02 Apr 2019
1 min 16 sec
Video Overview
Creators:
Tibetan and Himalayan Library
A commonly performed song from the Zangkar area of Khyungchu in Amdo region.
These folk songs encompass in Songs of Praise, Songs of wishfulness, Songs of Self-made Compositions, Songs of Humor and Sleeping Songs. It also includes some love songs and ceremonial songs that are not directly related to children or early childhood education.
མདོ་སྨད་ཁྱུང་མཆུའི་ཟངས་དཀར་ཡུལ་གྱི་འབྲོག་པའི་ས་ཆར་དར་ཁྱབ་ཡོད་པའི་སྲོལ་རྒྱུན་དམངས་གླུའི་རིག་གནས་སྐོར་ལས་ཆ་འགྲིག་པའི་གླུ་ཞེས་པ།
བརྙན་འདིའི་གླུ་ཚིག་གི་ཆ་ཤས་ནི་འདི་ལྟར་ཏེ། བོའུ་ཁྲ་རིང་གོང་ཐུང་བདུན་པ་རེད། སྨན་མུ་ཟི་ཞོ་གང་ཞོ་དོ་རེད། དཔེ་བཞག་ན་ཉེས་ལོག་ཁྱད་མེད་ཀྱང་། སྨན་འཕྲོད་ན་དྲག་ལ་དྲག་རྒྱུ་རེད།
在藏族安多邛溪壤噶地区广为流传的传统牧民民歌:迎合之歌
在安多邛溪壤噶地区的年长游牧民将他们的亲身经历介绍给孩子们听民歌,哪些与传统的幼儿教育有关。他们还会在开学之前介绍家庭和地区相关的文化习俗。
- བོའུ་ཁྲ་རིང་གོང་ཐུང་བདུན་པ་རེད།
- སྨན་མུ་ཟི་ཞོ་གང་ཞོ་དོ་རེད།
- དཔེ་བཞག་ན་ཉེས་ལོག་ཁྱད་མོད་ཀྱང་།
- སྨན་འཕྲོད་ན་དྲག་ལ་དྲག་རྒྱུ་རེད།
- མཛོ་ཁྱུང་དཀར་ཁ་གང་སོ་དྲུག་རེད།
- སྐྱ་ལན་ཆེན་རྒྱ་མ་བརྒྱ་བཅུ་རེད།
- དཔེ་བཞག་ན་ཉེས་ལོག་ཁྱད་མོད་ཀྱང་།
- ཁལ་འཕྲོད་ན་དྲག་ལ་དྲག་རྒྱུ་རེད།
- སྟག་ཤར་ལོ་བཅུ་གསུམ་སུམ་ཅུ་རེད།
- སྨད་བུ་ལོ་ལྔ་གསུམ་བཅོ་ལྔ་རེད།
- དཔེ་བཞག་ན་ཉེས་ལོག་ཁྱད་མོད་ཀྱང་།
- ཞེ་མཐུན་ན་དྲག་ལ་དྲག་རྒྱུ་རེད།