17 Jul 2013
3 min 9 sec
- བཤད་མཁན་དང་པོ།འདི་ཅི་རེད།
- བཤད་མཁན་གཉིས་པ།ཨ་ཁུ་རྒྱལ་བོ་ཚང་གི་བ་གླང་བ་ཤ་རེད།
- བཤད་མཁན་དང་པོ།ཁྱོད་ཀྱི་མིག་བཙུམ་ནས་བསྡད་ཡོད་པ་དེར་ཅི་ཞིག་བྱུང་བ་ཡིན་ནམ།
- བཤད་མཁན་གཉིས་པ།ཨ་ཁུ་རྒྱལ་བོ་ཚང་གི་བ་གླང་བ་ལྕགས་ཀྱིས་བརྒྱབ་པ་རེད།
- བཤད་མཁན་དང་པོ།ཁྱོད་ལ་མིག་གཅིག་མེད་པ་དེར་ཅི་བྱུང་བ་རེད།
- བཤད་མཁན་གཉིས་པ།ཨ་ཁུ་རྒྱལ་བོ་ཚང་གི་ཁྱི་མོ་མ་ནོན་པར།
- ཡར་ལ་གཅིག་རྒྱུགས་མར་ལ་གཅིག་རྒྱུགས་ནས་ཕུག་པ་རེད།
- བཤད་མཁན་དང་པོ།དེ་ན་ང་ཚོར་ཤ་སྐལ་ཞིག་བྱིན་ན་ཨེ་ཆོག
- བཤད་མཁན་གཉིས་པ།ཆོག འདི།
- བཤད་མཁན་དང་པོ།ཨ་ཡེ་ལོ་ལོ།
- ངེད་ཚང་གི་ཨ་ཁུ་ལྷ་སར་སོང་ནས།
- རྐང་བའི་ནང་དུ་ཚར་མ་བརྒྱ་དང་བརྒྱད་ཅུ་ཟུག་སོང་བས།
- ང་ལ་ཁབ་ཅིག་གཡར་ན་ཨེ་ཆོག
- བཤད་མཁན་གཉིས་པ།ཆོག འདི།
- ཁྱོད་ཚོས་འབོར་མི་ཉན་ཏེ་ངས་བྱིས་པ་ཚོའི་འབའ་འབོལ་བཙེམ་སྤྱད་དགོས།
- བཤད་མཁན་དང་པོ།ཡ།
- ད་འགྲོ།
- བཤད་མཁན་དང་པོ།ཨ་ཡེ་ལོ་ལོ་་་ང་ཚོར་ཁབ་ཅིག་གཡོར་དང་།
- བཤད་མཁན་གཉིས་པ།ངས་བྱིན་པའི་ཁབ་དེས་ཅི་བྱས་པ་ཡིན།
- བཤད་མཁན་དང་པོ།ངས་མ་ཤེས་འདིར་དྲིས།
- ཁྱོད་ཀྱིས་ཅི་བྱས་པ་ཡིན།
- བཤད་མཁན་གསུམ་པ།ངས་མ་ཤེས་འདིར་དྲིས།
- བཤད་མཁན་གཉིས་པ།ཁྱོད་ཀྱིས་ཅི་བྱས་པ་ཡིན།
- བཤད་མཁན་བཞི་བ།ངས་མ་ཤེས་འདིར་དྲིས།
- བཤད་མཁན་གཉིས་པ།ཁྱོད་ཀྱིས།
- བཤད་མཁན་ལྔ་བ།ངས་མ་ཤེས་འདིར་དྲིས།
- བཤད་མཁན་དྲུག་པ།ངས་མ་ཤེས་འདིར་དྲིས།
- བཤད་མཁན་གཉིས་པ།ཁྱོད་ཀྱིས་ཅི་བྱས་པ་ཡིན།
- བཤད་མཁན་བདུན་པ།ངས་མ་ཤེས་འདིར་དྲིས།
- བཤད་མཁན་གཉིས་པ།ཁྱོད་ཀྱིས་ཅི་བྱས་པ་ཡིན།
- བཤད་མཁན་བརྒྱད་པ།ངས་མ་ཤེས་འདིར་དྲིས།
- བཤད་མཁན་གཉིས་པ།ཁྱོད་ཀྱིས་ཅི་བྱས་པ་ཡིན།
- བཤད་མཁན་དགུ་བ།ངས་མ་ཤེས་འདིར་དྲིས།
- བཤད་མཁན་གཉིས་པ།ཁྱོད་ཀྱིས་ཅི་བྱས་པ་ཡིན།
- བཤད་མཁན་བཅུ་བ།ངས་མ་ཤེས་འདིར་དྲིས།
- བཤད་མཁན་གཉིས་པ།ཁྱོད་ཀྱིས་ཅི་བྱས་པ་ཡིན།
- བཤད་མཁན་བཅུ་གཅིག་པ།ངས་མ་ཤེས་འདིར་དྲིས།
- བཤད་མཁན་གཉིས་པ།ཁྱོད་ཀྱིས་ཅི་བྱས་པ་ཡིན།
- བཤད་མཁན་བཅུ་གཉིས་པ།ངས་ཨ་ཁུ་རྟ་རྫི་ལ་བྱིན་པ་ཡིན།
- བཤད་མཁན་གཉིས་པ།ཨ་ཁུ་རྟ་རྫིས་ཅི་བྱས་པ་རེད།
- བཤད་མཁན་བཅུ་གཉིས་པ།ཨ་ཁུ་ལུག་རྫི་ལ་བྱིན་པ་རེད།
- བཤད་མཁན་གཉིས་པ།ཨ་ཁུ་ལུག་རྫིས་ཅི་བྱས་པ་རེད།
- བཤད་མཁན་བཅུ་གཉིས་པ།ཨ་ཁུ་ཟོག་རྫི་ལ་བྱིན་པ་རེད།
- བཤད་མཁན་གཉིས་པ།ཨ་ཁུ་ཟོག་རྫིས་ཅི་བྱས་པ་རེད།
- བཤད་མཁན་བཅུ་གཉིས་པ།རྒྱ་གར་འོ་མའི་ནང་དུ་ལྷུང་ནས་རྩམ་པས་ཁ་བཅད།
- བཤད་མཁན་གཉིས་པ།ཧ་འོ་་་ངའི་ཁབ་ཁྱེར་ཤོག
- ཨ་ཡེ་ན་ཡེ་ལེད་ལེད།
- ལེད་ལེད་ལེད་ལེད།
- རྣ་བོ་གོར་གཅུ་བྱེད་རྒྱུ་ཡིན་ནམ།
- མིག་གི་ཁོག་འདྲུ་བྱེད་རྒྱུ་ཡིན་ནམ་ཡང་ན་སྐྱ་ལེར་གྱེན་བརྫོག་བྱེད་རྒྱུ།
- རྣ་བོ་གོར་གཅུ་བྱེད་རྒྱུ།
- ཨོ་་་་