Skip to main content Skip to search
01 Sep 2018
4 min 59 sec
Video Overview
Creators: 
Sherig Dentshog

Once upon a time in a forest there was a crow and a stag. They were good friend and no matter what happened, they used to meet every day. One day, when the stag was grazing in a forest, a rhino saw him. The rhino wanted to kill the stag and told him he knows a place with plenty of land for the stag to graze. The stag asked where it is and the rhino directed him there. The stag grazed happily there yet after a few days, the local farmer got fed up with this animal and made a hook near the field. The rhino saw the farmer making the hook to kill the stag. He thought that today, when this farmer will kill the stag, I will get to eat him. And so the stag was caught in the farmer’s hook.  The farmer went to bring a stick to kill the stag. But meanwhile the crow was waiting for his friend. No one came so he got worried and went searching for him. The crow saw the stag lying in the field. The crow asked what was going on and the stag replied: "I should have listened to you, the rhino is a cheater". The crow found a solution and asked the stag to act as if he were dead. When the farmer came back he saw that the stag was already dead, so he removed the net from his neck. As soon as he removed the net, the stag ran towards the forest. The farmer threw away his stick in anger and it went flying towards where the rhino was hiding in the bush. At that moment the rhino died.  The theme of the story is that we should not trust strangers.

 

༉  པདྨ་དགའ་ཚལ་ཕུང་ཤ་རང་ལས་ཀརྨ་ཚེ་རིང་གིས་ ཤཝ་དང་ཨོ་ལ་ དེ་ལས་ནོརབུ་སི་སི་གི་སྲུང་དེ་གཏངམ་ཨིན་པས། སྲུང་འདི་ནང་ ཨོ་ལ་དང་ཤཝ་གཉིས་ལྟོ་ཚང་བཟོ་སྟེ་མཐུན་ལམ་གྱི་ཐོག་ལས་གཅིག་གིས་གཅིག་ལུ་ཆ་རོགས་འབད་དེ་དགའ་དགའ་ཏོག་སྦེ་སྡོདཔ་ད་ ནོརབུ་བསི་ལི་གིས་མཐོང་སྟེ་ ཤཝ་དེ་གསད་ནི་སྦེ་ ཤཝ་དེ་ལུ་ ང་གིས་ རྩྭ་ལེ་ཤ་བཟའ་ནི་ཡོད་སའི་ས་གོ་ཅིག་ཤེས་ ཁྱོད་ར་རྩྭ་བཟའ་བར་འ་ནཱི་ནང་འགྱོ་གེ་ཟེར་སླབ་སྟེ་ ནོརབུ་བསི་ལི་གིས་ རོགས་ཐོག་བཏབ་བཞག་བཞགཔ་གི་ཞིང་ཅིག་བཏོན་བྱིན་ཏེ་ ཉིནམ་བཞི་དེ་ཅིག་ཟ་སྡོདཔ་ད་ ཞིང་ཇོ་དེ་དབུགས་འགམ་སྟེ་ ཞིང་གི་མཐའ་མར་ཧིང་བཀལ་སར་ཚུད་སྡོད་པའི་སྐབས་ལུ་ མི་དེ་གིས་ ཤཝ་དེ་གསད་ནི་སྦེ་རྟས་ཐག་ཅིག་འཚོལ་སྡོདཔ་ད་ ཨོ་ལ་དེ་ཆ་རོགས་འོང་ནི་མིན་འདུག་ཟེར་ འཚོལ་འོང་པའི་སྐབས་ ཧིང་ནང་ཚུད་སྡོད་སར་མཐོང་སྟེ་ ཨོ་ལ་གིས་ཤཝ་ལུ་གནས་སྐབས་བཏོན་ཏེ་ཤི་རྫུ་བཏབ་སྡོདཔ་ད་ ཤཝ་ཤི་སོ་ནུག་ཟེར་ ཞིང་ཇོ་དེ་གིས་ཧིང་བཏོག་བཏངམ་ཅིག་ མཆོང་རྐྱབ་བྱོག་འགྱོཝ་ད་ ཞིང་ཇོ་གིས་རྟས་ཐག་གཡུག་བཀོཝ་ཨིན་ཟེར་ ནོརབུ་བསི་ལི་གུ་ཕོག་སྟེ་ ནོརབུ་བསི་ལི་དེ་ཤི་སོ་ནུག དེ་འབདཝ་ལས་ སྲུང་འདི་ནང་ ལྷ་གསརཔ་བ་འདྲེ་རྙིངམ་དགའ། ཟེར་བའི་དཔེ་བཟུམ་སྦེ་ ཆ་རོགས་གསརཔ་ཐོབ་ད་ ཆ་རོགས་རྙིངམ་དེ་མ་བཀོ་མ་བཞག་ཟེར་དང་ བསམ་ངན་རོགས་ལ་བསམ་ན། །རྣམ་སྨིན་རང་ལ་ཁུར་། །ཟེར་དོ་བཟུམ་སྦེ་ རོགས་ལུ་བསམ་ངན་བཏང་མ་བཏུབ་པའི་སྐོར་ལས་སྟོནམ་ཨིན་པས།

Transcript search
No results found for this search
0 of 0
  • ཀརྨ་ཚེ་རིང་/ Karma Tshering
    ང་གི་མིང་འདི་ ཀརྨ་ཚེ་རིང་ཟེར་སླབ་ཨིན་ལགས། ཏེ་ག་ཅི་ལོ་ ཤཝ་དང་ཨོ་ལ་གི་གཏང་གེ་ལགས་སྲུང་འདི། ཏེ་ཁོང་གཉིས་ ཤཝ་དང་ཨོ་ལ་འཕྱད་ནུག་བ་ལགས།
    My name is Karma Tshering. Now reindeer and the crow's story is like that. They two met togather, riendeer and the crow.
  • ཀརྨ་ཚེ་རིང་/ Karma Tshering
    ཁོང་གཉིས་འདི་ ཏེ་ཆ་རོགས་བཟོ་གེ་ཟེར་ བློ་སླབ་སླབ་མས། ཆ་རོགས་བཟོ་ནི་ཟེར་ ཏེ་ཁོང་གཉིས་ཆ་རོགས་བཟོ་སྦེ་ ག་ཅི་འབད་རུང་།
    They two talked that, they want to made a friend. They are going to make friends and now they became a friend and what ever they do.
  • ཀརྨ་ཚེ་རིང་/ Karma Tshering
    ཏེ་ན་རུང་ཚ་རུང་ ཏེ་ང་ཨ་ལའོ་ཟེརཝ་ད་རང་ གཞན་མི་ཆ་རོགས་དེ་ལྷོད་འོང་ཟེར་ ཏེ་ཤཝ་དེ་ན་རུང་ ཨོ་ལ་དེ་ལྷོད་འོང་ཟེར་ ཨོ་ལ་ན་རུང་ ཤཝ་ལྷོད་འོང་ ང་བཅས་གཉིས་འདི་ ཆ་རོགས་མཐུན་ཏོག་ཏོ་ཨིན་ཟེར།
    They said that, even if we fall a sick we will help each other as we are a very good friend.
  • ཀརྨ་ཚེ་རིང་/ Karma Tshering
    གནམ་མེད་ས་མེད་ལེགས་ཤོམ་སྦེ་ འ་ནཱི་སྦེ་སྡོད་གེ་ང་བཅས་གཉིས་ མཐུན་ཏོག་ཏོ་སྦེ་ཟེར་ སྡོད་སྡོདཔ་མས་ལགས། དེ་སྦེ་གཞན་དང་གཅིག་ཁར་ཡང་མ་བཟོ་ཟེར་ ཨོ་ལ་གིས་ག་ཅི་ལོ་ཤཝ་ལུ་ཡང་སླབ་ནུག་ མ་བཟོ་ཟེར་ལགས།
    We will stay very close like this. And said that, we two will stay friendly. And then don't make friend with others, said by crow to riendeer.
  • ཀརྨ་ཚེ་རིང་/ Karma Tshering
    གཞན་མི་དང་གཅིག་ཁར་ཡང་ ཁོང་གིས་ཡང་ ག་ཅི་ལོ་ མགོ་བསྐོར་རྐྱབ་སྟེ་འབད་འོང་ཟེར་ རོགས་ཀྱི་ཞིང་ནང་མ་འགྱོ་ རོགས་ཀྱི་ཞིང་ཟ་སྟེ་ ག་ཅི་གུ་ཅི་ཕོག་འོང་ཟེར་ དེ་སྦེ་འབད་ནུག་ལགས།
  • ཀརྨ་ཚེ་རིང་/ Karma Tshering
    ཁ་ཆེམས་བཞག་ནུག་ཁོང་གཉིས་ ཤཝ་དང་ཨོ་ལ་ལགས། དེ་ལས་ཨ་ནཱི་སྦེ་བཞག་སྦེ་ ཨོ་ལ་ཁོ་ཡང་ ག་ཏེ་ཡང་མ་འགྱོ་བར་ ཏེ་ཨ་ནཱི་ནགས་ཚལ་ནང་རང་ཟ་སྦེ་སྡོད་སྡོདཔ་ཨིན་མས་ལགས་ ཤཝ་འདི།
  • ཀརྨ་ཚེ་རིང་/ Karma Tshering
    རོགས་ཨོ་ལ་འདི་ གཞན་ཁ་ལས་ཕར་བཤལ་ ཨ་ནཱི་སྦེ་སྡོད་སྡོདཔ་ཨིན་མས། དེ་ལས་དེ་སྦེ་མཇུག་ལུ་ལྷོདཔ་ད་ལུ་ ཏེ་ཨ་ནཱི་ཤིའུ་ལི་འཕྱད་དོ་ཡོདཔ་མས་ལགས་ ཤཝ་དང་གཅིག་ཁར། ཏེ་ཤཝ་ལུ་ཏེ་ དབའེ་ ང་བཅས་གཉིས་ཆ་རོགས་བཟོ་གེ་ ཟེར་སླབ་དོ་ཡོདཔ་མས་ཤིའུ་ལི་གིས།
  • ཀརྨ་ཚེ་རིང་/ Karma Tshering
    མིང་དགོ་ ང་ལུ་འདི་ཨོ་ལ་ཡོད་ ཆ་རོགས་མཐུན་ཤེས་བཟོ་སྟེ་ཡོད་ང་ལུ་འདི་ཟེར་ སླབ་སླབ་མས། བཟོ་གེ་ ག་ཅི་འབད་ནི་ ཁྱོད་ཀྱི་ཨོ་ལ་གིས་འདི་ ཤོབ་རྐྱབ་སྟེ་རོགས་ཀྱི་ནོར་གྱི་བྱང་ས་ལས་ཕར་ མར་དར་ཚིལ་ཟ་ ཨོམ་འཐུང་ དེ་སྦེ་སྡོད་སྡོདཔ་གི་ཨིན།
  • ཀརྨ་ཚེ་རིང་/ Karma Tshering
    ང་དང་གཅིག་ཁར་བཟོ་གེ་ཟེར་ སླབ་སླབ་ཨིན་མས་ལགས་ ཤིའུ་ལི་གིས། མི་བཟོ་ང་འདི་ ག་ཏེ་ལས་རང་མི་བཟོ་ ཁོ་ཨ་ལའོ་ཟེརཝ་ཅིག་ང་འཐོན་འོང་ཟེར་ ཏེ་ཨོ་ལ་ན་རུང་ལྷོད་འོང་ ཤཝ་འདི་ན་རུང་ ཨོ་ལ་ལྷོད་འོང་ཟེར་ བཞག་བཞགཔ་ཨིན་མས་བ་ལགས། ཏེ་བཞག་ཡོད་ མི་བཟོ་ཟེར་ སླབ་སླབ་མས།
  • ཀརྨ་ཚེ་རིང་/ Karma Tshering
    ཁྱོད་ཀྱི་ཨོ་ལ་གིས་འདི་ ཤོབ་རྐྱབ་རྐྱབ་རྐྱངམ་ཅིག་ཨིན། རོགས་ཀྱི་ཁྱིམ་ནང་ཨརཝ་རྐྱབ་སྟེ་ ནོར་གྱི་བྱང་ས་ལས་ཕར་ མར་ཨརཝ་རྐྱབ་ཟ་སྟེ་ ཨ་ནཱི་སྦེ་སྡོད་སྡོདཔ་གི་ཨིན་ ཟེར་སླབ་སླབ་མས། དེ་ལསན་ཏེ་ ཡིད་ཆེས་ཆེསཔ་མས་ཏེ་ ཤཝ་འདི།
  • ཀརྨ་ཚེ་རིང་/ Karma Tshering
    དེ་ལས་ཁོང་གཉིས་བཟོ་བཟོཝ་མས་ཏེ་ ཁོང་གཉིས་ ཤིའུ་ལི་ཁོང་གཉིས་ལགས། དེ་ལས་ཤིའུ་ལི་གིས་སླབ་དོ་ཡོདཔ་མས། ཡ་དབའེ་ཁྱོད་ ང་གིས་ཁྱོད་ཟ་སར་གཅིག་ཁར་བཙུགས་གེ་སྨེ་ཆ་རོགས་ཁྱོད་ ཨ་ནཱི་ནགས་ཚལ་ནང་ཟ་སྡོདཔ་ལས་འདི་ རོགས་གནམ་མེད་ས་ལེགས་ཤོམ་ཅིག་ཁར་བཙུགས་གེ་ཁྱོད་ ཟེར་སླབ་སླབ་མས།
  • ཀརྨ་ཚེ་རིང་/ Karma Tshering
    ཕར་ཏེ་ ཤ་རོགསཔ་བསོད་ནམས་འབྲུག་རྒྱས་ཀྱི་ཏེ་ ག་ཅི་ལོ་ཞིང་ཅིག་ སྟོན་བྱིན་བྱིནམ་མས། འ་ནཱ་ཨིན་ཁྱོད་ཟ་སར་ ཁྱོད་འ་ནཱ་ཟ་སྡོད་སྨེ་ཁྱོད་ཟེར་ ཏེ་ཁོ་གིས་ཏེ་ ཤ་རོགསཔ་གིས་ཏེ་ ཨ་ནཱི་ ཁོང་གཉིས་འདི་ཟ་ཟཝ་མས་ ཨ་ནཱི་ཟ་སྦེ་སྡོདཔ་ད་ ལྷོདཔ་ཅིག་ལས་ ཨ་ནཱི་ཤ་རོགསཔ་བསོད་ནམས་འབྲུག་རྒྱས་ཀྱིས་ ཧིང་བཞག་བཞགཔ་མས་བ་ལགས།
  • ཀརྨ་ཚེ་རིང་/ Karma Tshering
    ཧིང་བཞག་བཞགཔ་ དེ་ལས་ ཧིང་ཁར་ཚུད་ཚུདཔ་མས་ཁོ་འདི་ཏེ་ དཀའཝ་སྤྱད་དེ་ ཏེ་ཤཝ་འདི། དེ་ལས་ཤི་སག་ས་འབད་དེ་ བུང་ཆད་སག་ས་འབདཝ་ད་ ཏེ་ཨོ་ལ་ལྷོད་དོ་ཡོདཔ་མས། དབའེ་ཆ་རོགས་ ཁྱོད་འདི་ག་ཅི་འབད་དཔ་སྨོ་ ཟེར་སླབ་སླབ་མས།
  • ཀརྨ་ཚེ་རིང་/ Karma Tshering
    དབའེ་ ང་འདི་ ཨ་ནཱི་ཤིའུ་ལི་དང་གཅིག་ཁར་ཆ་རོགས་བཟོ་སྟེ་ཟ་སར་བཙུགསཔ་ཨིན་ཟེར་ འ་ནཱི་བཟུམ་ཧིང་ཁར་ཚུད་སོ་ཡི་ང་འདི་ ཟེར་སླབ་དོ་ཡོདཔ་མས། ཡ་་་ ད་ག་དེ་སྦེ་འབད་ནི་ཁྱོད་ཀྱིས་ ཟེར་སླབ་སླབ་ཨིན་མས་ ད་འཛོལ་སོ་ནུག་ཟེར་ ཡ་ང་གིས་གནས་སྐབས་ཅིག་གཏང་གེ་སྨེ་ཟེར་ སླབ་སླབ་མས་ ཨོ་ལ་གིས་ལགས།
  • ཀརྨ་ཚེ་རིང་/ Karma Tshering
    ཁྱོད་ཤི་རྫུ་བཏབ་སྟེ་ ཨ་ནཱི་སྦེ་སྡོད་སྨེ་ ཟེར་སླབ་དོ་ཡོདཔ་མས། མགུ་ཏོ་མགུ་མཇུག་ལོག་སྟེ་ཉལ་སྡོད་སྨེ་ ཟེར་སླབ་དོ་ཡོདཔ་མས། དེ་ལས་ ཤ་རོགསཔ་འདི་འོང་དོ་ཡོདཔ་མས་བ་ བསོད་ནམས་འབྲུག་རྒྱས་ལགས།
  • ཀརྨ་ཚེ་རིང་/ Karma Tshering
    འ་ནཱི་སྦེ་ ཁོ་ཤི་སོ་ནུག་ཟེར་ ཨོལ་ལྐོག་ཐགཔ་འཕུད་སྦེ་བཞག་དོ་ཡོདཔ་མས། ཨ་་་་ ཤཝ་འགྱོ་འགྱོཝ་མས་ལོངམ་ཅིག་ ཨ་ནཱི་ཤིའུ་ལི་འདི་ བཟའ་ནི་ཟེར་ སྦོ་ལོགས་ཁར་འོང་སྡོད་སྡོདཔ་མས་བ། རྟིང་བདའ་ཤ་རོགསཔ་གིས་སྟ་རི་ཡུག་བཀོཝ་ད་ལུ་ ཨ་ནཱི་ཤིའུ་ལི་འདི་ཕོག་སྟེ་ ཤི་སོངཔ་མས་ཏེ་ དེ་ལས།
  • ཀརྨ་ཚེ་རིང་/ Karma Tshering
    དེམ་ཅིག་ར་ཨིན་ལགས། མ་གཞི་ དོན་དག་འདི་ ཆ་རོགས་འདི་ བལྟ་ཞིན་ན་བཟོ་དགོ་ ཟེར་ཨིན་ལགས། ག་མནོ་སར་བཟོ་ནི་མི་འོང་ ལེགས་ཤོམ་སྦེ་བལྟ་ཡི་བལྟ་ཡི་བཟོ་དགོ་ ཟེར་ལགས། ཧེ་མ་ཆ་རོགས་བཟོ་བཟོཝ་གི་ལགས།། །།