Video Overview
This video introduces the game “Ba” that is played by Tibetan children in nomadic areas throughout the Tibetan Plateau.
བརྙན་ཐུང་འདིར་མཐོ་དབུས་མཐོ་སྒང་གི་འབྲོག་ཁུལ་གཙོ་བྱས་པའི་ཡུལ་གྲུ་སོ་སོར་དར་ཆེ་བའི་བྱིས་པའི་རྩེད་མོ༼འབའ༽ཞེས་པ་དེ་ངོ་སྤྲོད་གནང་ཡོད།
ཐོག་མར༼འབའ༽རྩེ་བར་འབའ་མགོ་གཅིག་དང་འབའ་རྡེའུ་བཞི་བཅས་ཁྱོན་བསྡོམས་རྡེའུ་ལྔ་འདེམས་དགོས་པ་དང་། དེ་ནས་འབའ་མགོ་རྩོད་དེ་རྩེས་མཁན་རྣམས་ཀྱི་གོ་རིམ་བསྒྲིག་དགོས་ལ། འབའ་རྩེས་མཁན་གྱི་མི་གྲངས་ལ་ཚད་འཛིན་མེད། དེ་ནས་རིམ་པ་བཞིན་ཁེར་ཆ་དང་གཉིས་ཆ་སོགས་བརྩེས་ཏེ་རིམ་པ་དགུ་ལྷག་ཡོངས་འགྲུབ་བྱེད་དགོས་པ་དང་། རིམ་པ་ཕྱི་མའི་སྒྲིག་ལམ་དང་ཚད་གཞི་སྔ་མ་ལས་དཀའ་ཞིང་རྒྱལ་ཁ་ཐོབ་མཁན་གྱིས་རྩེད་སྟངས་དང་འབའ་རྡེའུ་འཛིན་སྟངས་སོགས་ལ་རེ་བ་ནན་མོ་བཏོན་ཏེ་འགྲན་ཡ་བཙལ་ཆོག རྩེད་མོ་འདིའི་རྣམ་གྲངས་ཀྱི་ཆ་ནས་འབའ་རིང་། འབའ་ཐུང་། འབའ་ཆ་བསགས། འབའ་ཞོར་ལྡེག འབའ་མགོ་མང་། འབའ་ཐུར་འབའ། འབའ་གྲོ་འཐུ་སོགས་ཤིན་ཏུ་མང་བར་བཤད་པ་དང་། རྣམ་གྲངས་རེ་རེའི་རྩེ་སྲོལ་ཡང་རིམ་པ་བཞིན་ངོ་སྤྲོད་བྱས་ཡོད།
- བཤད་མཁན་དང་པོ།འབའ་ཞེས་པའི་རྩེད་མོ་འདི་ནི།
- རྡེའུ་ཆུང་ཆུང་ལྔ་ལས་གྲུབ་པ་ཡིན་ལ།
- དེ་ནས་གཅིག་གི་མིང་ལ་འབའ་མགོ་ཟེར།
- འབའ་མགོ་ཟེར་བ་དེ་རྨི་གཅིག་གི་མཚམས་སུ་ཡར་གནམ་ལ་འཕངས་རྗེས།
- ལྷག་མའི་རྡེའུ་བཞི་བོ་ས་ལ་གཏོར་དགོས།
- མདོར་ན་རྩེད་མོ་འདི་ནི་འབའ་མགོ་གནམ་ལ་འཕངས་རྗེས།
- ས་ཡི་རྡེའུ་རྣམས་འཐུ་དགོས་ལ།
- དེ་ནས་མར་འབབ་པའི་འབའ་མགོ་དང་།
- བཏུས་ཟིན་པའི་རྡེའུ་རྣམས་ལག་པ་གཅིག་གི་ནང་དུ་འཛིན་དགོས།
- རྩེད་མོ་འདི་ཐོག་མར་རྩེད་སྐབས།
- བྱིས་པ་ཚོས་ཆེ་ཆུང་མེད་པའི་རྡེའུ་བཞི་དང་།
- དེ་ལས་ཅུང་ཆེ་བའི་རྡེའུ་གཅིག་སྟེ་འབའ་མགོ་བཅས་རྡེའུ་ལྔ་ཁྱེར་ཡོང་ནས།
- དང་ཐོག་འབའ་འདེབས་མགོ་རྩོམ་དགོས་ལ།
- འབའ་འདེབས་མཁན་གྱི་བྱིས་པ་ཚོསབ་རྡེའུ་ལྔ་བོ་ལག་མཐིལ་དུ་བཟུང་ནས།
- མྱུར་སྟབས་ཀྱིས་ལག་རྒྱབ་ཏུ་འཕངས་ཏེ།
- རྡེའུ་ཡི་མང་ཉུང་ལྟར་གོ་རིམ་སྒྲིག་ནས་འབའ་འདེབས་པ་ཡིན།
- ཐོག་མར་ཁེར་ཆ་ཞེས་སྒྲིག་ལམ་ནན་མོ་མེད་པར་རྡེའུ་རྣམས་ཁེར་འཛིན་བྱེད་པ་དང་།
- དེ་ནས་ཉིས་ཆ་ཞེས་པ་རྡེའུ་ཉིས་འཛིན་བྱེད་པ།
- སུམ་ཆ་ནི་རྡེའུ་གསུམ་མཉམ་འཛིན་བྱས་རྗེས་གཅིག་ཁེར་འཛིན་བྱེད་པ།
- བཞི་ཆ་ནི་རྡེའུ་བཞི་བོ་མཉམ་འཛིན་བྱེད་རྒྱུ་དེ་ཡིན།
- དེ་ནས་སྙིང་འབའ་ཞེས་པ་ནི།
- འབའ་མགོ་ཡར་འཕངས་རྗེས་ལག་པའི་ནང་གི་རྡེའུ་གསུམ་ས་ལ་གཏོར་བ་དང་།
- གཅིག་ལག་པའི་ནང་དུ་འཛིན་དགོས།
- དེ་རྗེས་འབའ་མགོ་ཡར་གནམ་ལ་འཕངས་རྗེས།
- ས་ཡི་རྡེའུ་དང་ལག་པའི་ནང་གི་རྡེའུ་རྣམས་བརྗེ་སྤོར་བྱེད་དགོས།
- དགའ་གཏོད་ནི་རྡེའུ་གསུམ་སུམ་བཙུགས་བྱས་ནས།
- དེའི་སྟེང་དུ་རྡེའུ་གཅིག་འཇོག་པ་ལ་ཟེར་ཞིང་།
- དེར་གསུམ་གྱིས་བསྡུས་ཤིང་གསུམ་གྱིས་གཏོད།
- གསུམ་གྱིས་འཁྲོལ་ཞེས་ཐེངས་དགུ་ཡི་ནང་དུ་ཡོང་འགྲུབ་བྱེད་དགོས།
- དེ་ནས་རྒྱ་ཐོགས་ཟེར་བ་ནི་འབའ་འདེབས་མཁན་ཕན་ཚུལ་བར་ལ།
- ར་མ་འགེལ་བའི་རིམ་པ་ཡིན་ལ།
- འབའ་རྡེའུ་རྣམས་ལག་པའི་མཐིལ་ནས་རྒྱབ་ཏུ་འཕངས་ཏེ།
- རྡེའུ་མང་ཉུང་ལྟར་ར་མ་འགེལ་དགོས་ལ།
- གོ་རིམ་འདི་ཚར་རྗེས།
- ཡུལ་འདིའི་འབའ་འདེབས་ལུགས་ཀྱི་རིམ་པ་ཡོངས་སུ་རྫོགས་སོང་།
- གཞན་ད་དུང་གོང་གི་གོ་རིམ་འདི་དག་ལ།
- འབའ་ཕན་ཚུན་ཐུག་མི་ཉན་པ་དང་།
- སྒུལ་མི་ཉན་པའི་སྟོན་རེས་ཅན་ཞིག
- ཇེ་དཀའ་ནས་ཇེ་དཀའ་འགྲོ་བའི་རིམ་པ་ཞིག་ཀྱང་ཡོད་ལ།
- ཐུག་མི་ཉན་པ་དང་སྒུལ་མི་ཉན་པའི་སྟོན་རེས་ཅན་ཞེས་པ་ནི།
- འབའ་འདེབས་མཁན་དེའི་རྡེའུ་རྣམས་ཐང་ལ་མ་ཐུག་པར་གཏོར་དགོས་པ་དང་།
- བྱིས་པ་གཞན་ཚོས་འདི་དང་འདི་བཟུང་ཞེས་གང་དཀའ་དཀའ་རྣམས་སྟོན་དགོས་ལ།
- ཁོས་ཀྱང་དེ་ལྟར་འཛིན་དགོས།
- འཛིན་སྐབས་འབའ་གཞན་རྣམས་ཅུང་ཟད་ཙམ་ཡང་སྒུལ་མི་ཉན་པར་མ་ཟད།
- བཟུང་ཟིན་པའི་འབའ་རྡེའུ་དེ་དག་ཐང་ནས་ཀྱང་ཐུག་མི་ཉན།
- འདེབས་སྟངས་ཀྱི་རིམ་པ་ནི་སྔོན་གྱི་བརྒྱུད་རིམ་དང་གཅིག་འདྲ་ཡིན།
- མདོར་ན་འབའ་འདེབས་པའི་གོ་རིམ་དེ་ཇེ་དཀའ་ནས་ཇེ་དཀའ་དང་།
- ཅུང་ཟད་རྙོག་འཛིང་ཇེ་ཆེར་བཟོས་ནས།
- མཇུག་མཐའི་རྒྱལ་ཕམ་གྱི་དབྱེ་བ་འབྱེད་པའི་རྩེད་མོ་སྐྱིད་པོ་ཞིག་ཡིན།
- བཤད་མཁན་གཉིས་པ།འབའ་འདི་ཐོག་མར་འདེབས་དུས་མིའི་ཁ་གྲངས་ངེས་གཏན་མེད།
- མི་ག་ཚོད་ཡོད་ཀྱང་ཆོག
- འདི་ཐོག་མར་སྔོན་ལ་སུས་འདེབས་དགོས་པ་དེ་རྩོད་ན།
- འབའ་འདི་ལྔ་བོ་ལག་པའི་རྒྱབ་ལ་འཕངས་ནས།
- ཁ་གྲངས་སུའི་དེ་མང་ན་དེ་ལྟར་འགྲོ་དགོས།
- དཔེ་ཞིག་བཞག་ན་འདི་ལྟར་འཕངས་ནས།
- ཀླད་ན་གསུམ་ཡོད་པ་འདི་འདི་ལྟར་བཟུང་ནས།
- གསུམ་བསྡད་ཡོད་པ་འདི་འདི་ལྟར་བཟུང་བ་འདི་གཉིས་ཀྱི་ཁ་གྲངས་ཀྱང་མི་གཅིག
- འདི་ལྟར་བཟུང་བ་བཞིན་ཡར་ལ་བསྐོར་ནས་བཟུང་ན།
- གཉིས་ཡིན་ན་གཉིས་རེད་གསུམ་ཡིན་ན་གསུམ་རེད།
- འདི་ལྟར་ཁ་ཐུར་ལ་བསྐོར་ནས་བཟུང་ན་གཅིག་འདི་གཉིས་ལ་བརྩི་བ་དེ་འདྲ་ཞིག་རེད།
- འབའ་འདེབས་སྟངས་ཀྱི་ཕྱོགས་ནས་འདི་འདྲ་ཞིག་རེད།
- འདི་ལྟར་ཁེར་མ་རེ་བཟུང་ནས་འགྲོ་བ་འདི་ལ་ཁེར་ཆ་ཟེར་བ་རེད།
- ཉིས་ཆ་ཡིན་ན།
- ཉིས་ཆ་འདི་ཐུག་ཆོག་པ་དང་སྒུལ་ཆོག་པ་ཡིན་ན་སྟེང་ལ་བཞག་ཚེ་འཛིན་ཁ་ཡང་བདེ།
- དེ་འདྲ་ཞིག་རེད།
- གན་ཉིས་ཆ་རེད།
- སུམ་ཆ་ཡིན་ན་གསུམ་མཉམ་གཅིག་ཏུ་བཞག་ནས།
- གཅིག་གཞན་དུ་བཞག་ན་འཛིན་བདེ་བ།
- དེ་འདྲ་ཞིག་རེད།
- བཞི་ཡིན་ན་བཞི་བོ་མཉམ་དུ་བཞག་ནས་འཛིན་བདེ།
- སྙིང་འབའ་རེད།
- སྙིང་འབའ་འདི་ཡིན་ན།
- གཅིག་གནམ་ལ་འཕངས་ནས་གཅིག་ལག་པའི་ནང་དུ་བཟུང་།
- གསུམ་ཐང་ལ་འཇོག་དགོས་པའི་རྒྱུ་མཚན་དེ་འདྲ་ཞིག་རེད།
- འདི་ལ་མཚོན་ན་ཕར་བསྡུས་ནས་འགྲོ་བཞིན་པ།
- དེ་འདྲ་ཞིག་རེད།
- འདི་ནི་དགའ་གཏོད་ཟེར་བ་དེ་རེད།
- འདི་ལྟར་བཞག་ཡོད་པ་འདི་ཅི་ལྟར་བླངས་རུང་ཆོག་གི།
- དཔེ་འཇོག་རྒྱུ་ན་འདི་མི་གཞན་པ་ཞིག་གི་ཡིན་ན།
- འདི་བླངས་ཚེ་འདི་ཐེངས་གསུམ་ལ་མཉམ་གཅིག་ཏུ་བསྡུས་ནས།
- ཐེངས་གསུམ་གྱི་ནང་ནས་བསྐྱོན་དགོས།
- འདི་ལྟར་བསྐྱོན་པའི་རྗེས་ནས་ལག་པའི་རྒྱབ་ལ་འདི་ལྟར་འཕངས་ནས།
- འདི་ལྟར་ཐུག་ཏུ་མ་བཅུག་པར་ལྷོད་དགོས།
- དེའི་རྗེས་ནས་ཡང་འདི་ལྟར་འཛིན་དགོས།
- རྒྱབ་ཐོགས་ལ་ཡང་སྣ་ཁ་གཉིས་ཡོད།
- སྣ་ཁ་གཅིག་འདི་འདྲ་ཞིག་རེད།
- འདི་རྒྱབ་ཐོགས་ཁེར་རྡེའུ་ཟེར་བ་དེ་རེད།
- འདི་ལྟར་ཁེར་རེ་འཕངས་ནས།
- བརྗེ་བཞིན་བརྗེ་བཞིན་སོང་ནས་འབའ་ལྔ་བོ་བརྗེ་བའི་རྗེས་ནས།
- མཉམ་དུ་ཡང་ལྷན་གཅིག་ཏུ་འཛིན་དགོས།
- རྒྱབ་ཐོགས་སྣ་ཁ་གཉིས་པ་ཡིན་ན།
- འདི་ལྟར་ལག་པའི་རྒྱབ་ནས་དུ་བསྡད་ན་དེ་ཁ་ཐུར་ལ་བསྐོར་ནས་བཟུང་ཚེ།
- རྒྱབ་ནས་དུ་བསྡད་དེ་དུ་བཟུང་ན་ར་མ་དེའི་ཁ་གྲངས་དེ་རེད།
- གཞན་དེ་འདི་རེད།
- ལག་པའི་རྒྱབ་ལ་འཕངས་ནས་འདི་ལ་དཔེ་བཞག་ན་གསུམ་བསྡད་ཡོད་ཀི།
- གསུམ་པོ་འདི་ཁ་ཐུར་ལ་བསྐོར་ནས་འདི་ལྟར་བཟུང་ན།
- གསུམ་པོ་འདི་དྲུག་གིས་ལོག་པ།
- ཡང་གསུམ་པོ་འདི་འདི་ལྟར་བཟུང་ན་གསུམ་པོ་གསུམ་བྱས་ནས་འདུག་པ།
- བཤད་མཁན་དང་པོ།འབའ་ཞེས་པའི་རྩེད་མོ་འདིའི་རྣམ་གྲངས་ཀྱི་ཆ་ནས་འབའ་རིང་འབའ་ཐུང་དང་།
- འབའ་ཆ་གསོག
- འབའ་ཞུ་རྡེག
- འབའ་མགོ་མང་།
- འབའ་ཐུར་འབའ།
- འབའ་གྲོ་འཐུ་སོགས་རིགས་མང་པོ་ཡོད།
- བཤད་མཁན་གཉིས་པ།འབའ་འདི་ལ་སྣ་ཁ་མང་པོ་ཞིག་ཡོད།
- འདི་ལ་རེ་རེ་བཞིན་འདེབས་སྟངས་ཀྱང་མི་གཅིག་གི།
- དཔེ་འཇོག་རྒྱུ་ན་འབའ་མགོ་མང་ལྟ་བུ་ཡིན་ན།
- འདི་འདྲ་ཞིག་རེད།
- བཤད་མཁན་དང་པོ།མགོ་མང་ཟེར་བ་ནི།
- ས་ནས་རྡེའུ་ག་ཚོད་བཟུང་བ་དེ་འབའ་མགོ་དང་མཉམ་དུ་ཡར་འཕེན་དགོས་ལ།
- འབའ་མགོ་མང་པོ་ཅན་དེ་ལ་ཟེར།
- འདི་ལྟར་བཟུང་།
- བཞི་བཟུང་རྗེས་བཞི་བོ་ཡར་ལ་འཕངས་ནས་འདི་ལྟར་བྱས།
- འབའ་རིང་འབའ་ཐུང་ཟེར་བ་ནི།
- ལག་ཏུ་བཟུང་ཟིན་པའི་རྡེའུ་དེ།
- འབའ་མགོ་མ་བཟུང་བའི་སྔོན་ལ་འབའ་མགོའི་ཚུལ་དུ་ཡར་ལ་འཕེན་དགོས་ལ།
- འབའ་མགོ་གཉིས་ལ་རིང་ཐུང་ཡོད་པའི་ཆ་ནས་འབའ་རིང་འབའ་ཐུང་ཟེར།
- འབའ་གྲོ་འཐུ་ཞེས་པ་ནི་བཟུང་ཟིན་པའི་རྡེའུ་རྣམས་འབའ་མགོ་མ་བཟུང་བའི་སྔོན་ལ།
- ལག་གཡོན་པའི་ནང་དུ་གྲོ་མ་འཐུ་འཐུ་བྱས་ནས་འཇོག་པ་དེ་ལ་ཟེར།
- ཐུར་འབའ་ཞེས་པ་ནི་འབའ་མགོ་འཛིན་སྐབས་ལག་པས་ཐུར་དུ་འཛིན་པ་ལ་ཟེར།
- ཞུ་རྡེག་ཟེར་བ་ནི་འབའ་མགོ་ཡར་འཕངས་ནས་ས་ཡི་རྡེའུ་བཟུང་སྟེ།
- འབའ་མགོ་མ་བཟུང་བའི་སྔོན་ལ།
- རང་གི་ལག་པས་རང་གི་མ་ནེ་ལ་ཞུ་བའི་ཚུལ་དུ་རྡེག་དགོས་པ་ལ་ཟེར།