Video Overview
This video introduces Tibetan nomadic child-rearing, growing conditions, games, their surroundings and their social connections.
འབྲོག་པའི་བྱིས་པ་སྐྱོང་ཚུལ་དང་། རྩེད་མོ་སྣ་ཚོགས། རྩེད་མོར་རོལ་བའི་ཁོར་ཡུག འཚར་ལོངས་བྱུང་སའི་འཚོ་བའི་ཆ་རྐྱེན། སྤྱི་ཚོགས་ཁོར་ཡུག་བཅས་གླེང་བ།
མདོ་སྨད་ཁྱུང་མཆུའི་ཟངས་དཀར་ཡུལ་ནས་འབྲོག་པ་འབྲོག་མོ་རྒན་པ་དག་གི་རང་གི་བྱིས་དུས་ཀྱི་ཉམས་མྱོང་བརྒྱུད་དེ། འབྲོག་ཁུལ་འདིར་དེང་སྐབས་ཀྱི་སློབ་གྲྭ་མ་ཚུགས་སྔོན་དུ་ཁྱིམ་ཚང་དང་ཡུལ་སྡེ་ཡི་འབྲོག་པའི་སྲོལ་རྒྱུན་གྱི་བྱིས་པའི་སློབ་གསོ་དང་འབྲེལ་བའི་རིག་གནས་སྐོར་ངོ་སྤྲོད་བྱས་ཡོད། ནང་དོན་གྱི་ཆ་ནས་བྱིས་པ་སྐྱོང་སྟངས་དང་བྱིས་པའི་རྩེད་མོ། གནའ་གཏམ། གབ་ཚིག དམངས་གླུ་བཅས་ཕྱོགས་ལྔ་ཡོད་པར། བརྙན་འདིར་འབྲོག་པ་ཞིག་གི་ཕྱིར་དྲན་བརྒྱུད་དེ་ས་ཆ་འདིའི་འབྲོག་པའི་སྲོལ་རྒྱུན་དུ་ཕ་མས་རང་གི་བྱིས་པ་སྐྱོང་ཚུལ་དང་། བྱིས་པ་ཕོ་མོས་རྩེད་མོ་སྣ་ཚོགས་དང་རྩེད་མོར་རོལ་བའི་ཁོར་ཡུག་གི་སྤྱིའི་རྣམ་པ། དེ་མ་ཟད་སྐབས་དེའི་བྱིས་པ་འཚར་ལོངས་བྱུང་སའི་ཟ་མ་དང་གྱོན་གོས་སོགས་ཀྱི་འཚོ་བའི་ཆ་རྐྱེན་གྱི་གནས་ཚུལ། སྤྱིར་བཏང་གི་སྤྱི་ཚོགས་ཁོར་ཡུག་སོགས་དེང་སྐབས་དང་བསྡུར་བ་བརྒྱུད་ནས་འགྲེལ་བཤད་བྱས་ཡོད།
这段视频介绍藏族牧民传统抚养小孩的方式和他们生长的条件,生长时玩的游戏、周边的环境以及他们的社会关系。
在孩子们没有开学之前,安多壤噶地区的老年牧民们从他们个人的经历中向孩子们介绍牧民传统幼儿教育以及牧民家庭和社区相关的习俗。
这个牧区的幼儿教育有抚养孩子的方法和儿童游戏、民间故事、儿童谜语,民歌等五种幼儿教育方式。
在这段视频中,一位牧民不仅解释牧民传统抚养孩子的方法, 各种儿童游戏、游戏的玩法、儿童长大时吃的食物和穿的衣服、生活条件与社会环境,而且还把这些与现今做了比较。
- ཆུང་བཞི་བ་ཞིག་རྩེད་དགོས་ཟེར་ན་
- ས་རྡོ་རྣམ་གསུམ་ཞིག་གི་རྩེད་སྤྱད་བྱེད་རྒྱུ་མ་གཏོགས།
- ཁ་ཁའི་རྩེད་སྤྱད་ཞིག་ད་དེ་རིང་གང་ན་ཡོད།
- ཤོག་བུ་གྲུབ་བཞི་མ་ཞིག་ཀྱང་ཆུད་ནི་མ་རེད།
- དེ་རིང་བུ་ཚོ་རྩེད་རྒྱུ་བྱས་ན། ས་ལུ་ཞེས།
- རང་དགར་གྱི་ཤིང་ལེབ་ཞིག་གམ་དབྱུག་པ།
- དེང་སང་གི་ལད་མོ་བྱས་སོག་ལེས་དྲིས་པ་ཡོད་ནི་མ་རེད།
- རང་དགར་དུ་སྟ་རེས་གསེས་ཏེ།
- གཤག་མ་འདྲའི་སྟེང་དུ་གཤོང་ཤུར་རེ་ཕུད།
- དེའི་སྟེང་དུ་གཞུ་རེ་བཞག་ན་དེར་ས་ལུ་ཟེར།
- དེའི་སྟེང་དུ་སྐྱེ་ཁེ་བཏུས་ནས་སྐྱེ་ཁེའི་གཞུ་བཀུག་རྗེས།
- དེའི་སྟེང་དུ་སྐྱེ་ཁའི་མདའ་ལས་ནས།
- མདའ་དའི་མདའ་སྒྲོ་དེར་བྱ་སྒྲོ་རེ་རྙེད་ན་དཔེ་མེད་རེད།
- མ་རྙེད་ན་སློག་པའི་སྐྱི་མོ་དྲས་ཡོང་སྟེ།
- དེ་ནས་ས་ལུ་འཕངས་ཏེ། སུས་འབབ་བལྟས།
- རྒྱང་ལ་སུས་འགྲོ་བལྟས།
- མིན་ན་དུག་ཚེར་གྱི་གཞུ་བཀུག་སྟེ།
- རྩི་རྐུད་མཁལ་ནས་དེའི་གཞུ་འཕང་སྟེ་བུ་ཚོ་དེ་ལྟར་རྩེད་རྒྱུ་ཡིན།
- ང་རང་གི་རྩེད་སྤྱད་དེ་ས་ལུ་འཕེན་རྒྱུ་དང་གཞུ་བཀུག་སྟེ་འཕེན་རྒྱུ།
- དེ་ནས་སྡིང་རྩོད་རྒྱུ། རྡོ་འབེན་རྩོད་རྒྱུ། དེ་ཚོ་ཏག་ཏག་རེད།
- རྡོ་འབེན་བཞག་སྟེ་མཛུབ་མགོ་གས་འགྲོ།
- མཛུབ་མགོ་ཅིང་མི་ལྷག རྡོ་འཕངས་བས།
- སྡིང་རྩོད་སོགས་རྩེད་རྒྱུར་ང་རང་དགའ།
- དེ་ནས་ས་ལུ་རེ་བཀུག་སྟེ་ཚལ་གསེང་ལ་སོང་ནས་
- བྱེའུ་རེ་ཨེ་སོད་བལྟས། སོད་ཅིང་མི་དཔེ་མོད།
- དེ་ལྟར་ཉུལ་འགྲོ་བ་ཞིག་ཡིན་དཔེ།
- གནའ་སློབ་གསོ་ཞིག་སྟོན་རྒྱུར་གཙོ་བོ།
- གནའ་རྒན་གཞོན་ཚང་མའི་
- ལས་ཚུལ་བཅའ་ཚུལ་གཏན་ནས་མི་གཅིག་ནི་ཞིག་རེད།
- དེང་སྐབས་ལྟར་རྐྱལ་སྟོང་བྱེད་ས་གཏན་ནས་མེད།
- ཁྱོད་ཀྱི་རྐྱལ་སྟོང་བྱེད་བསམ་རུང་ཆ་རྐྱེན་ཡོད་ནི་མ་རེད།
- གང་ཞིག་ལ་འགྲོ་བསམ་རུང་འགྲོ་ས་ཡོད་ནི་མ་རེད།
- རྟ་ཞིག་དང་སེམས་ཅན་ཞིག་བཟུང་ནས་འགྲོ་དགོས་ནི་རེད།
- ཁྱོད་ཕར་ལ་ཅུང་ཙམ་སོང་ན་དགྲ་ཞིག་དང་
- རྐུན་མ་ཞིག་གིས་བལྟས་ནས་ཡོད།
- ཁྱོད་དེ་ལྟར་བྱོས་དང་ཅིག་གིས་བླང་འགྲོ་ནི་རེད།
- ང་ཚོའི་ས་ཡིན་ན་རྒན་མོ་ཚོ་སྟོན་ཁ་གྲོ་མ་རྐོ་ན་འགྲོ་རྒྱུ་རེད།
- གྲོ་མ་རྐོ་ན་སོང་དུས་རྒན་མོ་ཚོ་བླང་སྟེ་
- གཡག་རྒན་ཚོ་དེད་སོང་ཟེར་རྒྱུ་སོགས་
- གནའི་བྱིས་པ་ཚོར་རྐྱལ་སྟོང་བྱེད་ས་ཅི་ཡང་ཡོད་ནི་མ་རེད།
- བུ་མོ་ཡིན་ན་ཆུང་དུས་སེམས་ཅན་འཚོ་སྐྱོང་དང་
- བུ་ཕལ་ཆེར་ཨ་ཁུ་བྱེད་དུ་འཇུག་ནི་རེད།
- ཁྱིམ་གྱི་འཁོར་བ་འཛིན་ནི་བུ་ཞིག་ལས་དེ་ལས་
- གཞན་ཚང་མ་དགོན་ནང་དུ་ཨེ་ཞོག་ལྟ་རྒྱུ་རེད།
- གནའ་དུས་ཀྱི་ཕྱུག་པོ་ཞིག་ཡིན་ཟེར་ཀྱང་
- དེང་སང་གི་མེད་པོ་ཞིག་གི་ཚད་ཡོད་ནི་མ་རེད།
- ཅི་འདྲིའ་ཕྱུག་པོ་ཞིག་ཡིན་ཟེར་རུང་།
- ཟ་རྒྱུ། གོན་རྒྱུ། སེམས་ཅན་གྱི་མང་ཉུང་།
- ཚང་མ་དེང་སང་གི་མེད་པོ་ཞིག་གི་ཚད་ཀྱང་ཡོད་ནི་མ་རེད།
- ཚོ་བའི་ནང་དུ་ཟ་མགོ་འཐུང་མགོ་ཐོན་ཙམ་དང་།
- ཕོ་བ་མི་ལྟོག་པ་ཙམ་ཡོད་དུས་ཕྱུག་པོར་བརྩི།
- དེ་ལྟར་བྱས་ན་བུ་འགའ་ཞིག་ཡོད་རུང་རབ་དུ་བྱུང་སྟེ།
- དགོན་ནང་དུ་སོང་ན་ཕོགས་སྐལ་ཞེས་ལྟ་ས་ཡོད་ནི་རེད།
- དེ་ཚོ་ཡུལ་ལ་ཡང་ཅུང་ཙམ་རེ་བྱིན།
- ད་རུང་མར་སོས་ཞེས་མར་ཉུང་ཙམ་རེ་བགོ་རྒྱུ་ཡོད་ནི་རེད།
- དེ་ཚོ་ཡུལ་ལ་ཡོང་ཚེ། དེ་ལས་ཅི་ཡང་ཡོད་ནི་མ་རེད།
- གནའ་སློབ་གསོ་ཞེས་བཏང་ན་བྱིས་པ་ཚོ་
- དགོན་ནང་དུ་རབ་བྱུང་བ་ཞིག་བྱེད་རྒྱུ།
- དེ་ལས་རྐུ་དང་རྒྱན་འཛུགས་ཟེར་རྒྱུ་ཞིག་གང་ན་ཡོད།
- སློབ་གསོ་ཞིག་གཏོང་དགོས་ནི་ཡང་མ་རེད།
- གོན་རྒྱུ་ཞིག་ཡིན་རུང་།
- དེང་སྐབས་ཀྱི་བྱིས་པ་ཞིག་དང་གནའི་བྱིས་པ་གཉིས་ཀའི་ཆ་རྐྱེན།
- དེའི་བར་གྱི་བྱིས་པ་དང་དེང་སྐབས་ཀྱི་བྱིས་པའི་ཆ་རྐྱེན་མི་འདྲ།
- གནའ་ང་ཆུང་དུས་སུ་བྱིས་པ་ཚང་མ་དབྱར་ཁ་གཅེར་བུ་ཡིན།
- གོན་རྒྱུ་ཞིག་ཡོད་ནི་མ་རེད།
- གཅེར་བུར་ནར་སོན་ཡོང་བ་ཡིན།
- ཕ་མས་ཀྱང་བདག་བྱེད་ནི་མ་རེད།
- ཕོ་བ་ལྟོག་སྟེ་ཁྱིམ་དུ་ཐོན་ན་ཉ་ཉོག་རེ་
- གཡོ་བྱེད་ཡོད་ན་དེ་གཡོ་སྐོལ་བྱས་ནས་བླུད།
- དེ་མེད་ན་ཇ་རྩམ་པ་བྱིན་ཏེ་ཕོ་བརྒྱག་པར་བྱེད།
- ཕོ་བརྒྱག་ན་བྱིས་པ་ཚོ་ཡང་འཁོར་ནི་མ་རེད།
- ཡང་ན་གད་ཁུང་ཞིག་ཏུ་རྩེ་བ་དང་
- དེ་མིན་ན་གང་སར་རྩེ་བཞིན་བརྒྱུགས་འགྲོ།
- ལས་ཀ་མེད་ས་དག་དེ་ལྟ་འགྲོ།
- དབྱར་ཁ་ལས་དགུན་ཁར་ཡང་ལྷམ་ཡོད་ནི་མ་རེད།
- དབྱར་ཁར་སྐྱེས་ཕོ་མོ། ན་རྒན་གཞོན་མེད་པར་
- ལྷམ་གོན་རྒྱུ་ཡོད་ས་ཞིག་གཏན་ནས་ཡོད་ནི་མ་རེད།
- ཚང་མ་རྐང་རྗེན་ཏག་ཏག་ཡིན་ནི་རེད།
- སྐྱེས་པ་ཚོ་རྡང་ནང་སོགས་
- ཟོག་འདོགས་སར་འགྲོ་དགོས་ནི་མ་རེད།
- དེ་བས་ཅིང་མི་སྐྱོན་ནི་རེད་མིན་པ་ལས།
- རྒན་མོ་ཚོ་རྡང་ནང་དུ་འདམ་བག་དང་
- ལྕི་བ་འདྲེས་ཡོད་སར་སོང་ན།
- མཛུབ་མོའི་སྐེ་ཆད་ནས་གས་ཡོད།
- དེར་ཁྱིའི་ཁུ་ལས་བཏུམ་ན་ཕན་ཟེར་ཏེ།
- ཁྱིའི་ཁུ་ལུས་མཛུབ་མོའི་སྐེ་བཏུམ་སྟེ་འགྲོ།
- དེ་དུས་བ་ཁེ་ཞེས་པ་བུད་ཡོད།
- མཛུབ་མོའི་སྟེང་དུ་ཟ་འཆའ་དང་ན་ཟུག་ཡོང་།
- དེ་རྩིད་རྐུད་ཀྱིས་བསྡམས་ཏེ་སྟེང་དུ་ཁབ་མོག་གིས་
- གཙེག་ནས་ཁྲག་ཅུང་ཙམ་རེ་ཕུད་ན་ཕན་སྲིད།
- ན་ལ་འགྲོ་རྒྱུ་མེད།
- ན་ཁབ་ཞེས་རྩྭ་སྣེ་ཁ་རྣོན་པོ་ཅན་ཞིག་ཡོད།
- དེ་རྐང་བའི་མཛུབ་མོའི་རྨའི་ནང་དུ་གཙེག་སྲིད།
- ན་དེར་འགྲོ་དུས་ཏག་ཏག་གི་སྡུག་མྱོངས་སྲིད།
- དེ་ལྟར་དུ་གནའ་དུས་སུ་ཆ་རྐྱེན་ཅི་ཡང་ཡོད་ནི་མ་རེད།
- བྱིས་པ་ཚོས་རང་གིས་རང་བདག་བྱས་ཏེ་ཆེ་ཡོང་བ་ལས་
- དེང་སང་གི་བྱིས་པ་ལས་དེའི་བར་སྐབས་ཀྱི་བྱིས་པ་ཚོ་དང་
- དེང་སྐབས་ཀྱི་བྱིས་པ་ཚོ་ཡང་མི་འདྲ།
- གནའ་ང་བྱིས་པ་ཡིན་པའི་སྐབས་ལ་ཅི་ཡང་ཡོད་ནི་མ་རེད།
- དགུན་ཁར་འབྲོག་ལྷམ་རེ་བཀབ་ཡོད་མོད།
- ལྷམ་ངོ་འདེབས་རྒྱུའི་ཀོ་བ་མེད་ནི་རེད།
- དེ་ཐེད་སོང་དུས་ན་ནང་དུ་འཇོག་རྒྱུ་ནི་ལྷམ་རྩྭ་རེད།
- རྩྭ་ཕྱིར་བུད་དེ་མི་ཐུབ་པར་ཕ་མ་ཚོས་
- རྩིད་རྐུད་ཀྱིས་ལྷམ་ངོར་ཨ་དྲ་པ་ཊ་བྱས་ཏེ་
- རྩྭ་ནང་ནས་མི་ལྷུང་ཐབས་བྱས་ཚེ།
- དགུན་ཁ་དེ་འདྲ་རེ་གོན་རྒྱུ་ཡོད་ན་ལེགས་ཤོས་རེད།
- དེ་མིན་ན་བྱིས་པ་ཚོ་རྐང་རྗེན་དུ་ཁ་བའི་ནང་དུ་
- བྱིས་པ་དེ་ཚོར་འཁྱག་རྒྱུ་ལྟོག་རྒྱུ་ཚང་མ་ཐེག་ནི་རེད།
- འཁྱག་ན་ལྟོག་ན་དེ་ལྟར་བྱེད་རྒྱུ་རེད།
- ཕལ་ཆེར་ཟོག་དང་འདྲ་བ་རེད།
- དེ་འདྲ་བྱས་ཆེ་ཡོང་རྒྱུ་རེད། བྱིས་པ་དེ་ན་རྒྱུ་ཟེར་རྒྱུ་ཞིག
- གནའ་ཞིག་ལ་ད་བྱིས་མིན་རུང་མི་ཆེན་ལ་ཡང་
- ན་ཚ་སོགས་ཟེར་རྒྱུ་ཅི་ཡང་ཡོད་མི་སྲིད།
- ཆམ་པ་རེ་ཕོག་ན་ཕོག་པ་ལས།
- ཆམ་པ་ཞིག་ཕོག་རུང་སྨན་ཞིག་བླུད་རྒྱུ་གང་ན་ཡོད།
- དེང་སྐབས་ཀྱི་རྒྱུ་ལྷག་ལ་དེ་དུས་མིང་གི་འཛིན་མི་ཉན་ཟེར།
- ལོ་ལོན་བྱིས་པ་ཚང་མའི་ཕོ་བའི་ནང་དུ་ཟུག་གཟེར་ཡོད་ཟེར་དུས།
- ཅན་སེར་ཏེ་ཤིང་ཅན་འཐུང་སྣོད་དུ་སྣུམ་རྙིང་བ་བྱུག་རྗེས་
- མེ་ཁར་ལྡེ་རྗེས་ཕོ་བའི་སྟེང་དུ་ཕུར་དགོས།
- དེ་སྨན་ཆེན་ཞིག་ཡིན་ཟེར།
- དེང་སྐབས་འདངས་བརྒྱབ་དུས་དེ་ནི་རྒྱུ་ལྷག་ཡིན་འདུག
- མིང་གི་འཛིན་མི་སྲིད།
- རྒྱུ་མ་གླང་འཐབ་ཞེས་པ་དེས་མི་རུང་ཟེར་ཏེ་མིང་གི་མི་འཛིན།
- དེ་ལྷར་སྨན་བཅོས་བྱེད་པ་ཡིན།
- ཆམ་པ་རེ་ཕོག་ན་བྱིས་པ་ཚོར་རྩམ་པ་ཟོ་ཟེར་ཏེ་རི་མགོ་དང་
- སྒང་མཐོ་སར་སོང་ནས་རྡོ་ངོར་མཆིལ་མ་བཏབས་ཏེ་
- འབ་རྡོ་འགྲིལ་རྗེས་ཆམ་པ་ཡམ་པ་འབ་ཏུ་འགྲིལ།
- འབ་རྡོ་གོར་མོ་རྩ་ལ་རྒྱོབ་ཟེར་ན་ཆམ་པ་དྲག་འགྲོ་ཞེས་
- བྱིས་པ་ཚོར་དེ་ལྟར་བྱོས་ཞེས་ལོ་ལོ་ཚོས་ཟེར་ན།
- གོང་གི་རི་འབུར་རེའི་མགོར་སོང་སྟེ་རྡོ་ཆེན་པོའི་ངོར་
- མཆིལ་མ་བཏབས་རྗེས་དེ་བསྒྲིལ་ཏེ།
- བྱིས་པ་ཚོས་སྐད་འགྲོས་བྱས་ནས་ཆམ་པ་ཡམ་པ་འབ་ཏུ་འགྲིལ།
- འབ་རྡོ་གོར་མོ་རྩ་ལ་རྒྱོབ་ཟེར་བ་ལས་
- སྨན་ཟེར་བ་ཞིག་ཡོད་ནི་མ་རེད།
- དེ་འདྲ་བྱས་ནར་སོན་ཡོང་བ་རེད། ཚང་མ་དེ་འདྲ་ཞིག་ཡིན།
- ཕྱུག་པོ་ཞིག་ཡིན་ཟེར་རུང་ཕོ་མི་ལྟོག་པ་ཙམ་ལས་
- ཕལ་ཆེར་ཨ་ན་མ་ན་རེད། ཕལ་ཆེར་འདྲ་འདྲ་རེད།
- གནའི་བྱིས་པ་ཚོའི་འགྲོ་ཚུལ།