Video Overview
A folktale about togetherness and devotion.
- ཇོ་མོ་ལྷ་རིས་ཚེ་མཚོ་སྒྲོན་ཞེས་པ་ཞིག་ཡོད།
- དེར་ནུ་བོ་ཞིག་ཡོད། ནུ་བོར་མནའ་མ་བླངས་ཡོད།
- དེ་ནས་ཁོ་ཚོ་ཨོང་བ་རྒུམ་པར་སོང་།
- མནའ་མ་ཁོ་གཉིས་ཨོང་བ་རྒུམ་པར་སོང་།
- སྲུ་མོས་སྲང་མོར་ང་གཉིད་རྒྱུ་ཡིན།
- ཁྱོད་ཀྱི་ཨོང་བ་སླེ་བོ་གང་རྒུམ་རྗེས་ང་ལ་བོས་ཟེར།
- མོས་ཡ་ཞེས་འོང་སླེ་བོ་གང་རྒུམ་སྟེ་སྲང་མོར་བོས།
- བོས་རྗེས་མོ་རང་གིས་ཨོང་བ་སླེ་བོ་གང་རྒུམ་རྒྱུ་ཡིན་པས་
- ཁྱོད་རང་གཉིད་ནས་སྡོད་ཞེས་སྲང་མོས་མནའ་མར་བཤད།
- སྲང་མོས་ཨོང་བ་སླེ་བོ་གང་རྒུམ་རྗེས་
- མནའ་མར་མ་བོས་པར་བསྐྱུར་ཏེ་ཁྱིམ་དུ་སོང་།
- མནའ་མ་སད་རྗེས་མུན་རུབ་ལ་ནམ་མཁའི་སྐར་མ་
- ཁྲ་ལམ་མེར་ཤར་བ་མ་ཟད་ས་ལ་བ་མོ་ཡང་ཆགས་འདུག
- ཕར་སྒོ་ཁར་སོང་སྟེ་ཇོ་མོ་ལྷ་རིས་ཚེ་མཚོ་སྒྲོན་
- ང་ལ་སྒོ་ཞིག་ཨེ་ཕྱེ།
- ས་ལ་བད་ཀན་གོ་རོ་རོ།
- ནམ་མཁའི་སྐར་མའི་འདའ་ར་ར།
- ང་འགྲོ་ས་མི་འདུག་ཟེར་མོད་སུའི་ཀྱང་མ་གོ།
- དེ་ནས་མོ་རང་གི་ཁྱོ་ག་དང་
- བཟའ་མི་ཡོངས་ལ་བོས་ཀྱང་མ་གོ།
- ཇོ་མོ་ལྷ་རིས་ཚེ་མཚོ་སྒྲོན་མོ་རང་བཟང་པོ་ཞིག་ཡིན།
- མོ་རང་སྐར་མདའ་ཞིག་ལ་སྤྲལ་ཏེ་
- དཀར་ཁུང་ནང་ནས་བུད་ཡོང་།
- རྩམ་ཆུ་འཁྱག་པོའི་རྩམ་པ་ཞིག་ཟོས་ཏེ་སོང་།
- ཕྱི་ཉིན་མོའི་ཁྱོ་ག་བཙལ་དུ་སོང་།
- ཟོག་རྫི་ཞིག་ལ་ཐུག་པར་ཇོ་མོ་ལྷ་རིས་ཚེ་མཚོ་སྒྲོན་
- ངེད་ཚང་གི་མནའ་མ་ཨེ་རིག་ཞེས་དྲིས།
- ཁོས་རིག་ཐལ་ལྷ་ཕྲུག་མང་པོས་བསྐོར་ནས་སོང་།
- གླུ་ཕྲུག་མང་པོས་བསུས་ནས་སོང་ཟེར།
- དེའི་འཕྲོར་ཟོག་རྫི་ཞིག་ལ་དྲིས།
- དེའི་འཕྲོར་རྟ་རྫི་ཞིག་ལ་དྲིས་པ་ཡང་ཨ་ན་མ་ན་བཤད།
- ལྷ་ཕྲུག་མང་པོས་བསྐོར་ནས་སོང་།
- གླུ་ཕྲུག་མང་པོས་བསུས་ནས་སོང་ཟེར།
- མོ་རང་སྟེང་ལྷ་ཡུལ་དུ་བུད་སོང་།
- བཙལ་ནས་ལུག་རྫི་ཞིག་ལ་དྲིས།
- ལུག་རྫིས་ཁྱོས་རྗེས་ཆོད་ལ་རེད་
- སྤྲིན་དཀར་ནག་གཉིས་ཀའི་མཚམས་ན་ཡོད་ཟེར།
- ཁོ་བརྒྱུགས་ཏེ་བུ་མོར་ཕྱིར་འགྲོ་ཟེར་བར་
- བུ་མོས་མི་འགྲོ། ང་ལ་སྒོ་མ་ཕྱེ་ཞེས་མ་སོང་།
- ཁོ་རང་ཡར་བསུས་ཏེ་ཁོ་གཉིས་སྟེང་ལྷ་ཡུལ་ལ་སོང་།