Video Overview
An introduction to the children's game of tag.
- མི་འགའ་རེ་ལྷན་དུ་འཛོམས་དུས།
- རེག་རེས་ཞེས་པ་རྩེ་དུས་ན།
- བར་དུ་གོམ་པ་ལྔ་བཅུ་ཙམ་རེ་བཞག
- འདི་ཕྱོགས་ལ་མི་ལྔ་དང་ཕར་ཕྱོགས་ལ་མི་ལྔ་བསྡད་ཚེ།
- དེ་ཚང་གི་ནང་ནས་མི་གཅིག་ང་འདྲ་ཞིག་འགྲོ་རྒྱུ་བྱས་ན།
- ཕར་ཕྱོགས་ཚང་གི་ཟུར་དུ་སོང་སྟེ་དེ་ཚང་གི་
- མི་གཅིག་ལ་ངས་རེག་ལ་རེག་ལ་བྱས།
- ཐུག་ལ་ཐུག་ལ་བྱས་མཐར་གློ་བུར་དུ་
- གཅིག་ལ་ཐུག་སྟེ་ཕྱིར་བྲོས་ཡོང་དུས།
- མི་དེས་ང་བདའ་ཡོང་དགོས།
- བདའ་ཡོང་སྟེ་ལམ་བར་དུ་ང་ཟིན་ན་
- ང་ཕྱིར་ཁོ་ཚང་ལ་གཏོགས་པས་ཁོ་ཚང་ལ་འགྲོ་དགོས།
- ང་མ་ཟིན་ན་ང་བདའ་མཁན་དེ་ངེད་ཚང་ལ་
- གཏོགས་པས་ངེད་ཚང་ལ་ཡོང་དགོས།
- དེ་ལྟར་བྱས་ཚེ་བར་སྐབས་ཤིག་ནས་མི་གྲངས་མང་ཉུང་
- དོད་རྗེས་གཅིག་ཚང་ལ་ཚར་འགྲོ་ནི་རེད།