གི་ཨ་ཡག་པོ་གཅིག་དཔྱད་པ་བྱས་ན་ལོ་བཅུ་གཉིས་གཅིག་གི་ཏག་ཏག་བསྡད་ཀྱི་མི་འདུག་ཟེར།
  • པ་སངས་དབང་འདུས།
    འདི་ཡིན་དུས་ཙམ་པ་གཏམ་དེ་ཆོ་མེད་པའི་གཏམ་དེ་ལ་འགྲོ་གི་འདུག་ཟེར།
  • པ་སངས་དབང་འདུས།
    ཨ་དེ་བར་དུ་གི་ནང་དོན་དང་པོ་ཡིན་ན་ད་གཅིག་གི་ཁྲི་སྲོང་ལྡིའུ་བཙན་འཁྲུངས་ལོར་དཔྱད་པ་གཅིག་གནང་ཡོའོ་རེད། ད་དོན་དམ་གྱི་ལོ་རྒྱུས་དངོས་ལ་ད་ང་ཚོ་གཅིག་གི་ཕྱིས་སུ་ཐོན་ཧོང་གི་ཡིག་རྙིང་འདོན་པ་ནས་བྱས་ཆུ་རྟ་ལོ་ལ་འཁྲུངས་པ་དེ་ཡིན་ན། ད་གཅིག་གི་ནོར་བ་རྒྱུ་ནས་ཡོའོ་མ་རེད། ད་ཡིན་ནའི་ཆུ་རྟ་དེ་ཁམས་ག་པར་ཡིན་མིན་དེའི་ཐོག་ལ་ཡིན་ན་ཙམ་པ། ད་གཅིག་གི་མཁས་པ་མང་ང་གཅིག་གི་བཤད་སྲོལ་མང་པོ་ཡོའོ་རེད།
  • པ་སངས་དབང་འདུས།
    སྤྱིར་བཏང་བྱས་པ་ཡིན་ན། ད་ང་ཚོ་རྒྱལ་སྤྱིའི་རྒྱལ་ཕྱི་ནང་གི་གཅིག་གི་བོད་ཀྱི་བཙན་པོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཡིན་ན།
  • པ་སངས་དབང་འདུས།
    ཆུ་རྟ་དེ་ཨ་བདུན་བརྒྱ་ཞི་ཅུ་ཞེ་གཉིས་ལོ་ལ་འབབ་ཀྱི་ཡོའོ་རེད། དེ་ཡིན་ན་སྤྱིར་བཏང་དོན་ལ་གནས་པ་གཅིག་རེད།
  • པ་སངས་དབང་འདུས།
    ད་གཤམ་གྱི་དུམ་བུ་དེ་ག་རེ་གསུངས་ཀྱི་ཡོའོ་རེད་ཟེར་ན། གཙོ་བོ་དེ་རྦད་དེ་སངས་རྒྱས་བསྟན་པ་བོད་ལ་འདྲེན་ཡས་སྐོར་ལ་ཨ་དུམ་བུ་གཅིག་གསུངས་ཡོའོ་རེད། དེ་ག་རེ་གསུངས་ཡོའོ་རེད་ཟེར་ན། ཁྲི་སྲོང་ལྡིའུ་བཙན་དགུང་ལོ་ཆུང་ངུའི་དུས་ལ་ཡིན་ད་རྦད་དེ་ཁོང་རང་གི་ཡབ་ཀྱིས་ཡིན་ན།
  • པ་སངས་དབང་འདུས།
    རྒྱ་ནག་ལ་ཡིན་ན་སང་ཤི་ཟེར་མཁན་གཅིག་ཆོས་ཀྱི་གཙུག་ལག་ལེན་ག་བཏང་པ་རེད། ཟེར།
  • པ་སངས་དབང་འདུས།
    ལམ་བཏང་དུས་ཙམ་པ་ཡིན་ན་ད་་དེ་ལམ་ཁར་བར་ལ་ཡིན་ན་མ་གའི་རྒྱ་ནག་ལ་གཅིག་གི་དེ་འདྲས་ཀྱི་ཇུ་ཞག་གི་མཁས་པ་དེ་འདྲས་ད་གཅིག་གི་ང་ཚོ་བོད་པའི་འབུ་རྩིས་མཁས་པ་འདྲ་པོ་དེ་འདྲས་གཅིག་རེད། དེ་འདྲས་གཅིག་གི་ལུང་བསྟན་ལ་ཡིན་ན།
  • པ་སངས་དབང་འདུས།
    འོ་ད་བོད་ངོས་ནས་ཟླ་བ་གསུམ་གྱི་ནང་ལ་ནུབ་ཕྱོགས་བོད་ངོས་ནས་ཕོ་ཉ་རྦད་དེ་མི་བཟོ་ལྟ་འདི་འདྲས་བྱས་པ། ཁོ་རྦད་དེ་ཨོའོ་ཤ་ཚུགས་འདི་འདྲས་འདྲ་བ་ཟེར་མཁན་གྱི་རི་མོ་གཅིག་བྲིས་པ་དེ་འདྲས་གཅིག་ཡོང་གིས་ཟེར།
  • པ་སངས་དབང་འདུས།
    རྒྱ་ནག་རྒྱལ་པོ་ལ་གསོལ་ཡས། ཕྱིས་སུ་དངོས་སུ་སང་ཤི་སླེབ་དུས་ཙམ་པ་ད་གཅིག་གི་མི་ཇོ་ཞག་མཁས་པ་དེ་གིའི་ལུང་བསྟན་ནང་བཞིན་ཡོད་པ། རྒྱ་རྗེ་ཧ་ཅང་གི་རྦད་དེ་རྒྱ་ནག་རྒྱལ་པོ་ཡིན་ན་ཧ་ཅང་གི་དགྱེས་ཚོར་ཆེན་པོས་བཀའ་སྩལ་བྱས་ཡིན་ན།
  • པ་སངས་དབང་འདུས།
    སང་ཤི་དེ་ནི་ཤུག་པོ་མཐིང་ཤོག་སྒང་ལ་གསེར་གྱི་བྲིས་པའི་ཡིན་ན་གླེགས་བམ་སོགས་ཡིན་ན་བྱ་དགའ་མང་པོ་གནང་པ། ཨ་སྐབས་དེར་ཡིན་ན་ད་བོད་ལ་ཆ་བཞག་པ་ཡིན་ན། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམས་ཡིན་ན་དགུང་ལོ་དྲུག་ཅུ་རེ་གསུམ་ལ་བཤགས་ཚར་པ།
  • པ་སངས་དབང་འདུས།
    དེའི་བང་སོ་དེ་ཡིན་ན་མུ་ར་རི་ལ་བརྩིགས་ཟེར། ད་ད་ལྟ་འཕྱོང་རྒྱས་ཡོད་པ་དེ་བང་སོ་དེ་རིའི་སྒང་ལ་ཡོད་པ་དེ། ཨ་སང་ཤིས་ཡིན་ན་སླར་ཡང་བོད་དུ་ཡོང་བའི་ལམ་ཁ་ལ་ཡིན་ན། ཨ་ནི་ཧྭ་ཤང་མངོན་ཤེས་ཅན་ཞིག་ལ་དེ་ནི་བོད་ཀྱི་ད་རྦད་དེ། ཨ་གཅིག་གི་ཨ་བདེ་སྡུག་གི་སྐད་ཆ་དྲིས་དུས་པའི་སྐབས་ལ་ཧྭ་ཤང་དེས་ལུང་བསྟན་ག་རེ་བརྒྱབ་པ་རེད་ཟེར་ན།
  • པ་སངས་དབང་འདུས།
    ད་བཙན་པོ་ནི་གཤེགས་ཚར་བཞག རྒྱལ་པོའི་ཡིན་ན་སྲས་ཡིན་ན་ནི་ཡར་རྦད་དེ་དགུང་ལོ་སོན་མི་འདུག་ཟེར། དེ་ཡིན་དུས་ཙམ་པ་ད་ད་ལྟ་བོད་ལ་ཡིན་ན། བདུད་ཀྱི་བློན་པོ་ད་དེའི་བདུད་ཟེར་ཡས་དེ་ཆོས་ལ་མ་དགའ་པའི་བློན་པོ་དེ་འདྲས་ཀྱི་དོན་དག་གཅིག་བཤད་ཀྱི་ཡོའོ་རེད།
  • པ་སངས་དབང་འདུས།
    ད་དེ་ནང་པ་སངས་རྒྱས་པས་བྲིས་པ་གནང་དུས་ཙམ་པ་ཆོས་ལ་གཅིག་གི་ངོ་རྒོལ་བྱེད་མཁན་གྱི་བློན་པོའི་རིགས་དེ་ལ་བདུད་བློན་ཟེར།
  • པ་སངས་དབང་འདུས།
    དེ་འདྲས་ཀྱི་ཐ་སྙད་གཅིག་ཡོའོ་རེད། འོ་བདུད་བློན་རྣམས་ཀྱི་ཡིན་ན་ད་ཁྲིམས་བུ་ཆུང་བཅད་ནས་ཟེར། ཁྲིམས་བཅད་ནས། ད་དེ་ཁྲིམས་བུ་ཆུང་ཟེར་ཡས་དེ་ངའི་གོ་བ་ལ་བྱས་པ་ཡིན་ན་ནི། ད་བཙན་པོས་བཅད་པའི་ཁྲིམས་ངོ་མ་ཡིན་པ་གཅིག་ལ་ད་བཙུན་མོ་ད་གཅིག་གི་བློན་པོས་བཅད་པའི་ཁྲིམས་གཅིག་ཡིན་ན་དེ་ལ། དེ་ལ་ཁྲིམས་བུ་ཆུང་ཟེར་བའི་ཐ་སྙད་ཐོག་སྲོལ་ཡོད་པ་འདྲ།
  • པ་སངས་དབང་འདུས།
    ཨ་ཁྲིམས་བུ་ཆུང་ཟེར་ཡས་དེ་ཁྲིམས་བཅད་བྱས་ཡིན་ན། ད་ཁྲིམས་དེ་ག་རེ་རེད། ཆོས་བསྣུབས་ཡས་ཀྱི་ཁྲིམས་བཅད་བྱས་ཟེར།
  • པ་སངས་དབང་འདུས།
    ཧྭ་ཤང་དེས་ཡིན་ན་ལུང་བསྟན་པ་རེད། ཟེར། འོ་ད་ཡིན་ནའི་འོང་རྒྱལ་པོ་ནར་སོན་པ་ཡིན་ན།
  • པ་སངས་དབང་འདུས།
    ཁྱེད་རས་༼རང་གིས༽གླེགས་བམ་སང་ཤི་ལ་ག་རེ་མུ་མཐུད་ནས་ལུང་བསྟན་གང་རེ་བྱས་པ་རེད་ཟེར་ན།
  • པ་སངས་དབང་འདུས།
    རྒྱལ་པོ་སྐུ་ན་སོན་པ་ཡིན་ན། གླེགས་བམ་གསུམ་པོ་དེ་རྒྱལ་པོའི་སྙན་དུ་ཕུལ། འོ་ཟ་ཧོར་གྱི་ཡུལ་ནས་ཡིན་ན་དགེ་སློང་ཤནྟི་རཀྵི་ཡིན་ནའི་སྤྱན་འདྲོང་ཞིག་ཟེར། 
  • པ་སངས་དབང་འདུས།
    འདི་ཡིན་ན་སང་ཤི་ཡིད་ལ་བཟུང་ནས་ཧྭ་ཤང་གཅིག་ཁྲིད་ནས་ཡིན་ན་བོད་ལ་ཡར་སླེབས་ཡོའོ་རེད་ཟེར།
  • པ་སངས་དབང་འདུས།
    དེ་སླེབས་དུས་ད་བོད་དེ་བོད་ལ་སྐབས་དེར་ཡིན་ན་བོད་ཀྱི་བློན་པོའི་དབང་དེ་སུ་ལ་ཡོའོ་རེད་ཟེར་ན།
  • པ་སངས་དབང་འདུས།
    བློན་པོ་མ་ཞང་ཟེར་ཡས་གཅིག་གི་ལག་པ་དབང་དེ་རྦད་དེ་དབང་ཆ་གང་ག་རྦད་དེ་འཛིན་ཡོད་དུས་ཙམ་པ། མ་ཞང་གི་ག་རེ་བཤད་ཀྱི་ཡོའོ་རེད།
  • པ་སངས་དབང་འདུས།
    ད་རྒྱལ་པོ་བཤགས་མཁན་མེས་ཨག་ཚོམས་ཡིན་ནའི་སྐུ་ཚེ་ཐུང་ཐུང་ཡིན་པ་དང་། བོད་ལ་བཀྲ་མ་ཤིས་པའི་ལས་ཀ་མང་པོ་ཡོང་ཡས་དེ། གཙོ་བོ་ཡིན་ན་འོང་ཆོས་བྱས་པའི་རྦད་དེ་ལན་རེད་ཟེར། བྱས་ཙང་ཆོས་མེད་པའི་རྦད་དེ་ཁྲིམས་བཅད་པ་རེད་ཟེར།
  • པ་སངས་དབང་འདུས།
    ཁྲིམས་བཅད། ཤཱཀྱ་མུ་ནི་ཡིན་ནའི་རྦད་དེ་ད་གཅིག་གི་རྒྱ་བཟའ་ཀོང་ཇོ་འོན་ཤིང་ཀོང་ཇོའི་དུས་ལ་གདན་དྲངས་པའི་རྒྱ་ནག་ནས་གདན་དྲངས་པའི་ཤཱཀྱ་མུ་ནི་སྐུ་འདྲ་དེ་རྒྱ་ཡུལ་ལ་བསྐྱེལ་བའི་ཐབས་ཤེས་བྱས་ཀྱང་ད་དེ་མ་ཐེག་པར་དེ་ནི་སའི་འོག་ཏུ་སྦས་བཞག་པ། ར་ས་འཕྲུལ་སྣང་གཙུག་ལག་ཁང་ལའི་སེམས་ཅན་བསད་བྱས། བཤས་ར་བྱས་པ། འང་དེའི་སྐབས་ལ་ཡིན་ན།
  • པ་སངས་དབང་འདུས།
    ད་བོད་ལ་ལྟས་ངན་པ་མང་པོ་ཅིག་བྱུང་བྱས། བློན་པོ་སྣ་རྣམ་ཁྲི་ཐོག་རྗེ་ཐང་ལྷ་འབར་ཟེར་ཡས་དེ་རྒྱལ་བྱས་ཤི་པ། ལྕོག་རོ་སྐྱེས་བཟང་ཟེར་ཡས་དེ་ཡིན་ན། མགོ་བསྐམས་བྱས་ཤི་བ།  ད་དེ་དུས་ལྟས་མཁན་ཟེར་ན།
  • པ་སངས་དབང་འདུས།
    ད་དེ་མོ་བརྒྱབ་མཁན་དང་ད་དེ་འདྲས་ཀྱི་ལྟས་བལྟ་མཁན། མི་དང་མི་ཕལ་ཆེར་བས་ད་དེ་གྱད་དེ་གང་ག་ཇོ་བོ་ཤཱཀྱ་མུ་ནི་སའི་འོག་ལ་སྦས་པའི་དེའི་རྦད་དེ་ལན་འབོད་རེད་ཟེར།
  • པ་སངས་དབང་འདུས།
    འང་དེ་བཤད་དུས་ཙམ་པ། འདིར་སླར་ཡང་ས་འོག་ནས་སྐྱིད་གྲོང་ལ་གདན་འདྲེན་ཞུས་པ་རེད་ཟེར། 
  • པ་སངས་དབང་འདུས།
    སྐྱིད་གྲོང་དུ་གདན་འདྲེན་ཞུས། དེ་ནས་ཡང་བསྐྱར་དེ་གཞན་གྱི་རྦད་དེ་གཅིག་གི་བྲག་དམར་མགྲིན་བཟང་སོགས་ཀྱི་གཙུག་ལག་ཁང་ཡིན་ནའི་རྦད་དེ་གཅིག་གི་ཨེ་བཤིག་ཡོའོ་རེད་ཟེར།
  • པ་སངས་དབང་འདུས།
    འོང་ཕྱིས་སང་ཤི་ཡིན་ནའི་ད་ཐབས་ཤེས་མེད་པར་རྒྱ་ནག་ནས་གདན་དྲངས་པའི་རྒྱའི་ཆོས་ཀྱི་གླེགས་བམ་དེ་གྱད་དེ་ཨ་ནི་མཆིམས་ཕུའི་རྫའི་གསེབ་ལ་སྦས་བྱས། ཧྭ་ཤང་ཡིན་ནའི་རྒྱ་ནག་ལ་རང་ལོག་བརྒྱབ་ཀ་བཅུག ད་སྐབས་དེར་ཡིན་ན། དེ་ནི་བློན་པོ་སྦ་གསལ་སྣང་ཟེར་ཡས་གཅིག་བུ་མོ་ཤི། དེ་བུ་མོ་དེ་ཤི་དུས་ཙམ་པ་ཡིན་ན་ཨ།
  • པ་སངས་དབང་འདུས།
    གཅིག་གི་ཧྭ་ཤང་གཅིག་གདན་འདྲེན་ཞུ་དུས་ཧྭ་ཤང་དེས་བུ་མོ་དེའི་རོའི་ཁ་ལ་ཡིན་ན་དེ་ནི་མུ་ཏིག་གཅིག་ལ་ཚལ་དམར་པོ་བྱུགས་བྱས་ཨ་དེ་མཚན་རྟགས་གཅིག་ལ་བཅུག་བྱས་ཡིན་ན། ཨ་ནི་བུ་མོ་དེའི་ཁའི་ནང་ལ་བཅུག་བྱས། འང་དེ་ནི་སའི་འོག་ལ་སྦས་པ་རེད་ཟེར།
  • པ་སངས་དབང་འདུས།
    ད་འདི་ག་རེ་རེད་ཟེར་ན། སྐབས་དེར་སྔ་མོའི་བོད་པའི་ལུགས་སྲོལ་ཡིན་ན་མི་ཤི་སོང་ན་དུར་ཁྲོད་སྟེང་ལ་སྲོལ་དེ་འདྲས་གཅིག་ད་ལྟ་དར་ཡོའོ་མ་རེད། མང་ཆེ་བ་་ཡིན་ན་ས་འོག་ལ་སྦས་ཀྱི་ཡོའོ་རེད།
  • པ་སངས་དབང་འདུས།
    དེ་སྦས་དེ་སྦས་པའི་རྗེས་ལ་ཡིན་ན་ཕྱིས་སུ་ཡིན་ན་བུ་མོ་འདི་ཨ་གཅིག་གི་སྐྱེ་བ་གསར་པ་གཅིག་ལེན་དུས་ཙམ་པ། ལུང་བསྟན་གཅིག་ཧྭ་ཤང་གི་ལུང་བསྟན་གཅིག་ཏུ་སྐྱེ་བ་ལེན་དུས། བལྟ་སྐབས་སོགས་རྦད་དེ་གི་ཨ་བལྟས་པའི་རྗེས་ལ་ཡིན་ན།
  • པ་སངས་དབང་འདུས།
    ཁ་ནས་གཅིག་མུ་ཏིག་ཡོད་པ་དང་གཅིག་གི མུ་ཏིག་ཡོད་པའི་གཅིག་གི་ད། མུ་ཏིག་ཡོད་པ་གཅིག་སྐྱེས་དུས་ཙམ་པ་ད་གསལ་སྣང་གི་ནང་མི་ཡིན་ནའི་རེད། ཕ་མ་ཡིན་ནའི་རེད། གང་གས་ཚེ་ཕྱི་མ་ཟེར་ཡས་དེ་ཡོད་པ་དེ་ནི་ཡིན་ན་ངེས་ཤེས་སྐྱེས་པ་རེད་ཟེར།
  • པ་སངས་དབང་འདུས།
    འང་ངེས་ཤེས་སྐྱེས་པ་རེད་ཟེར། དེ་བྱས་དེ་ཡིན་དུས་ད་དེ་འདྲས་ལ་ངེས་ཤེས་སྐྱེས་དུས་དེ་ནི་གསལ་སྣང་གིས་ཆོས་དེ་བོད་དུ་གདན་དྲངས་ཡས་ཀྱི་ཐབས་ཤེས་གཅིག་བྱེད་དུས་ཙམ་པ་ཡིན་ན།
  • པ་སངས་དབང་འདུས།
    གཅིག་གི་ཆེད་མངགས་ཡིན་ན་ལྷོ་བལ། ད་དེ་སྤྱིར་བཏང་བྱས་པ་ཡིན་ན་རྒྱ་གར་དང་བལ་ཡུལ་ལ་གོ་དགོས་ཀྱི་ཡོའོ་རེད་འདིར།
  • པ་སངས་དབང་འདུས།
    ལྷོ་བལ་རྦད་་དེ་ཆོས་གདན་འདྲེན་ཞུ་ག་འགྲོ་དུས་བཙན་པོས་ཡིན་ན་སྔོན་ལ་ཡིན་ན་མང་ཡུལ་གྱི་ཁང་དཔོན་དུ་བརྫངས་ཟེར།
  • པ་སངས་དབང་འདུས།
    ད་འདིའི་ལྕགས་དཔར་ནང་ལ་ཡིན་ན་ཁང་དཔོན་ཟེར་བརྒྱབ་བཞག་ཡི་གེ་དེ་ནོར་ཤག ཁས་དཔོན་ཟེར་དུས་ད་དེ་ལུང་པའི་ཡུལ་དཔོན་འདྲ་པོ་འདྲ་གཅིག་རེད།
  • པ་སངས་དབང་འདུས།
    དེ་མང་ཡུལ་ཟེར་ན། ད་དེང་སང་གི་རྦད་དེ་ཡིན་ན་ཕྱིས་སུ་མངའ་རིས་སྨད་དེང་སང་ཡིན་ན་ད་རྦད་དེ་གཅིག་གི་ཨ་ད་རྫོང་ཁ་དང་། སྐྱེ་རོང་ཟེར་སའི་ལུང་པ་དེའི་གཡས་གཡོན་ལ་རེད། དེ་ཡིན་ན་སྔོན་ཆད་ཡིན་ན་བོད་ནས་བལ་ཡུལ་དུ་འགྲོ་དགོས་བྱུང་བ་ངེས་པར་དུ་བརྒྱུད་དགོས་་པའི་ལམ་ཞིག་རེད།
  • པ་སངས་དབང་འདུས།
    ཨ་འདིའི་ཡིན་ན་ལུང་པ་འདི་ཡི་ཡིན་ན་ཁས་དཔོན་བརྫངས། བརྫངས་དགོས་པའི་རྒྱུ་མཚན་དེ་ཡིན་ན། གསལ་སྣང་དེ་བལ་ཡུལ་དང་ཐག་ཉེ་པོ། གཅིག་སངས་རྒྱས་བསྟན་པ་གདན་འདྲེན་ཞུ་མཁན་ཡིན་ནའི་གཅིག་ཨ། སྟབས་བདེ་པོ་འདྲ་ཡོའོ་རེད་ཟེར།
  • པ་སངས་དབང་འདུས།
    ད་སྦ་བཞེད་དུ། གསལ་སྣང་མང་ཡུལ་སོང་བའི་རྗེས་ལ། ཟེར། ད་སྦ་བཞེད་ནང་ག་རེ་བཤད་ཀྱི་ཡོའོ་རེད། གསལ་སྣང་དེ་མང་ཡུལ་ལ་་ཕྱིན་པའི་རྗེས་ལ་དེ་ནི་སང་ཤིས་རྒྱ་ནག་ནས་འཁོར་བར་ཡར་བཤད་འདུག་ཟེར།
  • པ་སངས་དབང་འདུས།
    འང་འདི་ལ་ཡིན་ན་རྒྱལ་བ། དཔའ་བོའི་གཙུག་ལག་འཕྲེང་བ་གི་ལྟ་བ་ཡིན་ནའི་ད་ག་རང་གི་བཞེད་པ་གཅིག་བསྒྱུར་གཅིག་ངོས་འཛིན་གནང་ཡོའོ་རེད།ཟེར།
  • པ་སངས་དབང་འདུས།
    འོང་། དེ་ཡིན་དུས་ཙམ་པ་ད་རྒྱལ་བ་ལྔ་པས་ཕྱག་དེབ་འདི་གིའི་ནང་ལ་ཁོང་རང་གིས་དགོངས་པ་བྱས་པ་ཡིན་ན།
  • པ་སངས་དབང་འདུས།
    དེ་གཉིས་ཡིན་ན་ནང་འགལ་འདུག་ཟེར། དེ་ལ་གོང་འོག་འགལ་འདུ་ཡིན་ན་དཔའ་བོ་གཙུག་ལག་འཕྲེང་བ་དང་སྦ་བཞེད་སོགས་ལ་ཡིན་ན། བརྟག་པ་རྒྱུ་ནས་མི་འདུག་ཟེར།
  • པ་སངས་དབང་འདུས།
    དེ་ཡིན་དུས་དོན་དག་ངོ་མ་དེ་ག་རེ་རེད་ཟེར་ན། ཧྭ་ཤང་ནི་ཧྭ་ཤང་ཟེར་ཡས་དེ་ག་རེ་རེད།
  • པ་སངས་དབང་འདུས།
    རྒྱའི་ཆོས་སྟོན་མཁན་གྱི་སློབ་དཔོན་གཅིག་རེད། འང་དེའི་སྐབས་ལ་ཡིན་ན། ཆོས་ཁྲིམས་་བཤིག་པའི་ཡིན་ན་ར་མོ་ཆེ་ལ་ཡོད་པའི་ཧྭ་ཞང་གང་ག་ཡིན་ན། བོད་ནས་མར་ཕྱིར་བསྐྲད་ཟིན་ཚར་པ་རེད།
  • པ་སངས་དབང་འདུས།
    ད་གསལ་སྣང་གི་བུ་མོ་ལ་བུ་སྐྱེས་དུས་ཧྭ་ཤང་ལུང་བསྟན་མཁན་དེ་སུ་རེད་ཟེར་ན།
  • པ་སངས་དབང་འདུས།
    སང་ཤིས་རྒྱ་ནག་ནས་ཁྲིད་ཡོང་བའི་ཡིན་ན་ཧྭ་ཤང་གསར་པ་གཅིག་རེད་ཟེར། འདི་འདྲས་གཅིག་གསུངས་ཡོའོ་རེད།
  • པ་སངས་དབང་འདུས།
    ད་ཨ་ལས་གཤམ་གྱི་དུམ་བུ་དེ་སྔོན་ལ་སྒྲོགས་སྦྱངས་ཞུ་གི་ཡིན།
  • པ་སངས་དབང་འདུས།
    མི་རིང་བར་རྒྱལ་པོ་སྐུ་ནར་སོན་ཏེ། མེས་རྣམས་ཀྱི་ཡིག་ཚང་གཟིགས་པས་ཆོས་མཛད་པར་དགོངས་པའི་གཏམ་མཛད་པས་སང་ཤིས་སྔར་ཧྭ་ཤང་གིས་ལུང་བསྟན་པའི་དུས་དེར་་གོ་ནས་གླེགས་བམ་རྣམས་རྫ་ཁྲོད་ནས་བླངས་ཏེ། དགེ་བ་བཅུའི་མདོ། རྡོ་གཅོད། ས་ལུ་ལྗང་པ་རྣམས་གཟིགས་སུ་ཕུལ་བས་ལྟ་སྤྱོད་དག་ཅིང་ཟུང་དུ་འབྲེལ་བར་གོ་ནས་དད་དེ། 
  • པ་སངས་དབང་འདུས།
    རྒྱ་མེ་མགོ་དང་ཁ་ཆེ་ཨ་ནནྟས་སྐད་འགྱུར་བྱས་པས་མ་ཞང་སོགས་ཀྱིས་བཀག ཆོས་བློན་རྣམས་ཀྱིས་སང་ཤི་སྟོད་དུ་བརྫངས། གསལ་སྣང་གི་བྱང་ཆུབ་ཆེན་པོ་དང་། ན་ལེནྡྲར་མཆོད་པ་བྱས། མཁན་པོ་རིན་པོ་ཆེ་དང་མཇལ་ཏེ་མང་ཡུལ་དུ་སྤྱན་དྲངས།
  • པ་སངས་དབང་འདུས།
    གསལ་སྣང་གིས་བཙད་པའི་དྲུང་དུ་འོངས་ནས་མཁན་པོའི་གསུང་དང་རྒྱུ་མཚན་རྒྱལ་པོར་གསོལ། མ་ཞང་གི་ཆད་པ་བྱུང་དོགས་ནས་གསལ་སྣང་ཡིབས་སུ་བཅུག བཙད་པོས་ལྐོག་ཏུ་འགོས་རྒན་སོགས་ཆོས་བློན་རྣམས་དང་བཀའ་བགྲོས་ནས། མོ་རྩིས་པ་སོགས་ལུང་བསྟན་མཁན་པོ་རྣམས་ལ་བྱ་དགའ་བྱིན་ཏེ།
  • པ་སངས་དབང་འདུས།
    ལུང་བསྟན་མཁན་པོ་རྣམས་ལ་བྱ་དགའ་བྱིན་ཏེ། རྒྱལ་པོ་རྒྱལ་སྲིད་དང་བཅས་པ་ལ་ཆགས་ཆེན་པོ་བདོག་པས། དེའི་རིམ་གྲོར་བློན་པོ་ཆེ་བ་ཟླ་བ་གསུམ་གྱི་བར་ལ་དུར་དུ་འཇུག་དགོས་པར་བསྒྲག་ཏུ་བཅུག་སྟེ། 
  • པ་སངས་དབང་འདུས།
    འགོས་ཀྱི་རྐང་པ་བྱ་རྒོད་ཀྱི་ལྷམ་གོན་པ་སོགས་ཐབས་འཕྲུལ་དུ་མས་མ་ཞང་དང་ལྡན་ཅིག་པར་དུར་ནང་དུ་ཕྱིན་ནས་ཕྱིར་བྲོས་པས་མ་ཞང་གིས་བསྙབས་ཀྱང་རྒོད་སྤུ་སྙིམ་པ་གང་ལས་མ་བྱུང། དེ་མ་ཐག་དོང་ཁ་བཅད་དེ། རྗེ་བློན་ཀུན་ཆོས་བྱེད་པའི་ཆད་སོ་བྱས། ཆོས་བྱེད་པའི་ཆད་སོ་བྱས།
  • པ་སངས་དབང་འདུས།
    ད་དུམ་བུ་འདིའི་ནང་དོན་དེ་ཁྲི་སྲོང་ག་རེ་བཤད་ཀྱི་ཡོའོ་རེད་ཟེར་ན། ཁྲི་སྲོང་ལྡིའུ་བཙན་དགུང་ལོ་སོན་པའི་རྗེས་ལ་སངས་རྒྱས་ཀྱི་བསྟན་པ་བོད་ལ་གདན་དྲངས་ཡས་དེ། དེའི་གོ་རིམ་དེ་དང་ཐོག་མའི་གོ་རིམ་དེ་བཤད་ཡོའོ་རེད།
  • པ་སངས་དབང་འདུས།
    ད་འདི་དང་པོ་ཐོག་མའི་གོ་རིམ་དེ་ག་རེ་ཟེར་ན། ཁྲི་སྲོང་ལྡིའུ་བཙན་སྐུ་ན་སོན་དུས་ཁོང་རང་མེས་པའི་ཡིག་ཚགས་རྣམས་གཟིགས་དུས་ཙམ་པ་ད་འོང་། གཅིག་སངས་རྒྱས་ཀྱི་ཆོས་གཅིག་བྱེད་དགོས་ད་དེ་འདྲས་ཀྱི་དགོངས་པ་གཅིག་བྱུང་། 
  • པ་སངས་དབང་འདུས།
    སྔ་མོ་ཡིན་ན་སང་ཤིས་ཡིན་ན་རྒྱ་ནག་གི་གཅིག་གི་རྦད་དེ་ཧྭ་ཞང་གི་ལུང་བསྟན་པ་ནང་བཞིན་ཡིན་ན་ཨ། ཨ་གཅིག་གི་ཡིན་ན་སང་ཤིས་ཡིན་ནའི་ད་སྔ་མོ་ཧྭ་ཤང་གི་ལུང་བསྟན་པ་དེ་ཚོ་དུས་ལ་སླེབས་བཞག་དགོངས་ནས་ཡིན་ན། མཆིམས་ཕུའི་རྫའི་གསེབ་ལ་སྦས་པའི་གླེགས་བམ་རྣམས་རྫ་ཁྲོད་ནས་ཚུར་བླངས་ཏེ།
  • པ་སངས་དབང་འདུས།
    དེའི་ནང་ནས་དགེ་བ་བཅུའི་མདོ། རྡོ་རྗེ་གཅོད་པ། ས་ལུ་ལྗང་པ་རྣམས་ཡིན་ན་བཙན་པོ་ལ་ཕུལ་ནས་གཟིགས་སུ་བཅུག དེ་བྱེད་དུས་བཙན་པོས། ཨ་གཞུང་དེ་རྣམས་གཟིགས་དུས་དེར་དད་པ་སྐྱེས་ནས་ཡིན་ན།
  • པ་སངས་དབང་འདུས།
    རྒྱ་མེ་མགོ་དང་ཁ་ཆེ་ཨ་ནནྟས་ཟེར་ཡས་སོགས་པ་སྐད་འགྱུར་བྱས་བྱས་ཡིན་ན། ཨ་ཆོས་གཞུང་མང་པོ་བོད་ལ་བསྒྱུར་རྩིས་གནང་པ་རེད་ཟེར།
  • པ་སངས་དབང་འདུས།
    བསྒྱུར་རྩིས་བྱས་པ་དའི་བར་ཆད་བྱུང་བྱས་མ་ཞང་བློན་པོ་མ་ཞང་གིས་བཀག་པ་རེད། འང་བཀག་དུས་ཙམ་ཡིན་ན། ད་ཆོས་བློན་རྣམས་ཀྱི་ཡིན་ནའི་ད་འདི་ཆོས་ཀྱི་ཨ་གདན་ཞུ་མཁན་ཙམ་ལ་གདན་པ་པོ་གཙོ་བོ་སང་ཤིས་མཆོག་ལ་ཡིན་ནའི་ཉེས་པ་འཕོག་གིས་དོགས་པས། སང་ཤིས་ཡིན་ནའི་སྟོད་ཀྱི་ཕྱོགས་ལ་ཡར་བརྫངས།
  • པ་སངས་དབང་འདུས།
    གསལ་སྣང་གིས་རྦད་དེ་བྱང་ཆུབ་ཆེན་པོ་དང་། ན་ལེནྡྲར་རྦད་དེ་འོང་། སང་ཤི་ཡིན་ནའི་སྟོད་ལ་བརྫངས། གསལ་སྣང་ཡིན་ནའི་རྒྱ་གར་ཡུལ་དུ་ཕྱིན་ནས། ཨ་བྱང་ཆུབ་ཆེན་པོ། བྱང་ཆུབ་མཆོད་རྟེན། འོང་ན་ལེནྡྲར་སངས་རྒྱས་ཀྱི་གནས་ཆེན་པོར་ད་གཅིག་གི་ད་རྩ་ཆེན་གནས་ལ་མཆོད་པ་བྱས། མཆོད་པ་བྱས་པ།
  • པ་སངས་དབང་འདུས།
    ཨ། མཁན་པོ་རིན་པོ་ཆེ་དང་མཇལ་ནས་ཡིན་ན་མང་ཡུལ་དུ་སྤྱན་དྲངས། འདིར་མཁན་པོ་ད་གཅིག་གི་དངོས་སུ་ཡིན་ན་ད་གཙོ་བོ་སློབ་དཔོན་བོ་དྷི་་ས་ཏོ་ལ་ཞུ། དེ་འདྲས་གཅིག་ལ་གོ་གི་ཡོད་པ་འདྲ།
  • པ་སངས་དབང་འདུས།
    ཨ་དེ་གདན་ཞུས་བྱས་ཡིན་ན་རྒྱ་གར་ནས་མང་ཡུལ་དུ་སྤྱན་དྲངས་པ།  ཨ་དེ་ནས་བཙན་པོས། གསལ་སྣང་གིས་བཙན་པོའི་དྲུང་དུ་ཡོང་ནས། ཨ་མཁན་པོ་བོ་དྷི་ས་ཏོཨོ་རྦད་དེ་གསུང་དང་གཅིག་གིས་རྒྱུ་མཚན་རྣམས་རྒྱལ་པོར་གསོལ་ནས། གཅིག་གི་ཨ་ཆོས་ཀྱི་ད་གཅིག་གི་ཆོས་ཀྱི་འོང་ཆོས་ཀྱི་མཛད་པ་མཛད་པ་ཡིན་ན།
  • པ་སངས་དབང་འདུས།
    གཅིག་གི་བོད་སྤྱིར་རེད། ཨ་བོད་སྤྱི་ལ་ཕན་ཐོག་ག་རེ་ཡོང་གི་ཡོད་མེད། དེ་སྙན་དུ་གསོལ་དུས་ད་བཙན་པོ་པས་དེ་ལ་མ་ཞང་གི་ཡང་། ཆད་པ་ཡོང་གི་དོགས་ནས་ཡིན་ན་གསལ་སྣང་ཡིན་ནའི་ཡིབས་སུ་བཅུག་པ། བཙན་པོ་ལྐོག་ཏུ་ཡིན་ན་གཅིག་གི་ཆོས་བློན་ཆོས་ལ་དད་པ་ཡོད་མཁན་གྱི་བློན་པོ་འགོས་རྒན་ཁྲི་བཟང་ཡབ་ལྷ་ཟེར་མཁན་དེ་ལ། དེ་འདྲས་ཆོས་བློན་རྣམས་ལ་ཡིན་ན།
  • པ་སངས་དབང་འདུས།
    བཀའ་བགྲོས་གནང་ནས་གཅིག་མོ་རྩིས་པ་དང་མོ་རྒྱག་མཁན་དང་རྩིས་པ་མང་པོ་གཅིག་ལ་ད་ལྟས་བལྟས་མཁན་མང་པོ་གཅིག་ལ་རྔན་པ་གནང་ནས་ཡིན་ན། རྒྱལ་པོའི་རྒྱལ་སྲིད་ལ་ཡིན་ན། ད་གཅིག་གི་བར་ཆད་ཆེན་པོ་གཅིག་ཡོང་ང་ད་དེ་རིམ་འགྲོ་བྱས་པ་ཡིན་ན།
  • པ་སངས་དབང་འདུས།
    ཡིན་གཅིག་མིན་གཅིག་བློན་པོ་ཆེན་པོ་གཅིག་ཡིན་ན་གསོན་པོའི་དུར་ལ་འགྲོ་དགོས་ཀྱིས་ཟེར། ད་འདི་གཙོ་བོ་དེ་ཇུས་དེ་བཏིངས་བྱས་ག་རེ་བྱེད་དགོས་ཀྱི་ཡོའོ་རེད།ཟེར་ན།
  • པ་སངས་དབང་འདུས།
    ཆོས་ལ་བཀའ་འགོག་བྱེད་མཁན་མ་ཞང་གྲོང་པ་སྐྱེས་དེ་ཡིན་ན་མེད་པ་བཟོ་ཐབས་ཀྱི་ཐབས་ཤེས་གཅིག་རེད། དེ་ཡིན་དུས་ཙམ་པ་ད་ཆོས་བློན་འགོས་རང་གི་གཅིག་གི་ལྷམ་དང་གོས་པ་སོགས་ལ་ཡིན་ན། རྦད་དེ་ཐབས་དང་འཕྲུལ་མང་པོས་ཡིན་ན་གཅིག་གི་རྐང་པ་ལ་བྱ་རྒོད་དེ་འདྲས་གཅིག་གི་སྒྲོ་ཡོད་པ་མང་པོ་གྱོན་བྱས་མ་ཞང་གྲོང་པ་སྐྱེས་དང་མཉམ་པོ་གསོན་པོ་དུར་ཁང་ནང་ལ་ཨ། དང་ཐོག་ཨ། འགྲོ་ཁ་བྱས། ཕྱིན་ཚར་ནས་ཡིན་ན་དེ་ནི།
  • པ་སངས་དབང་འདུས།
    ཨ་འགོས་ཀྱིས་དུར་ཁང་ནང་ནས་བྲོས་ཐབས། དེ་རྦད་དེ་མ་ཞང་གྲོང་པ་དེས་འགོས་ཟིན་དགོས་བསམས་ཀྱང་། ལག་པ་དེ་ནི་བྱ་སྒྲོ་ཐེབས་བྱས། ཨ་མ་ཞང་གྲོང་པ་སྐྱེས་དེ་ཡིན་ན་ཐབས་དེ་འདྲས་གཅིག་བདེ་སྤྱད་བྱས་ཡིན་ན། ཨ་གསོན་པོར་དུར་ཁང་དུ་བཅུག་ནས་ཨ། ཨ་གཅིག་གི་སངས་རྒྱས་བསྟན་པ་བོད་ལ་གདན་འདྲེན་ཡས་ཀྱི་འགོག་རྐྱེན་དེ། འགོག་རྐྱེན་ཆེ་ཤོས་དེ་མེད་པར་བཟོས་པས་དེ་ནི་རྒྱལ་བློན་ཀུན་ཆོས་བྱེད་ཡས་ཀྱི་དེ་འདྲས་ཀྱི་མགོ་འཚུགས་པ་རེད་ཟེར། 
  • པ་སངས་དབང་འདུས།
    འདི་འདྲས་དུམ་བུ་གཅིག་རེད།