Video Overview
A game that uses stones.
- རྩེད་རྡོ་ཡར་མར་ལ་བརྩེགས་ཏེ་ཡ་དོ་ལྟ་བུ།
- རྩེད་རྡོ་ཞེས་ན་ཡ་དོ་རེད།
- རྩེད་རྡོ་བརྩགས་པ་ནི་ཡ་དོ་བརྩེགས་པ་རེད།
- དེ་ནས་འཁོར་བ་འཛིན་པ་ལྟར།
- ལུག་ར། ཟོག་ར། རྟ་ར་སོགས།
- ལུག་ར་ལ་རྡོ་དཀར་པོས་ཁ་གང་བ་ལྟར་བྱེད།
- ཟོག་ར་ཞེས་ན་རྡོ་ནག་པོས་ཁ་གང་བ།
- ལུག་ཡིན་ན་དེ་དང་མཚུངས་བ་རེད།
- རྟ་ར་ཡིན་ན་ཡང་ཨ་ན་མ་ན་བྱེད།
- མ་ཟད་ད་དུང་ཁྲག་གཡག་དང་གླང་རྒན།
- སྒོ་ཁྱི་སོགས་ཚམ་མ་ཡོད་ནི་རེད།
- ཡར་སྔོན་གྱི་བྱིས་པར་སེམས་སྐྱིད་པོ་ཞིག་ཡོད་ནི་རེད།
- དེང་སང་གི་ཟོག་འཚོས་ཡོད་པ་ལྟར་རང་ལ་ཟོག་ཡོད།
- ལུག་ར་ཡོད་བསམ་སྟེ་སེམས་སུ་དགའ་སྤྲོ་སྐྱེ།
- བྱིས་པ་ཚོ་དངོས་གནས་དགའ་ནི་རེད།
- དེ་ལྟ་བྱིས་པ་ཞིག་ལ་ཁྱོད་ལ་ལུག་མེད།
- ཟོག་ཀྱང་མེད་ཞེས་གཅིག་གིས་གཅིག་ལ་མཐོང་ཆུང་བྱས་ན།
- བྱིས་པ་རྡོ་དཀར་པོའམ་ནག་པོ་བཙལ་ཐུབ་མཁན་ཚོས་
- ཐུན་མིན་གྱི་རྟ་ཟོག་ལུག་གསུམ་ཡོད།
- ཡང་ཨ་ན་མ་ནའི་གྲས་སུ་བྱིས་པ་
- ལུག་མེད་ས་དང་རྟ་ཡང་ཉུང་ས་ཡོད།
- ཡང་བྱིས་པ་ཁོ་རང་ཚོས་ནང་ནས་གཤིབ་སོང་ན།
- ལ་ལས་གཞན་ལ་ཟོག་ལུག་དེ་འདྲའི་མང་པོ་ཡོད་མོད།
- ང་ལ་ཅི་ཡང་མེད་བསམ་རྒྱུ་སོགས་ཡོད།
- དེ་འདྲ་མང་དུ་ཡོད།