Video Overview
In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.
- Nepal
- India
- ནོར་བྲང་ཨོ་རྒྱན།ད་དེ་རིང་དུམ་བུ་དེ་ཨེ་བོད་ཀྱི་དེ་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐོར་དེ་ཞུ་ཡས་དེ་འདྲས་གཅིག་ཡིན། ལགས།
- ནོར་བྲང་ཨོ་རྒྱན།་
- ནོར་བྲང་ཨོ་རྒྱན།བྱས་ནས་དེ་ལྟར་དམ་པའི་ཆོས་ཀྱི་ལྔ་པ་ཆེན་པོས་གསུངས་ཡས་དེ་ནི། ཨེ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ནང་དེ་ལྟར་དམ་པའི་ཆོས་ཀྱི་འཆི་མེད་བདག་པོའི་བ་གམ་མངོན་པར་མཐོ་བ་དག་གི་སྒོ་གླེགས་གྲངས་མེད་མཆིས་པ་དུས་གཅིག་ཏུ་ཕྱེ་བའི་སྲོལ་གསར་དུ་བཏོད་པའི་ངོ་མཚར་ཆེ་བ། ངོ་མཚར་གྱིས་ལྗོངས་ཆེན་པོ་འདིར་དགེ་ལེགས་ཀྱི་འདོད་རྒུ་རྣམ་པར་བཀྲ་བའི་སྡེ་བཞིའི་འབྲས་བུ་བཟང་པོ་ཟད་མི་ཤེས་པའི་བདོག་པའམ།
- ནོར་བྲང་ཨོ་རྒྱན།དངོས་པོ་རིས་སུ་མ་ཆད་པའི་འགྲོ་བ་ཀུན་ལ་སྦྱིན་པ་རྒྱ་ཆེར་གཏོང་བའི་ཕྱག་རིང་དུ་བརྐྱངས་པའི་དགེ་མཚན་དུ་ཆེ་བའི་མིའི་རྗེ་བོ་སྲོང་བཙན་སྒམ་པོ་ཞེས་བྱ་བ་ནི། ཟེར།
- ནོར་བྲང་ཨོ་རྒྱན།བྱས་ནས་ད་དེ་འདྲས་རྦད་དེ་ཕར་ལ་ཆ་བཞག་ན། དེ་ནི་དམ་པའི་ཆོས་ཀྱི་འཆི་མེད་བདག་པོ། དམ་པའི་ཆོས་ཀྱི་དེ་ནི་འཆི་མེད་བདག་པོ་ལྟ་བུ་དེ་དམ་པའི་ཆོས་ཀྱི་འཆི་མེད་བདག་པོ་སྟེ། དམ་པའི་ཆོས་ཀྱི་འཆི་མེད་བདག་པོའི་བ་གམ་ཟེར་ན་ད། གཅིག་གི་ལྷ་ཡུལ་གྱི་བ་གམ་ནང་ལྟར་གྱི་ད་དཔེར་ན། ཁང་བཟང་རྒྱ་ཆེན་པོ་ནང་ལྟར་དེ།
- ནོར་བྲང་ཨོ་རྒྱན།མངོན་པར་མཐོ་བ་བདག་གི་དེ་ནི། དེ་ནི་སྒོ་གྲངས་མེད་ཡོད་པ་སྟེ། དཔེར་ན་དུས་གཅིག་ཏུ་ཕྱེ་ཡས་ཀྱི་དེ་རྦད་དེ་དུས་གཅིག་ཏུ་ཕྱེ་བས། སྲོལ་གསར་ཏུ་གཏོད་པའི་རྦད་དེ་རྡོག་རྡོག་འདྲ་པོ་གསལ་པོ་ཞུས་ན་ད་རྦད་དེ་དེ་ནི་བོད་ལ་ཡིན་ན།
- ནོར་བྲང་ཨོ་རྒྱན།སངས་རྒྱས་ཆོས་ལུགས་ཀྱི་སྒོ་གསར་དུ་ཕྱེ་ཡས་ཀྱི་དེ་ནི་ཐོག་མ་དེ་ཡིན་ན། ཨ་ནི་དེ་ཟེར། དེ་གང་ཟར་༼ཟེར༽སྲོང་བཙན་སྒམ་པོའི་དུས་ལ་ཡིན་ན། ཡིན་ཟེར།
- ནོར་བྲང་ཨོ་རྒྱན།དེའི་ངོ་མཚར་གྱི་ཨེ་དེ་ནི་ངོ་མཚར་གྱི་དེ་ནི་ལྗོངས་ཆེན་པོ་དེ་རེད། དཔེར་ན་བོད་ལྗོངས་ཆེན་པོ་འདི་ལ་ཡིན་ན། དགེ་ལེགས་ཀྱི་འདོད་རྒུ་རྣམ་པར་བཀྲ་བའི་སྡེ་བཞི་ཟེར། སྡེ་བཞི་ཟེར་ན། ཆོས་ནོར་འདོད་ཐར་པ་ཟེར་ཡས་ཀྱི་དེ་ནི་སྡེ་བཞིའི་འབྲས་བུ། ཕུན་སུམ་ཚོགས་པ་ཟད་མི་ཤེས་པ་བདོག་པའམ། དངོས་པོ་རིས་སུ་མ་ཆད་པའི་འགྲོ་བ་ཀུན་ལ་དེ་ནི་སྦྱིན་པ་རྒྱ་ཆེར་གཏོང་བ། དེ་ནི་སྦྱིན་པ་རྒྱ་ཆེར་གཏོང་ཡས་ཀྱི། གཏོང་ཡས་དེ་ནི་ཕྱག་རིང་ཏུ་བརྐྱངས་པ། དཔེར་ན་སྦྱིན་པ་བཏང་ཡས་ཀྱི་ཕྱག་རིང་ཏུ་བརྐྱངས་བ་དེ་ནི། བྱེད་པོ་དེ་སུ་རེད་འདུག་ཟེར་ན།
- ནོར་བྲང་ཨོ་རྒྱན།མིའི་བྱེད་པོ་སྲོང་བཙན་སྒམ་པོ་ཞུས་ཡས་དེ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ཡིན་ན་དེ་བཀའ་གདམས་གླེགས་བམ་རིན་པོ་ཆེའི་དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས།ཟེར། བཀའ་གདམས་གླེགས་བམ་ཟེར་ཡས་དེ་བཀའ་གདམས་ཀྱི་གླེགས་བམ། གླེགས་བམ་འདིའི་ནང་ལ་ཀུན་དཀོན་མཆོག་རིན་པོ་ཆེ་དེ་ནི་འོང་སྐྱེས་རབས་ཀྱི་དེ་ནི། དེ་ཨེ་དེ་གང་ཟར༼ཟེར༽སྲོང་བཙན་སྒམ་པོའི་སྐྱེས་རབས་དེ་གས་དེ་གཙོ་བོ་ཡིན་ན་དེ། དེ་གང་ཟེར་དགོས་རེད་པས།
- ནོར་བྲང་ཨོ་རྒྱན།ཨེ་སྤྱན་རས་གཟིགས་ཀྱི་སྐྱེས་རབས་དེ་འདྲས་ཡིན་ན་གསུངས་ཡོའོ་རེད། འདི་ནས་སྐྱེ་བ་གཞན་གྱིས་མ་ཆོད་པར། བོད་ཁམས་མགོན་མེད་ཡུལ་དུ་བདེ་བར་སོང་། བོད་ནི་རྒྱལ་པོ་དག་ལ་ཚད་མར་བྱེད། དེའི་ནང་ལ་ཡིན་ན་ད་སྐྱེ་བ་དེ་ནས་སྐྱེ་བ་གཞན་གྱིས་མ་ཆོད་པར་སྐྱེ་བ་ཕྱི་མ་དེ་ལ་ཡིན་ན། དེ་ནི་རྦད་དེ་བོད་ཀྱི་ཡུལ་ལ་མགོན་མེད་པ་དེ་འདྲས་རེད། དེའི་ཡོངས་ལ་དེ་ནི་ཁྱེད་རང་རྦད་དེ་འགྲོ་བ་རྣམས་ཀྱི་དོན་གནང་ཤིག་བྱས་དེ་འདྲས་གསུངས་བ་རེད། ཟེར།
- ནོར་བྲང་ཨོ་རྒྱན།གནང་ཤིག་ཟེར་དེ་ཡང་གང་འདྲས་རེད་ཟེར་ན། བོད་ཟེར་ཡས་དེ་ཡིན་ན་ཨ་ནི་རྦད་དེ་གཅིག་རྒྱལ་པོ་ལ་ཡིན་ན་གཅིག་ཞེ་དྲག་ཚད་མ་ལ་འཛིན་གྱི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བྱས་ཙང་བོད་ཀྱི་རྒྱལ་པོར་ཚད་མར་ཟིན་དུས་ཙམ་པ་དེ་ནི་ཁྱེད་རང་རྦད་དེ་སྤྱན་རས་གཟིགས་ཁྱེད་རང་ཡིན་ནའི་བོད་ཀྱི་རྒྱལ་པོའི་ཚབ་ཏུ་དེ་ནི་བོད་ལ་ཕེབས་རོགས་གནང་ཟེར།
- ནོར་བྲང་ཨོ་རྒྱན།བོད་ལ་ཕེབས་ནས་དཔེར་ན་དེ་ནི་བོད་ཀྱི་འགྲོ་བའི་དོན་གནང་རོགས་གནང་ཟེར་བྱས་ནས། དེ་འདྲས་གསུངས་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ཡང་རྒྱལ་པོ་དཀོན་མཆོག་འབངས་ཀྱི་སྐྱེ་བ་འདི་ནས་སྐྱེ་བ་གཞན་གྱིས་མ་ཆོད་པར་ཟེར་ན། སྐྱེ་བ་ཕྱི་མ་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་ཟེར། འགྲོ་བ་འདྲེན་ནས་ཨ་ནི་མགོན་སྐྱབས་མེད་པའི་ཡུལ་དུ་ཁྱོད་ཉིད་བདེ་བར་སོང་ཞིག བྱས་པའི་བཀའ་དེ། དེ་འདྲས་གནང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བོད་ཀྱི་དཔེར་ན་མི་ནི་རྒྱལ་པོ་དེ་ལ་ཚད་མར་བྱེད་པས་ན། དེ་ནི་ཁྱོད་ཀྱིས་དེ་ནི་རྒྱལ་པོའི་རྣམ་པས་འགྲོ་བ་འདྲེན་པའི་ཁུར་ལོངས་ཤིག ཅེས་དང་།ཟེར། ཐང་ཡིག་ཏུ། བཀའ་ཐང་ཐང་ཡིག་ཟེར་ཡས་གཅིག་ཡོའོ་རེད།
- ནོར་བྲང་ཨོ་རྒྱན།དེའི་ནང་ལ་ཁ་བ་ཅན་དུ་གནམ་རི་ཞེས་བྱའི་རྒྱུད། སྲོང་བཙན་སྒམ་པོ་ཞེས་བྱ་རྒྱལ་བུར་སྐྱེ། ད་ད་ག་ནང་ལྟར་དཔེར་ན། ཐང་ཡིག་ལ་བྱས་ཡིན་གང་འདྲས་ཟེར་ན། ཁ་བ་ཅན་དུ་གནམ་རི་ཞེས་བྱ་བ། གནམ་རི་སྲོང་བཙན་ཞེས་བྱ་བའི་རྒྱུད་ལ་ཆ་བཞག་ན་སྲོང་བཙན་སྒམ་པོ་ཞེས་བྱ་བའི་བུ་ཁྱེད་རང་ལས་སྐྱེས་ཀྱི་རེད་བྱས་ནས་དེ་འདྲས་གསུངས་ཡོའོ་རེད།
- ནོར་བྲང་ཨོ་རྒྱན།ཞེས། ཞེས་པ་ལ་སོགས་པ་དྲི་མ་མེད་པའིལུང་བསྟན་གྱིས་བསྔགས་བརྗོད་མཛད་པ་ལྟར། ད་དེ་འདྲས་ཀྱི་དཔེར་ན་ད་ལུང་དང་། ཚད་མ་ལ་སོགས་པ་དེ་འདྲས་ཀྱི་རྦད་དེ་དྲི་མ་མེད་པ་རྦད་དེ་ཡང་དག་པའི་སྒོ་ནས་ཡིན་ན་དེ་འདྲས་ཀྱི་སྒོ་ནས་ལུང་བསྟན་པའི་ལུང་བསྟན་པ་དང་ཕྱོགས་གཅིག་ཏུ་ཨ་ནི་ཁྱེད་རང་གི་མཛད་པ་ལ་བརྟེན་ནས་མངགས་བརྗོད་གནང་བ་ནང་ལྟར་གྱི་ཐོག་ནས། ཨེ་གནང་བ་ནང་ལྟར་གྱི་ཐོག་ནས། དེ་ནི་ཨེ། གནང་བ་ནང་ལྟར་གྱི་ཐོག་ནས་ཨེ། སྲོང་བཙན་སྒམ་པོ་ལ་ཡིན་ན་ཨ་ནི་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང་ཡུམ་ཨེ། ཚེ་སྤོང་བཟའ་འབྲི་མོ་ཐོད་དཀར་གྱི་སྲས་སུ་ཟེར།
- ནོར་བྲང་ཨོ་རྒྱན།ཨ་ནི་དེ་ནི། སྲོང་བཙན་སྒམ་པོའི་ཡབ་དེ་ནི་རྒྱལ་པོ་གནམ་རི་སྲོང་བཙན། ཡུམ་ཨེ་ཚེ་སྤོང་བཟའ་འབྲི་མོ་ཐོད་དཀར་གྱི་སྲས་སུ་ཀུན་མཁྱེན་ཉི་མའི་གཉེན་གྱི་ཨ་ནི་ཞི་བ་ཆོས་དབྱིངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་དང་ལྔ་བརྒྱ་ཉག་མ་བརྒྱད་འདས་པ།ཟེར། དེ་ནི་བཅོམ་ལྡན་འདས་ཀྱི་བཅོམ་ལྡན་འདས་དེ་ནི་ཀུན་མཁྱེན་ཉི་མའི་གཉེན་ཟེར་ན།
- ནོར་བྲང་ཨོ་རྒྱན།བཅོམ་ལྡན་འདས་རེད་པ། བཅོམ་ལྡན་འདས་དེ་ནི་དགོངས་པ་ཆོས་དབྱིངས་སུ་ཐད་ནས་དེ་ནི་སྐུ་མྱ་ངན་ལས་འདས་ནས། དེ་ནི་ལོ་སྟོང་དང་ལྔ་བརྒྱ། འོང་ལོ་ཆིག་སྟོག་ལྔ་བརྒྱ་བཅུ་མེད་བརྒྱད་ཕྱིན་པའི་ཨ་ནི་དགའ་བ་ཞེས་པ་དེ་ནི་ས་མོ་གླང་གི་ལུག་ལ་ཟེར།
- ནོར་བྲང་ཨོ་རྒྱན།ས་མོ་གླང་གི་ལུག་ཟེར་དེ་ཡས་དེ་ཡིན་ན། ད་སྤྱི་ལོ་ལ་ཆ་བཞག་ན་སྤྱི་ལོ་གཅིག་སྟོང་གང་ཟར༼ཟེར༽སྤྱི་ལོ་ལ་ཆ་བཞག་ན་བདུན་བརྒྱ་དགུ་བཅུ་གོ་གཉིས་ཀྱི་ལོ་ལ༼སྤྱིར་བཏང་བོད་ཀྱི་ཡོངས་གྲགས་ལོ་རྒྱུས་ཡིག་ཆ་མང་ཆེ་བའི་ནང་རྒྱལ་པོ་སྲོང་བཙན་གྱི་འཁྲུངས་ལོ་ནི་སྤྱི་ལོ་དྲུག་བརྒྱའི་ནང་ཡིན་པར་འདོད་༽། དེ་ནི་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་འཁྲུངས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།སྲོང་བཙན་སྒམ་པོ་དེ་ནི་རྦད་དེ། ཕོ་བྲང་དེ་ནི་མི་འགྱུར་བྱམས་པ་གླིང་དུ་སྐུ་འཁྲུངས་པ་རེད་ཟེར། ཁོང་སྐུ་འཁྲུངས་ནས་ག་རེ་གནང་པ་རེད་ཟེར་ན། ཁོང་དགུང་ལོ་བཅུ་གསུམ་བཞེས་པའི་དེའི་ཚེ་ན། ཡབ་ཀྱི་ཨེ་ཡབ་ཀྱི་འཇིགས་པ་མེད་པའི་སེང་གེའི་ཁྲི་ལ་སྟོབས་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོར་དབང་བསྐུར་ཟེར་ན་དེ་ནི། དགུང་ལོ་བཅུ་གསུམ་བཞེས་པི་སྐབས་ལ་ཆ་བཞག་ནའི་རེད།
- ནོར་བྲང་ཨོ་རྒྱན།ཡབ་གནམ་རི་སྲོང་བཙན་གྱི་ཡིན་ན་ཁོང་དཔེར་ན་ཁོང་རང་གི་དཔེར་ན་ཡབ་ཀྱི་རྒྱལ་སྲིད་དེ་ལ་ཡིན་ན་སྟོབས་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་དབང་བསྐུར་ར་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཟེར་ཡས་དེ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཟེར་ཡས། དངུལ་གྱི་འཁོར་ལོས་བསྒྱུར་བ་ཟེར་ཡས་།ཟངས་ཀྱི་འཁོར་ལོས་བསྒྱུར་བ། ལྕགས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་ཟེར་ཡས་ལ་སོགས་པ། སྔ་མ་གཅིག་གི་འཇིག་རྟེན་གཅིག་གི་དང་པོ་ཆགས་པའི་ཁ་གཏུག་ལ་ཡིན་ན་དེ་འདྲས་ཡོའོ་རེད་པ།
- ནོར་བྲང་ཨོ་རྒྱན།བྱས་ཙང་དེ་ནི་ཨ་ནི་དེ་འོང་སྲོང་བཙན་སྒམ་པོའི་དེ་ནི་སྟོབས་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་ཨ་ནི། དབང་བསྐུར་རོ་ཟེར།
- ནོར་བྲང་ཨོ་རྒྱན།ད་སྲོང་བཙན་སྒམ་པོས་ཟེར། དེའི་ཚེ་ཟེར་ན། སྲོང་བཙན་སྒམ་པོས་རྒྱལ་སྲིད་བཞེས་པ་དེའི་ཚེ། རྒྱལ་པོའི་ཐུགས་དགོངས་ལ་དེ་ནི་ང་ཡང་དེ་ནི་ངས་ཁ་བ་ཅན་གྱི་སེམས་ཅན་རྣམས་ཀྱི་འགྲོ་དོན་བྱེད་པ་ལ་དབང་བསྐུར་བ་པོ་ཞིག་མ་བྱུང་ན། བྱུང་ན་ཅི་མ་རུང་སྙམ་དུ་དགོངས་ནས། ད་ང་རང་ཚོ་རྦད་དེ་དེ་ནི་བོད་ཀྱི་རྒྱལ་ཁམས་དེ་ལ་ཡིན་ན་དཔེར་ན་ངས་འགྲོ་བ་ཐམས་ཅད་སྐྱོངས་བའི་ཁ་གཏུག་ལ་ཆ་བཞག་ན་དེ་ནི་ངས། ང་རང་རང་ཉིད་ལ་དབང་བསྐུར་བའི། དབང་བསྐུར་མཁན་གྱི་དཔེར་ན།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་གཅིག་གི་ཡི་དམ་ཟེར་ན། ད་དེ་འདྲས་གཅིག་གི་མགོན་གཅིག་མ་བྱུང་ན་གཅིག་གི་ཅི་མ་རུང་སྙམ་དུ་དགོངས་པའི་ཚེ། དེ་ནི་གང་རེད་ཟེར་ན། དཔལ་ཀུན་ཏུ་བཟང་པོས་རིན་པོ་ཆེའི་བུམ་པ་ལྷའི་བདུད་རྩིའི་ཆུས་གང་བས་སྐུ་ཁྲུས་གསོལ་ཞིང་། དཔལ་ཀུན་ཏུ་བཟང་པོ་ཡིན་ན། རིན་པོ་ཆེ་བུམ་པ་ལྷའི་བདུད་རྩིས་གང་བའི་ཆུས་དེ་ནི་སྲོང་བཙན་སྒམ་པོ་ལ་སྐུ་ཁྲུས་གསོལ།
- ནོར་བྲང་ཨོ་རྒྱན།ཨ་མི་དེ་བ་ཟེར་ན། ད་ད་ལྟ་འོད་དཔག་མེད་རེད། ཨ་མི་དེ་བ་ཟེར་བ་རྒྱ་གར་གྱི་སྐད་ལ་ཨ་མི་དེ་བ་ཟེར་གྱི་རེད། ང་རང་ཚོ་བོད་སྐད་ལ་ཆ་བཞག་ན་འོད་དཔག་མེད་ཟེར་གྱི་རེད།
- ནོར་བྲང་ཨོ་རྒྱན།དེ་ནི་རྒྱལ་པོའི་དབུ་ལ་རེག་ནས་དབང་བསྐུར་བས། བརྗོད་པར་དཀའི་བའི་སྤྲུལ་པ་སྣ་ཚོགས། དེ་འདྲས་ཀྱི་དཔེར་ན་རྒྱལ་པོའི་དབུ་ལ་ཨ་ནི་འོད་དཔག་མེད་ཀྱི་དབང་བསྐུར་བ། དབུ་ལ་རེག་པས་དེ་ནི་ཨེ། བརྗོད་པར་དཀའ་བའི་སྤྲུལ་སྣ་ཚོགས་ཀྱིས་དེ་འདྲས་ཀྱིས་རྐྱེན་པས།
- ནོར་བྲང་ཨོ་རྒྱན།དབང་བསྐུར་བའི་མཇུག་ལ་དེ་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་ཆ་བཞག་ན་གང་འདྲས་ཡིན་ནམ། དེ་ནི་སྤྲུལ་པ་ག་ཚོད་བསྟན་ཐུབ་པ། སྤྲུལ་པ་ཡིན་ན་ག་ཚོད་བསྟན་ཐབ་པ་རེད་པ།
- ནོར་བྲང་ཨོ་རྒྱན།ད་ག་མང་ལྟར་འོང་ད་ག་ནང་ལྟར་གྱི་དཔེར་ན་གང་ཡིན་ནའི་རྦད་དེ་གསལ་པོར་གཟིགས་པ་ལ་སོགས་པ། དེ་ནི་ངོ་མཚར་བའི་མཚན་མ་མཐའ་ཀླས་པ་དེ་འདྲས་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ངོ་མཚར་བའི་མཚན་མ་དེ་འདྲས་ཧང་། ཡག་པོ་དེ་འདྲས་ཞེ་དྲག་བྱུང་བ་རེད་ཟེར། འོང་ད་དེ་ནས། རི་བོ་གྲུང་འཛིན་ནམ་པོ་ཏཱ་ལ་དེ་ལ་རི་བོ་གྲུ་འཛིན་ནམ་ཟེར་ན། པོ་ཏཱ་ལ་ཟེར་ཡས་དེ་རྒྱ་གར་གྱི་སྐད་རེད་པ། དེ་ནི་བོད་སྐད་ལ་ཆ་བཞག་ན་རི་བོ་གྲུ་འཛིན་ནམ་ཟེར་ན། པོ་ཏཱ་ལའི་རི་དེ་གི་རྩེ་ལ་ཕོ་བྲང་བཏབ་ནས་རྒྱུན་དུ་བཞུགས་པ་བཞུགས་ན་ཟེར།
- ནོར་བྲང་ཨོ་རྒྱན།པོ་ཏཱ་ལའི་ཕོ་བྲང་གི་རྩེ་ལ་ཨ་ནི་སྐབས་དེར་རྒྱུན་དུ་བཞུགས་ན་མཐའ་བཞིའི་གུས་ལྡན་གྱི་རྒྱལ་པོ་ཐམས་ཅད་ཀྱི་དེ་ནི་རང་དབང་མེད་པར་རྒྱལ་པོར་གུས་འདུད། གུས་པའི་འདུད་པ་ཟེར་ན། མཐའ་བཞིའི་དེ་ནི་བོད་ཀྱི་མཐའ་སྐོར་དུ་གནས་པའི་རྒྱལ་པོ་ཚོས་ཡིན་ན་རྦད་དེ་གུས་པ་དང་ལྡན་པའི་རྒྱལ་པོ་ཐབས་ཅད་ཀྱི་དེ་ནི་རང་དབང་མེད་པར་དེ་ནི་རྒྱལ་པོ་ལ་གུས་པས་འདུད་པ་དང་།
- ནོར་བྲང་ཨོ་རྒྱན།འོང་། དེ་ནི་སྐུའི་དབང་ཕྱུག་དང་གསུང་གི་དབང་ཕྱུག ཐུགས་ཀྱི་དབང་ཕྱུག འོང་རྫུ་འཕྲུལ་གྱི་དབང་ཕྱུག ཀུན་འགྲོའི་དབང་ཕྱུག གནས་ཀྱི་དབང་ཕྱུག ཅི་འདོད་པ་བསྐྱེད་པའི་དབང་ཕྱུག ཡོན་ཏན་གྱི་དབང་ཕྱུག་བཅས། ད་གཅིག་གི་རྒྱལ་པོ་ཆེན་པོ་ལ་དགོས་པའི་དབང་ཕྱུག་གི་བརྒྱད་ཀྱི་ཡོན་ཏན། ཕུན་སུམ་ཚོགས་པ་དེ་འདྲས་ཡིན་ན་ཚངས་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་པར་དགོངས་ནས་ད་ཨ་ནི་ལྷ་ས་ལ་མར་ཨེ། ཕོ་བྲང་ཆེན་པོ་བྱམས་པ་མི་འགྱུར་གླིང་ནས་ཕར་ལྷ་ས་ལ་ལ་ཕེབས་པའི་གོམ་པ་དེ་འདྲས་བྱུང་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཕེབས་དུས་ཙམ་པ་ད་ཤུལ་ལམ་ཟེར་ན། དེ་ནི་ཕེབས་པའི་ལམ་ཁ་ཆ་བཞག་ན་དེ་ནི་བཞུགས་ཏེ། གེ་རེའི་འཕྲེད་དུ་ཟེར། གེ་རེ་ཟེར་གེ་རེ་ཟེར་ཡས་དེ་ཡིན་ན་བྲག་ཡེར་པའི་རྒྱུད་ནས་མར་དབུས་སྟོད་དུ་ཕེབས་ཡས་ཀྱི་གེ་རེ་ཟེར་ཡས་ས་ཆ་གཅིག་ཡོའོ་རེད་དེ་ནས་མར་ཕེབས་པའི་ཁ་གཏུག་ལ་ཆ་བཞག་ན།
- ནོར་བྲང་ཨོ་རྒྱན།ཨེ་ཕེབས་པའི་ཁ་གཏུག་ལ་ཆ་བཞག་ན། ཡིག་དྲུག་དེ་ནི་ཡི་གེ་དྲུག་པ་ཟེར་ན། སྤྱན་རས་གཟིགས་ཀྱི་དེ་ནི་བརྩམས་པ་རེད་པ། ཡིག་གེ་དྲུག༼༽ཟེར་ཡས་ཀྱི་ད་འདྲས་ཀྱི་མ་ཎི་ཡིག་དྲུག་གཅིག་དེ་ནི་རང་བྱོན་གྱི་ཞལ་གཟིགས་པ་བྱུང་བ་དང་། ཞལ་གཟིགས་པ་བྱུང་བ་དེ་ལས་འོང་མ་ཎི་ཡིག་དྲུག་ད་ཞལ་གཟིགས་པ་དེ་ལ་དེ་ནི་རྒྱལ་པོས་སྐུ་ཁྲུས་གསོལ། གསོལ་བ་སྨོན་ལམ་བཏབ་པའི་དེ་ནི་ཡིག་དྲུག་མ་ནི་རང་བྱོན་དེ་ལས་དེ་ནི་དབང་པོའི་གཞུ་ལྟར་བཀྲ་བའི་ཡི་གེ་དྲུག་པ་དེ་ལས་དེ་ནི་རྦད་དེ། དེ་ལ་དེ་ནི་དབང་པོའི་གཞུ་ལྟར་བཀྲ་དེ་ནི་དེ་རྦད་དེ་འོང་གང་ཟེར་དགོས་རེད་པས།
- ནོར་བྲང་ཨོ་རྒྱན།འཇའ་མཚོན་ནང་ལྟར་གྱི་ཐོག་ནས་དེ་ནི་ཁ་དོག་སྣ་ཚོགས་རྣམ་པར་བཀྲ་བའི་འོད་ཟེར་སྣ་ཚོགས་འཕྲོས་པ་ལ་བརྟེན་ནས། དེ་ནི་བྲག་ལ་ཡིན་ན་ག་རེ་བྱུང་ཡོའོ་རེད་ཟེར་ན། སྤྱན་རས་གཟིགས་དང་དེ་ག་ནང་ལྟར་སྒྲོལ་མ་དང་། རྟ་མགྲིན་གྱི་སྐུའི་སྣང་བརྙན་བྱོན་པ་ཤར་བ་ལ་ཕོག་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་དེ་གང་ཟར༼ཟེར༽ཡིག་དྲུག་འོད་ཟེར་དེ་ལ་དེ་གས་དེ་ལ་འོད་ཟེར་དེ་གས་དེ་འཕྲོས་ནས་ག་རེ་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནི་བྲག་གི་ཐོག་ལ་སྤྱན་རས་གཟིགས་དང་སྒྲོལ་མ། རྟ་མགྲིན་གྱི་སྐུའི་སྣང་བརྙན་དེ་ནི་སྐབས་དེ་དུས་རང་བྱོན་དུ་ཤར་བ་ལ་དེ་ཡིན་ན་དེ་ནི། དེའི་གང་ཟར༼ཟེར༽ཨེ། ཡིག་དྲུག་རང་བྱོན་གྱི་འོད་ཟེར། དེ་གས་དེ་ལ་ཕོག དེ་དག་ལས་ཀྱང་རྦད་དེ་དེ་ནི་རྦད་དེ་ཨེ། སྤྱན་རས་གཟིགས་དང་སྒྲོལ་མ་རྟ་མགྲིན་གྱི་དེ་ནི་སྐུ་གཟུགས་དེ་ལ་སྣང་བརྙན་དེ་གས་དེ་ལས་འོད་ཟེར་འཕྲོས་པ་དེ་གས་དེ་སླར་ཡང་རྦད་དེ་མ་ཎི་ཡིག་དྲུག་གི་ཐོག་ལ་ཕར་ཕོག་པའི་དེ་ནི་འོད་ཟེར་འཕྲེང་བ་དེ་ནི་རྦད་དེ་འདྲེན་བྱེད་ཀྱི་ཡུལ་དུ་མི་ཚང་མའི་མིག་གི་ཡུལ་དུ་བྱེད་དུས་ཙམ་པ།ཧང་བསང་ཡས་འདྲ་པོ་དེ་འདྲས་ཀྱི་ངོ་མཚར་བའི་གཟིགས་མོ་དེ་འདྲ་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ངོ་མཚར་བ་བྱེད་དུས་ཙམ་པ་ད་གཞན་དག་གི་སྤྱིར་བཏང་མི་ཚོས་ཆ་བཞག་ན་ད་སོ་སོའི་སྐྱེ་བོ་ཚོས་བལྟ་དུས་ཙམ་པ། འོང་གཅིག་གི་དེ་འདྲས་ཀྱི་དཔེར་ན། ཡིག་དྲུག་རང་བྱོན་ལ་སོགས་པ་དེ་ཚོ་གསལ་པོ་མ་ཐོན་ཙམ་ད་དེ་གང་འདྲས་རེད་ཟེར་དུས་ཙམ་པ།
- ནོར་བྲང་ཨོ་རྒྱན།རྦད་དེ་མཇའ་མཚོན་དེ་འདྲས་ཤར་གྱི་འདུག་ཟེར། མཇའ་ཤར་གྱི་འདུག་ཟེར། དེ་འདྲས་ཀྱི་དེ་ནི་སྐྱེ་བོ་རྣམས་ཀྱི་དེ་ནི་བཤད་ཀྱི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།སྐབས་དེ་དུས་དེ་ནི། བལ་པོའོ་ལྷ་བཟོ་བ་དག་གི། ད་སྲོང་བཙན་དུས་སྐབས་ལ་བྱས་ན་ལྷ་བཞངས་༼བཞེངས་༽ལ་སོགས་པ་དེ་འདྲས་མང་པོ་ཅིག་དེ་ནི་བལ་པོ་ནས་ཡོང་བ་དེ་འདྲས་གཅིག་རེད། བལ་པོའི་ལྷ་བཟོ་དག་གི་དེ་ནི་སོར་མོའི་སྒྱུ་རྩལ་གྱི་དེ་ནི་ལག་རྩལ་ལ་བརྟེན་ནས་དེ་ནི་གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།སྐུ་རྟེན་སྤྱན་རས་གཟིགས་དང་། ཨེ་སྒྲོལ་མ་དང་རྟ་མགྲིན། ད་གསུངས་ཀྱི་སྙིང་པོ་ལ་སོགས་པ་གསུང་རྟེན་ཡི་གེ་དྲུག་པ་ལ་སོགས་པ། དེ་གས་དེ་གང་བྱུང་པ་དེ་ནི་བྲག་ལ་སྔ་མ་ཇི་མ་ཇི་བཞིན་གསལ་བར་བྲག་ལ་བརྐོས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།གསལ་བར་བརྐོས། གསལ་བར་བརྐོས་དེ་གས་དེ་མཛད་པ་སྐྱངས་གྲུབ་པའི་མཇུག་ལ་དེ་ནི་ག་རེ་བྱས་ཡོའོ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནས་དེ་ནི་རྒྱལ་པོའི་བློན་པོ་འཁོར་དང་བཅས་པ་དེ་ནི་རྒྱལ་པོའི་བློན་པོ་དེ་གས་དེ་འཁོར་དང་བཅས་པ་ནི། ཕོ་བྲང་འོང་པོ་ཏཱ་ལ་ཡར་ཕེབས་པ་རེད། ཕེབས་ནས་དེ་ནི། ཕེབས་ནས་འཆི་བ་མེད་པའི་ཕོ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་ཨ་ནི་གངས་ཅན་གྱི་ས་གཞི་འདི་ལ་འཕོས་པ་ལྟར་་ཡིད་དུ་འོང་བ་ཞིག་ཀུན་གསལ་བུ་མོའི་འགྲམ་སྟེགས་ཏེ། ནམ་མཁའ་ཡང་མཐོ་ཞིང་མཐོ་བཙན་གྱི་ཕོ་བྲང་ནི་གསར་དུ་བཞངས་༼བཞེངས་༽པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་གང་འདྲས་ཅིག་རེད་ཟེར་ན། དེ་ནི་རིན་ཆེན་འཁོར་ལོའི་བློན་་དང་བཅས་པ་ནི། ཨེ་ཕོ་བྲང་པོ་ཏཱ་ལར་འོང་པོ་ཏཱ་ལར་ཕེབས། ཕེབས་ནས་ཨ་ནི་གང་འདྲས་འཆི་བ་མེད་པའི་ཕོ་བྲང་ཟེར་ན། བརྒྱ་སྦྱིན་གྱི་ཁང་བཟང་ནང་ལྟར། དེ་འདྲས་ཀྱི་དཔེར་ན་རྣམ་པར་རྒྱལ་བ། ཁང་བཟང་བཟང་པོ། བཟང་པོ་དེ་འདྲས་རེད་པ།
- ནོར་བྲང་ཨོ་རྒྱན།དེ་ནི་གངས་ཅན་གྱི་རྦད་དེ་ས་གཞི་དེ་ལ་འཕོས་པ་དང་དེ་ནི་ལྷ་ཡུལ་གྱི་དཔེར་ན། བརྒྱ་སྦྱིན་གྱི་ཕོ་བྲང་དེ་ནི་གངས་ཅན་ས་གཞི་བོད་ཀྱི་དཔེར་ན། གངས་ཅན་གྱི་ལྗོངས་ལྷ་སའི། གངས་ཅན་གྱི་ས་གཞི་དེ་ལ་འཕོས་པ་ལྟ་བུ་དེ་འདྲས་ཀྱི་ཡིད་དུ་འོང་བ་དེ་ནི་དེ་གཅིག་རེད།
- ནོར་བྲང་ཨོ་རྒྱན།འོང་ཡིད་དུ་འོངས་བའི་ཕོ་བྲང་དེ་ནི་མཐོ་པོ་ཡིན་པ་དང་ཉམས་དོད་པོ་ཡོད་པ། དེ་འདྲས་ཀྱི་ཀུན་གསལ་བུ་མོའི་འགྲམ་སྟེགས་ཟེར་ན་ད་ནམ་མཁའ་བཀྱག་ཐུབ་པ་ནང་ལྟར་གྱི་ཐོག་ནས་དེ་ནི་རྦད་དེ་མཐོ་ཞིང་བརྗིད་ཆགས་པ་རེད་པ། མཐོ་ཞིང་བརྗིད་ཆགས་པ་དེ་འདྲས་ཀྱི་དཔེར་ན།
- ནོར་བྲང་ཨོ་རྒྱན།ཕོ་བྲང་གསར་དུ་བཞངས་༼བཞེངས་༽ཡས་འོང་བཞེངས་ནས་ཨ་ནི་ག་རེ་གནང་བ་ཟེར་ན། སྤྲུལ་པའི་དམག་དཔུང་བཅས་ནས། ལྷན་ཅིག་རྒྱལ་པོ་བཞུགས་པ་རེད། ཟེར།
- ནོར་བྲང་ཨོ་རྒྱན།རྒྱལ་པོ་བཞུགས་དུས་ཙམ་པ་དེ་ནི་བཞུགས་པའི་ཁ་གཏུག་ལ་བྱེད་དུས་ཙམ་པ། དེ་ནི་མཐའ་བཞིའི་རྒྱལ་པོ་ཐམས་ཅད་ཀྱི་དཀྱིལ་ནས་དེ་ནི་རྦད་དེ། ཁོང་ཚོས་གོ་ཡས་ལ་ཆ་བཞག་ན། དེ་ནི་ད་ལྟ་ཁོང་ཚོའི་མཐའ་བཞིའི་རྒྱལ་པོ་ཐམས་ཅད་ཀྱི་རྣ་བ་ལ་ཡིན་ན། ད་ལྟ་དེ་ནི་བོད་ཀྱི་ཡུལ་ན་དེ་ནི་རྒྱལ་པོ་མགོ་གཉིས་པ་གཅིག་ཡོའོ་རེད། ཟེར།
- ནོར་བྲང་ཨོ་རྒྱན།མགོ་གཉིས་པ་ཟེར་ཡས་དེ་གང་འདྲས་ཅི་ཟེར་ན། དེ་ནི་དེ་ནི་སྲོང་བཙན་སྒམ་པོ་སྲོང་བཙན་སྒམ་པོ་རང་དེའི་དབུ་ལ་ཨ་ནི་ཨ་མི་དེ་བ་འོད་དཔག་མེད་ཡོད་པ་ཡིན་ཙང་དེ་ནི། རྒྱལ་པོ་སྤྲུལ་པའི་རྒྱལ་པོ་མགོ་གཉིས་མ་བྱས་ནས་ཟེར་གྱིས། མགོ་གཉིས་པ་གཅིག་དེ་འདྲས་བཞུགས་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཨེ་ཁོང་ཚོའི་མཐའ་བཞིའི་རྒྱལ་པོ་ཐམས་ཅད་ཀྱི་རྣ་བ་ལ་དེ་འདྲས་ཅིག་ཐོས། ཐོས་ནས་དེ་ནི་ཁོང་གིས་ཡིན་ན་ད་མགོ་གཉིས་པ་དེ་གང་འདྲས་གནང་ཡོའོ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནི་རྦད་དེ་སྤྲུལ་པའི་དམག་གི་འགྱེད་ཐུབ་པ་དང་། རྫུ་འཕྲུལ་ཡིན་ན་ཞེ་དྲག་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་བྱེད་དུས་ཙམ་པ་དེ་ནི་རང་དབང་མེད་པར་རྦད་དེ་ད་ང་རང་ཚོས་ཡིན་ན་འོང་། ཡག་པོ་འདྲ་ཅིག་གུས་འདུད་ཞུ་མ་ཐུབ་ན་ཕྱིན་ཆད་ཡིན་ན་སོ་སོ་དབང་ལ་བསྒྱུར་གྱི་རེད་ཟེར་ན། དེ་འདྲས་ཀྱི་དཔེར་ན་སོ་སོའི་རྒྱལ་སྲིད་དེ་གས་དེ་བཅོམ་མི་ཡོང་ངམ་བསམ་པའི་ལ་སོགས་པ་ངང་སྐྲགས་དེ་འདྲས་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བརྗིད་ཉམས་ཀྱི་དབང་གི་རང་རང་གི་རྒྱལ་ཁབ་དེ་ནས་དེ་ནི་རང་རང་གི་དཔེར་ན། རྒྱ་གར་ལ་སོགས་པ་དེ་འདྲས་ཀྱི་རང་རང་རྒྱལ་ཁབ་ནས། དེ་ནི་རྒྱལ་པོའི་མདུན་དུ་དུས་གཅིག་ཏུ་བཅར་ཡོང་བའི་ཨ་ནི་དུས་གཅིག་ཏུ་འཛོམ་པ་ནང་ལྟར་གྱི་ཐོག་ནས། སྔོན་ནས་ཁ་ཆད་བྱས་པ་ནང་ལྟར་གྱི་ཐོག་ནས་དེ་ནི་མཐའ་བཞིའི་རྒྱལ་ཁམས་ཐམས་ཅད་ནི་དེ་ནི་རྦད་དེ་ཡོང་ཡས་ཀྱི་ཆད་པོའམ། ཁ་དན་ཡོད་པ་ལྟར་བྱས་ནས། ཕོ་བྲང་པོ་ཏཱ་ལ་གསར་དུ་བརྩིགས་པ། ཕོ་བྲང་པོ་ཏཱ་ལ་དེ་ནི་གསར་དུ་བརྩིགས་པ་ལ་བརྟེན་ནས་དེ་ནི་རྟེན་འབྲེལ་ཞུ་ཡས་ལ་མིང་བཏགས་ཡས་བྱས་ནས།
- ནོར་བྲང་ཨོ་རྒྱན།རྟེན་འབྲེལ་ཞུ་ཡས་དང་དེ་ནི་ལེགས་སོ་ཞུ་ཡས་ཐོག་ལ་མིང་བཏགས་ནས་དེ་ནི་རྦད་དེ་འོང་། མིང་བཏགས་པ་རེད་མ་གཏོགས་དོན་དུ་རྦད་དེ་ སྲོང་བཙན་སྒམ་པོའི་དགོངས་པ་བསྒྲུབ་ཡས་ཀྱི་ཆེད་དུ། དེ་འདྲས་ཡོང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཡོང་ནས་དེ་ནི་གུས་འདུད་ལྷུར་ལེན་བྱས་ནས། ཨ་ནི་རྦད་དེ་གུས་པ་ལྷུར་ལེན་བྱས་ནས་ཕར་ནས་ཚུར་ཁོང་ཚོས་ཡིན་ན་དངོས་པོ་ཁྱེར་བྱས། དངོས་པོ་གྱ་ནོམ་པའི་འབུལ་སྐྱེས་བཟང་པོ་ནི་སོ་སོ་ལུང་པ་སོ་སོའི་མིས་ཐོན་ཁུངས་ག་རེ་ཡོད་པ་དེ། དེ་འདྲས་ཀྱི་ཐོག་ནས་དངོས་པོ་རྒྱ་ནོམ་པའི་འབུལ་སྐྱེས་བཟང་པོ་དེ་འདྲས་ཕུལ་བྱས་རེད་པ།
- ནོར་བྲང་ཨོ་རྒྱན།ཕུལ་པ་དང་ད་ག་ནང་ལྟར་སྙན་ཞིང་འཇེབས་པའི་སྙན་པོ་དང་གཅིག་གི་འདྲ་ཆགས་པོ་དེ་འདྲས་ཀྱི་ཐོག་ནས་རྦད་དེ་སྲོང་བཙན་སྒམ་པོ་ལ་ཡིན་ན་བསྟོད་བསྔགས་ཞུ་ཡས་དང་ད་ག་ནང་ལྟར་འཚམས་ཞུའི་ཡི་གེ་དེ་འདྲས་དང་དེ་ནི་བཅས་པའི་ཐོག་ནས་དེ་ནི་རྒྱལ་ཁབ་སོ་སོ་ནས་སོ་སོའི་རང་རང་གི་དེ་ནི་བློན་པོ་དེ་འདྲས་མངགས་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བློན་པོ་མངགས་པ་དེ་གས་དེ་ལ་ཡིན་ན་རྒྱལ་པོས་དེ་དང་དཔེར་ན། སྐབས་དོན་རྒྱལ་ཁབ་སོ་སོའི་བློན་པོ་ཚོ་ལ་དཔེར་ན། སྐབས་དོན་སོ་སོའི་ལན་བསྐྱོན་ཡས་ལན་བསྐྱོན། ད་ག་ནང་ལྟར་རྒྱལ་པོ་སོ་སོར་ཡིན་ནའི་རྒྱལ་ཁབ་སོ་སོར་ཡིན་ནའི་ད་ག་ཞིག་པའི་མི་ཆབ་ཤོག་ལན་ཟེར་ན། བཀའ་ལན་དེ་འདྲས་གནང་བྱས་རེད་པ།
- ནོར་བྲང་ཨོ་རྒྱན།སྲོང་བཙན་སྒམ་པོས་བཀའ་ལན་རྒྱལ་ཁབ་སོ་སོའི་ཡི་གེ་ལ་གནང་བྱས་རེད་པ། ཡི་གེ་དེ་གནང་བ་དང་ད་ག་ནང་ལྟར་གྱི་དཔེར་ན།ཁོང་ཚོ་ལ་ཆ་བཞག་ནའི། བློན་པོ་དེ་རྣམས་ལ་ཡིན་ནའི་རྦད་དེ་རྦད་དེ་ད་གང་ཟེར་དགོས་རེད་པས། དགོས་ལན་བཟང་པོའི་གསུང་དང་བཅས་ཁོང་ཚོ་ལ་ཡིན་ནའི་གུས་འདུད་གསུངས་ཡས་རྦད་དེ་བཟང་པོའི་གསུང་དང་གྱ་ནོམ་པའི་དངོས་པོ་ཨོའོ་དེ་ཚོ་ལ་ཡིན་ནའི་གྱ་ནོམ་པའི་དངོས་པོ་དེ་འདྲས་དཔེར་ན་གསོལ་རས་གནང་བྱས། རྦད་དེ་གསོལ་རས་གནང་བྱས་ཁོང་ཚོ་ལ་ཡིན་ན་འདོད་པ་ཚིམ་པར་བྱས་ནས་རེད་པ། དེ་ནི་རང་རང་རྒྱལ་ཁབ་ལ་ཕར་བརྫངས་པ་རེད་ཟེར།རང་རང་རྒྱལ་ཁབ་ལ་བརྫངས་བྱས་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་དེ་འདྲས་བྱེད་དུས་ཙམ་པ།མཐའ་བཞིའི་རྒྱལ་པོ་ཀུན་ཡིན་ནའི་ཡིད་རང་དབང་མེད་པར་དེ་ནི་དགའ་བར་བྱས་པ་རེད། ཟེར། དེ་འདྲས་གནང་བ་ལ་དེ་ནི་གང་འདྲས་བྱས་པ་རེད་ཟེར་ན། དེ་ནི་སོ་སོའི་རྒྱལ་ཁབ་ལ་སོ་སོ་བློན་པོ་ཚོ་སོ་སོའི་ལུང་པར་སླེབས་དུས་ཙམ་པ་དེ་ནི་བོད་ཀྱི་གནས་ཚུལ་དེ་གྱད་དེ་གཅིག་བྱས། ད་ག་ནང་ལྟར་གྱི་དཔེར་ན་གཅིག་གི་དེ་ནས་རྒྱལ་པོའི་ཆབ་ཤོག་དང་ད་ག་ནང་ལྟར་དངོས་པོ་ལ་སོགས་པ་དེ་འདྲས་སྐྱེས་ལན་ལ་སོགས་པ་ཨོའོ་དེ་ཚོ་གནང་དུས་ཙམ་པ་མཐའ་བཞིའི་རྒྱལ་པོ་ཐམས་ཅད་ཡིན་ནའི་དེ་ནི་ཡིད་རང་དབང་མེད་པར་དགའ་ནས། དགའ་བ་བྱས་པ་དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་ཀྱི་དཔེར་ན་བོད་ལ་ཆ་བཞག་ནའི་དེ་རེད་ཟེར། གང་ཟར༼ཟེར༽།
- ནོར་བྲང་ཨོ་རྒྱན།བོད་ལ་ཆ་བཞག་ན་སྲོང་བཙན་སྒམ་པོ་ནི་ཕེབས། ཕེབས་པའི་ཐོག་ནས་ཡིན་ནའི་སྐུ་འཁྲུངས་བའི་ཐོག་ནས་ཡིན་ནའི་དགུང་ལོ་བཅུ་གསུམ་པ་ལ་རྒྱལ་སྲིད་ཟིན། རྒྱལ་སྲིད་ཟིན་པའི་མཇུག་གུ་ལ་དེ་ཡིན་ན། ཨ་ནི་ཕོ་བྲང་ཡིན་ན་དེ་ནི་རྩ་བའི་ད་དཔེར་ན། ད་སྔ་མ་ཡིན་ན་ཕོ་བྲང་བྱམས་པ་མི་འགྱུར་གླིང་ནས་ཕོ་བྲང་པོ་ཏཱ་ལ་ལ་ཚུར་སྤོས་པ་གནང་བྱས་དེ་འདྲས་གནང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་གནང་བའི་མཇུག་གུ་ལ་ཆ་བཞག་ན་ད་གཙོ་བོ་གང་ཟེར་དགོས་རེད། བོད་ཀྱི་ཡི་གེ་བོད་ཡིག་དེ་ནི་གསར་དུ་བཟོ་ཡས་དེ་ནི་དགོངས་པ་དེ་འདྲས་གཏད་བྱས། དེ་ནི་ད་གཙོ་བོ་དཔེར་ན་འཇིག་རྟེན་དབང་ཕྱུག་ཟེར་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རེད་པ།
- ནོར་བྲང་ཨོ་རྒྱན།དེ་ནི་སྤྱན་རས་གཟིགས་དབང་ཕྱུག་དེ་ནི་རྦད་དེ་མིའི་རྗེ་བོའི་ཚུལ་དུ་ཕེབས་པའི་དེ་ནི་མིའི་རྗེ་བོའི་ཚུལ་དུ་ཕེབས་པའི་དེ་ནི་འགྲོ་བའི། བོད་ཀྱི་འགྲོ་བ་རྣམས་ལ་གཉེན་གཤིན་གྱི་སྐྱོང་བར་བྱོན་པ་ལ། ཁོང་གིས་དེ་ནི་ཁོང་ལ་ཤེས་བྱ་ཐམས་ཅད་ལ་དེ་ནི་ལྐོག་ཏུ་འགྱུར་པ་དེ་འདྲས་གའི་ཡོའོ་མ་རེད། ཁོང་རང་ཡིན་ནའི་ཚང་མ་མཁྱེན་གྱི་ཡོའོ་རེད་ཤེས་བྱ་ཐམས་ཅད་ལ་མངའ་བརྙེས་པ་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།འོང་བསལ་ལེར་གཟིགས་པ་དེ་འདྲས་རེད་ཟེར། ཨེ་དེ་འདྲས་རེད་མ་གཏོགས་ཡང་དེ་འདྲས་མ་རིག་པ་མུན་པའི་དེ་འདྲས་ཀྱི་ཆ་དེ་འདྲས་ཡིན་ནའི་ཁྱོན་ནས་ཡོའོ་མ་རེད་ཟེར། མཁྱེན་པའི་འོད་སྟོང་གིས་ཆ་ཙམ་ཡང་ལུས་པ་མེད་པར་ཡོངས་སུ་བསལ་ནའང་ཟེར། ད་རྦད་དེ་མ་རིག་པ་ཡོངས་རྫོགས་ཨ་ནི་མཁྱེན་པའི་འོད་སྟོང་གིས་ནམ་ཡང་གཞོམ་པ་མེད་པར་ཡོངས་སུ་གསལ་བ་དེ་འདྲས་གཅིག་ཡིན་ནའི་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཡིན་ནའི་ད་སོ་སོ་སྐྱེ་བོ་བློ་དམན་གྱི་འགྲོ་བའི་དོན་དུ་ཡིན་ན་གང་འདྲས་ཅིག་གནང་བ་རེད་ཟེར་ན། མཐོང་སྣང་། མོས་བློ་དང་འཚམས་་པའི་ཨེ། དེ་ནི་འགྲོ་བ་སོ་སོའི་མཐོང་སྣང་ལ་མོས་བློ་དང་འཚམས་པའི་ཕྱིར་དུ་གང་འདྲས་གནང་ཟེར་ན།
- ནོར་བྲང་ཨོ་རྒྱན།རྒྱལ་པོས་ཡིན་ནའི་ད་ཆབ་སྲིད་སྐྱོངས་བ་ལ་ཡིན་གཅིག་མིན་གཅིག་ཆབས་གཅིག་ཡང་དག་པར་སྐྱོངས་བ་དང་། ཆབ་གཅིག་ཆབ་སྲིད་ཆོས་བཞིན་དུ་ཡང་དག་པར་སྐྱོངས་བ་དང་། ད་ག་ནང་ལྟར་འོང་ཆབ་སྲིད་ལུགས་ཟུང་གི་ཁྲིམས་རྣམ་པར་དག་པའི་གཅིག་འཛིན་པ་ལ་ཡི་གེ་འདི་ཡོན་ཏན་ཐམས་ཅད་གྱི་གཞི་དང་རྩ་བ་ལྟ་བུར་གྱུར་པར་དགོངས་ནས། ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་དེ་འདྲས་ཡིན་ན། རྒྱལ་པོ་ལ་ཆ་བཞག་ནའི་རྦད་དེ། ཨེ་་་། ཆབ་སྲིད་ཆོས་དང་སྲིད་ཀྱི་དཔེར་ན། ལུགས་ཟུང་གི་དེ་ནི་ཁྲིམས་རྣམ་པར་དག་པའི་དེ་ནི་འགྲོ་བ་རྣམས་ཀྱིས་བདེ་བར་སྐྱོངས་བའི་བྱས་པ་ལས། ངེས་པར་དུ་ཡི་གེ་དེ་ཡོན་ཏན་ཀུན་གྱི། ཡོན་ཏན་ཐམས་ཅད་ཀྱི་རྩ་བར་འགྱུར་པ་དེ་ནི་ཡི་གེ་དེ་ཡིན་པ་ལ་དགོངས་ནས། གང་འདྲས་གནང་བ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།མགོན་པོ་འཇམ་དཔལ་དབྱངས་ཀྱི་ཟུར་ཕུད་བྱིན་རླབས་ཀྱི་ག་བུར་གསར་པའི་ཐིགས་པ་སྙིང་ལ་འཕོག་པས་ཟེར་ན། ད་མགོན་པོ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་དེ་ནི་ཐོན་མི་སམྦྷོ་ཊ་དེ་ཡིན་ན། འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཡིན་གསུངས་ཀྱི་ཞུ་གི་ཡོའོ་རེད།
- ནོར་བྲང་ཨོ་རྒྱན།བྱས་ནས་ཟུར་ཕུད་ལྔ་པ་ཟེར་ཡས་དེ་བྱས་ན་འཇམ་དཔལ་དབྱངས་ལ་ཟུར་ཕུད་ལྔ་པ་ཞུ་གྱི་ཡོའོ་རེད་པ། བྱིན་རླབས་ཀྱི་ག་བུར་གསར་པའི་ཐིགས་པ་སྙིང་ལ་འཕོག་པའི་ཤེས་བྱའི་གནས་ལ་རྨོངས་རྟུལ་གྱི་ཚ་གདུང་ལྷག་མེད་དུ་བཅིལ་བའི་མདུན་ན་འདོན་ཟེར་ན།
- ནོར་བྲང་ཨོ་རྒྱན།ད་མ་རིག་པ་རྨོངས་པའི་གནས་ཟེར་ན། རྨོངས་པའི་དཔེར་ལ་ཚ་གདུང་ལྷག་མེད་དུ་བཅིལ་རེད་པ། ཚ་གདུང་ལྷག་མེད་དུ་བཅིལ་བའི་དཔེར་ན་མདུན་ན་འདོན་དེ་ནི། བཀའ་བློན་ཆེན་པོ་བཀའ་ཡི་བློན་པོ་ཆེན་པོ་གཉལ་ནས་ཨ་ནི། ཐོན་མི་ཨ་ནུའི་བུ་སམྦྷོ་ཞེས་བྱ་བ་དེ་ནི་ཐོན་མི་ཨ་ནུའི་བུ་སམྦྷོ་ཊ་ཞེས་བྱ་བ་དེ་ནི་ལོ་བརྒྱད་ལོན་པ་གཅིག་རེད་པ། ཐོན་མི་ཨ་ནུའི་བུ་གཉའ་ནས་ཨ་ནི་དེ་ནི་བློན་པོ་བློན་ཆེན་ཨ་ནུའི་བུ་སམྦྷོ་ཊ་ཞེས་བྱ་བ། དེ་ནི་ལོ་བརྒྱད་ལོན་པ་གཅིག་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ལོ་བརྒྱད་ལོན་པ་ན་རིག་པ་གསལ་པོ་ཡོད་པ་ལྷག་པར་དུ་བརྩོན་འགྲུས་ཡིན་ན་ཆེན་པོ་ཡོད་པ། འོ་དེ་རྦད་དེ་ཨ་ནུའི་བུ་སམྦྷོ་དེ་ནི་བཙོན་འགྲུས་ཆེན་པོ་ཡོད་པ་རིག་པ་གསལ་པོ་ཡོད་པ་དེ་འདྲས་ཀྱི་དེ་ལ་བརྟེན་ནས་ངོ་མཚར་ཤེས་ཤིང་ཁྲེལ་ཡོད་པའི་དེ་ནི་སྟག་ལོ་དེ་ཕྲོང་ལ་སོགས་དེ་འདྲས་ད་དཔེ་ན་བོད་མི་བཅུ་དྲུག་དེ་འདྲས་ཀྱི་ཡིན་ན་རོགས་པ་ལ་བཏང་ནས་བཏང་ན་བྲན་བཅས་ནས་ག་རེ་ཟེར་ན། ཁོང་ཚོ་ལ་ད་རྒྱ་གར་ལ་ཡི་གེ་བསླབས་ཡས་ཀྱི་ཐོག་ལ་གསེར་གྱི་བྱེ་མ་དང་ད་གཅིག་གི་གསེར་གྱི་གསེར་གྱི་བྱེ་མ་བྲེ་གང་དང་། གསེར་གྱི་པ་ཌ་ལ་སོགས་པ། གསེར་གྱི་པ་ཌ་ཟེར་ན་ད་གསེར་གྱི་ཀྲང་ག་ལ་སོགས་པ་དེ་འདྲས་ཀྱི་དཔེར་ན་རིག་བྱེད་སྟོན་པ་དང་། ཨེ་ཡི་གེ་སློབ་མཁན་གྱི་དེ་ནི་རྦད་དེ་དགེ་རྒན་དེ་ཚོ་ཡིན་ནའི་དཔེར་ན།
- ནོར་བྲང་ཨོ་རྒྱན།ཞེ་དྲག་གི་ཡིད་དགའ་པོ་ཡོང་ཡས་ཀྱི་ཆེད་དུ་ཡིད་རང་དབང་དུ་ཐེ་ཚོམ་མེད་པར་དགའ་བ་ཡོང་ཡས་ཀྱི་ཆེད་དུ་དེ་ནི་དངོས་པོ་རྣམས་བསམ་ཀྱིས་མི་ཁྱབ་པ་དེ་འདྲས་བསྐུར་གནང་བྱས་དེ་ནི། རྒྱ་གར་ལ་ཕར་ཡི་གེ་བསླབས་པར། བཀས་མངགས་པ་གནང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བཏང་ང་གནང་བ་རེད་ཟེར། ཡི་གེ་བསླབ་པ་ལ་བཏང་ང་གནང་། མཇུག་གུ་ལ་ག་རེ་བྱས་པ་ཐོན་མིའི་འཁོར་དང་བཅས་པ་རྣམས་དེ་ནི་འཕགས་ཡུལ་ལ་ཁ་ཕྱོགས་པའི་བཤུལ་མལ་དུ་། འཚེ་བ་དང་བྲལ་ནས་ཁོང་ཚོ་ལམ་ཁ་ལ་ཆ་བཞག་ནའི་དཀའ་ལས་ཡིན་ན་དཀའ་ངལ་ཡིན་ན་ཆེན་པོ་བྱས་ནས། ཨེ་དཀའ་ངལ་ཡིན་ན་ཆེན་པོ་བྱུང་དེ་ཚོ་ཡིན་ནའི་དཔེར་ན་འཚེ་བ་དེ་གས་དེ་སྦྲགས་ནས་བྲལ་ནས་དེ་ནི་བགྲོད་ཐུབ་པ། དེ་ནི་རིམ་པས་རིམ་པས་རྒྱ་གར་ལ་སླེབས་ཐུབ་པ་བྱུང་པ་དེ་འདྲས་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བྱུང་ནས་ག་རེ་བྱས་པ་རེད་ཟེར་ན། བྲམ་ཟེ་ལི་བྱིན་ཁར་ཟེར་ཡས་གཅིག་ཡོའོ་རེད། བྲམ་ཟེ་ལི་བྱིན་ལ་དེ་ནི་ཡིག་རིགས་སུམ་བརྒྱ་དྲུག་བཅུ་རྩ་བཞི་དང་། དེ་ནི་བྲམ་ཟེ་ལི་བྱིན་ཟེར་ཡས་དེ་དགེ་རྒན་ལ་བསྟེན་ནས་ཡིག་རིགས་སུམ་བརྒྱ་དྲུག་བཅུ་རྩ་བཞི་དང་། པཎྜི་ཏ་ལྷ་རིག་པའི་སེང་གེ་ཟེར་ཡས་དེ་ལ། སྒྲ་མདོ་ཆེན་པོ་པཱ་ཎི་བྱཱ་ཀ་ར་ན་དང་། རྟོགས་སླ་བ་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ཀ་ལཱ་པ་དང་། ད་ག་ནང་ལྟར་གྱི་དེ་ནི་རྟོགས་དཀའ་བ་པཎྜི་ཏའི་ལུགས་ཀྱིས་བསྟན་བཅོས་ཙནྡྲ་པ་ཐམས་ཅད་ཀྱི་དེ་ནི་སྒྲའི་ས་རིས་ཆ་ཚང་བ་དང་། དེ་སྒྲ་ཟེར་མཁན་དེ་བསླབ་དུས་ཙམ་པ་དེ་ནི་རི་མོ་འབྲི་དགོས་རེད་པ།
- ནོར་བྲང་ཨོ་རྒྱན།ས་རིས་འབྲི་དགོས་རེད་པ། ས་རིས་དེ་གས་སྒྲའི་སྒྲ་མདོ་ཐམས་ཅད་ཐུགས་ལ་བཟུང་ད་ག་ནང་ལྟར་ས་རིས་ཚོ་ཆ་ཚང་བ་བསྐྱོན་ཡས་དང་། དེ་འདྲས་ཀྱི་གཅིག་གི་ད་རྒྱ་གར་དང་། རྒྱ་གར་གྱི་གཙོ་བོ་ཡིག་རིགས་དེ་གས་དེ་ཚང་མ་ལ་མཁས་པ་དང་ད་ག་ནང་ལྟར་གྱི་དཔེར་ན་སྒྲ་མདོ་ཆེན་པོ་ལ་སོགས་པ་དེ་གས་དེ་ཚང་མ་ལ་མཁས་པ་བྱུང་བའི་མཇུག་གུ་ལ་ཆ་བཞག་ན། དེ་ནི་རྦད་དེ་ག་རེ་གནང་ང་ཟེར་ན།
- ནོར་བྲང་ཨོ་རྒྱན།ཨ་ནི་རྒྱ་གར་ལ་བཞུགས་པའི་ཁ་གཏུག་ལ་བྱས་ན་སྤྱན་རས་གཟིགས་ཀྱི་དེ་ནི་རྦད་དེ་མདོ་རྒྱུད་ཉི་ཤུ་རྩ་གཅིག་སྤྱན་རས་གཟིགས་ཀྱི་དཔེར་ན། ཆོས་མདོ་རྒྱུད་ཉི་ཤུ་རྩ་གཅིག་ཟེར་ཡས་གཅིག་ཡོའོ་རེད། མདོ་རྒྱུད་ཉི་ཤུ་རྩ་གཅིག་ཟེར་ཡས་དེ་ལ་ཆ་བཞག་ན། མདོ་རྒྱུད་ཉི་ཤུ་རྩ་གཅིག་ཟེར་ན། མདོ་ཟེར།
- ནོར་བྲང་ཨོ་རྒྱན།ཟ་མ་ཏོག་གི་བཀོད་པ་ཟེར་ཡས་དང་། ཕྱག་སྟོང་སྤྱན་སྟོང་གི་གཟུངས་ཟེར་ཡས། པད་མོ་སྙིང་པོའི་མདོ་ཟེར་ཡས། ཞལ་བཅུ་གཅིག་པའི་མདོ་ཟེར་ཡས། བཅུ་གཅིག་ཞལ་གྱི་གཟུངས་ཟེར་ཡས། དོན་ཡོད་ཞག་པ་དང་། དོན་ཞག་ཕྱི་མ་ཟེར་ཡས། པདྨ་མཆོག་ཟེར་ཡས། དབང་བསྒྱུར་ཟེར་ཡས། འོང་དབང་བསྒྱུར་འཁོར་ལོ་ཟེར་ཡས། ཆོ་ག་སྔགས་ཀྱི་རྒྱུད་ཟེར་ཡས། ཡིད་བཞིན་ནོར་བུའི་གཟུངས་ཟེར་ཡས། སྙིང་རྗེ་ཆེན་པོའི་མི་བཤོལ་བ་ཟེར་ཡས། འོད་ཟེར་རྣམ་བཀོལ་ཟེར་ཡས། པདྨ་ཅོད་པན་གྱི་རྒྱུད་ཟེར་ཡས། ཡི་གེ་དྲུག་པའི་མདོ་ཟེར་ཡས། དམ་ཆོས་པད་དཀར་ཟེར་ཡས། པུཎྜ་རི་ཀའི་མདོ་ཟེར་ཡས། ཆུ་ཀླུང་སྣ་ཚོགས་པའི་མདོ་ཟེར་ཡས། སྣང་བ་རོལ་པའི་མདོ་ཟེར་ཡས། མཚན་བརྒྱ་རྩ་བརྒྱད་པ་དང་། མཚན་རབ་ཡོངས་སུ་བསྟན་པའི་མདོ་དང་བཅས་པ་དེ་ནི་ལེགས་པར་བསླབས་ནས་ད་དེ། དཔེར་ན་སྤྱན་རས་གཟིགས་ཀྱི་དེ་ནི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དེ་ནི་ལེགས་པར་ཕྱོགས་གཅིག་ནས་དེ་ནི་་ཕྱག་རིས་ཡི་གེ་དེ་གས་དེ་བསླབས། ཡི་གེ་བསླབས་ནས་ད་ག་ནང་ལྟར་སྒྲ་མདོ་ཆེན་པོ་དེ་གས་དེ་བསླབས། དེའི་མཇུག་གུ་ལ་ཆ་བཞག་ན་སྤྱན་རས་གཟིགས་ཀྱི་དེ་ནི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དེ་གས་དེ་ལེགས་བསླབས་ནས་དེ་ནི་རྦད་དེ། བསླབས་དུས་ཙམ་ཨ་ནི་ཐོན་མི་སམྦྷོ་ཊ་ཡིན་ནའི་རྦད་དེ་ད་ཐུགས་ལ་ཡིན་ན་གང་ཟེར་དགོས་རེད་པས།
- ནོར་བྲང་ཨོ་རྒྱན།ཚུར་གཅིག་གི་སྤོབས་པ་དང་སྦྲགས་བྱས་ཆེན་པོ་ཡིན་ན་བྱུང་། དགའ་བ་ཡིན་ན་ཆེན་པོ་བྱུང་། ཨ་ནི་གང་འདྲས་གནང་བ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནི་ལོ་པཎ་དེ་ཚོ་ལ་ཆ་བཞག་ནས་་ཡིན་ན། བདག་ཅག་བློན་པོ་ཐོན་མི་ལ། ཟེར། མ་ལུས་གནང་བ་ཐུགས་ལ་བཏགས། རྒྱ་གར་ཡུལ་དུ་ཕྱིན་པ་ཡིན། མཁས་གྲུབ་ཁྱེད་དང་མཇལ་བ་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་གཅིག་མཁན་པོ་དེ་ཚོ་ལ་ཆ་བཞག་པ་ཡིན་ན། ད་བདག་ཅག་བློན་པོ་ཐོན་མི་དང་བཅས་པ་ལ། དེ་ནི་གཅིག་གི་ཁྱེད་རང་ཚོ་དཔེར་ན། བུམ་པ་གང་བྱོའི་ཐོག་ནས་དཔེར་ན་ཡི་གེ་བསླབས་ཡས་དང་། སྒྲ་བསླབས་ཡས་ལ་སོགས་པ་དེ་འདྲས་ཀྱི་ཆ་ཚང་གནང་བ་དེ། དེ་གས་དེ་བཀའ་དྲིན་ཆེ། དེ་གས་དེ་རྦད་དེ་ཐུགས་ལ་བཏགས་པ་ཨ་ནི་ཤིན་ཏུ་ནས་བཀའ་དྲིན་ཆེ་སོང་ཟེར།
- ནོར་བྲང་ཨོ་རྒྱན།རྒྱ་གར་ཡུལ་དུ་ང་ཚོ་ཡིན་ནའི་ཕྱིན་པ་ཡིན། ཕྱིན་པའི་མཇུག་ལ་ཡིན་ན་མཁས་གྲུབ་ཁྱེད་རང་ཚོ་དང་མཇལ་བ་དེ་ནི་ཤིན་ཏུ་ནས་བསམ་གྱི་མི་ཁྱབ་པ་ཡག་པོ་དེ་འདྲས་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་དཔེར་ན་ད། མཁན་པོ་དང་ཅིག་དག་ལ་བསྔགས་བརྗོད་གནང་ཡས་ལ་སོགས་པ་དེ་འདྲས་ཡིན་ན་བཀའ་མངགས་གནང་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་ཡིན་ན་ད་གསུངས་པ་ན། བདག་ཅག་བོད་ཀྱི་བློན་པོ་ཐོན་མི་ཞེ་བྱ་བ། བདག་ལ་རིག་པའི་གནས་བུམ་པ་གང་བྱོའོ་ཚུལ་དུ་གནང་བ་ཐུགས་ལ་བཏགས་པས། བཀའ་དྲིན་ནི་གཞལ་བར་དཀའ་བ། བཀའ་དྲིན་ནི་ཤིན་ཏུ་གཞལ་བར་དཀའ་སོ་ཟེར།
- ནོར་བྲང་ཨོ་རྒྱན།ང་ཚོ་བོད་ཀྱི་བློན་པོ་རྣམས་རྒྱ་གར་ཡུལ་དུ་ཡོང་བའམ་ཕྱིན་པའི་དགོས་པ་ནི། གྲུབ་པ་ཡིན་ནོ་ཟེར།
- ནོར་བྲང་ཨོ་རྒྱན།མཁས་ཤིང་གྲུབ་པའི་བདག་ཉིད་ཀྱི་མཁན་པོ་ཁྱེད་ཅག་ལྟ་བུ་དང་མཇལ་བ་ཐུབ་པ་བྱུང་བ་ནི་སྐལ་པ་བཟང་པོ་ཡིན་ནོ་ཞེས་དྲིན་དྲན་པ་དང་། དེ་ནི་དྲིན་དུ་གཟོ་བའི་དྲིན་དུ་དྲན་པ་དང་དྲིན་གཟོ་བའི་དེ་ནི་གསུང་བྲམ་ཟེ་ལི་བྱིན་ཧ་ར་ལ་སོགས་པ་དེ་ཚོ་ལ་གསུངས་ནས་དེ་ནི་བོད་ལ་ཚུར་ཕྱི་ལོགས་ལ་ཕེབས་པ་རེད། ཟེར།
- ནོར་བྲང་ཨོ་རྒྱན།ཕྱི་ལོགས་ལ་ཕེབས་ནས་དེ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་མཇལ་རེད་པ། ཨེ་མཇལ་ནས་དེ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་ཡིན་ནའི་དེའི་གནས་ཚུལ་དེ་གས་དེ་རྦད་དེ། རྒྱ་གར་ལ་ཕེབས་པའི་གནས་ཚུལ་དེ་གསལ་པོ་གསུངས། གསལ་པོ་གསུངས་ད་ག་ནང་ལྟར་དཔེར་ན། རྒྱ་གར་གྱི་དཔེར་ན་གཅིག་གི་གནས་ཚུལ་དེ་གས་དེ་གསལ་པོ་གསུངས། གསུང་བའི་མཇུག་ནས་རྒྱལ་པོ་ཞེ་དྲག་ཐུགས་དགྱེས་པ་བྱུང་བྱས་ནས། དེ་ནི་ད་བོད་ལ་བོད་ཀྱི་ཡི་གེ་གསར་གཏོད་བྱེད་ཡས་ཀྱི་དགོངས་པ་རྫོགས་ནས། དགོངས་པ་གཏད་ནས་ག་རེ་བྱས་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནི་བློན་ཆེན་ཐོན་མི་སམ་བྷོ་ཌ་དང་ཨེ་སྲོང་བཙན་སྒམ་པོ་གཉིས་དེ་ནི་ལྷ་སའི་ཕོ་བྲང་མ་རུར་དེ་ནི་ལོ་གསུམ་བཅད་རྒྱ་གནང་ནས་བཞུགས་པ་རེད་ཟེར། ཟེར།
- ནོར་བྲང་ཨོ་རྒྱན།ཕོ་བྲང་མ་རུ་ཟེར་ན་ད་ལྟའི་དེ་ང་རང་ཚོའི་ད་ལྟ་དེའི་དེ་རེད་པ། གང་ཟེར་ཕ་བོང་ཁ་རེད་པ།
- ནོར་བྲང་ཨོ་རྒྱན།མཇུག་ལ་དེ་རུ་ལོ་གསུམ་བསྡད་ནས་སྐུ་མཚམས་ལ་ཞུགས་བྱས། བྱས་ནས་རྦད་དེ་སྐབས་དེ་དུས་ད་རྒྱལ་སྲིད་ཀྱི་ཕྱག་ལས་ག་འདྲས་གང་འདྲས་ཡོད་ནའི་དཔེར་ན་ཡར་ནས་མར་གནང་བ་མ་ཐོབ་པ་སུ་དང་སུ་ཡིན་ནའི་དེ་ནི་འགྲོགས་པའི། མི་འགྲོགས་པའི་སྐུ་མཚམས་དམ་པོར་བཞུགས་པ་དེ་འདྲས་རེད།ཟེར།
- ནོར་བྲང་ཨོ་རྒྱན།སྐུ་མཚམས་དེ་འདྲས་དམ་པོ་ལ་ཞུགས་ནས་ཨ་ནི་གང་འདྲས་རེད་ཟེར་ན། ཐོག་མར་དང་པོ་ལ་ཨ་ནི་རྒྱལ་པོས་ཡི་གེ་དང་སྒྲ་རྣམས་བསླབས་པས། སློབ་པའི་ཚུལ་མཛད་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བྱས་ནས་མཐའ་མ་ལ་ཆ་བཞག་ན། ཨ་ནི་རྒྱལ་པོས་ཡིན་ནའི་ས་སོས་ཡིན་ནའི་གང་པ་དེ་ཚོ་རྒྱལ་པོའི་བྱ་བ་ལ་སོགས་པ་དེ་ཚོ་སྤངས་ནས། ཐོན་མི་སམ་བྷོ་ཌ་ལ་རྦད་དེ་བླ་ན་མེད་པའི་གུས་འདུད་དང་བཅས་ནས་ཐོག་མར་བྱས་ནས་དེ་ན་ཡི་གེ་དང་། སྒྲ་རྣམས་སློབ་པའི་ཚུལ་མཛད་པ་རེད་ཟེར། ཐོན་མིས་སློབ་པའི་ཚུལ་ཚུར་སློབ་པའི་ཚུལ་མཛད་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།སློབ་པའི་ཚུལ་མཛད་ནས་དེ་ནི་ག་རེ་རེད་ཟེར་ན། ཨ་ནི་མཁས་པའི་ཕུལ་དུ་གྱུར་པ་དེ་འདྲས་གཅིག་རེད་ཟེར། མ་གཞི་ད་ཁོང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་དུས་ཙམ་པར་ག་རེ་ཡིན་ནའི་ཐམས་ཅད་ཐུགས་ལ་མངའ་བ་རེད་དའི་ཡིན་ནའི་གཅིག་སོ་སོ་སྐྱེ་བོ་ཐ་དམན་པའི་གནས་ཚུལ་བྱས་བྱས། བྱེད་དུས་ཙམ་པ་དེ་ནི་བསླབས་པ་ལམ་གྱི་གནས་ཚུལ་དེ་བརྒྱུད་དགོས་དུས་ཙམ་པ་དེ་ནི་རྦད་དེ་ཨ་ནི་ཐོན་མི་ནས། བློན་པོ་ནས་ཚུར་བསླབས་པའི་ཚུལ་གཅིག་སློབ་པའི་ཚུལ་བཞིན་དེ་ནི་ཁོང་རང་ཡིན་ནའི་མཁས་པའི་ཨེ། མཁས་པ་མཁས་པའི་ཕུལ་དུ་བྱུང་བ་དེ་འདྲས་གཅིག་རེད།ཟེར།
- ནོར་བྲང་ཨོ་རྒྱན།ད་སྒྲ་མདོ་དེ་དང་དེའི་ནང་དུ་བོད་ཀྱི་སྐད་ལ་ཉེ་བར་མཁོ་བའི་སྒྲ་དང་ཡིག་རིགས་མི་འདྲ་བ་འདུག་པར་དགོངས་ནས་ཟེར། རྒྱལ་པོས།
- ནོར་བྲང་ཨོ་རྒྱན།བློན་པོ་ལ་དེ་ཐོན་མི་ལ་ཚུར་འོང་རྒྱལ་པོས་བློན་པོ་ལ་དེའི་ཚུལ་ཞིབ་པར་གསུངས་པས། ཟེར་ན། སྒྲ་མདོ་དང་གོང་དུ་ཞུས་པའི་ཀ་ལཱ་པ་དང་། དབྱངས་ཅན་མ་ལ་ཟེར་ཡས་ལ་སོགས་པ་དེ་ཚོའི་ནང་ལ་ཆ་བཞག་ན། སྒྲ་མདོ་དེ་གས་དེའི་ནང་ལ་དེ་ནི་བོད་ཀྱི་སྐད་ལ་ཉེ་བར་མཁོ་བའི་སྒྲ་དང་ཡིག་རིགས་དེ་ནི་ཡིག་རིགས་ཡིན་ནའི་མི་འདྲ་བ་དགོངས་ནས། དེ་ནི་རྒྱལ་པོས་བློན་པོ་ལ་དེའི་གནས་ཚུལ་ཡིན་ན་ཞིབ་པར་གསུངས་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།གཞི་ནས་གསུངས་བའི་རྗེས་ལ་ཐོན་མི་རང་གི་ཡིན་ན་ལྷག་པའི་ལྷ་འཇམ་དཔལ་དབྱངས་ལ་དེ་ནི་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་དེ་ནི་ག་རེ་གནང་ཟེར། ཐུགས་རྗེའི་ཆར་གྱིས་དེ་ནི་ཐོན་མིའི་ཡིད་ཀྱི་ཞིང་ས་དེ་ནི་རྦད་དེ་ཨེ། སྤྱན་རས་གཟིགས། འཇམ་དཔལ་དབྱངས་ཀྱི་དེ་ནི་ཐུགས་རྗེས་ཐོན་མིའི་ཐུགས་པ་བྱིན་བརླབས་འབབ་བྱས། ག་རེ་བྱས་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ཐོན་མིའི་ཡིད་ཀྱི་ཞིང་སར་བརླན་པ་ལས་ཟེར། བོད་ཀྱི་ཡི་གེའི་གཟུགས་ནི་ཇི་ལྟར་བཟོ་བའི་དགོས་པ་དང་། དེ་དག་བོད་ཀྱི་སྐད་དང་མཐུན་པའི་ཚུལ་བཞིན་སྡེབ་པའི་གནས་ལུགས་ཀྱི་རྣམ་པ་གང་དང་གང་། གང་རྒྱུད་གྱི་དགོངས་པའི་མྱུ་གུ་ཤར་བའི་འབྲས་བུ་མཐར་མངོན་དུ་གྱུར་པའི་ཚུལ་ནི། ཟེར།
- ནོར་བྲང་ཨོ་རྒྱན།དེ་ཡིན་ན་ད་དེ་འདྲས་ཀྱི་དཔེར་ན་ད། ཨེ་འཇམ་དཔལ་དབྱངས་ལ་གསོལ་བ་བཏབ། གསོལ་བ་བཏབ་པའི་མཇུག་ལ་རྦད་དེ་བོད་ཀྱི་ཡི་གེ་དེ་གང་འདྲས་ཅིག་བཟོ་དགོས་ཀྱི་འདུག དེ་ཡིན་ན་བོད་ཀྱི་བོད་ཡོངས་རྫོགས་ཀྱི་སྐད་དང་མཐུན་པའི་སྐད་གང་འདྲས་གཅིག་ཡོང་གི་འདུག དེ་འདྲས་ཀྱི་དཔེར་ན་གནས་ལུགས་ཀྱི་རྣམ་པ་གང་དང་གང་། གང་འགྱུར་གྱི་དགོངས་པའི་མྱུ་གུ་དགོངས་པ་ལ་གསར་དུ་འཁྲུངས་པ་དེ་་། དེ་འདྲས་གཅིག་གང་འདྲས་བྱུང་བ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ལེགས་སྦྱར་སྐད་ཀྱི་ལེགས་སྦྱར་ཀྱི་དབྱངས་ལ་དེ་ནི་ཨ་ཨཱ་ཨི་ཨཱི་ཨུ་ཨཱ་རྀ་ཌྲཱྀ་ལྀ་ལཱྀ་ཨེ་ཨེ་ཨོ་ཨཽ། ཨ་ཨ་བཅུ་དྲུག་དང་། ད་ག་ནང་ལྟར་དེ་ནི་ལེགས་སྦྱར་གསལ་བྱེད་ཡིན་ན། ཀ་ཁ་ག་གྷ་ང་༎ ཙ་ཚ་ཛ་ཛྷ་ཉ༎ ཌ་དྷ་ཎ༎ ཏ་ཐ་ད་དྷ་ན༎ པ་ཕ་ཥ་བྷ་མ༎ ཡ་ར་ལ་ཝ༎ ཤ་ཥ་ས་ཧ་ཀྵ། རྒྱ་གར་ལ་ཆ་བཞག་ན་སྔ་མ་དབྱངས་བཅུ་དྲུག་ཡོད་པ་དང་།
- ནོར་བྲང་ཨོ་རྒྱན།ད་ག་ནང་ལྟར་གསལ་བྱེད་ཡིན་ན་སུམ་ཅུ་དེ་ཡོའོ་རེད་ཟེར། སུམ་ཅུ་སོ་གསུམ་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེའི་ནང་ནས་དེ་ནི་བོད་ལ་དགོས་ཡས་དེ་གང་འདྲས་འདུག་ཟེར་ན། ད་དབྱངས་ཀྱི་ནང་ནས་དེ་ནི་ཨ་ཨི་ཨེ་ཨུ་ཨོ་བཞི་པོ་དེ་ནི་བོད་ལ་མཁོ་གི་འདུག་ཟེར།
- ནོར་བྲང་ཨོ་རྒྱན།དེ་མིན་པའི་དེ་ནི་ད་གཞན་དག་གི་དབྱངས་བཅུ་དྲུག་ནང་ནས་དེ་ནི་དབྱངས་བཞི་ཕུད་པའི་དེ་ནི་དབྱངས་བཅུ་གཉིས་དེ་གས་དེ་ནི་བོད་ཀྱི་སྐད་ལ་ཉེར་བར་མི་མཁོ་བ་བརྩིས་ཆ་བཞག་ན། དེ་ནི་བེད་སྤྱོད་མ་བཏང་པ་བྱས། ལེགས་སྦྱར་གྱི་གསལ་བྱེད་ནང་ལ་ཆ་བཞག་ནི་དེ་ནི། དེ་རེད་ཟེར། སུམ་ཅུ་སོ་གསུམ་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།སུམ་ཅུ་སོ་གསུམ་ནས་སུམ་ཅུ་སོ་བཞི་ནང་ནས་དེ་ནི་ད་བོད་ཀྱི་སྐད་ལ་མཁོ་བ་མི་མཁོ་བ་དེ་གང་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ཨེ་ལོག་པ་ལྔ་དང་ཌ་ཎ་ཥ་ལྔ་དང་། འཐུག་པོ་ལྔ་ཟེར་ན། གྷ་ཛྷ་དྷ་བྷ་དྷ་ཟེར་ཡས་ཀྱི་དེ་ནི་ལྔ་པོ་དེ་ནི་ཨེ། གང་ཟེར་ལོག་པ་ལྔ་དང་། འཐུག་པོ་ལྔ་དེ་དེ་ནི་བོད་ཀྱི་སྐད་ལ་ཡིན་ན་དགོས་མེད་པ་བྱས། ད་ག་ནང་ལྟར་དྲོ་བའི་ཀྵ་ཡིག་ལ་སོགས་པ་དེ་གས་དེ་བཅུ་གཅིག་དེ་དེ་ནི་བོད་ཀྱི་སྐད་ལ་དགོས་ཡས་མི་འདུག་ཟེར།
- ནོར་བྲང་ཨོ་རྒྱན།བྱས་ནས་འཕྲོས་ཉི་ཤུ་རྩ་གསུམ་གྱི་སྟེང་ལ་དེ་ནི་གང་འདྲས་གཅིག་བྱས་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ལེགས་སྦྱར་སྐད་ཀྱི་དབྱངས་ཡིག་དང་པོ། ཨ་དྲངས་པོའི་གསལ་བྱེད་ཉི་ཤུ་རྩ་བཞིར་གྲངས་པའི་དེའི་སྟེང་ལེགས་སྦྱར་གྱི་དེ་ནི་དབྱངས་ཀྱི་དེ་ནི་ཨང་དང་པོ་དེ་ཨ་ཨ་ཨི་ཨི་ཟེར་ཡས་ཀྱི་དང་པོ་དེ་རྦད་དེ་བོད་ཀྱི་གསལ་བྱེད་ཀྱི་མཐའ་མ་ལ་སྦྱར་གནང་།
- ནོར་བྲང་ཨོ་རྒྱན།དེ་འདྲས་བྱེད་དུས་ཙམ་པ་ད་ད་ལྟ། ད་ལྟ་རྒྱ་གར་གྱི་གསལ་བྱེད་ཉི་ཤུ་རྩ་གསུམ་སྒང་ལ་དེ་ནི་ཨ་དེ་དྲངས་པས་དེ་ནི་གསལ་བྱེད་ཉི་ཤུ་རྩ་བཞི་། བྱུང་བྱས་དེ་འདྲས་རེད། ཟེར།
- ནོར་བྲང་ཨོ་རྒྱན།དེའི་སྟེང་དུ་ད་བོད་ཀྱི་སྐད་ལ་དགོས་ཡས་ཀྱི་གཅིག་ཟེར། ཆོས་ཟེར་ཡས། འཇིག་རྟེན་ཟེར་ཡས། གཞོན་ནུ་ཟེར་ཡས། གཟི་བརྗིད་ཟེར་ཡས། འོ་མ་སོགས་ཀྱི་ཟེར་ཡས་དེ་ཚོ་ལ་ཆ་བཞག་ན་མཚོན་པར་བྱེད་ཡས། རྒྱ་གར་སྐད་ལ་ཆ་བཞག་ན་གཅིག་ལ་ཨེ་ཀ་ཟེར་ཡས། ཆོས་ལ་དྷརྨ་ཟེར་ཡས། འཇིག་རྟེན་ལ་ལོ་ཀ་ཟེར་ཡས། གཞོན་ནུ་ལ་ཀུ་མཱ་ར་ཟེར་ཡས། འོང་གཟི་བརྗིད་ལ་ཏེ་ཛ་སྲ་ཟེར་ཡས། དེ་ནས་དེ་ནི་འོ་མ་ལ་པ་ཡ་སྲ་ཟེར་ཡས་ལ་སོགས་པ་དེ་འདྲས་ཀྱི་ཡོད་དུས་ཙམ་པ་དེ་འདྲས་ཀྱི་རྦད་དེ་རྒྱ་གར་གྱི་སྐད་ལ་དེ་འདྲས་རེད་དའི། བོད་ཀྱི་སྐད་ལ་ཆ་བཞག་ན་ད། དེ་གས་ཟེར་གཅིག ཆོས། འཇིག་རྟེན། གཞོན་ནུ། གཟི་བརྗིད། འོ་མ་ཟེར་མཁན་དེའི་དོད་དེ་ལ་གང་ཟེར་ན།
- ནོར་བྲང་ཨོ་རྒྱན།གཅིག་གི་ཟེར་ཡས་དེའི་ཅ་དང་། ཆོས་ཀྱི་གསལ་བྱེད་དེ་ཆ་བྱས། འཇིག་རྟེན་ཟེར་ཡས་དེའི་གསལ་བྱེད་ཇ་བྱས། གཞོན་ནུ་ཟེར་ཡས་དེའི་གསལ་བྱེད་དེ་ཞ་བྱས། གཟི་བརྗིད་ཀྱི་གསལ་བྱེད་དེ་ཟ་བྱས། ཨེ་འོ་མ་ཟེར་ཡས་དེའི་འ་བྱས། ད་དེ་གས་དེ་དཔེར་ན་འོང་། བོད་ཡིག་གི རྒྱ་གར་གྱི་སྐད་ལ་མེད་པ། མི་མཁོ་དེ་གས་དེ་དེ་ནི་བོད་ཀྱི་གསལ་བྱེད་ཉི་ཤུ་རྩ་བཞིའི་ནང་ལ་སླར་ཡང་བསྣན་ནས་དེ་ནི་བདོ་ལ་ཡིན་ན་དཔེར་ན།
- ནོར་བྲང་ཨོ་རྒྱན།དེ་བྱུང་བ་རེད་ཟེར། གསལ་བྱེད། དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ཐམས་པ་གཏན་ལ་ཕབ་པ་དེ་འདྲས་རེད། ཟེར།
- ནོར་བྲང་ཨོ་རྒྱན།དབྱངས་བཞི་ནི་ཨི་ཨུ་ཨེ་ཨོ་བཞི་དང་། དེ་ནི་གསལ་བྱེད་སུམ་ཅུ་ཐམས་པ་ད། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། སོགས་དེ་གས་དེ་གསལ་བྱེད་སུམ་ཅུ་ཐམས་པ་གཏན་ལ་ཕབ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ།དེ་ནི་དེ་འདྲས་ཀྱི་དཔེར་ན།ཧ་ཨ། ར་ལ་ཤ་ས་ཧ་ཨ་ཟེར་ཡས་དེ་འདྲས་ཀྱི་དེ་ནི་གསལ་བྱེད་སུམ་ཅུ་ཐམས་པ། གཏན་ལ་ཕབ་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཡི་གེའི་གཟུགས་ཀྱང་དེ་ནི་ཡི་གེའི་གཟུགས། ཡིག་གཟུགས་དེ་ཡིན་ན་ལཉྫ་ལ་དཔེ་བྱས་ནས་དབུ་ཆེན་དང་། ཝརྟུ་ལ་དཔེ་བྱས་ནས་དེ་ནི་དབུ་ཆུང་དེ་འདྲས་བཟོས་གནང་ང་རེད། ཟེར།
- ནོར་བྲང་ཨོ་རྒྱན།ལཉྫ་དང་ཝརྟུ་ཟེར་ཡས་རྒྱ་གར་ལ་ཆ་བཞག་ན། ལཉྫ་དང་ཝརྟུ་ཟེར་གྱི་རེད་པ། ང་རང་ཚོ་བོད་ལ་ཆ་བཞག་ན་དབུ་ཆེན་དང་དབུ་མེད་ཟེར་ཡས་དེ་ཡིན་ན་ཐོག་མ་ཡིན་ན་ཡོང་ཁུངས་དེ་བྱས་པ་ཡིན་ན་ལཉྫ་ལ་དཔེ་བྱས་ནས་དབུ་ཆེན་དང་། ཝརྟུ་ལ་དཔེ་བྱས་ནས་དེ་ནི་ཤར་མ་དེ་འདྲས་བཟོས་པ་ཡིན་ཟེར། ད་ཤར་མ་ཟེར་བྱས་ནས་ད་ང་རང་ཚོའི་འཁྱུགས་རེད་པ། བཟོས་པ་གནང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བརྡ་གསལ་བར་བྱེད་པའི་དེ་ནི་ཤར་མ་དེ་འདྲས་གང་ཟར༼ཟེར༽། དབུ་མེད་དེ་འདྲས་བཟོས་པ་གནང་ཟེར།
- ནོར་བྲང་ཨོ་རྒྱན།བརྡ་གསལ་བར་བྱེད་པའི་དེ་ནི་བརྡ་དེ་གས་དེ་གསལ་བར་བྱས་ན། རྒྱ་གར་ལ་ཆ་བཞག་ན་ད་སྒྲ་མདོ་བྱས་ན་མང་པོ་ཡོད་པ་དེ་འདྲས་གཅིག་ཡོའོ་རེད། དེ་ནི་བོད་ལ་ཆ་བཞག་ན་དགོས་ཡས་ལ་གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནི་བརྡ་གསལ་བར་བྱེད་པའི་གཞུང་སུམ་ཅུ་པ་དང་།དེ་ནི་རྟགས་ཀྱི་འཇུག་པ་སོགས། བོད་ལ་དེ་ནི་ཉེར་བར་བརྡ་སྤྲོད་པའི་བསྟན་བཅོས་ཡིན་ན། ཆེན་པོ་བརྒྱད་ཟེར། མཛད་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།གསར་རྩོམས་མཛད་བྱས་དེ་ནི་རྒྱལ་པོ་ལ་ཕུལ་བས་འོང་། ཐོན་མིས་དེ་གས་དེ་རྦད་དེ་བསྟན་བཅོས་ཆེན་པོ་དེ་ནི་བརྒྱད་ཅིག་གི་སུམ་ཅུ་པ་དང་རྟགས་འཇུག་ལ་སོགས་པ་དེ་འདྲས་ཀྱི་བསྟན་བཅོས་ཆེན་པོ་བརྒྱད་གསར་དུ་བརྩོམ་པར་གནང་བྱས་ནས་ཡི་གེ་དེ་གས་དེ་གསར་དུ་བཟོས་བྱས་བྱས། རྒྱལ་པོ་ལ་ཕུལ་དུས་ཙམ་པ་དེ་ནི། རྒྱལ་པོ་ནི་ཞེ་དྲག་གི་དཔེར་ན། དགོངས་པ་ཡིན་ན་འགྱེད་ནས་འགྱེད་པ་བསྐྱེད་ནས། ཡིན་ན་རེད་པ། ཐོན་མི་ལ་དེ་ནི་གཟེངས་བསྟོད་པའི་བཀའ་བཏང་ནས།
- ནོར་བྲང་ཨོ་རྒྱན།ཐོན་མི་ལ་དེ་ནི་བློན་ཆེན་ཐོན་མི་ལ་དེ་ནི་བོད་ཡིག་གསར་དུ་གཏོད་པའི་དེ་ནི་དེ་ཚོ་དཔེར་ན་ལས་དོན་རླབས་ཆེན་པོ་ཞེ་པོ་ཡིན་པ་ལ་སོགས་པ་དེ་ཚོ་ལ་ཆ་བཞག་ན། རྒྱལ་པོས་ཡིན་ན་གཟེངས་བསྟོད་ཆེན་པོ་དེ་འདྲས་གནང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།གཟེངས་བསྟོད་དེ་བཀའ་གནང་ཡས་དེ་གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།གངས་ཅན་སྐྱེ་འགྲོའི་རྨོངས་མུན་སེལ་བའི་ཉི་མ་ཡིན་ཟེར། ཤེས་བྱའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཡིན་ཟེར། མཁས་པའི་བ་གམ་ལ་འཇུག་པའི་ཐེམ་སྐས་ལྟ་བུ་ཡིན་ཟེར། ཡོན་ཏན་ཐམས་ཅད་ཀྱི་གཞི་དང་རྩ་བར་འགྱུར་པའི་བོད་ཡིག་དེ་ཉིད་ཨ་ནི་ཐོན་མིས་གསར་གཏོད་གནང་བས། ཐོན་མིས་གསར་གཏོད་མཛད་པས། བཀའ་དྲིན་གཞལ་བར་དཀའ་བ་སོགས། བཀའ་དྲིན་གཞལ་བར་དཀའ་བ་དེ་དེ་ནི།གཟུགས་འཛིན་དབང་པོའི་དགའ་སྟོན་དུ་གྱུར་པ་འདི་ཀ་ལགས། ཟེར་ན།
- ནོར་བྲང་ཨོ་རྒྱན།གཟུགས་འཛིན་དབང་པོ་ང་རང་ཚོའི་མིག་ལ་མཐོང་རྒྱུ་ཡོད་པ་དེ་ག་རང་རེད་ཟེར། གཞན་ཡང་ཐོན་མི་ལ་བཀའ་དྲིན་ཅན་གྱིས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་ལ་སོགས་པ་དམ་པའི་ཆོས་དུ་མ་་བསྒྱུར་བ་ནི་ལྗོངས་འདིར་དམ་པའི་ཆོས་བསྒྱུར་བའི་ཐོག་མ་དང་། དེ་ནི་གཞན་ཡང་ཕྱོགས་གཅིག་ནས། ཨ་ནི་ཐོན་མི་སམ་བྷོཨོ་ཌས་བོད་ལ་དཔེར་ན། ཡིག་གཟུགས་ཡིག་གེ་དེ་གས་དེ་ཨེ་དབྱངས་གསལ་གཉིས་གཏན་ལ་ཕབ་པའི་ཐོག་ནས་ཡིག་གཟུགས་གཉིས་གཏན་པ་ཕབ་པའི་རྗེས་ནས། སུམ་ཅུ་པ་དང་རྟགས་འཇུག་གཉིས་ཡིན་ན་གཏན་ལ་ཕབ་པ་བྱས་ནས། དེ་གས་གཏན་ལ་ཕབ་པའི་མཇུག་གུ་ལ་ཆ་བཞག་ན། དེ་ནི་ཐོན་མི་བཀའ་དྲིན་ཅན་གྱིས་སླར་ཡང་དེ་ནི་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དེ་གོང་དུ་ཞུས་པ་དེ་གས་དེ། དེ་ནི་བོད་ཡིག་ཏུ་ཐོག་མར། མདོ་རྒྱུད་ཉི་ཤུ་རྩ་གཅིག་ལ་སོགས་པ་དེ་ནི་དམ་པའི་ཆོས་དུ་མ་བོད་ཡིག་ཏུ་བསྒྱུར་བ་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།བོད་ཡིག་ཏུ་བསྒྱུར་བ་ཡིན་དུས་ཙམ་པ་ད་ལྗོངས་དེ་ལ་དེ་ནི་དམ་པའི་ཆོས་བསྒྱུར་བའི་ཐོག་མ་དེ་ནི། ལོ་ཙཱ་བ་ཐོག་མ་དེ་སུ་རེད་ཟེར་ན། ཐོན་མི་སམ་བྷོཨོ་ཌ་ཡིན་ཟེར། ཐོན་མི་སམ་བྷོཨོ་ཌ་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།རྒྱལ་པོས་བསྟན་པ་རིན་པོ་ཆེ་བཙས་སུ་སྙིང་པོར་དགོངས་ནས་བློན་པོ་ཐོན་མི་ལ་བཀའ་དྲིན། བཀུར་བསྟི་རྒྱ་ཆེར་མཛད་པས་བློན་པོ་གཞན་ཕྲག་དོག་གཟས་པར་ཟེར་ན། རྒྱལ་པོས་ཡིན་ནའི་བསྟན་པ་རིན་པོ་ཆེ་དེ་ནི་ད་རྦད་དེ་འཕེལ་ཡས་ཀྱི་སྙིང་པོར་དགོངས་ནས། དེ་ནི་ཐོན་མི་ལ་བློན་ཆེན་ཐོན་མི་ལ་ཡིན་ནའི་བཀུར་བསྟི་རྒྱ་ཆེར་མཛད་པ་ལ་ཆ་བཞག་ན།ཨ་ནི་བློན་པོ་གཞན་དག་ལ་ཆ་བཞག་ན། ཕྲག་དོག་གཟས་པ་རེད། ཕྲག་དོག་སྐྱེས་པ་རེད།ཟེར།
- ནོར་བྲང་ཨོ་རྒྱན།ཕྲག་དོག་སྐྱེས་དུས་ཙམ་པ་ཐོན་མིས་ག་རེ་གསུངས་པ་རེད་ཟེར་ན། ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། མི་མཁས་པ་སླེབས་པའི་སྔོན་མ་ཡིན། ང་མུན་པ་སེལ་བའི་སྒྲོན་མེ་ཡིན། རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད། བོད་ཁ་བ་ཅན་གྱི་མི་རྣམས་ལ། ང་ཐོན་མི་བཀའ་དྲིན་མི་ཆེ་འམ། ཟེར།
- ནོར་བྲང་ཨོ་རྒྱན།ཞེས་པ་དེ་ཟེར་ན་ད་དེ། ཨེ་སྐབས་དེ་དུས་ཆ་བཞག་ན་རྒྱལ་བའི་བསྟན་པ་ཡིན་ན་དབུ་བརྙེས་པ་ཙམ་ལས་འཕེལ་ཞིང་རྒྱས་པ་ཞིག་མ་ཡིན་པའི། དུས་དེ་འདྲས་གཅིག་རེད། ད་དུང་དེ་ནི་བོད་ཀྱི་ཡུལ་དེ་ནི་མཐའ་འཁོབ་ཀྱི་ཡུལ་དེ་འདྲས་གཅིག་རེད།
- ནོར་བྲང་ཨོ་རྒྱན།བྱས་ཙང་མཐའ་འཁོབ་ཀྱི་ཡུལ་ཡིན་དུས་ཙམ་པ་མཐའ་འཁོབ་ཀྱི་ཡུལ་དུ་དེ་ནི་བོད་ཀྱི་རྒྱལ་ཁམས་དེ་ལ་ཡི་གེ་དང་སྒྲ་ལ་མཁས་པའི་མི་མཁས་པ་པ་ཐོག་མར་བྱུང་ཡས་དང་། དེ་ནི་སླེབས་པའི་སྔོན་མ་དེ་ནི་ཡིན་ན་ང་ཐོན་མི་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།ང་ནི་བོད་རྨོངས་པའི་མུན་པ་སེལ་མཁན་སྒྲོན་མེ་ཡང་ཡིན་ཟེར། རྗེ་རྒྱལ་པོ་དེ་ནི་ཉི་ཟླའི་ཚུལ་དུ་བཞུགས་དེ་ནི་རྗེ་རྒྱལ་པོ་དེ་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་དེ་ནི་ང་ཚོས་འགྲན་ཟླ་ཁྱོན་ནས་ཡོའོ་མ་རེད།
- ནོར་བྲང་ཨོ་རྒྱན།གནམ་གྱི་ཉི་ཟླ་ནང་ལྟར་རྦད་དེ་ང་ཚོས་གུས་བཀུར་ཞུ་ཉི་ཟླ་ཚུལ་དུ་བཞུགས་ཡོའོ་རེད་ཟེར། གོང་དུ་བཞུགས་པ་ལས་ང་ཚོས་འགྲན་ཟླ་སུ་གཅིག་གིས་ཆོག་གི་མ་རེད་ཟེར།
- ནོར་བྲང་ཨོ་རྒྱན།གྲོགས་རང་མཉམ་གྱི་ད་གཅིག་གི་བློན་པོའི་ཁྲོད་ན་ད་ཤེས་པ་ཅན་ང་ཙམ་ལས་གཞན་མེད་ད། ང་རང་ཚོའི་ད་བློན་པོའི་ནང་ལ་ཆ་བཞག་ན་ད་ང་དང་མཉམ་པ་དེ་ནི་གཞན་དག་དེ་འདྲས་ཁྱོན་ནས་ཡོའོ་མ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་དེ་འདྲས་ཡིན་དུས་ཙམ་པ་ད་ངས། ང་ཡིན་ན་བོད་ཁ་བ་ཅན་གྱི་མི་རྣམས་ལ་དེ་ནི་ང་ཐོན་མི་བཀའ་དྲིན་ཆེན་པོ་མ་རེད་པས། ཁྱེད་རང་ཚོས་བསམ་བློ་གཏོང་དང་བྱས་ནས་དེ་འདྲས་ཀྱི་དཔེར་ན་བློན་པོ་ཚོ་ལ་ཡིན་ནའི་དཔེར་ན་གང་ཟེར་དགོས་རེད་ཕྲག་དོག་བྱེད་ཡས་དེ་ཚོ་ལ་ཡིན་ན་ཚུལ་མིན་གྱི་འགྲན་ཟླ་རློམ་པའི་མི་བསྲུན་པའི་སེམས་ཀྱི་བྲག་རི་ནི། ཟེར་ད་ཁོང་ཚོའོ་དཔེར་ན། སེམས་ཀྱི་ནང་ལ་ཆ་བཞག་ནའི་རྨོངས་པའི་ཐོག་ནས་དཔེར་ན། འགྲན་སེམས་དེ་ཚོ་ལ་ཆ་བཞག་ན་སེམས་དེ་ཚོ་བྲག་རི་དེ་གས་དེ་ལ་རྨོངས་བརྟུལ་གྱི་དྲི་མ་མེད་པའི་ཐོག་ཁ་བ་ཅན་ལ་སྨན་པའི་དཔྱོད་ལྡན་གྱི་མཛད་པ་བཟང་པོ་དང་།
- ནོར་བྲང་ཨོ་རྒྱན།འགྲོ་བ་ཡོངས་ལ་སྨན་པའི་ཨ་ནི་དཔྱོད་པ་དང་ལྡན་པའི་ཨ་ནི་མཛད་པ་བཟང་པོ་དང་། གནས་ལུགས་ཇི་ལྟ་བ་བཞིན། གནས་ལུགས་ཇི་ལྟ་བ་དེ་ནི་དངོས་གནས་དྲང་གནས་དཔེར་ན་བོད་ལ་ཡི་གེ་བཟོ་ཡས་ལ་སོགས་པ་དེ་ཚོ་མི་བཀའ་དྲིན་ཆེ་པོ་དེ་གས་དཔེར་ན།
- ནོར་བྲང་ཨོ་རྒྱན།གསུངས་ཀྱི་གནམ་ལྕགས་ཀྱི་ཐོག་ནས། གནམ་ལྕགས་ཐོག་མདའ་ཟེར་ན་ཐོག་བརྒྱབ་ས་ཐོག་བརྒྱབ་པ་ནང་ལྟར་གྱི་ཐོག་ནས་དེ་ནི་ཁོང་ཚོའི་དཔེར་ན། ཁེངས་པ་དེ་གས་དེ་ཡིན་ན་བསིལ་བུར་བཏང་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཁེངས་པའི་བྲག་རི་དེ་གས་དེ་བསིལ་བུར་བཏང་ཡོའོ་རེད་ཟེར། གསུང་དེ་དག་ལ་དཔགས་ན་དེའི་ཐོག་ལ་ལྔ་པ་ཆེན་པོས་གསུངས་ནས། གསུང་ཡས་ལ་ཆ་བཞག་ན། གསུང་དེ་དག་ལ་དཔགས་ན་དེ་དུས་དེང་སང་མ་ཡིན་པ། དུས་སྐབས་བཟང་པོ་དེ་འདྲས་ཀྱི་དེ་དག་ལ་ཡང་དེ་ནི་དེ། བླུན་པོས་ཤེས་ལྡན་དག་ལ་ཡོད་ཚོད་ཡིན་ནའི་འདུག
- ནོར་བྲང་ཨོ་རྒྱན།གཙོ་བོ་བྱས་ན་ལྔ་པ་ཆེན་པོས་སྐབས་དེ་དུས་ལྔ་པ་ཆེན་་པོ་འཚོ་བཞུགས་སྐབས་ལ་ཆ་བཞག་ན་དེ་འདྲས་ཀྱི་དཔེར་ན་མཁས་པ། གཅིག་གི་འཕྱ་སྨོད་བྱེད་ཡས་ཀྱི་གནས་ཚུལ་དེ་ཚོ་ལ་ཆ་བཞག་ནའི་འདུག བྱུང་བའི་རྣམ་པའི་ཐོག་ནས་ད་དེང་སང་ཙམ་མ་ཡིན་པའི་སྔོན་མ་ཡིན་ན་དུས་སྐབས་བཟང་པོ་དེ་འདྲས་ཡིན་ནའི། དེ་འདྲས་ཀྱི་དཔེར་ན་མཁས་པའི་བླུན་པོས་དེ་ནི་མཁས་པ་ལ་བཤད་པ་་དེ་འདྲས་འང་ཡོད་ཚོད་འདུག
- ནོར་བྲང་ཨོ་རྒྱན།འདུག་ཟེར་བྱས་ནས་རང་རློམས་བྱས་ནས་མི་རྣམས་ལ་ལེགས་པར་སོམས་ལ་རྟག་ཏུ་བག་ཡོད་པ། སོ་སོའི་རྦད་དེ་ཁེངས་པ་ཅན་དེ་ཚོ་ལ་ཡིན་ན། ལེགས་པར་བསམ་བློ་བཏང་ནས་དཔེར་ན། རྟག་ཏུ་བག་ཡོད་པའི་བྱ་བ་ལ་འབུངས་ཤིག་བྱས་ནས་ལྔ་པ་ཆེན་པོས་ནན་ཏན་ཏན་གྱི་སྒོ་ནས། ཨ་ནི་བཀའ་གནང་བ་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་ཀྱི་བོད་ལ་ཡི་གེ་བོད་ཡིག་སྲོལ་གཏོད་རེད་པ། བོད་ལ་ཡི་གེ་འབྲི་ཀློགས་ཀྱི་སྲོལ་ལེགས་པར་གཏོད་ནས། དགེ་བ་བཅུའི་ཁྲིམས་ཀྱི་ཐོག་ནས་དགེ་བ་བཅུ་ཟེར་ཡས་ཁོ་དེ་ནི་མི་དགེ་བ་བཅུ་ཟེར་ཡས་ཁོའི་ཐོག་ནས་རེད་པ། ལུས་ཀྱི་སྒོ་ནས་སྲོག་གཅོད་པ་མ་སྦྱིན་པ་ལེན་པ། ལུས་ཀྱི་སྒོ་ནས་སྲོག་མ་གཅོད་པ་མ་སྦྱིན་པ་མི་ལེན་པ་མི་བྱེད་པ། འོང་ལོག་པར་གཡེམ་པ་དེ་འདྲས་མི་བྱེད་པ་དེ་འདྲས་ཀྱི་ཐོག་ནས། དེ་འདྲས་དགེ་བ་གསུམ་དང་།
- ནོར་བྲང་ཨོ་རྒྱན།ངག་གི་སྒོ་ནས་དེ་ནི་བརྫུན་མི་སྨྲ་བ། ཕྲ་མ་མི་བྱེད་པ། ཚིག་རྩུབ་མི་སྨྲ་བ། ང་རྒྱལ་མི་སྨྲ་བ་ཨེ་དེ་འདྲས་ཟེར་བཞི་དང་། ཡིད་ཀྱི་སྒོ་ནས་དེ་ནི་བརྣབས་སེམས་མི་བྱེད་པ། གནོད་སེམས་མི་བྱེད་པ། ཨེ་ལོག་བལྟ་མི་བྱེད་པ། དེ་འདྲས་ཀྱི་དཔེར་ན་དགེ་བ་བཅུའི་ཁྲིམས་ཀྱི་སྒང་རུ་དེ་ནི།
- ནོར་བྲང་ཨོ་རྒྱན།དེ་ཨ་ནི་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྲོལ་དེ་འདྲས་གཏོད་པ་ཡིན་ན། གནང་བ་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་མི་ཆོས་གཙང་མ་བཅུ་དྲུག་ཟེར་ཡས་དེ་གང་འདྲས་རེད་ཟེར་ན། དཀོན་མཆོག་གསུམ་ལ། དང་པོ་དེ་དཀོན་མཆོག་གསུམ་ལ་གུས་པ་བྱེད་ཡས། དེ་ནི་དཀོན་མཆོག་གསུམ་ལ་གུས་པ་བྱེད་པ། ཨེ་ད་ག་ནང་ལྟར་གཉིས་པ་དེ་དམ་པའི་ཆོས་ལ་དེ་ནི་བསྒྲུབ་པ། གསུམ་པ་དེ་ནི་ཕ་མ་ལ་བཀུར་བསྟི་ཞུ་ཡས། བཞི་པ་དེ་ཡོན་ཏན་ཅན་ལ་གོང་དུ་བཀུར་ཡས། ཡོན་ཏན་ཅན་ལ་རྦད་དེ་གོང་དུ་བཀུར་ཡས། ལྔ་པ་དེ་རིགས་མཐོ་བ་དང་། རྒན་རབས་ལ་ཕུ་དུད་བྱེད་པ། རིགས་མཐོ་བ་དང་དེ་ནི་རྒན་རབས་དེ་ཚོ་ལ་ཡིན་ནའི་དཔེར་ན་གུས་ཞབས་བྱེད་དགོས་ཡས།
- ནོར་བྲང་ཨོ་རྒྱན།ཨེ། དྲུག་པ་དེ་ཡིན་ན་མཛའ་བཤེས་ལ་གཞུང་རིང་པོ་བྱེད་པ། མཛའ་བཤེས་དཔེར་ན་ད་དེ་འདྲས་ཀྱི་དཔེར་ན་སྒྲིག་མེད་འདྲ་པོ་མ་བྱས་པ་བྱས་ནས། དེ་ནི་གཞུང་རིང་པོ་བྱེད་དགོས་ཡས། ཨེ་བདུན་པ་དེ་ཡུལ་མི་ལ་ཕན་འདོགས་པ། སོ་སོའི་ཡུལ་མི་ཕན་ཚུལ་ལ་ཆ་བཞག་ནའི་ཕན་འདོགས་པ་བྱེད་ཡས།
- ནོར་བྲང་ཨོ་རྒྱན།ཨེ་བརྒྱད་པ་དེ་ཡིད་དྲང་པོ་བྱེད་ཡས། ལས་ཀ་གང་དང་གང་ཡིན་ནའི་དཔེར་ན། གཞུང་དྲང་པོ་བྱེད་ཡས། ཨེ་དགུ་པ་དེ་ཡིན་ན་མིག་ཡ་རབས་ལ་བལྟ་བ་དེ་ནི་མི་རྦད་དེ་སྤྱོད་ལྡན་ཡ་རབས་ལ་མིག་དཔེ་བལྟ། མིག་ཡ་བལྟ་བྱེད་དགོས་ཡས།
- ནོར་བྲང་ཨོ་རྒྱན།བཅུ་པ་དེ་ཡིན་ན་ཟས་ནོར་ལ་སྤྱོད་ཤེས་པ་དེ་ནི། ཟས་ནོར་ཅི་དག་ཡིན་ནའི་གང་བྱུང་མ་བྱུང་མ་སྤྱད་པ་བྱས་ནས་ཟས་ནོར་ལ་ཡིན་ན་སྤྱོད་ཤེས་པ་བྱེད་ཡས། བཅུ་པ་དེ།
- ནོར་བྲང་ཨོ་རྒྱན།བཅུ་གཅིག་པ་དེ་དྲིན་ལན་ཅན་ལ་ཕན་ལན་འདོགས་དགོས་པ། དྲིན་ཅན་ལ་ཕན་ལན་འདོགས་དགོས་པ། ད་བཅུ་གཅིག་པ་དེ་སོ་སོའི་ཕ་མ་ལ་སོགས་པ་དེ་ཚོ་ལ་མི་དྲིན་ཅན་གྱི་ཐོག་ལ་ཡིན་ན་ངེས་པར་དུ། དེ་ནི་ཕན་ལན་དེ་དྲིན་ལན་བཟང་པོས་འདོགས་དགོས་ཡས།
- ནོར་བྲང་ཨོ་རྒྱན།བཅུ་གཅིག་པ་དེ་བྲ་དང་སྲང་ལ་གཡོ་སྒྱུ་མེད་པ། དེ་ནི་བྲེ་དང་སྲང་ལ་ཡིན་ནའི་གཡོ་སྒྱུ་མེད་པ་དངོས་གནས་དྲང་གནས་ཁ་རེ་ཁ་གཏུག་བྱེད་དགོས་ཡས་རེད་པ། འོང་བཅུ་གསུམ་པ་དེ་ཡིན་ན། སྤྱི་སྙོམས་བྱེད་ཞིང་གཞན་ལ་ཕྲག་དོག་མེད་པ། དེ་ནི་བཅུ་གསུམ་པ་དེ་ནི་སྤྱི་སྙོམས་བྱས་ནས་རེད་པ། སྤྱི་སྙོམས་སྤྱི་ལ་སྙོམས་པ་རེད་པ། ཤེས་ཤིང་དེ་ནི་གཞན་ལ་ཕྲག་དོག་དེ་ན་རྒྱུ་ནས་མི་བྱེད་པ།
- ནོར་བྲང་ཨོ་རྒྱན།བཅུ་བཞི་ཡིན་ན་བུད་མེད་ཀྱི་ཁ་ལ་མི་ཉན་པ། བཅུ་བཞི་ལ་བུད་མེད་ཀྱི་ཁ་ལ་མི་ཉན་པ། བཅོ་ལྔ་པ། ངག་འཇམ་ཞིང་སྨྲ་མཁས་པ། དེ་ནི་བཅོ་ལྔ་པ་ནི་ཁ་ནས་སྐད་ཆ་བཤད་དུས་ཙམ་པ་ཁ་ནས་འཇམ་པོ་བྱས་བཤད་ཡས། སྐད་ཆ་ཡིན་ན་ཚིག་སྙན་པོ་བཤད་དགོས་ཡས།
- ནོར་བྲང་ཨོ་རྒྱན།བཅུ་དྲུག་པ་ནི། ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་སྟེ། བཅུ་དྲུག་པ་དེ་ནི་ཐེག་པ་ཆེན་པོ་བྱས་ནས་དཔེར་ན་རང་ལ་གནས་ཚུལ་གང་འདྲས་ཅིག་ཡིན་ནའང་དེ་ཚོ་ལ་བཟོད་པ་བྱས། དེ་ཚོ་ལ་དཔེར་ན་ཁོག་པ་བྱས་བྱས། རེད་པ་བློ་ཁོག་ཡངས་པོ་བྱས་བྱས། དེ་འདྲས་ཀྱི་དེ་ནི་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་དང་བཅས་པའི་མི་ཆོས་གཙང་མ་བཅུ་དྲུག་ཟེར་ན། ལྷ་ཆོས་དགེ་བ་བཅུ་དང་།མི་ཆོས་གཙང་མ་བཅུ་དྲུག་ཟེར་ཡས་དེ་ནི་སྲོང་བཙན་སྒམ་པོའི་སྐབས་དུས་ལ་བྱུང་བ་དེ་འདྲས་གཅིག་རེད།
- ནོར་བྲང་ཨོ་རྒྱན།ད་ཁྲིམས་དང་བཅས་པ་བླང་དོར་ཕྱིན་ཅི་མ་ལོག་པ་ཚུལ་བཞིན་བསྲུང་དགོས་པའི་བཀའ་གསུངས། བཀའ་དེ་འདྲས་ཀྱི་དཔེར་ན་ད་ལྷ་ཆོས་དགེ་བ་བཅུའི་སྲོལ་གཏོད་དང་།ད་ག་ནང་བཞིན་གྱི་མི་ཆོས་གཙང་མ་བཅུ་དྲུག་ཁྲིམས་དང་བཅས་པ་དེ་གྱད་དེ་བླང་དོར་དེ་གས་དེ་ཕྱིན་ཅི་མ་ལོག་པ་བྱེད་དགོས་ཡས་ཀྱི་ཐོག་ནས།
- ནོར་བྲང་ཨོ་རྒྱན།ཚུལ་བཞིན་དགོས་པའི་དེ་ནི་རྒྱལ་པོ་སྲོང་བཙན་སྒམ་པོས་དེ་ནི་རྦད་དེ་ཐམ་ག་དང་སྦྲགས་ནས་རྦད་དེ་རྩ་ཚིགས་དེ་བཀྲམ་པ་གནང་བྱས།རེད་པ། ཐུགས་དམ་གྱི་རི་མོ་མངོན་པར་གསལ་བའི་རྒྱས་བཏབ་སྟེ་ནོད་འཛིན་ཡངས་པའི་ཁྱོན་དུ་ཨེ་འོང་། གཅིག་བྱས་ནས་དེ་འདྲས་ཀྱི་དཔེར་ན།
- ནོར་བྲང་ཨོ་རྒྱན།ཨེ་བཀའ་གནང་བྱས་ནས། རྒྱལ་པོ་ལ་རྩ་ཚིགས་དེ་འདྲས་བཀྲམ་པ་གནང་བྱས་རེད་པ། རྒྱས་ནོར་འཛིན་ཡངས་པའི་ཁྱོན་འདིར་རྩི་ཤིང་འབྲས་བུའི་ཁུར་དང་ལྡན་པ་སྟོན་ཀའི་དུས་ཀྱི་དྲི་མ་མེད་པ་ལ་རྟ་ལྗང་གི་དབང་པོ་ཉི་མ་ཤར་བ་ལྟར་གསལ་བས་ཟེར།
- ནོར་བྲང་ཨོ་རྒྱན།བྱས་ནས་ད་དེ་རེད། ནོར་ཡངས་པའི་ཁྱོན་ལ་རྩི་ཤིང་འབྲས་བུའི་ཁུར་དང་ལྡན་པ་དེ་ནི། སྒོ་ནས་ས་གཞིའི་ཁྱོན་ཐམས་ཅད་ལས་ད་སྟོན་ཀ་ཟེར་ཡས་དེ། དེ་ནི་ས་ཞིང་ཐམས་ཅད་ཀྱི་འབྲས་བུ་སྨིན་པའི་དུས་ཚོད་རེད་པ།
- ནོར་བྲང་ཨོ་རྒྱན།འབྲས་བུ་སྨིན་པའི་དུས་ཚོད་རེད། དེ་འདྲས་ཡིན་དུས་ཙམ་པ་སྟོན་ཀ་ཡིན་ན་གཅིག་ནས་འབྲས་བུ་སྨིན་པའི་དུས་ཚོད་རེད། གཉིས་ནས་སྟོན་ཀ་ཟེར་ཡས་དེ་ནམ་མཁའ་ལ་ཡིན་ན། ཨ་ནི་སྤྲིན་ཡིན་ན་ཁྱོན་ནས་མེད་པ། དྭངས་བསང་བསང་ཡོད་པ་རེད་པ།
- ནོར་བྲང་ཨོ་རྒྱན།དེ་ནང་ལྟར་བྱེད་དུས་ཙམ་པ། དྭངས་བསང་བསང་ཡོད་དུས་ཙམ་པ་དེ་ནི་རྒྱལ་པོའི་བཀའ་ཁྲིམས་དེ། དེ་གྱད་དེ་ཡིན་ན། རྟ་ལྗང་དབང་པོ་ཟེར་ན། ཨེ་ཉི་མ་ལ་རྟ་ལྗང་ཟེར་གྱི་ཡོའོ་རེད་པ། བྱས་ནས་ཉི་མ་ཤར་བ་ནང་ལྟར་གྱི་ཐོག་ནས་ཁ་བ་་་་་་ཁ་བ་རི་པའི། ཁ་བ་རི་པ་ཟེར་ཡས་དེ་ཡིན་ན་བོད་ལ་ཡིན་ན་ཁ་བ་རི་བ་བྱས་ནས་ཟེར་གྱི་ཡོའོ་རེད་པ།
- ནོར་བྲང་ཨོ་རྒྱན།གསལ་བར་སྤེལ་ཞིང་ཟེར། ད་ག་ནང་ལྟར་གྱི་དཔེར་ན། གཉའ་ཤིང་འཛིང་རི་དང་། གཤོལ་མདའ་འཛིན་དང་། སེང་ལྡེང་ཅན། བལྟ་ན་སྡུག་དང་། རྟ་རྣ་ཅན། རྣམ་འདུད། མུ་ཁྱུད་འཛིན་ཞེས་གསེར་གྱི་རི་བདུན་གྱི་ནང་ནས་ད་ཆེས། གསེར་གྱི་རི་བདུན་དང་རོལ་པའི་མཚོ་བདུན་ཟེར་ཡས་དེ་འདྲས་གཅིག་ཡོའོ་རེད། ཟེར།
- ནོར་བྲང་ཨོ་རྒྱན།གསེར་གྱི་རི་བདུན་ནང་ནས་ཆེས་ལྕི་བར་འགྱུར་བ་དེ་བ་ག་རེ་རེད་ཟེར་ན། གཉའ་ཤིང་འཛིན་རི་ཟེར་ཡས་དེ་རེད།
- ནོར་བྲང་ཨོ་རྒྱན།དེ་གསེར་གྱི་འཛིན་རིའི་ནང་ནས་ཆེ་བ་གཅིག་ཡོའོ་རེད། བྱས་ཙང་དེ་འདྲས་ཡིན་དུས་ཙམ་པ་ད་དེ་འདྲས་ཀྱི་དཔེར་ན་གསེར་གྱི་འཛིན་རི་དང་མཚུངས་པའི་མི་ཚང་མའི་གཉའ་བ་ལ་འོང་གཉའ་བ་གནོན་ཐུབ་པ་གཅིག་གི་ཐོག་ནས་གང་གནང་བ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནི་བོད་ལ་ཡིན་ན་ཁོད་སུམ་ཅུ་སོ་དྲུག་ལ་གྲགས་པའི་ཨ་ནི་བཀའ་ཁྲིམས་ཀྱིས་སྐྱེ་བོ་རྣམས་ཀྱི་ཨེ་གཉའ་བར་མཛད་པས། གཉའ་ཤིང་མཛད་པས། ཁོད་སོ་ཅུ་སོ་དྲུག་གཏན་འབེབས་བྱས་བྱས་རེད་པ། བོད་ཆེན་པོའི་རྒྱལ་ཁམས་འདི་ཁྱོན་ཀུན་ལས་གནས་པའི་སྐྱེ་བོ་མཐའ་དག་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་དགའ་སྟོན་ལན་ཅིག་ཙམ་མིན་པར་དུས་རྟག་ཏུ་མྱོང་བར་མཛད་དོ།ཟེར།
- ནོར་བྲང་ཨོ་རྒྱན།བྱས་ནས་ད་དེ་འདྲས་ཀྱི་དཔེར་ན་ཕྱོགས་གཅིག་ནས་ཡི་གེའི་སྲོལ་གཏོད། གཉིས་ནས་ཡིན་ན་རྦད་དེ་ཨེ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་དཔེར་ན་ཁྲིམས་ལུགས་ཀྱི་དེ་སྲོལ་གཏོད། ཡིན་ནའི་ཁྲིམས་སྲོལ་ངོ་མ་དེ་ཡིན་ན་རྦད་དེ་ཁོད་སུམ་ཅུ་སོ་དྲུག་ཟེར་ཡས་དེ་འདྲས་ཀྱི་ཐོག་ནས། བྱས་ན་བྱས་ཆོག་པ་ཆོག་པ་དང་། མ་ཆོག་མ་ཆོག་པ་དེ་འདྲས་ཀྱི་དེ་ནི་གསལ་པོར་ཁྲིམས་ཀྱི་ཐོག་ནས་གཏན་ལ་ཕབ། ཁོད་སུམ་ཅུ་སོ་དྲུག་ཟེར་ཡས་དེ་ནི་གཏན་ལ་ཕབ་པ་དེ་གས་དེ་བྱས་པའི་མཇུག་གུ་ལ་ཡིན་ན།
- ནོར་བྲང་ཨོ་རྒྱན།བོད་དང་བོད་ཀྱི་དེ་ནི་གང་འདྲས་གཅིག་ཡོའོ་རེད་ཟེར་ན། བོད་ཀྱི་སྐྱེ་རྒུ་མཐའ་དག་མངོན་མཐོ་དང་ངེས་ལེགས་ཀྱི་རེད་པ། ངེས་ལེགས་ཀྱི་ནང་ནས་དགའ་སྟོན་ལ་ཆ་བཞག་ན་ཚང་མ་ཡིན་ན་རྦད་དེ་མི་ཚང་མ་ཡིན་ན། ཡ་རབས་སྤྱོད་བཟང་གི་དཔེར་ན། བྱ་བ་བཟང་པོ་དེ་རང་འཇུག་པ་མ་གཏོགས། དེ་འདྲས་ཀྱི་དཔེར་ན་མ་རབས་ཀྱི་བྱ་བ་ལ་སོགས་པ་དེ་འདྲས་མེད་པས། མཛད་པ་དང་པོ་དེ་འདྲས་བསྐྱངས་བ་གནང་བ་རེད་ཟེར་།
- ནོར་བྲང་ཨོ་རྒྱན།དེའི་ཐོག་ལ། ད་དེ་ལ་ལྔ་པ་ཆེན་པོས་སྐབས་དེ་ཡིན་ན། ངལ་གསོའི་ཚིགས་བཅད་གསུངས་ཡོའོ་རེད། ངལ་གསོའི་ཚིགས་བཅད་དེ་ལ། འགྲོ་བའི་བསོད་ནམས་དཔྱིད་ཀྱི་མངལ་ཁུར་ལས༎ དཔག་བསམ་ཡོངས་འདུའི་རྒྱས་སྲས་མཚར་སྡུག་ཆེ༎ འཐོན་པའི་ཕྱག་ན་པདྨོ་མི་ཡི་སྲིད༎ བཟུང་འདིས་རྫོགས་ལྡན་དྲི་དེ་རིང་ནས་འགུགས། ཟེར་ཡས་དེ་ནི།
- ནོར་བྲང་ཨོ་རྒྱན།དེ་ནི་འགྲོ་བའི་བསོད་ནམས་ཨེ་སྐབས་དེ་དུས་ཡིན་ན་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དཔྱིད་ཀྱི་མངལ་ཁུར་ལས། ཟེར།
- ནོར་བྲང་ཨོ་རྒྱན།དཔྱིད་ཀྱི་མངའ་ཁུར་ལས་དཔྱིད་ཀ་དེ་ནི་དེ་བྱས་པ་རེད་ཟེར། དཔྱིད་ཀ་ས་ཞིང་གི་ནང་ནས་མ་ནས་ལོ་ཏོག་རྒྱས་པ་ནང་ལྟར་གྱི་ཐོག་ནས། དེ་ནི་དཔག་བསམ་ཡོངས་འདུའི་རྒྱལ་སྲས་མཚར་སྡུག། དཔག་བསམ་ཡོངས་འདུ་ཟེར་ཡས་དེ་ཆ་བཞག་ན། དཔག་བསམ་ཡོངས་འདུ་ཟེར་ཡས་དེ་ཡིན་ན། དེ་ལ་དཔེར་ན་དགེ་མཚན་ཐམས་ཅད་ལྡན་ནས་བསམས་ཀྱི་མི་ཁྱབ་པ་དེ་འདྲས་ཡིན་ནའི་ཡོང་གི་ཡོད་ཟེར་གྱི་ཡོའོ་རེད་པ།
- ནོར་བྲང་ཨོ་རྒྱན།དཔག་བསམ་ལྗོན་པ་དང་། དཔག་བསམ་ཡོངས་འདུ་ཟེར་ཡས་ཀྱི་དེ་འདྲས་ཀྱི་དཔེར་ན་ད། རྒྱལ་སྲས་མཚར་སྡུག་ཅན་དེ་དེ་ནི་གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།སྲོང་བཙན་སྒམ་པོས་དེ་ནི་འགྲོ་བའི་བསོད་ནམས་ཞིང་དུ་ཕེབས་པ་རེད་ཟེར། ཕེབས་དུས་ཙམ་པ་ད་ཕེབས་ནས་ག་རེ་བྱས་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ད་ཨ་ནི་མཚར་སྡུག་ཅན་དེ་འཐོན་ནས་ཕྱག་ན་པད་མོ་མི་ཡི་སྲས་སུ་བྱུང་བ་དེ་ནི་ཨེ། སྲོང་བཙན་སྒམ་པོ་ཕེབས་པའི་མཇུག་གུ་ལ་དེ་ནི་གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།བོད་དེ་དེ་ནི་རྫོགས་ལྡན་དྲི་དེ་རིང་ནས་འགུགས་ཟེར། རྫོགས་ལྡན་གསར་པ་ཟེར་ཡས་དེ་དེ་འདྲས་བྱེད་དུས་ཙམ་ནས། མི་ཚང་མ་བདེ་བ་དང་དེ་གྱད། བདེ་སྐྱིད་ཕུན་སུམས་ཚོགས་པའི་དཔལ་ལ་སྤྱོད་ཡས་དེ་ནི། རྫོགས་པ་ཟེར་ཡས་གཅིག་རེད་པ།
- ནོར་བྲང་ཨོ་རྒྱན།དེ་འདྲས་དེ་རྫོག་སལྡན་གྱི་དྲི་བསུང་དེ་དེ་ནི་རིང་ནས་འགུགས་ཟེར། ད་ལམ་སང་བཀུག་ཐུབ་པ་དེ་འདྲས་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།འོང་གངས་ཅན་འགྲོ་བའི་བསོད་ནམས་དཔྱིད་ཀྱི་མངལ་ཁུར་ལས་ཟེར། ལེགས་པར་དྲངས་པ་ལས་བྱུང་བ་དཔག་བསམ་ཡོངས་འདུའི་ལྗོན་ཤིང་རྩ་བ་བརྟན་ལ་ལོ་འདབས་མཛེས་ཤིང་། འདོད་རྒུའི་འབྲས་བཟང་གིས་ཕྱུག་པ་དང་མཚུངས་པའི་སྐུ་དང་ཡོན་ཏན་མངའ་བ་རྒྱས་སྲས་བྱང་ཆུབ་སེམས་དཔའ་མཚར་སྡུག་ཅན། སྔོན་མེད་པ་ཞིག་འཐོན་པའི་ཕྱག་ན་པད་མོ་པད་དཀར་འཆང་བ་གང་ཞིག་མི་ཡི་སྲིད་པ་བཟུང་བ་སྲོང་བཙན་སྒམ་པོ་ཞེས་བྱ་བ་དེས་ཟེར། རྫོགས་ལྡན་གསར་པའི་དགའ་སྟོན་གྱི་དྲི་བསུང་མངར་མོ་དེ་དག་རིང་མོ་ཉིད་ནས་འགུགས་པ་འདི་ད་ལྟ་བྱུང་ཟེར། མཐའ་དག་གཟུགས་རྒྱན་གྱི་སྒོ་ནས་དེ་ནི་སྲོང་བཙན་སྒམ་པོའི་མཛད་པ་ལ་བསྟོད་པ་དེ་འདྲས་ཅིག་རེད། ཟེར།
- ནོར་བྲང་ཨོ་རྒྱན།ད་གཤམ་ལ་དེ་ནི་ཡི་གེའི་དེ་ལ་བསྟོད་པ་ཅིག་རེད། མཁའ་མེའི་སྲས་བུར་བརྒྱུས་པའི་ཀ་འཕྲེང་ལ༎ རྒྱ་མཚོའི་དབྱངས་ཀྱི་བརྒྱན་པའི་ཡི་གེའི་བརྡའི༎ རིན་ཆེན་འཕྱང་འཕྲུལ་རིན་དུ་གསེར་ལྡན་ལྟོ༎ ནོར་བུའི་ཟོང་གིས་བཀང་ཡང་ཁུགས་སམ་ཅི༎ ཟེར།
- ནོར་བྲང་ཨོ་རྒྱན།ཡི་གེ་ལ་བསྟོད་པའི་མཛད་པ་གཅིག་རེད། དེ་གང་འདྲས་ཟེར་ན་དེ། ནམ་མཁའ་ནས་ད་ང་རང་ཚོ་བོད་ཀྱི་དེ་ནི་ཡི་གེའི་ཁ་གཏུག་ལ་བྱས་ན། ནམ་མཁའ་ཟེར་སྟོང་པ་རེད་པ། ཀླད་ཀོར་དེ་ལ་སྟོང་པ་ཟེར་གྱི་ཡོའོ་རེད་བྱས་ནས་ཡོའོ་རེད། ཨ་ནི་ནམ་མཁའ་ཟེར་ཡས་དེ་སྟོང་པའི་དོན་དག་བྱས། ཨེ་རྟ་གདོང་གི་མེ་དང་བྱས། ཉི་མའི་མེ་དང་བྱས། ཚ་ཟེར་བྱས། བསྲེགས་པའི་མེ་ཟེར་བྱས་མེ་གསུམ། ད་དེ་མེ་གསུམ་མཚོན་གྱི་ཡོའོ་རེད་པ།
- ནོར་བྲང་ཨོ་རྒྱན།མཚོན་དུས་ཙམ་པ་དེ་ཡིན་དུས་ཙམ་པ་མེ་གསུམ་དེ་ནི། འོང་མེ་དེ་ས་ག་རེ་མཚོན་གྱི་ཡོའོ་རེད་ཟེར་ན། གྲངས་གསུམ་མཚོན་པ་བྱས། དེ་འདྲས་ཡིན་ན་མཁའ་དང་མེ་བསྡོམས་པའི་ཨ་ནི་སུམ་ཅུའི་སྒང་ལ་ཀླད་ཀོར་བརྒྱབ་ན་དེ་ནི་སུམ་ཅུ་ཐམས་པ་བྱུང་པ་རེད་པ། གསུམ་སྒང་ལ་ཀླད་ཀོར་བརྒྱབ་ན། སུམ་ཅུ་ཐམས་པ་བྱུང་པ་རེད་པ།
- ནོར་བྲང་ཨོ་རྒྱན།ཨེ་དེ་འདྲས་ཀྱི་ཐོག་ནས་སུམ་ཅུ་ཐམས་པའི་དེ་ནི་གང་ཟར༼ཟེར༽སྐུད་པ་བརྒྱུས་པ་ནང་ལྟར་གྱི་ཐོག་ནས། ཀ་ནས་ཨ་བར་གྱི་འཕྲེང་བ་དེ་གྱད་དེ། ཡིན་ན་གང་འདྲས་རེད་ཟེར་ན། དེ་ནི་ཡི་གེ་དེ་ནི་ཡིག་འབྲུ་དེ་གྱད་དེ་ནི་ཀ་ནས་ཨ་བར་གྱི་ཀ་མད་སུམ་ཅུ་ཐམས་པ་དེ། དེ་ལ་གངྒ་དང་། སི་ཏཱ། པ་ཀྵུ། འོང་གངྒ་། སི་ཏཱ། པ་ཀྵུ། སིན་དྷུ་རྒྱ་མཚོ་ལ་སོགས་པ་རྒྱ་མཚོ་བཞི་ཟེར་སོང་ན། དེ་ནི་དབྱངས་བཞི་པོ་དེ་མཚོན་ཡས་དེ་ནི་རྒྱ་མཚོ་བཞི་ལ་སྦྱར་བྱས། རྒྱ་མཚོ་བཞི་ཡི་གཟུགས་སུ་བཀོད་པ་དེ་འདྲས་རེད།ཟེར།
- ནོར་བྲང་ཨོ་རྒྱན།དབྱངས་ཀྱི་ཚོམས་བུ་དེ་ཟེར། དབྱངས་བཞི་བརྒྱན་པར་བྱས་པའི་གངས་ཅན་ལྗོངས་ཀྱི་གངས་ཅན་གྱི་ལྗོངས་འདི་ལ་དེ་ནི་སྔོན་མེད་པ་ཡི་གེའི་སྡེ་བསྟན་བཅོས་དང་བཅས་པ། རིན་ཆེན་འཕྱང་འཕྲུལ་གྱི་དེ་ནི་རིན་ཆེན་འཕྱང་འཕྲུལ་གྱི་དེ་ནི་དཔག་པ་དཀའ་བ་དེའི་རིན་ཐང་དེ་ལ་ཆ་བཞག་ན་དེ་ནི།
- ནོར་བྲང་ཨོ་རྒྱན།དེའི་རིན་ཐང་ལ་ཆ་བཞག་ན་ཨ་ནི། རིན་ཐང་དེའི་དོད་ལ་རིན་པོ་ཆེ་གཏེར་དང་ལྡན་པ་ཟེར། ས་གཞིའི་ལྟེ་བ་དེ་ཁྱོན་དང་ལྡན་པ་ཡོངས་སུ་བཀང་ན་ཡང་། ནོར་བུའི་མཆོག་གིས་བྱུར་བུར་བཀང་སྟེ་ཕུལ་ཡང་ཁུགས་སམ་ཅི་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་ཀྱི་དེ་ནི་དབྱངས་གསལ་སུམ་ཅུ་གསར་གཏོད་གནང་ཡས་མཛད་པ་དེ། དེའི་བཀའ་དྲིན་ལ་ཆ་བཞག་ན་དེ་ནི་ས་གཞི་ཐམས་ཅད་གསེར་གྱི་བརྒྱངས་པ་ཡིན་ན་ཡང་དེའི་བཀའ་དྲིན་དེ་གསབ་ཐུབ་ཀྱི་མ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཁུགས་སམ་ཅི། ནམ་ཡང་ཁུགས་པ་མེད་དོ་ཟེར། དེ་འདྲས་ཀྱི་ངོ་མཚར་ལ་ཕུལ་བྱུང་གི་སྒོ་ནས་བཀོད་པ་འོ་ཟེར། བསྟོད་པའོ་ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་ནས། ཤུགས་དྲག་མི་དགེའི་མུན་པས་ས་འཛིན་གྱི་རྐང་༎ རྣམ་དཀར་དགེ་བའི་འོད་སྟོང་ཞོ་འཐུང་རུས༎ ལག་ཉལ་གྲུབ་པས་བཅོམ་ཚེ་ཁྲིམས་ཀྱི་གཟི༎ ལེགས་བྱས་ས་སྲུང་སྟེང་ན་འོད་དུ་འབར༎ ཟེར་ཡས་དེ།
- ནོར་བྲང་ཨོ་རྒྱན།འདི་ཡིན་ན་ད་སྲོང་བཙན་སྒམ་པོའི་མཛད་པ་དེ་ལ། གསུམ་པ་དེ་ལ་ཆ་བཞག་ན་ད། དེ་ནས་དང་པོ་གཉིས་པ་དེ་དེ་ནི་བོད་ཡིག་དེ་བྱས། གསུམ་པ་དེ་ལ་ཆ་བཞག་ན། ཤུགས་དྲག་དེ་ནི་མི་དགེའི་དེ་ནི་གང་ཟེར་དགོས་རེད་པས། འོང་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་དག་ད་ག་སྣང་ལྟར་དཔེར་ན་ད་ཁོད་སོ་ཅུ་སོ་དྲུག་ལ་སོགས་པ། ཁྲིམས་སྲོལ་གསར་དུ་གནང་ང་དེ་ཚོ་ལ་ཡིན་ན་བསྟོད་བསྔགས་གནང་བ་དེ་འདྲས་གཅིག་རེད།
- ནོར་བྲང་ཨོ་རྒྱན།དེ་ལ་ཡིན་ན་ཤུགས་དྲག་མི་དགེའི་མུན་པས་ས་འཛིན་གྱི་རྐང་པ། རྣམ་པར་དགེ་བའི་འོད་སྟོང་ཞོ་འཐུང་རུས། ལག་ཉལ་གྲུབ་པས་བཅོམ་ཚེ་ཁྲིམས་ཀྱི་ཁུར། ལེགས་བྱས་ས་སྲུང་ལྡན་པ་སྟེང་ན་འོད་དུ་འབར་ཞེས་གསུངས་པ་ནི།
- ནོར་བྲང་ཨོ་རྒྱན།སྙིགས་མ་ལྔའི་དང་མདངས་ཀྱི་སྐྱེ་བོ་མི་བསྲུན་པའི་བརླངས་པོར་སྤྱོད་པའི་བྱ་བ་ཤུགས་དྲག་པོ་ལུས་ཀྱི་སྒོ་ནས་གཞན་གྱི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ། འདོད་ལོག་བྱེད་པ་གསུམ་དང་། ངག་གི་སྒོ་ནས་བརྫུན་དུ་སྨྲ་བ། ཕྲ་མ་བྱེད་པ། ཚིག་རྩུབ་སྨྲ་བ། ངག་ཀྱལ་སྨྲ་བ་བཞི། ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་སྟེ་མི་དགེ་བ་བཅུའི་ལས་ལ་ངམ་ངམ་ཤུགས་ཀྱིས་བྱེད་པ་མུན་པའི་གཟུགས་སུ་བྱས་ནས་ཟེར།
- ནོར་བྲང་ཨོ་རྒྱན།མུན་པ་དེ་ཡང་ས་འཛིན་། མི་དགེ་བ་བཅུ་པ་དེ་རྦད་དེ་ལས་ལ་ངམ་ངམ་ཤུགས་ཀྱི་འཇུག་པ་དེ་མུན་པའི་གཟུགས་སུ་བྱས། མུན་པ་དེ་ཡང་ས་འཛིན་གྱི་རྐང་པ་མུན་པ་དེ་ཡང་ས་འཛིན་གྱི་གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ཡང་ས་འཛིན་གྱི་རྐང་པ་དེ་རིག་བྱེད་པའི་གཏམ་རྒྱུད་དང་སྦྱར་བ་དེ་ཡང་འདི་སྐད་ཐོས་དེ། གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།བྱ་བ་དེ་ཡང་སྔར་འདས་པའི་དུས་ན་དེ་འདྲས་གཅིག་ཡོའོ་རེད་ཟེར། རིག་བྱེད་པའི་གཏམ་རྒྱུད་ལ་ཆ་བཞག་ན་འདས་པའི་དུས་ལ་ཡིན་ན།
- ནོར་བྲང་ཨོ་རྒྱན།རི་བོ་རྣམས་ཕར་ཚུར་འགྲོ་གི་ཡོའོ་རེད་ཟེར། རི་བོ་རྣམས་ཕར་ཚུར་རྒྱུ་དུས་ཙམ་པ་མི་མང་པོའི་ཚེ་སྲོག་རྒྱུ་ནོར་ལ་སོགས་པ་གནོད་པ་ཆེན་པོ་བསྐྱལ་དུས་ཙམ་པ། བརྒྱ་བྱིན་གྱི་གང་འདྲས་བྱས་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།རང་གིས་དེ་ནི་བརྒྱ་བྱིན་གྱིས་རང་གིས་ཕྱག་མཚན་དྲང་སྲོང་ཞོ་འཐུང་གི་རུས་པ་ལས། འོང་རང་གི་ཕྱག་མཚན་བརྒྱ་བྱིན། བརྒྱ་བྱིན་གྱི་རྡོ་རྗེ་དེ་ནི་རང་གིས་ཕྱག་མཚན་རུས་པ་ལས་གྲུབ་པ་རྡོ་རྗེའི་རྩེ་བརྒྱ་པའི་དེ་ནི་དེ་ལ་བསྣུན་ནས་ག་རེ་བྱས་པ་རེད་ཟེར་ན། རིའི་རྐང་པ་བཅག་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།རིའི་རྐང་པ་བཅག་པའི་མཇུག་གུ་ལ་དེ་ནི་རི་ཐམས་ཅད་འགྲོ་མ་ཤེས་པ་ནས་རང་སར་གནས་པ་མཐོང་དུས་དེ་ནི་སྐྱེ་བོ་དེ་ཚོར་ལ་ཕན་པ་དེ་འདྲས་བྱུང་པ་རེད། ཟེར། དེ་འདྲསས་ཀྱི་དེ་ནི་གཏམ་རྒྱུད་གཅིག་ཡོའོ་རེད།
- ནོར་བྲང་ཨོ་རྒྱན།བཱི་ན་ཞེས་པའི་རི་རྒྱ་མཚོར་བྲོས་ནས་ཡོད་སྐད་ད་དེ། དེ་འདྲས་ཀྱི་དཔེར་ན་ད་བཱི་ན་ཞེས་པའི་རི་ཟེར་ཡས་གཅིག་རྒྱ་མཚོར་བྲོས་ནས་ཡོད་སྐད་དེ་ནི་བརྒྱ་བྱིན་གྱི་རྡོ་རྗེ་དེ་འདྲས་ཀྱི། གཏམ་རྒྱུད་དེ་ལ་བརྟེན་ནས་དེ་ནི་བརྒྱ་བྱིན་གྱི་རྡོ་རྗེའི་མིང་ལ། རི་འགེམས་པ་དང་རི་འཇོམས་ཟེར། དེ་འདྲས་ཡིན་ན་བཤད་ཀྱི་ཡོའོ་རེད།
- ནོར་བྲང་ཨོ་རྒྱན།བྱས་ཙང་རི་བོ་རྒྱུགས་པ་རྐང་པའི་གཟུགས་སུ་དེ་ནི། འཕར་མར་བཀོད་ཟེར། ད་ད་ལྟ་དེའི་མུན་པ་དེ་གས་ཀྱི་རེ་བ་ཨེ་་་། རི་བོའི་རྐང་པའི་གཟུགས་སུ་བཀོད། དེ་བཞིན་དུ་དགེ་བཅུའི་ཁྲིམས་རྣམ་པར་དཀར་བ་རྟག་ཏུ་དགེ་བའི་འོད་སྟོང་སྤྲོ་བ་དེ་ཉི་མའི་གཟུགས་སུ། མུན་པ་དེ་ཡིན་ན་གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དགེ་བཅུའི་ཁྲིམས་རྣམ་པར་དག་པའི་དེ་ནི་དགེ་བའི་འོད་སྟོང་གི་ཉི་མའི་གཟུགས་དང་། ཉི་མ་དེ་བརྒྱ་བྱིན་གྱི་ཕྱག་ཆ་དྲང་སྲོང་ཞོ་འཐུང་རུས་པའི་རྡོ་རྗེ་ལག་པར་ཉལ་བ་ལྟ་བུའི་གཟུགས་སུ་འཕར་མ་བཀོད་པ་དེ་དག་གི་མི་དགེ་བའི་མུན་པ་དང་། ད་ག་ནང་ལྟར་ཚུལ་མིན་བརླང་སྤྱོད་རི་བོའི་དེ་ནི་རྐང་པ་བཅག་པ་དེའི་ཚེ། དེ་ནི་སྲོང་བཙན་སྒམ་པོས་ལེགས་པར་བཅས་པ། ཆོས་ལྡན་རྒྱལ་པོའི་ཁྲིམས་དེ་དེ་ནི། གཟི་བརྗིད་ནི་སྐྱེ་རྒུའི་ལེགས་བྱས་གསར་དུ་གསར་བཟོ་འམ། བརྒྱ་བྱིན་གྱི་བཞོན་པ་གླང་པོ་ཆེ།སྟེང་ན་འཕྲལ་ཡུན་ཕན་བདེའི་རྩ་ལག་དམ་པར་འོད་ཟེར་འབུམ་ཕྲག་དུ་མ་དེ་ནི་རྒྱལ་ཡོན་དེ་ནི་བརྒྱ་བྱིན་དེ་ནི་དེ་ནང་ལྟར་བྱས་ནས་ག་རེ་ཟེར།
- ནོར་བྲང་ཨོ་རྒྱན།འོང་། བརྒྱ་བྱིན་གྱི་བཞོན་པ་གླང་པོ་ཆེའི་སྟེང་ན་འཕྲལ་ཡུན་ཕན་བདེའི་རྩ་ལག་དམ་པ་འོད་ཟེར་འབུམ་ཕྲག་དུ་མ་ཕྱོགས་ཀུན་ཏུ་འབར་བཞིན་པར་གནས་སོ། ཞེས་སྲོང་བཙན་གྱི་དེ་ནི་སྲོང་བཙན་གྱིས་མཛད་པའི་བཀའ་ཁྲིམས་ལ་གཟུགས་རྒྱན་འཕར་མའི་སྒོ་ནས་བསྔགས་པ་བརྗོད་པ་ལ་བྱས་བྱས། དེ་འདྲས་རེད་ཟེར། དེ་ཡིན་ན་ད་བར་སྐབས་ཚིགས་སུ་བཅད་པ་ཡིན་ཟེར། ད་དེ་རིང་ཞུ་ཡས་དེ་འདྲས་གཅིག་བྱས་སོང་།